CLOSE WINDOW

GT1507: rdo rje rnam par 'jom pa zhes bya ba'i gzungs kyi rnam par bshad pa rdo rje sgron ma zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། བཛྲ་བི་དྷཱ་ར་ནཱ་མ་དྷཱ་རཱ་ཎཱི་བྱཱ་ཁྱཱ་ནཱ་བཛྲཱ་ལོ་ཀ་ནཱ་མཱ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམ་པ་ཞེས་བྱ་བའི་གཟུངས་ཀྱི་རྣམཱ་པཱར་བཤད་པ་རྡོ་རྗེ་སྒྲོནྡྷ་མ་ཞེསྟྲ་དྷྱ་གྷྲ་མྦྷ་རཱ་སྱཱ་བ་ཐམ ་ཅད་འདུལ་བའི་རྒྱལ་པོ་ལ་ཕྱག་འཚལོ།། སྐུ་གསུང་ཐཱགསུཾ་ཀྱི་སྣང་བའི་རྣམ་འཕྲུལ་གྱིས།། བདུད་ཚོགས་རབ་འདུལ་མཛད་ལ་ཕྱག་འཚལ་ནས།། འགྲོ་བའི་ཉོན་མོངས་བགེགས་ཚོགས་ཞི་བོའི་ཕྱིར།། རྡོ་རྗེ་རྣམ ་འཛུམས་གཱཟུང་སྱཱ་ནི་ནཱི་ནུ་སོ་ད། འདི་སྐད་བདག་གིས་ཞེས་བྱཱ་བཱ་ལཱ་སོགས་པ་འདི་དག་གིས་བརྗོད་པར་བྷྱོ་བཱ་ལཱ་སོགས་པ་ནི་ཐོག་མར་སྨྲེ་དགོསོ་ཞེས་ནཱ། དེ་ནི་རིགས་པ་ཁོ་ན་ཡིན་ཏེ་འདོན ་མདོ་ཡིན་པའི་ཕྱིར།། རྡོ་རྗེ་རྣམ་པོར་འཇོམས་པ་ཞེས་བྱ་བའི་གཟུངས་ཞེས་བྱ་བ་ནི་མདོ་ཡིན་ལ། འདི་སྐད་ཅེས་བྱ་བ་ལ་སོགས་པ་ནི་འདི་ལ་གདུལ་བྱ་རྣམས་འདུན་པར་བྱ་བའི་ཕྱིར། གཟུངསོ།། དེ་རྣམས་ལ་རྡོ་རྗེ་རྣམ ་པར་འཇོམས་པོའི་རང་བཞིན་བསྟན་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་མཐུ་ཞེས་བྱ་བ་ནས་བརྩམས་ཏེ་སྙོམས་པར་ཞུག་སོ།། ཞེས་བྱ་བའི་བར་དུ་ནི་བྱིན་གྱིས་བརླབས་པ་དང་། རྗེ་སུ་མཐུན་པའི་ཏིང་འཛིན་བསྟར ་ཏོ།། དེ་ནས་ལག་ན་རྡོ་རྗེ་ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་ཁྲོ་བོ་ལས་བྱུང་བ་ཞེས་པའི་བར་གྱིས་ནི་བྱིན་གྱིས་བརླབས་ཀྱིས་རྡོ་རྗེ་རྣམ་པར་འཇོམས་པོའི་རང་བཞིན་གྱི་དཀྱིལ་འཁོར་སྤྲུལ་པ་བསྟན་ཏོ།། རྡོ ་སྙིང་པོས་སྨྲས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། ཐམས་ཅད་མ་ཕམ་པ་ཞེས་པའི་བར་གྱིས་ནི་དཀྱིལ་འཁོར་གྱི་རང་བཞིན་བསྟན་ཏོ།། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཞེས་བྱ་བ་ནས ་བརྩམས་ཏེ། གདོན་ཐམས་ཅད་རླག་པར་བྱེད་པ་ཞེས་བྱ་བའི་བར་གྱིས་མི་མཐུན་པའི་ཕྱོགས་ཚར་བཅད་པ་བསྟན་ཏོ།། གདོན་ཐམས་ཅད་ལས་ཐར་པར་བྱེད་པ་ཞེས་པ་ནས་བརྩམས་ཏེ། སེམས་ཅན་ཐམས་ཅད་བསྲུང ་བ་ཞེས་བྱ་བའི་བར་གྱིས་ནི་བསྟན་པ་ལ་ཞུགས་པ་རྣམས་ལ་པན་གདགས་པ་བསྟན་ཏོ།། ཞི་བ་ཞེས་བྱ་བ་ནས་བརྩམས་ཏེ། རྨུགས་པར་བྱེད་པ་ཞེས་བྱ་བའི་བར་གྱིས་ནི་ལས་རྣམ་པ་གསུམ་མདོར་བསྡུས་ནས་བསྟན་ཏོ།། ་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་ཞེས་བྱ་བ་ནས་བརྩམས་ཏེ། རབ་ཏུ་སྨྲསོ་ཞེས་བྱ་བའི་བར་གྱིས་ནི་གསང་སྔགས་འབྱུང་བའི་རྒྱུ་བསྟན་ཏོ།། དེ་དག་གིས་ནི་མཚན་ཉིད་ཀྱིས་བསྡུས་པའི་དོན་བསྟན་ཏོ།། །། ན་མོ་རཏྣ་ཏྲ་ཡཱ་ཡ ་ཞེས་བྱ་བ་ནས་བརྩམས་ཏེ། ས་ནཱ་པ་ཏ་ཡེ་ཞེས་བྱ་བའི་བར་གྱིས་ནི་གསང་སྔགས་གསུངས་པའི་ཐོག་མར་དཀོན་མཆོག་གསུམ་དང་། ཕྱག་ན་རྡོ་རྗེ་ལ་ཕྱག་བཙལ་བ་བསྟན་ཏོ།། ཏདྱ་ཐཱ་ཞེས་བྱ་བ་ནས་བརྩམས་ཏེ། སུ~ཾ་དཛྲ ་ཡ་སྭཱ་ཧཱ་ཞེས་བྱ་བའི་བར་གྱིས་ནི་བཅོམ་ལྡན་འདས་རྣམ་པར་འཇོམས་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་བསྐུལ་བ་བསྟན་ཏོ།། ཧེ་ཕུ་ལུ་ཞེས་བྱ་བ་ནས་བརྩམས་ཏེ། མཱ་ར་ཎ་ཞེས་བྱ་བའི་བར་གྱིས་དྲི། ་ན་ཉིད་ཀྱི་ཡེ་ཤེས་བཞི་བསྐུལ་བ་བསྟན་ཏོ།། བཛྲ་བི་དཱ་ར་ཡ་སྭཱ་ཧཱ་ཞེས་བྱ་བ་ནས་བརྩམས་ཏེ། ཀཱི་ལི་ཀཱི་ལི་ཡ་ཞེས་བྱ་བའི་བར་གྱིས་མི་དེ་ཁོ་ན་ཉིད་ཀྱི་རྒྱུའི་རང་བཞིན་བསྐུལ་བ་བསྟན་ཏོ།། ཙུ་རུ་ཙུ་རུ་ཞེས་བྱ་བ་ནས་བརྩམས ་ཏེ། བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ། ཞེས་བྱ་བའི་བར་གྱིས་ནི་ཁྲོ་བོ་བཞིའི་སྙིང་པོའི་སྒོ་ནས་བསྐུལ་བ་བསྟན་ཏོ།། མཱ་ཏིསྠི་ར་བཛྲ་ཞེས་བྱ་བ་ནས་བརྩམས་ཏྭ། ཨ་མུ་ཀ་མཱ་ར་ཡ་ཕཊ་ཅེས་བྱ་བའི་བར་གྱིས་ནི་དེ་དག་ཉིད་ཀྱི་གསུང ་གི་སྒོ་ནས་ཕྲིན་ལུས་མཛོད་ཅིག་ཅེས་བསྐུལ་བ་བསྟན་ཏོ།། ན་མ་ས་མནྟ་བཛྲཱ་ཎཱཾ་ཞེས་བྱ་བ་ནས་བརྩམས་ཏེ། བཛྲ་ཨངྐུ་ཤ་ཛ~ཾ་ཡ་སྭཱ་ཧཱ། ཞེས་བྱ་བའི་བར་གྱིས་ནི་ཁྲོ་བོ་རྣམས་ཀྱི་སྐུ་གསུང་ཐུགས་དག་གིས་བཅོལ ་པབཔའི་ཕྲན་ལས་མཛོད་ཅིག་ཅེས་བསྐུལ་པ་བསྟན་ཏོ།། ན་མོ་རཏྣ་ཏྲ་ཡཱ་ཡ་ཞེས་པ་ནས་བརྩམས་ཏེ། བྷིནྡ་བྷིནྡ་བཛྲ་ཧཱུཾ་ཕཊ་ཞེས་བྱ་བའི་བར་གྱིས་ནི་བཅོམ་ལྡན་འདས་ཀྱི་སྙིང་པོའི་སྒོ་ནས་བསྐུལ་བ་བསྟན་ཏོ།། ན་མཿ ་ཙཎྜ་བཛྲ་ཀྲོ་དྷཱ་ཡ་ཞེས་བྱ་བ་ནས་བརྩམས་ཏེ། ཨ་མྲྀ་ཏ་ཧཱུཾ་ཞེས་བྱ་བའི་བར་གྱིས་ནི་དེ་ཁོ་ན་ཉིད་ཀྱི་ཉེ་བའི་སྙིང་པོའི་སྒོ་ནས་བསྐོལ་བ་བསྟན་ཏོ།། དེ་དག་གིས་ནི་ཕྲིན་ལས་ལ་བསྐུལ་བའི་བསྡུས་པའི་དོན་བསྟན་ཏོ།། ། ་སྡིག་པ་ཐམས་ཅད་བྱང་བྱོས་ནས་ཞེས་བྱ་བ་ནས་བརྩམས་ཏེ། དཔལ་ཀུན་གྱི་ནི་ལེགས་པར་བརྒྱན་ཞེས་བྱ་བའི་བར་གྱིས་ནི་གཟུངས་འདིའི་དཀྱིལ་འཁོར་སྒྲུབ་པ་བསྟན་ཏོ།། སེམས་ཅན་དབང་པོ་ཉམས་པ་དང་ཞེས་བྱ ་བ་ནས་བརྩམས་ཏེ། རྨི་ལམ་སྡིག་པ་མཐོང་ན་ཡང་ཞེས་བྱ་བའི་བར་གྱིས་ནི་ཇི་ལྟ་བ་བཞིན་དུ་བསྒྲུབས་པས་ཚེ་འདི་དག་དང་གཞན་ལ་གནོད་པར་གྱུར་པའི་མི་མཐུན་པའི་ཕྱོགས་འདི་ལྟ་བུ་དགྲ་ཡོད་ན ་ཡང་སྤང་བར་འགྱུར་རོ།། ཞེས་བྱ་བར་བསྟན་ཏོ།། དེས་ནི་རེབ་བཀྲུས་གཙང་མ་ཡིན་ཞེས་བྱ་བ་ནས་བརྩམས་ཏེ་མདོ་སྡེ་འདི་ནི་ཉན་བྱེད་ན་ཞེས་བྱ་བའི་བར་གྱིས་ནི་མདོ་སྡེ་འདི་ཉན་པའི་ཐབས་བསྟན་ཏོ།། མདོ་སྡེ་འདི་ཡི་གཟི ་བརྗིད་ཀྱིས་ཞེས་བྱ་བ་ནས་བརྩམས་ཏེ། སྡིག་པ་ཀུན་ལས་རྣམ་པར་ཐར། ཞེས་བྱ་བའི་བར་གྱིས་ནི་མཉན་པའི་ཕན་ཡོན་བསྟན་ཏོ།། ནོར་བུ་ཡུངས་ཀར་དུར་བ་དང་། ཞེས་བྱ་བ་ནས་བརྩམས་ཏེ། གཙང་མའི་གོས་ཀྱིས་དཀྲིས ་ཞིང་བཀང་ཞེས་བྱ་བའི་བར་གྱིས་ནི་ཁྲུས་བྱས་པའི་ཡན་ལག་གི་གཙོ་བོར་བུམ་པའི་ཆོ་ག་བསྟན་ཏོ།། ལན་གྲངས་ཉི་ཤུ་རྩ་གཅིག་གམ་ཞེས་བྱ་བ་ནས་བརྩམས་ཏེ། རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག་ཅེས་བྱ་བའི་བར་གྱིས ་ནི་མདོ་ཀླག་པའི་གྲངས་བསྟན་པའི་སྒོ་ནས་ཁྲུས་བྱས་པའི་ཆོ་གྲ་བསྟན་ཏོ།། དེ་དག་གིས་ནི་ཕན་ཡོན་གྱི་བསྡུས་པའི་དོན་བསྟན་ཏོ།། དེ་ལྟ་བུའི་མཚན་ཉིད་ཀྱི་ཡེ་ཤེས་དང་ལྡན་པའི་བཅོམ་ལྡན་འོངས་ནི་བརྗོད ་པར་བྱ་བ་ཡིན་ལ། གཞུང་འདི་ནི་བརྗོད་པར་བྱེད་པ་ཡིནི།། མདོ་འདི་བཤད་པའི་སྒོ་དང་ལྡན་པའི་ཉན་པ་པོས་དོན་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་ནི་དགོས་པ་ཡིནོ།། །། ཁོང་དུ་ཆུད་པའི་གང་ཟག་གིས་འབྲས ་བུ་རྣམ་པ་གཉིས་མངོན་དུ་གྱུར་པ་ནི་དགྲོ་པཱ་དགོས་པ་ཡིན།། འདི་དག་གི་དོན་འབྲེལ་པ་ནི་དོན་གྱིས་ཤེས་པར་བྱ་སྟེ། འདི་ལྟར། བསྟན་བཅོས་དང་ནི་དགོས་པའི་དོན།། འབྲེལ་པ་བཞི་ནི་གཉིས་ལ་གནས།། དེ་བསྟན་འདུས་པ་དེའི་ཕྱིར།། ་དགོས་ལས་ལོགས་ཤིག་མ་བསྟན་ཏོ།། ཞེས་བཤད་པ་ལྟ་བུའོ།། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་བསྡུས་པའི་དོན་བསྟན་ཏོ།། །། དེ་ལྟར་བསྡུས་པའི་དོན་བསྟན་ནས་དུ་ནི་ཚིག་གི་དོན་བཤད་པར་བྱ་སྟེ། འདི་ལྟར ་མདོ་དོན་སྨྲ་བར་འདོད་པ་ཡིས།། དགོས་པ་བསྡུས་པའི་དོན་བཅུས་དང་།། ཚིག་དོན་བཅས་དང་མཚམས་སྦྱར་བཅས།། བརྒལ་ལན་བཅས་པས་བསྙད་པར་བྱ་ཞེས་བསྟན་པས་སོ།། འདི་སྐད་དུ། གཞུང་འདི་ཇི་ལྟ་བུ་ཞིག། ་ཉན་པ་པོ་སུཾ་ཞིག་གིས་ཐོས་པ་ན། དུས་ནི་གང་ཞིག་གི་ནི། སྨྱོན་པ་ནི་སུ་ཞིག། གནས་ནི་གང་དུ་བསྟནྡ་ཞེས་ན། རྟོག་པ་དེ་དག་གསལ་བའི་ཕྱིར་ལྟེང་ལོ་ཅན་ན་བཞུགས་པའི་ས་བཅུའི་དབྱུང་ཕྱུག་རྡོ་རྗེ་འཛིན་པས་འང ་སྐད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་སྐད་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་གསུངས་པའི་དོན་ལ། འདི་ལ་ཅུང་ཟད་ཀྱང་ལྷག་པ་དང་ཆད་པར་གྱུར་པ་མེད་དོ།། ཞེས་བྱ་བའི་དོན་ཏོ།། བདག་གིས་ཞེས་བྱ་བ་ནི། ་བདག་ཉིད་ཀྱི་བཅོམ་ལྡན་འདས་ལ་མངོན་སུམ་དུ་ཐོས་ཀྱིས་བརྒྱུད་པས་ནི་མ་ཡིན་ཞེས་བྱ་བའོ།། ཐོས་པ་ཞེས་བྱ་བ་ནི་བདག་གིས་རྣ་བའི་རྣམ་པར་ཤེས་པས་ཐོས་པ་ཡིན་གྱི་རྟོག་པ་ལ་སོགས་པས་ནི་མ་ཡིན་ནོ་ཞེས། ་བྱ་བའོ།། དུས་གཅིག་ན་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ནམ་གྱི་གུད་ཐུན་ལ་བདུད་ཀྱི་དཔུང་གི་ཚོགས་ཆེན་པོ་འདུལ་བར་འགྱུར་ནའོ།། ཞེས་བྱ་བའོ།། ཡང་ན་བདག་ཉིད་ཐོས་པ་མྱང་བ་བླ་མ་ཚད་མའོ ་སྐྱེས་བུ་ཡིན་པར་ཡང་བསྟན་ཏོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་བཅོམ་པ་དང་ལྡན་པ་ནི་བཅོམ་ལྡན་འདས་ཏེ། ཤཱཀྱ་ཐུབ་པ་ཞེས་གྲགས་པའི་རབ་ཏུ་བྱུང་བའི་ཆ་ལུགས་ཅན་ཏེ། འདི་ལྟར་བཅོམ་པའི་ཕྱིར་ན། ་བཅོམ་ལྡན་འདས་ཅེས་བསྟན་པའི་ཕྱིར་རོ།། རྡོ་རྗེ་ལ་བཞུགས་ཏེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཤིང་དང་ལྡན་པའི་རྡོ་རྗེ་གདན་ལ་སྒོ་བཞི་ལ་སོགས་པས་བརྒྱན་པའི་གཞལ་ཡས་ཁང་ཕུན་སུམ་ཚོགས་པའི་དབུས་ན་རྡོ་རྗེའི་སྐྱིལ ་མོ་ཀྲུང་བདུད་འདུལ་བའི་ཕྱག་རྒྱས་བཞུགསོ།། ཡང་ན་བྱམས་པ་ཆེན་པོ་ཏིང་འཛིན་ལ་སྙོམས་པར་ཞུགས་པ་ལ་བྱ་སྟེ། བྱམས་པ་ཆེན་པོས་བདུད་ཀྱི་སྟོབས་དག་བཅོམ་ཞེས་བསྟན་པས་སོ།། འདི་ལ་འཁོར་གཞན་ནི ་མེད་དོ་སྙམ་ན་བདེན་ཏེ། བཅོམ་ལྡན་འདས་ཀྱི་ཉ་གན་སུ་གྱུར་པ་འཕགས་པ་ཀུན་དགའ་བ་ལ་སོགས་པ་མེད་ཁོ་ན་ཡིན་ཏེ་དེའི་དུས་ན་མ་བྱུང་བའི་ཕྱིརརོ།། འོན་ཀྱང་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ལ་སོགས་པ ་རྣམས་ནི་དོན་གྱིས་ཡོད་པར་ཤེས་པར་བྱ་སྟེ། དེ་ལྟ་མོ་ཡིན་ན་བདག་ཅག་གི་ལུས་དང་འགལ་བར་འགྱུར་བའི་ཕྱིར་རོ།། ཡང་ན་དཀྱིལ་གྱི་ཡན་ལོག་ཏུ་གྱུར་པའི་རིགས་པའི་ཁྲོ་བོ་རྣམས་ཀྱིས་ཡིན་པར་ཤེས་པར་བྱའོ།། འདི། ་སྐད་སྟོན་ཏེ། གནས་པ་ལ་སོགས་པ་མ་བསྟན་ན་གཞན་དག་གཞུང་འདི་ལས་སོམ་ཉིར་འགྱུརརོ་སྙམ་དུ་དགོངས་པ་སྟེ། འདི་ལྟར་སྟོན་པ་དང་ནི་འཁོར་དབང་པོ་ཞེས་བསྟན་པ་ཡིན་པསོ།། དེ་དག་གིས་ནི་འདུལ་བྱ་འདུན་པར་བྱ། ་བའི་ཕྱིར་ཕུན་སུམ་ཚོགས་པ་རྣམས་དང་ལྡན་པའི་གླེང་གཞི་གསུངས་པ་ཡིནོ།། དེ་ལྟར་འདུན་པར་བྱ་བའི་འོག་ཏུ་ཅི་ཞིག་བསྟན་ཞེ་ན། དེའི་རང་བཞིན་བསྟན་པའི་ཕྱིར་སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། སངས་རྒྱས་ཞེས་བྱ་བ་ནི་ཁྱད་པར་དུ་གྱུར་པའི་ཟག་པ་ཟད་པ་དང་ལྡན་པའི་སྐྱེས་བུ་ཆེན་པོ་སྟེ། འདི་ལྟར་མ་རིག་གཉིད་ལས་སངས་ཕྱིར་དང་། ཤེས་བྱ་ལ་ཡང་བློ་རྒྱས་པས། སངས་རྒྱས་པདྨའི ་འདབ་ལྟར་རྒྱས་ཞེས་བཤད་པསོ།། མཐུ་ཞེས་བྱ་བ་ནི་དེ་དག་གི་བྱིན་གྱིས་བཱརླབས་ཀྱིས་ཏེ། ཁབ་ལེནུ་གྱིས་ལྕགས་འདྲེན་པ་ལྟ་བུའོ།། ལག་ན་རྡོ་རྗེ་ཞེས་བྱ་བ་ཀུན་ཏུ་བཟང་པོ་ཉིད་དོ།། ལུས་ཐམས་ཅད་ཅེས་བྱ་བ་ནི ་བསགས་པའི་ཕྱིར་ན་ལུས་ཏེ་ཕྱག་ན་རྡོ་རྗེའི་ཚེགས་བསགས་པ་ལས་བྱུང་བའི་ལུས་ཀྱི་ཆ་ཤས་རྣམ་སོ།། རྡོ་རྗེ་རཾ་བྱིན་གྱིས་བརླབས་ནས་ཞེས་བྱ་བ་ནི་རིན་པོ་ཆེའི་རྡོ་རྗེ་ལྟར་བདག་ཉིད་ཀྱིས་ཡེ་ཤེས་ཀྱི་རང་བཞིན་དུ ་བསྐྲུན་པའོ།། རྡོ་རྗེའི་ཏིང་འཛིན་ལ་སྙོམས་པར་བཞུག་སོ།། ཞེས་བྱ་ནི་མི་རྟོག་པའི་ཡེ་ཤེས་ལ་གནས་བཞིན་དུ་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་སྒྱུ་མའི་སྐུར་དཀྱིལ་འཁོར་སྤྲུལ་པ་དང་། རྒྱུད་བཤད་པ་ལ་དབང ་ཐོབ་པར་བྱའོ།། སྙམ་པའི་ཏིང་ངེ་འཛིན་ཐུགས་རྩེ་གཅིག་པར་བཞུགས་པ་སྟེ། འདི་ལྟར་རྣམ་པར་རྟོག་པའི་ཡེ་ཤེས་ཀྱི་ནི་ཆོས་ཐམས་ཅད་ནམཁའི་དཀྱིལ་དང་འདྲ་བར་མཐོང་ལྔ་རྗེས་ལ་ས ་ཐོབ་པའི་ཡེ་ཤེས་ཀྱིས་སྒྲ་མ་ལྟ་བུར་མཐོང་ངོ་ཞེས་གསུངས་པསོ།། འདི་སྐད་སྟོན་ཏོ། བཅོམ་ལྡན་འདས་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་གཅོད་པའི་ཕྱིར་བདུད་ཀྱི་ཚོགས་མང་པོ་སའི་སྟེང་དང་བར ་སྣང་ལྔ་ལྷགས་པར་གྱུར་པ་ན། དེ་བཞིན་གཤེགས་པ་རྣམས་ཀྱིས་ཕྱག་ན་རྡོ་རྗེ་ལ་བྱིན་གྱིས་བརླབས་ནས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ལུས་མ་རུངས་པའི་ཁྲོ་བོར་གྱུར་ཏེ། བདུད་འདི་དག་ཐུལ་ཅིག། དེ ་སྐད་ཅེས་གསུངས་པ་དང་། ཕྱག་ན་རྡོ་རྗེ་བདག་ཉིད་ཀྱི་ལུས་ཁྲོ་བོའི་རྒྱལ་པོ་ཆེན་པོ་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན་ཞལ་འབྱོས་པ། སྨིན་མ་ཁྲོ་གཉེར་ཅན་རལ་པ་དམར་སེར། ཞལ་གཅིག་པ། སྤྱན ་གསུམ་པ། ཕྱག་གཉིས་པ། གཡས་པ་རྡོ་རྗེ་ཐུགས་ཀར་གསོར་བ། ཕྱག་གུཡོན་པ་དཀུར་བརྟན་པ། ཞབས་གཡོན་པ་རྡོ་རྗེའི་གདན་ལ་རྐྱང་བ། རབ་ཏུ་བརྗིད་པའི་འགྱིང་བྲག་དང་ལྡན་པ། དར་དང་ལྭ་བའི་སྣོད་གཡོགས ་དང་སྨད་གཡོགས་མནབས་པ། སྦྲུལ་གྱིས་བརྒྱན་པ། མེའི་ཚོགས་ཆེན་པོ་འབར་བ་ལྟ་བུའི་ནང་ན་གནས་པ། མ་རུངས་པ་ཐམས་ཅད་འདུལ་བའི་སྐུར་དཀྱིལ་འཁོར་གྱི་དབུསུ་སྤྲུལ་པར་གྱུར་ཏེ། དེའི་རྗེས ་ཐོགས་ལ་ཅི་ཞིག་མཛད་ཅེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་འཁོར་གྱི་ཁྲོ་བོ་སྤྲུལ་པ་གསུང་སོ།། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་སྟེ། གཙོ་བོའི་ཏིང་འཛིན་ལ་སྙོམས་པར་ཞུགས་པའི་རྗེས་ཐོགས་ལའོ།། ལྷག་ནཱ་རྡོ་རྗེ་ཞེས ་བྱ་བ་ནི་གང་གི་ལག་ན་རྡོ་རྗེ་གནས་པ་དེ་ལཱྀ་དེ་སྐད་ཅེས་བྱ་སྟེ། ལག་ན་རྫས་ཐོགས་པ་ལྟར་ཡེ་ཤེས་ཉེ་བ་ན་གནས་པའི་རྟགས་ཅན་ནོ།། སངས་རྒྱས་ཀྱི་མཐུ་དང་ཞེས་བྱ་བླ་ནི་བཅོམ་ལྡན་འདས་ཉག་གཅིག་གི་བྱིན ་གྱིས་བརླབས་ཀྱི་དཀྱིལ་འཁོར་སྤྲུལ་པའི་ནུས་པ་སྐྱེད་པའོ།། སངས་རྒྱས་ཀྱི་བྱིན་གྱི་བརླབས་དང་ཞེས་བྱ་བ་ནི་ཕྱོགས་བཅུའི་དྲི་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དད་དོ།། བྱང་ཆུབ་སེམས་དཔའ ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས་ཞེས་པ་ནི་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནུས་པ་ཅི་ཡོད་པ་བྱིན་གྱིས་བརླབས་པའོ།། ཡང་ན་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི། བདུད་རྩི་ཐོབ་ཕྱིར་ལཱམ་ནི ་མ་ཡིན་ཆད།། ལྡུམ་ངན་སྤོངས་ལ་ལམ་ལ་མནོས་ཤིག་ཅེས།། ལྷ་དྲན་སེམས་ཅན་རྣམས་ལ་གོ་བར་བྱེད་དོ།། རྒྱུ་དེས་བྱང་ཆུབ་སེམས་དཔའ་ཞེས་བཤད་དོ།། ཞེས་གསུངས་པའི་ཚུལ་གྱི་ཡིནོ།། རྡོ་རྗེ་ཁྲོ་བོ་ལས་བྱུང་བའི་ཞེས ་བྱ་བ་ནི་རང་ཉིད་ཀྱི་སྐུ་ལས་མཚམས་བཞིར་ཕུང་བར་གྱུར་པའོ།། འདི་སྐད་སྟོན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བྱིན་གྱིས་བརླབས་ཀྱིས་ཕྱག་ན་རྡོ་རྗེའི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་། ་དཀྱིལ་འཁོར་སྤྲུལ་པའི་ནུས་པ་སྐྱེད་ནས་བདག་ཉིད་ཀྱི་ཀྱང་དཀྱིལ་འཁོར་སྤྲུལ་པའི་ཏིང་འཛིན་ལ་སྙོམས་པར་ཞུག་སོ།། ཁྲོ་བོ་རྡོ་རྗེ་གཏུམ་པོ་ཞེས་བྱ་བ་སྐུ་མདོག་རྨུག་ནག་ཞལ་གྱི་བཞིན་ཁྲོ་གཉེར་ཅན། ་གཡས་པའི་ཕྱག་གི་རྡོ་རྗེ་རྩེ་གཅིག་པ་འཛིན་པ། ཕྱག་གཡོན་པོ་ཐུགས་ཀར་སྡིགས་མཛུབ་བསྐྲད་པ། ཐུགས་ཀ་ནས་ཕྱུང་ནས་དབང་ལྡན་གྱི་ཕྱོགས་བཞའོ།། དེ་ནས་ཁྲོ་བོ་རྡོ་རྗེ་ཀྵིཾ་ལཱི་ཀཱི་ལ་ཡ་ཞེས་བྱ་བ་སྐུ་མདོག་ལྗང་ནགྶ། དབུལ་བར ་ཁྲོ་གཉེར་རབ་ཏུ་བསྙེར་བ། གཡས་པའི་ཕྱག་གིས་རྡོ་རྗེ་རྩེ་གཅིག་པ་འཛིན་ལ། ཐུགས་ཁ་ནས་ཕྱུང་ནས་མེའི་མཚམ་སུ་གཞག། དེ་ནས་ཁྲོ་བོ་རྡོ་རྗེ་བི་ཅོན་ཞེས་བྱ་ག། སྐུ་མདོག་མཐིང་ནིག་གཡས་པོའི་ཕྱག་གི་གཤིན་རྗེའི་བེ་ཅོན ་བསྣམས་པ། ཐུགས་ཀ་ནས་ཕྱུང་ནས་བདེན་བྲལ་གྱི་མཚམསུ་གཞགོ།། དེ་ནས་ཁྲོ་བོ་རྡོ་རྗེ་ཐོ་བ་ཞེས་བྱ་བ་སྐུ་མདོག་ནག་པོ་གཡས་པའི་ཕྱག་གིས་རྡོ་རྗེ་ཐོ་བ་བསྣམས་པ་ཐུགས་ཀཱ་ནས་ཕྱུང་ནསྭཱ་རླུང་ལྷའི་མཚོམས་བཞགོ།། ལྷག་མ་ནི་སྔ་མ ་བཞི་ནོ།། འདི་དགུ་ནི་རྟོགས་པར་བྱ་བའི་དོན་ཡིན་སྙམ་དུ་དགོད་སོ།། དེ་ལྟར་རང་བཞིན་གྱི་དཀྱིལ་འཁོར་སྤྲུལ་པ་སྟན་ནས། དེའི་རང་བཞིན་ཇི་ལྟ་བུ་ཞིག་ཡིན་ཞེ་ནི། དེ་བསྟན་པར་བཞེད་ནས་རྡོ་རྗེ་སྙིང་པོས་སྨྲས་ཏེ་ཞེས་བྱ་བ་ལ་སོགས་པ ་གསུངས་ཀྱི་མོ་ཤེས་ཀྱི་ཐུག་སོ་མངའ་བས་ནི་རྡོ་རྗེ་སྙིང་པོ་སྟེ་ཕྱག་ནི་རྡོ་རྗེ་ཉིད་དེ། སྤྲས་ཏེ་ནས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྐྱེན་གྱིས་བརླབས་ནས་འོག་ནས་ཀྱང་བ་རྣམས་གོང་དུ་བརྗོད་པའོ།། འད་སྐ ་དུ་གལ་ཏེ་ཕྱག་ན་རྡོ་རྗེ་ཉིད་ཀྱིས་བཤད་པ་ཡིན་ན་ནི་གོང་དུ་བདག་གིས་ཐོས་པ་ཞེས་སྨྲས་པ་དང་འགལོ་ཞེས་ན། དེ་ནི་བྱིན་གྱིས་བརླབས་པ་ནི་འགལ་བ་མདོ།། སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རའི་བུས་སྨྲསོ།། ཞེས་བྱ་བ་ལྟ ་བུའོ།། དེ་ལྟར་ན་ཡང་གཅིག་ཉིད་ཡི་ནོ།། ཞེས་མ་ཡིན་ཏེ་སྔར་ནི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ནས་བཤད་པ་ཡིན་ལ། ཕྱིས་ནི་བཤད་པའི་གཞུང་བསྡུས་པ་ཡིན།། དེ་ལྟ་ན་ཡང་སྐྱོན་ཡིནོ་ཞེས་ན། ཐམས་ཅད་ལ་ཐལ ་བར་འགྱུརརོ།། སྤྲོ་པས་ཆོ་གོ།། ད་ནི་དཀྱུས་མ་ཉིད་ལ་འཇུག་པར་བྱ་སྟེ། མི་ཆོད་པ་ཞེས་བྱ་བ་ནི་ཡེ་ཤེས་ཡིན་ཏེ། བདུད་ལ་སོགས་པས་རབ་ཏུ་བཅད་པར་མ་ནུསོ།། མི་ཤིག་པ་ཞེས་བྱ་བ་ནི་མི་རྟོག་པའི་ཡེ་ཤེས་དེ་ཉིད་མཚན་མའི་རྣམ་པར ་རྟོག་པས་གཤིག་པར་མི་ནུས་པའོ།། བདེན་པ་ཞེས་བྱ་བ་ནི་རྟགས་པའི་དངོས་པོ་དང་བྲལ་བའོ།། སྲ་བ་ཞེས་བྱ་བ་ནི་ཉོན་མོངས་པའི་གསོས་མི་མངའ་བའོ།། བརྟན་པ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རང་བཞིན་དེ་ཉིད་གཞན་དུ་མི་མདོར་བའོ།། ཐད ་དུ་ཐོགས་པ་མེད་པ་ཞེས་བྱ་བ་ནི་ཤེས་བྱ་རྣམ་པ་གཉིས་ལ་ཐོག་པ་མེད་པའོ།། ཐམས་ཅད་དུ་མ་ཕམ་པ་ཞེས་བྱ་བ་ནི་ཐུགས་རྗེ་ཆེན་པོའི་ཡེ་ཤེས་ཀྱིས་ཁྱབ་པའོ།། འདི་སྐད་དུ་སྟོན་ཏེ། གོང་དུ་དཀྱིལ་འཁོར་སྤྲུལ་པ་ཡད་བྱིན་གྱིས་བརླབས ་པ་ཡིན་པ་ལྟར། དེ་དག་གི་རྡོ་རྗེ་སྙིང་པོ་བསྐུལ་ནས་རང་བཞིན་བསྟན་པ་ཡང་འདི་ཡིནོ།། ཞེས་བྱ་བའི་དོན་ཏོ།། ཡེ་ཤེས་ཀྱི་རང་བཞིན་དེ་ལྟ་བུ་ཞིག་ཡིན་ན་ཅི་མི་མཐུན་པའི་ཕྱོགས་ཚར་གཅོད་པ་ཡང་བྱེད་དམ་ཞེ་ན་བསྟན་པར་བྱ ་བའི་ཕྱིར་སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སེམས་དང་ལྡན་པས་ན་སེམས་ཅན་ཏེ། དགའ་ར་བ་དབང་ཕྱུག་ལ་སོགས་པའི་བདུད ་རྣམ་སོ།། སྐྲག་པར་བྱེད་པ་ཞེས་བྱ་བ་ནི་དེ་དག་དངངས་ཤིང་འདར་བར་བྱེད་པའོ།། སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ་ཞེས་བྱ་བ་ནི་བདུད་ཀྱི་རི་སུ་གྱུར་པ་རྣམས་འཇིགས་ཤིང་འབྱེར་བར་བྱའོ།། རིག་སྔགས་ཐམས་ཅད་གཅོད་པར ་བྱེད་པ་ཞེས་བྱ་བ་ནི་བདུད་ལ་སོགས་པས་སྦྱར་བའི་རིག་སྔགས་ངན་པ་རྣམས་ཀྱི་མཐུ་ཉམས་པར་བྱེད་པའོ།། རིག་སྔགས་ཐམས་ཅད་གནོན་པར་བྱེང་པ་ཞེས་བྱ་བ་ནི་བྱང་སྟེམས་ལ་སོགས་པའི་སྦྱོར་བའི་ནུས་པ་མེད་པར་བྱེད་པའོ།། ། ་ལས་ཐམས་ཅད་འཇོམས་པར་བྱེད་པ་ཞེས་བྱ་བ་ནི་སྨན་དང་རྫས་ལ་སོགས་པའི་སྦྱོར་བ་ལས་བྱུང་བའི་མཐུས་ངན་པ་རྣམས་ཉམས་པར་བྱེད་པའོ།། གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པ་ཞེས་བྱ་བ་ནི་གཅིག་གིས ་གཅིག་གི་དཔུང་བྱས་ནས་སྦྱོར་བའི་རླིག་སྔགས་ལ་སོགསྔ་པའི་མཐུ་ཉམས་པར་བྱེད་པའོ།། གདོན་ཐམས་ཅད་རླག་པར་བྱེད་པ་ཞེས་བྱ་བ་ནི་གང་དག་གིས་ཇི་ལྟར་བྱས་ཀྱང་རུང་བའི་ལས་ངན་པ་རྣམས་བཅོམ་ནས་མེད ་པར་བྱེད་པའོ།། འདི་སྐད་སྟོན་ཏེ་བྱ་བའི་རྒྱུད་ཀྱི་གཟུངས་འདི་འཛིན་པའི་གང་ཟག་གིས་ཀྱང་གསང་སྔགས་དག་དང་། དཀྱིལ་འཁོར་གྱི་མཐུ་ཡང་དེ་ལྟ་བུ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཚར་བཅད་པ་ནི་དེ་ལྟ་བུ ་ཡིན་ན། དཀར་པོའི་ཆོས་དང་ལྡན་པ་རྣམས་ལ་ཕན་འདོགས་པར་ཡང་བྱེད་དམ་ཞེ་ན། བྱེད་པ་ཡི་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་གདོན་ཐམས་ཅད་ལུས་ཐར་བྱེད་པ་ཞེས་བྱ་བ་ནི་འགའ་ཞིག་ལྷའི་གདོན་ལ་སོགས་པ་དེའི་ནང ་དུ་ཁྲིད་ཅིང་དེ་དག་བདག་གིར་བྱས་པ་ལས་ཕྲོགས་ཏེ། རང་བཞིན་དུ་གནས་པར་བྱེད་པའོ།། འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ་ཞེས་བྱ་བ་ནི་འགའ་ཞིག་ལ་ཤ་ཟ་བ་ལ་སོགས་པས་གནོད་པར་བྱེད་པ་དེ་གཞན་དུ ་བྱེད་པ་རྣམས་དེ་དག་ཚར་བཅད་པར་བྱ་བའི་ཕྱིར་བདག་གི་མདུན་དུ་འདྲེན་པར་བྱེད་པའོ།། རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ་ཞེས་བྱ་བ་ནི་ལྷ་ལ་སོགས་པས་བདག་དང་གཞན་ལ་གནོད་པ་མི་བྱེད་པའི་ཐོག་ཏུ་རིག ་སྔགས་ལ་སོགས་པའི་སྦྱོར་བ་དེ་དགཽ་ལ་ཕན་འདོག་སུ་འཇུག་པའོ།། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ་ཞེས་བྱ་བ་ནི་གང་གིས་ཞི་བ་ལ་སོཊ་པཾ་བསྒྲུབ་པ་ལྭ་འབྲས་བུ་མ་བྱུང་བ་རྣམ་ཀྱི་འབྲས་བུ་འབྱིན་པར་བྱེད་པའོ།། གྲུབ་པ་རྣམས་ཆུང་མི ་ཟ་བར་བྱེད་པ་ཞེས་བྱ་བ་ནི་འབྲས་བུ་ཐོབ་པ་རྣམས་སླར་ཉམས་པར་མི་བྱེད་པའོ།། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ་ཞེས་བྱ་བ་ནི་གནོད་སྦྱིན་མོ་ལ་སོགས་པ་དབང་དུ་བྱས་ནས་གཏོར་ལ་སོགས་པ་འགྲུབ་པའོ།། ་ཡང་ནི་འདི་ཉིད་ལས་གྲུབ་པ་བརྒྱད་ལ་སོགས་པ་འབྱུང་བའོ།། སེམས་ཅན་ཐམས་ཅད་སྲུང་བ་ཞེས་བྱ་བ་ནི་དེ་དག་ངན་སོང་གི་གཡང་ས་ལ་སོགས་པ་ལས་བཟློག་ནས་སྦྱོང་བར་བྱེད་པའོ།། འདི་སྐད་སྟོན་ཏེ་རྒྱུད་འདི་ལ ་མོས་ཤིང་དབང་ཐོབ་པའི་སྔགས་པས་ཀྱང་བསྒྲུབས་ན་གསང་སྔགས་འདི་ལས་དེ་ལྟ་བུའི་ལས་ཀྱི་འགྲོ་བ་ལ་ཕན་གདགས་པ་འཐོབ་པར་འགྱུར་རོ།། ཞེས་བྱ་བའི་དོན་ཏོ།། དེ་ལྟར་ཕན་གདགས་པ་ལ ་སོགས་པ་འགྲུབ་ན་མདོར་ན་ལས་ཅི་ཞིག་འགྲུབ་པར་འགྱུར་ཞེ་ན། རྒྱུད་འདིར་ལས་རྣམས་ནི་ཞི་བ་ལ་སོགས་པ་གསུམ་ཡིན་ཏེ། འདི་ལྟར་རྒྱུད་ལས། ཞི་བ་དང་ནི་རྒྱས་པ་དང་།། དེ་བཞིན་དྲག་ཤུལ་སྤྱོད་པ་སྟེ།། མདྨོར་ན་ལས ་ནི་རྣམ་གསུམ་དུ།། གསང་སྔགས་ཀུན་ལས་བསྒྲགས་པ་ཡིན།། ཞེས་གསུངས་པསོ།། དེ་དག་འགྲུབ་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། ཞི་བ་ལ་སོགས་པ་གསུངས་ཏེ། ཞི་བ་ཞེས་བྱ་བ་ནི་གང་གིས་སྡིག་པ་ལ ་སོགས་པ་མེད་པར་བྱེད་པའོ།། རྒྱས་པ་ཞེས་བྱ་བ་ནི་གང་གིས་ལོང་སྤྱོད་ལ་སོགས་འཕེལ་བའོ།། སེམས་ཅན་ཐམས་ཅད་རེངས་པར་བྱེད་པ་ཞེས་བྱ་བ་ནི་གདུག་པ་ཅན་དག་གིས་འབད་རྩོལ་མེད་པར་བྱེད་པའོ།། རྨུགས་པར ་བྱེད་པ་ཞེས་བྱ་བ་ནི་གོང་གིས་དྲན་པ་ཉམས་པར་བྱེད་པའོ།། འདི་སྐད་སྟོན་ཏེ་འགའ་ཞིག་ལ་མ་ཡིན་པ་ལ་སོགས་པའི་གནོད་པ་བྱུང་ན་སྒྲིབ་པ་པོ་བདོག་གིས་སཾ་ཕྱོགས་དཀར་པོ་དག་དུ་གོས་ལ་སོགས་པོ་དཀར་པོ་བཻ་གོས་ཏེ། ་ཡོ་བྱད་རྣམས་དཀར་པོ་བསོགས་ནས་འདི་དག་ཉིད་དང་ལྡན་པས་ཞི་བའི་ཡིད་ཀྱིས་ཞི་བའི་ལས་བྱས་ན་ཞི་བ་ཆེན་པོ་འགྲུབ་པར་འགྱུ་རོ།། འགའ་ཞིག་ཚེ་ལ་སོགས་པ་འཕེལ་བར་འདོད་ན་གོས་ལ་སོགས་པ་སེར་པོ ་གྱོན་ཏེ་ཡོ་བྱད་རྣམས་སེར་པོ་བསོགས་ནས་རྒྱས་པའི་ལས་བྱས་ན་རྒྱས་པར་འགྲུབ་བོ།། འགའ་ཞིག་ཤ་ཟ་བ་ལ་སོགས་པ་ལ་དྲག་པོའི་ལས་བྱེད་པར་འདོད་ནས་ཕྱོགས་ནག་པོ་དག་ཏུ་གོས་ལ་སོགས་པ་ནག་པོ་གྱོན་ཏེ། ཡོ་བྱད ་རྣམས་ནག་པོ་བསོགས་ནས་སྡང་བའི་ཡིད་ཀྱིས་མངོན་སྤྱོད་ཀྱི་ལས་བྱས་ན་རེངས་པ་ལ་སོགས་པ་གྲུབ་པར་འགྱུར་རོ།། ཞེས་བྱ་བ་ནི་དོན་ཏོ།། འདི་ལྟར་བྱ་བའི་རྒྱུད་འདིར་རིགས་དུ་ཞིག་ཏུ་འགྱུར་ཞེ་ན། རིགས་གསུམ་ཡིནྡ ་ཧཱུཾ་དེ་བཞིན་གཤེགས་པའི་རིགས་ལ་སོགས་པའོ།། འདི་ཉི་གང་གིས་རིགས་ཡིནྡ་ཞེ་ན། འདི་ནི་རྡོ་རྗེའི་རིགས་ཡིན་ཏེ་དྲག་ཤུལ་གྱི་ལས་བསྟན་པའི་ཕྱིར་རོ།། དེ་ཡང་རྒྱུད་ལས། འབྲྀ་ག་ཤེགས་པས་ཞི་བ་བྱ། བརྒྱད་པ་པདྨའི ་རིགས་སྐྱེས་ཀྱིས།། རྡོ་རྗེ་རིགས་གསུངས་གསང་སྔགས་ཀྱིས།། དྲག་ཤུལ་སྤྱོད་པའི་ལས་རྣམས་བྱ།། ཞེས་གསུངས་པ་ལས། དེ་ལྟར་ན་སྔར་བསྟན་པ་དོང་འགལོ་ཞེ་མ་རིགས་རེ་རེས་ཀྱང་ལས་གསུམ་བྱེད་པས་འབྲལ་བ ་མེད་པ། དེ་ལྟར་རྒྱུད་ལས། མཁས་པས་རིགས་ནི་གསུམ་ཅར་ལ།། རབ་ལ་སོགས་པ་བསྟན་པ་དང་།། ཞི་བ་ལ་སོགས་བྱེ་བྲག་གིས།། ལས་ནི་རྣམ་པ་གསུམ་དུ་བྱའོ།། ཞེས་བསྟན་པསོ།། དེ་ལྟར་ན་འགལོ་ཞེ་ན། འོདི་ནི་དོན་གྱི་གཙོ་བོ ་ལས་དགོངས་པོ་ཡིན་ཏེ། དེ་ཡང་རྒྱུད་ཉིད་ལས། གླེང་གཞི་དབང་དུ་མཛད་ནས་ནི།། གསང་སྔགས་གང་དག་གསུངས་གྱུར་པ།། དེ་ཉིད་དེ་ལ་གཙོ་བོར་བསྟན།། ལྷག་མ་གཞན་དུ་ཤེས་པར་བྱ།། ཞེས་གསུངས་པ་ཡི་མོ།། དེ་ཙམ་གྱིས་ཀྱང ་ཡིད་མགུ་བར་མ་གྱུར་ན།། ཁྱེད་ཉིད་ཀྱིས་ཉེས་པ་ཡིན་གྱི་ཁོ་བོ་ལ་ནི་སྐྱོན་མེད་དོ།། ཤིན་ཏུ་སྤྲོས་པས་ཆོ་འོ།། ད་ནི་དཀྱུས་མཱ་ཉིད་ལ་འཇུག་པར་བྱ་སྟེ། དེ་ལྟ་བུའི་སྟོབས་དང་ལྡན་པའི་བསང་སྔགས་དེ་དག་པདྨ ་ཞིག་གི་མཐུས་སུ་ཞིག་གིས་བསྟན་ཞེ་ན། དེའི་ཕྱིར་གསང་སྔགས་ཀྱི་མཐུས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་སྔགས་ཀྱི་ཞེས་བྱ་བ་ནི་དམ་པ་མ་ཡིན་པ་དག་ལ་སྦས་པའི་ཡིད་སྐྱོབ་པར་བྱེད་པ་སྟེ། འདི ་ལྟར་རྒྱུད་ལས། ཡིད་ཀྱིས་སྐྱོབ་པར་འགྱུར་པས་ན། སྔགས་ཀྱི་བདག་ཅེས་བརྗོད་དོ།། ཞེས་གསུངས་པའོ།། མཐུ་ཆེན་པོ་འདི་ཞེས་བྱ་བ་ནི་ལས་མང་པོ་དང་ལྡན་པའི་ནུས་པའོ།། སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་ནི་སྔར་བསྟན་པ ་ལྟ་བུའོ།། ལག་ན་རྡོ་རྗེས་རབ་ཏུ་སྨྲསོ།། ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཁྱད་པར་འགའ་ཞིག་ལ་མིང་གི་དབང་བསྐུར་བ་ཙནྡ་དེས་དོན་ཇི་ལྟ་བུ་ཞིག་ཏུ་བརྗིད་པས་སོ།། འདི་སྐད་སྟོན་ཏེ། གོང་དུ་བསྟན་པའི་ཡོན་ཏན་རྣམས་དང ་ཡང་དག་པར་ལྡན་པའི་གསང་སྡིགས་འདི་དག་ཀྱང་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ཕྱུག་ན་རྡོ་རྗེ་བཤད་པ་ཡིན་གྱི་རང་དགར་སྨྲས་པ་མ་ཡིན་ཏེ། གཞན་དུ་ན་ཟློས་པའི་སྐྱོན་དུ་ཡང་འགྱུརརོ།། ཞེས་བྱ་བའི་དོན་ཏོ།། གསང ་བའི་བདག་པོས་དེ་ལྟར་མཐུ་དང་ལྡན་པའི་གསང་སྔགས་གསུངས་པས་ན་ཐོག་མར་སུ་ཞི་ག་ལ་ཕྱག་འཚལ་ཞེ་ན། དེ་བསྟན་པར་བྱ་བའི་ཕྱིར་ན་ན་མོ་རཏྣ་ཏྲ་ཡཱ་ཡ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ནི་ཐུན་མོང ་དང་ཐུན་མོང་མ་ཡིན་པའི་དཀོན་མཆོག་གསུམ་ལ་ཕྱག་འཚལོ།། ན་མཤྩཱཎྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ཞེས་བྱ་བ་ནི་བསམ་པ་ཐམས་ཅད་རྫོགས་པར་བྱེད་པའི་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཐུགས་དྲག་པ་དང ་ལྡན་པའི་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལོ།། འདི་སྐད་སྟོན་ཏེ། སྒྲུབ་པ་པོ་རྣམས་ཀྱི་ཀྱང་བསོད་ནམས་འཕེལ་བ་དང་ལས་རྣམས་འགྲུབ་པར་བྱེད་པའི་གསང་སྔགས་བརྗོད་པའི་ཐོག་མར་འོད་ལྟར་ཕྱག་བཙལ་བར་བྱའོ།། ཞེས་བྱ་བའི ་དོན་ཏོ།། དེ་ལྷོར་ཕྱག་འཚལ་ནས་ཅི་ཞིག་མཛད་ཅེ་ན། བཅོམ་ལྡན་འདས་ཉིད་ཀྱིས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་བསྐུལ་པ་སྟན་པའི་ཕྱིར། ཏདྱོ་ཐཱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཏདྱ་ཐཱ་ཞེས་བྱ་བ་ནི་འོག་མ་འདྲེན་པར་བྱེད་པའི ་ཆོ་གོ། ཨོཾ་ཏྲྀ་ཊ་ཏ་ཊ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལྔས་བྱུང་བའི་སྤྲུལ་པོས་བདག་དང་གཞན་གྱི་ཉོན་མོངས་པ་ལ་སོགས་པ་གཅོད་པ་རྣམས་མཐར་མཛོད་ཅིག་པའོ།། ཏྲོ་ཊ་ཡོ་ཏྲོ་ཊ་ཡ་ཞེས་བྱ་བེ་ནི་ཤིན་ཏུ་སྩོལ ་ཅིག་པའོ།། སྥུ་ཊ་སྥུ་ཊ་ཞེས་བྱ་བ་སྤོར་ཅིག། སྥོ་ཊ་སྥོ་ཊ་ཞེས་བྱ་བ་ནི་ཤིན་ཏུ་སྤོར་ཅིག་པའོ།། བྷུཪྵ་གྷཱརྞ་ཞེས་བྱ་བ་ནི་ཐར་པར་མཛོད་ཅིག་པའོ།། བྷུརྞ་པྲ་ཡ་བྷུརྞ་པ་ཡ་ཞེས་བྱ་བ་ནི་བསྲེག་དུ་མ་བཏུབ་པ་རྣམས་གཞོན་དུ་ཤིན་ཏུ་འབྱར ་བར་མཛོད་ཅིག་པའི།། ལན་གཉིསུ་བརྗོད་པ་ནི་ཤིན་ཏུ་ཡང་དོན་དུ་གཉེར་བར་བྱ་བ་ཡིན་པས་ནའོ།། ཡང་ན་གཅིག་གིས་ནི་གཙོ་བོ་ལ་བསྐུལ་པོ་ཡིན་ལ་གཉིས་པས་ནི་འཁོར་དུ་གྱུར་པ་ལ་བསྐུལ་བའོ།། སརྦ་སཏྭཱ་ནི། བོ་དྷ་ཡ། ་བོ་དྷ་ཡ། ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཁྱད་པར་ཅན་གྱི་སེམས་ལ་གནས་པར་མཛོད་ཅིག་པའོ།། སཾ་བོ་དྷ་ཡ་སཾ་བོ་དྷཱ་ཡཱ་ཞེས་བྱ་བ་ནི་ཤིན་ཏུ་གནས་པ་མཛོད་ཅིག་པའོ།། བྷྲ་མ་བྷཱུ་མ་ཞེས་བྱ་བ་ནི་ཕྱུང ་ཞིག་པའོ།། སཾ་བྷཱུ་མ་ཡ་སཾ་བྷྲ་མཱ་ཡ་ཞེས་བྱ་བ་ནི་ཤིན་ཏུ་ཕྱུང་ཞིག་པའོ།། སརྦ་བུདྡྷ་བོ་དྷ་ནི། ཀུ་ཊ་ཀུ་ཊ་ཞེས་བྱ་བ་ནི་གནོད་པ་རྣམས་དུམ་བུར་མཛོད་ཅིག་པའོ།། སཾ་ཀུ་ཊ་ཡ་སཾ་ཀུ་ཊ་ཡ་ཞེས་བྱ་བ་ནི་ཤཱིན་ཏུ་གནྡེ་པཱ་མཛོད་ཅིག་པའོ།། སརྦ ་ཤ་ཏྲུཾ་ནཱ་གྷུ་ཊ་གྷེ་ཊ་ཞེས་བྱ་བ་ནི་རྩེ་བ་མེད་པ་རྣམས་གནས་གཞན་དུ་ཕྱིན་པར་མཛོད་ཅིག་པའོ།། སཾ་བྷ་ཊ་ཡ་སཾ་གྷ་ཊ་ཡ་ཞེས་བྱ་བ་ནི་ཤིན་ཏུ་ཕྱིན་པར་མཛོད་ཅིག་པའོ།། སརྦ་བིདྱཱ་བཛྲ་བཛྲ་ཞེས་བྱ་བ་ནི་ལས་དེ་དག་ཀྱང་རིག་པ་ཅན ་ཁྱོད་ཀྱི་རྡོ་རྗེས་མཛོད་ཅིག་པའོ།། སྥོ་ཊ་ཡ་བཛྲཱ་བཛྲ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་གཏོར་ཅིག་པའོ།། ཀ་ཊེ་བཛྲ་བཛྲ་ཞེས་བྱ་བ་ནཱི་ཡེ་ཤེས་ཀྱི་བསོད་པར་མཛོད་ཅིག་པའོ།། མ་ཊ་བཛྲ་བཛྲ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་དུམ་བུར་མཛོད་ཅིག ་འོ།། མ་ཐ་བཛྲ་བཛྲ་ཞེས་བྱ་བཱ་ནི་ཡེ་ཤེས་ཀྱི་ཕུགཅིག་པའོ།། བཛྲ་ཨཊྚ་ཧ་ནཱི་ལ་བཛྲ་བཛྲ་ཞེས་བྱ་བ་ནི་ཁྱོད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་སྔོན་པོ་ཕྱག་ནུ་བསྣམས་པས་དབྱུང་བ་བཅད་པའི་ཕྲིན་ལོས་མཛོད་ཅིག་པའོ།། སུ་བཛྲཱ་ཡ་སྭཱཧཱ། ་ཞེས་བྱ་བ་ནི་གོང་དུ་བསྟན་པའི་ལས་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཀྱི་ལེགས་པར་མཛོད་ཅོག་པའོ།། འདི་སྐད་སྟོན་ཏེ་འགའ་ཞིག་གིས་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་མངོན ་དུ་བསམས་ཏེ། དེ་ཉིད་ཀྱིས་ཆོས་ཀྱི་ཡེ་ཤེས་ལྔ་དམིགས་ནས་གསང་སྔགས་དེ་དག་བཟླས་ནས་གང་ལ་བྱ་བའི་ལས་སྣ་ཚོགས་པ་འགྲུབ་པར་འགྱུ་རོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བསྐུལ་བ་བསྟན་ནས། ་ཡེ་ཤེས་བཞི་ལ་སྤྱིར་བསྐུལ་བསྟན་པའི་ཕྱིར། ཧེ་ཕུ་ལཱུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཧ་ཕུ་ལཱུ། ནི་རུ་ཕུ་ལླུ་ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལས་སྤྲུལ་པའི་ཁྲོ་བོ་རྣམས་ཀྱི་སྡུག་བསྔལ་ཆེན་པོའི་རྒྱུ་རྣམས ་གཅོད་སྡིག་པའོ།། གྲྀ་ཧྞ་ཀུ་ལུ་ཞེས་བྱ་བ་ནི་གཞོམ་པར་མཛོད་ཅིག་པའོ།། མི་ལི་ཙུ་ལུ། ཀུ་ལུ་ཀུ་ལུ་ཞེས་བྱ་བ་ནི་དག་པར་མཛོད་ཅིག་པའོ།། བཛྲ་བཻ་ཛ་ཡཱ་ཡ་སྭཱ་ཧཱ། ཞེས་བྱ་བ་ནི་རྣམ་པར་རྒྱལ་བའི་ཡེ་ཤེས་ཀྱི་རྡོ་རྗེས་ཞི་བར་མཛོད་ཅིག་པའོ།། ་ཀཱི་ལཾ་ཀཱི་ལཱ་ཡ་སྭཱ་ཧཱ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཕུར་བུས་ཞི་བའི་ལས་མཛོད་ཅིག་པའོ།། ཀ་ཊ་ཀ་ཊ་ཞེས་བྱ་བ་ནི་སྤ་བཀོང་བར་མཛོད་ཅིག་པའོ།། མ་ཊྚེ་མ་ཊཾ་ཞེས་བྱ་བ་ནི་འགྲོ་བ་རྣམས་མྱ་དྲན་ལས་འདས་པའི་བདྲེ་བ་ཆེན་པོ་ལ་སྦྱོར་ཅིག ་པའོ། ར་ཊ་ར་ཊ་ཞེས་བྱ་བ་ནཱ་སྡུག་བསྔལ་རྣམས་ནི་མི་འཕེལ་བྱར་མཛོད་ཅིག་པའོ།། མོ་ཊ་ཎ་པྲ་མོ་ཊུ་ཎཱ་ཡ་སྭཱཧླཱ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་རྣམས་ལས་བསྒྲལ་བར་མཛོད་ཅིག་པའོ།། ཙ་ར་ཎི་ཙ་ར་ཎཱི་ཞེས་བྱ་བ་ནི་དཔལ ་ཕུན་སུམ་ཚོགས་པ་ལྀ་སྦྱོར་ཅིག་པའོ།། ཧ་ར་ཧ་ར་ཞེས་བྱ་བ་ནི་ཉོན་མོངས་པ་ལ་སོགས་པ་རྣམས་ཕྲོགས་ཤིག་པའོ།། ས་ར་ས་ར་ཞེས་བྱ་བ་ནི་ཕུལ་དུ་བྱུང་བའི་བློ་བསྐྱེད་ཅིག་པའོ།། མཱ་ར་ཡ་ཞེས་བྱ་བ་ནི་མདོར་ན་ཡེ་ཤེས ་བཞིའི་རང་བཞིན་བར་དུ་གཅོད་པ་རྣམས་ཞི་བར་མཛོད་གཅིག་པའོ།། འདི་སྐད་སྟོན་ཏེ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་བཞི་ལ་དམིགས་ནས་བཟླས་བརྗོད་ལ་སོགས་པ་བྱས་པས་དེ་བཞིན་དུ་འགྲུབ་པར་འགྱུ་རོ།། ། ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་ཐུགས་ཀྱི་རང་བཞིན་ཡེ་ཤེས་ལས་བསྐུལ་བ་བསྟན་ནས་ཁྲོ་བོ་རྣམས་ཀྱི་སྐུའི་རང་བཞིན་ལ་བསྐུལ་བ་བསྟན་པར་བྱ་བའི་ཕྱིར། བཛྲ་བཱི་དཱ་ར་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཛྲ་བི་དཱ་རཱ་སྭཱ་ཧཱ ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་ལ་སོགས་པའི་སྐུའི་རང་བཞིན་གྱི་སེམས་ཅན་རྣམས་ཀྱི་བག་ཆགས་ངན་པའི་དྲི་མ་རྣམས་ཞི་ཞིང་མེད་པར་མཛོད་ཅིག་ཅེས་བསྐུལ་བའོ།། ཙྪིནྡ་ཙྪིནྡ་མ་ཧཱ་ཀཱི་ལི་ཀཱི་ལཱ ་ཡ་སྭཱ་ཧཱ་ཞེས་བྱ་བ་ནི་མཐར་ཕྱིན་པར་མཛོད་ཅིག་པའོ།། དྷིནྡ་བྷིནྡ་ཞེས་བྱ་བ་ནཱི་ཕྱེ་མར་རློག་ཅིག་པའོ།། མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ་ཞེས་བྱ་བ་ནི་ཁྱེད་ཀྱི་སྐུའི་ཕུར་བུ་ཆེན་པོས་ཉོན་མོངས་པ་ལ་སོགས་པ་རྣམས་ཞི་བར་མཛོད་ཅིག ་པའོ།། བནྡ་བནྡོ་ཞེས་བྱ་བ་ནི་མོ་རུངས་པ་རྣམས་ཆིང་ཞིག་པའོ།། ཀྲོ་དྷ་ཀྲཱྀ་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཞེས་བྱ་བ་ནི་ཁྲུས་ཤིང་འཁྲུགས་པའི་ཕུར་བུས་ལས་ངན་པ་རྣམས་མེད་པར་མཛོད་ཅིག་པའོ།། འདི་སྐད་སྟོན་ཏེ། བཅོམ་ལྡན་འདས ་ཀྱི་སྐུ་ལ་དམིགས་ནས་བསྐུལ་བ་བྱས་ན་སྔ་མ་ལྟར་འགྲུབ་པར་འགྱུརརོ།། ཞེས་བྱ་བའི་དོན་ཏོ།། དེ་ལྟར་འཁོར་གྱི་སྐུའི་རང་བཞིན་ལ་བསྐུལ་བ་བསྟན་ནས་ཁྲོ་བོ་བཞིའི་སྙིང་པོའི་སྒོ་ནས་བསྐུལ་བ་བསྟན་པར་བྱ་བའི་ཕྱིར་ཧུ་རུ ་ཙུ་རུ་ཞེས་བྱ་བ་ལྔ་སྩོགས་པ་གསུངས་ཏེ། ཙུ་རུ་ཙུ་རུ་ཙཎྜ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཞེས་བྱ་བ་ནི་ཁྲོ་བོ་ཆེན་པོ་རྡོ་རྗེ་གཏུམ་པོའི་ཕུར་བུས་བགེགས་རྣམས་ཞི་བར་མཛོད་ཅིག་པའོ།། ཏྲ་ས་ཡ་ཏྲ་ས་ཡ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཞེས་བྱ་བ་ནི ་ཁྲོ་བོ་ཆེན་པོ་ནི་ཀཱི་ལི་ཀཱི་ལཱ་ཡའི། ཕུར་བུས་བགེགས་རྣམས་སྐྲག་པར་མཛོད་ཅིག་པའོ།། ཧ་ར་ཧ་ར་བཛྲ་བི་དྷ་ར་ཡ་སྭཱ་ཧཱ་ཞེས་བྱ་བཱ་ནི་ཁྲོ་བོ་ཆེན་པོ་རྡོ་རྗེ་བེ་ཅོན་གྱི་ཕུར་བུས་བགེགས་རྣམས་འདར་བར་མཛོད་ཅིག་པའོ།། པྲ་ཧ་ར་ཧ་ར~ཾ་པྲ་ཧ། ་ར་བཛྲ་པྲ་བྷཱཉྩ་ནཱ་ཡ་སྭཱ་ཧཱ། ཞེས་བྱ་བ་ནི་ཁྲོ་བོ་ཆེན་པོ་རྡོ་རྗེ་ཐོ་བའི་ཕུར་བུས་བགེགས་རྣམས་མེད་པར་མཛོད་ཅིག་པའོ།། འདི་སྐད་སྟོན་ཏེ་བསྙེན་པ་ལ་སོགས་པ་བྱེད་པའི་དུསུ་གཟུངས་རྫོགས་པར་བཟླས་པར་མི་ནུས་ན་ཁྲོ་བོ ་བཞིའི་སྙིང་པོ་བཟླས་པར་བྱ་བ་ནི་འདི་དག་ཡི་ནོ།། ཞེས་བྱ་བའི་དོན་ཏོ།། དེ་ལྟར་སྙིང་པོའི་སྒོ་ནས་བསྐུལ་བ་བསྟན་ནས་དེ་དག་གསུང་གི་སྒོ་ནས་བསྐུལ་བ་བསྟན་པའི་ཕྱིར། མ་ཏཱིསྠི་ར་བཛྲ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་ཏི་སྭཾ ་ར་བཛྲཱ་ཞྭས་བྱ་བྷ་ནི་བློ་གྲོས་ཕུལ་དུ་བྱུང་བ་རྣམས་ཀྱི་སེམས་རྡོ་རྗེ་ལྟར་བརྟན་ཞིང་མི་གཡོ་བར་མཛོད་ཅིག་པའོ།། སུ་ཏཱིསྠི་ར་བཛྲ་ཞེས་བྱ་བ་ནི་ལེགས་པར་བརྟན་པར་མཛོད་ཅིག་པའོ།། པྲ་ཏིམྦྷཱི་ར་བཛྲ་ཞེས་བྱ་བ་ནི་རབོ་དྷ་བརྟན་པར ་མཛོད་ཅིག་པོའོ།། མ་ཧཱ་བཛྲ་ཞེས་བྱ་བ་ནི་ཆེན་པོ་རྣམས་ཀྱི་ཚུལ་དུ་བསྟོན་པར་མཛོད་ཅིག་པའོ།། ཨ་པྲ་ཏི་ཧ་ཏ་བཛྲ་ཞེས་བྱ་བ་ནི་རབ་ཏུ་གཡོ་བ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་ལེགས་པར་གསོལ་རིག་པའོ།། ཨ་མོ་གྷ་བཛྲ་ཞེས་བྱ་བ ་པྲ་ནི་ཡེ་ཤེས་ཆེན་པོའི་ཕྲིན་ལས་རྣམས་དོན་ཡོད་པར་མཛོད་ཅིག་པའོ།། ཨེ་ཧི་བཛྲ་ཞེས་བྱ་བཱ་ནི་ཡེ་ཤེས་ཀྱི་རྡོ་རྗེ་དང་ལྡན་པ་གདུལ་བྱའི་རྒྱུད་ལྔས་གཤེགས་ཤིག་པའོ།། ཤྲཱི་གྷྲཾ་བཛྲཱ་ཡ་ཞེས་བྱ་བ་ནི་བྱོན ་ནས་ཀྱང་མྱུར་དུ་ཞི་བའི་ལས་གྲུབ་པར་མཛོད་ཅིག་པའོ།། དྷ་ར་དྷ་ར་ཞེས་བྱ་བཱ་ནི་ཡེ་ཤེས་རྣམས་ཟུང་ཞིག་པའོ།། དྷི་རི་དྷི་རི་ཞེས་བྱ་བ་ནི་གཟུང་ཟིན་པ་རྣམས་ཐོགས་ཤིག་པའོ།། དྷཱ་རུ་དྷཱ་རུ་ཞེས་བྱ་བ་ནི་བཏགས་པ་རྣམས་མི ་འཆོར་བར་མཛོད་ཅིག་པའོ།། སརྦྦ་བཛྲ་ཀུ་ལཾ་ཨཱ་བརྟ་ཡ་ཞེས་བྱ་བ་ནི་རྡོ་རྗེའི་རིགས་ཐམས་ཅད་ཀྱིས་ཞི་བ་དང་ལྡན་པའི་བྱིན་གྱིས་བརླབས་མཛོད་ཅིག་པའོ།། ཨ་མུ་ཀཾ་མཱ་ར་ཡ་ཕཊ་ཞེས་བྱ་བ་ནི་བར་དུ་གཅོད་པ་རྣམས་བཟློག ་པ་དང་གཞོམ་པའི་ལས་མཛོད་ཅིག་པའོ།། འདི་སྐད་སྟོན་ཏེ། དྲི་དག་གི་གསུང་གི་རང་བཞིན་ལ་དམིགས་ནས་བསྒྲུབས་ནཱ་ཡང་སྔ་མ་ལྟར་འགྲུབ་པར་འགྱུ་རོ།། ཞེས་བྱ་བ་སྟོན་ཏོ་དེ་ལྟར་གསུང་གི་སྒོ་ནས་བསྒྲུབ་པ་བསྟན་ནས ་སྐུ་དང་གསུང་དང་ཐུགས་ལ་སྤྱིར་བསྐུལ་བ་བསྟན་པར་བྱ་བའི་ཕྱིར། ན་མཿས་མཱནྟ་བཛྲཱ་ཎཱཾ་ཞེས་བྱ་བ་ནི་རྡོ་རྗེའི་རང་བཞིན་གྱིས་བདག་ཀུན་ནས་ཕྱག་འཚལ་བའི་གན་སུ་མཛོད་ཅིག་པའོ།། སརྦ་བ་ལཾ་ཨཱ་བརྟི་ཡ་མ་ཧཱ་བ་ལ ་ཞེས་བྱ་བ་ནི་སྟོབས་ཆེན་པོ་དང་ལྡན་པ་ཐམས་ཅད་ཀྱིས་སྟོད་ཅིང་དགྱེས་པའི་གནསུ་མཛོད་ཅིག་པའོ།། ཀ་ཏ་བེ་ཏ་ཏ་ལ་ཨ་ཙ་ལེ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མཆེ་བ་ཆེན་པོས་བགེགས་རྣམས་ལ་ཐོབ་ལ་གཡོ་བར་མཛོད ་ཅིག་པའོ།། མཎྜ་ལ་མཱ་ཡེ། ཨ་ཏི་བཛྲ་ཞེས་བྱ་བ་ནི་ཡེ་ཤེས་མཆོག་དང་ལྡན་པ་རྣམས་ཀྱི་དཀྱིལ་འཁོར་སྐྱོང་བ་རྣམས་བདག་ལ་འགྲོ་བར་མཱཛོད་ཅིག་པའོ།། མ་ཧཱ་བ་ལེ་བཱི་ག་ར་ཎ་ཞེས་བྱ་བ་ནི་སྟོབས་ཆེན་པོ་དང་བཅས་པ་རྣམས ་ཀྱི་བར་ཆོད་རྣམས་མྱུར་དུ་མེད་པར་མཛོད་ཅིག་པའོ།། ཨ་ཛཱི་ཏི་ཛྭ་ལ་ཛྭ་ལ་ཞེས་བྱ་བ་ནི་ཡེ་ཤེས་ཆེན་པོའི་མི་འབར་བར་མཛོད་ཅིག་པའོ།། ཏི་ཊཱི་ཏི་ཊི་བཾ་ག་ལེ་ཞེས་བྱ་བ་ནི་རབ་ཏུ་འབར་བར་བསྡུས་པས་གནོད་པ་རྣམས་ལ ་སྲུངས་ཤིག་པའོ།། ད་ཧ་ད་ཧ་ཏེ་ཛེ་བ་ཏི་ཞེས་བྱ་བ་ནི་གཟི་བརྗིད་མིནྡ་པའི་མེས་བསྲེགས་པར་མཛོད་ཅིག་པའོ།། ཏི་ལི་ཏི་ལི་ཞེས་བྱ་བ་ནི་བཅད་པར་མཛོད་ཅིག་པའོ།། བྷནྡྷ་བྷནྡྷ་ཞེས་བྱ་བ་ནི་བསྡོམས་ཤིག་པའོ།། མ་ཧཱ་བ་ལེ ་བཛྲཱི་ཀུ་ཤ་ཛྭ་ལ་ཡ་སྭཱ་ཧཱ་ཞེས་བྱ་བ་ནི་རྡོ་རྗེའི་ལུས་འབར་བ་དང་ལྡན་པའི་སྟོབས་ཆེན་པོས་བགེགས་རྣམས་ཞི་ཞིང་མེད་པར་མཛོད་ཅིག་པའོ།། འདི་སྐད་སྟོན་ཏེ། ཁྲོ་བོ་རྣམས་ཀྱི་སྐུ་གསུང་ཐུགས་ལ་སྤྱིར་དམིགས་ནས་བཟླས ་པར་བྱས་མ་ཡང་དེ་བཞིན་དུ་འགྱུ་རོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ལ་སྦྱོར་ཞིང་བསྐུལ་པ་བསྟན་ནས་བཅོམ་ལྡན་འདས་ཀྱི་སྙིང་པོའི་སྒོ་ནས་བསྐུལ་བ་བསྟན་པར་བྱ་བའི་ཕྱིར། ནཱ་མོ་རཏྣ་ཏྲ་ཡཱ་ཡ ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ནི་སྔར་བཤད་པ་ལྟ་བུའོ།། ཨོཾ་ཞེས་བྱ་བ་ནི་རབ་ཏུ་བསྔགས་པའི་དོན་ཏོ།། བཀྲ་ཤིས་པའི་དོན་ཏེ། ཧེ་ར་ཧ་ར་བཛྲ་ཞེས་བྱ་བ་ནི་གདུག་པོ་ཅན་རྣམས་ཀྱི་སྲོག་ཡེ་ཤེས་ཀྱི་རྡོ་རྗེས་ཕྲོགས ་ཤིག་པའོ།། མ་ཐ་མ་ཐ་བཛྲ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རྡོ་རྗེས་དེ་དག་ལ་བརྡེག་པར་མཛོད་ཅིག་པའོ།། ད་ཧ་ད་ཧ་བཛྲ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རྡོ་རྗེས་སྲེགས་ཤག་པའོ།། པ་ཙ་པ་ཙ་བཛྲ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི ་རྡོ་རྗེས་དེ་དག་ཆོམས་ཤིག་པའོ།། དྷ་ར་དྷ་ར་བཛྲ་ཞེས་བྱ་བ་ནི་གནོད་པ་ཐམས་ཅད་འབྲོས་པ་རྣམས་ཟུང་ཞིག་པའོ།། དྷ་ར་ཡཱ་དྷ་ར་ཡ་བཛྲི་ཞེས་བྱ་བ་ནི་ཡེ་ཤེས་ཅན་ཁྱེད་ཀྱི་འཁོར་རྣམས་ཀྱང་འཛིན་དུ་ཆུ་ག་ཅིག་པའོ།། དཱ་རུ་ཎ ་དྷཱ་རུ་ཎཱ་བཛྲ་ཞེས་བྱ་བ་ནི་དྲག་ཏུ་ཟུང་ཤིག་པའོ།། ཙྪིནྡ་ཙྪིནྡ་བཛྲ་ཞེས་བྱ་བ་ནི་གཟུང་ཟིན་པ་རྣམས་རྡོ་རྗེས་ཆོད་ཅིག་པའོ།། བྷིནྡ་བྷིནྡ་ཧཱུཾ་ཕཊ་བཛྲ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་ཐུགས་ཀྱི་ཁོས་ཤིག་པའོ།། འདི་སྐད ་སྟོན་ཏེ་བསྙེན་པ་ལ་སོགས་པ་བྱེད་པའི་དུས་སུ་བཅོམ་ལྡན་འདས་ལ་དམིགས་ནས་བཟླས་པ་བྱས་ན་སྔ་མ་ལྟར་འགྲུབ་པར་འགྱུར་ཞེས་བྱ་བའི་དོན་ཏོ།། དེ་ལྟར་དབུས་ཀྱི་གཙོ་བོའི་སྙིང་པོའི་སྒོ་ནས་བསྐུལ་བ་བསྟན་ནས་ཉེ ་བའི་སྙིང་པོའི་སྒོ་ནས་བསྐུལ་བ་བསྟན་པའི་ཕྱིར། ན་མ་ཤྩཎྜ་བཛྲ་ཀྲོ་དྷཱ་ཡ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ་ཞེས་བྱ་བ་ནི་དངོས་གྲུབ་ཀྱི་མཆོག་སྒྲུབ་པའི་ཕྱིར་རྡོ་རྗེ་ཁྲོ་བོ་དྲག་པོ་ལ་ཕྱག་འཚལོ་ཞེས ་བྱ་བ་ནི་ཧུ་ལུ་ཧུ་ལུ་ཞེས་བྱ་བ་ནི་དངོས་གྲུབ་ཀྱི་བགེགསུ་གྱུར་པ་རྣམས་བདག་གི་མདུན་དུ་དྲག་དུ་ཁུག་ཅིག་པའོ།། ཏིཥྛ་ཏིཥྛ་ཞེས་བྱ་བ་ནི་དྲངས་པ་རྣམས་བདག་གིས་མདུན་དུ་གནས་པར་མཛོད་ཅིག་པའོ།། བྷནྡྷ་བྷིནྡྷ་ཞེས་བྱ་བ་ནི ་གནས་པ་རྣམས་ཆིངས་ཤིག་པའོ།། ཧ་ན་ཧཱ་ན་ཞེས་བྱ་བ་ནི་བཅིང་བ་རྣམས་ལ་བརྡེགས་ཤིག་པའོ།། ཨ་མྲྀ་ཏེ་ཧཱུཾ་ཕཊ་ཞེས་བྱ་བ་ནི་ལས་དེ་དག་ཐམས་ཅད་ཀྱང་མཐར་ཕྱིན་ཅིང་ཕྱིར་མི་ལྡོག་པའི་ས་ལ་བཞག་ནས་འཆི་བ་མེད་པའི ་གནས་ལ་སྦྱོར་བར་མཛོད་ཅིག་པའོ།། འདི་སྐད་སྟོན་ཏེ། སྒྲུབ་པ་འདི་ལ་གནས་པའི་རྣལ་འབྱོར་པས་ཀྱང་དད་པས་བཅོམ་ལྡན་འདས་ལ་དམིགས་ནས་ཉེ་བའི་སྙིང་པོ་འདི་བཟླས་ན། ཇི་ལྟར་བསམ་པ་དེ་བཞིན་དུ་གྲུབ་པར་འགྱུརརོ་ཞེས་བྱ ་བའི་དོན་ཏོ།། དེ་ལྟར་རང་རང་གི་ཕྲིན་ལས་བསྐུལ་པ་བསྟན་ནས་དཀྱིལ་འཁོར་སྒྲུབ་པ་བསྟན་པར་བྱ་བའི་ཕྱིར་སྡིག་པ་ཐམས་ཅད་བྱང་བྱས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡིག་པ་ཐམས་ཅད་ཅེས་བྱ་བ་ནི་མཚམས་མེད ་པ་ལྔ་པོ་ལ་སོགས་པ་ངན་སོང་དུ་སྐྱེ་བར་འགྱུར་བའི་རྒྱུ་དང་རྐྱེན་རྣམ་པ་གཉིས་སོ།། བྱང་བྱས་ནས་ཞེས་བྱ་བ་ནི་དེ་དག་གིས་སྤངས་ཤིང་དག་པར་བྱ་བོའི་འོག་ཏུའོ།། སྡུག་བསྔལ་ཐམས་ཅད་མེད་པར་བྱེད་ཅེས་བྱ་བ་ནི་དེ་དག་གི་འབྲས་བུར ་གྱུར་པ་སྡུག་བསྔལ་གསུམ་ལ་སོགས་པ་མེད་པར་གྱུར་པའོ།། འདི་སྐད་སྟོན་ཏེ་སྡིག་པ་སྤོང་བའི་གཞིའི་རྒྱུ་ནི་རྣམ་པ་གཉིས་ཏེ། ལྟ་བ་རྣམ་པར་དག་པ་དང་། སྤྱོད་པ་རྣམ་པར་དག་པའོ།། དེ་ལ་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ ་འདོད་པ་ཡང་དགེ་བ་ནི་བཏགས་པ་ཁོ་ན་ལ་གནས་པ་ཡིན་པ་ཚང་མ་ཉིད་ཀྱིས་མ་གྲུབ་པའི་ཕྱིར།། ནང་པོ་ཡིན་པར་སྨྲ་བ་རྣམས་ཀྱི་ལྟར་ན། ཡང་ན་འཐོད་པ་མ་ཡིན་ཏེ་ཕུལ་དུ་བྱུང་བའི་སྒྲུབ་པར་བྱེང་པ་མེད་པས་སོ།། ་འོ་ན་གང་ཞེ་ན། ཁྱད་པར་དུ་འཕགས་པའི་ལྡུམ་དབུ་མའི་གཞུང་ཁོ་ན་ལ་གནས་པ་ཡིན་ཏེ། བདེན་པ་གཉིས་ཀྱི་ཚུལ་ལས་མ་འདས་ཤིང་མི་འགལ་བར་གནས་པའི་ཕྱིརརོ། ཅི་དེ་ཁོ་ནར་ཟད་དམ་ཞེས་ན། རྒྱས་པ ་ཤེས་རབ་དང་ལྡན་པ་རྣམས་ཀྱི་རྗེ་སུ་འབྲངས་ནས་ཤེས་པར་བྱའི་ཁོ་བོ་ལྔ་བུ་ལ་ནི་དོན་ཟབ་པ་དག་སྟོན་པའི་ནུས་པ་ཡོད་རེ་སྐན།། དེ་ཡང་འགལ་བ་ཡིནོ་ཞེས་ན་བདེན་ཏེ། དེ་དག་ནི་བླ་མྲའི་མན་ངག་གིས་བཤུད་པ་ཡིནོ།། དེ་ནི་ལྟ་བ ་རྣམ་པར་དག་པ་ཡོནོ།། འདི་ལྟར། སྟོང་ཉིད་བསྒོམས་པས་གྲོལ་འགྱུར་གྱི། སྒོམ་པ་ལྷག་མ་དེ་དོན་ཡིན་ཞེས་བཤད་པ་ལྟ་བུའོ།། སྤྱོད་པ་ནི་གསུམ་སྟེ། ཕ་རོལ་ཏུ་ཕྱིན་པ་དང་། གསང་སྔགས་ཀྱི་སྤྱོད་པ་ལ་བརྟེན་པ་ཡིནོ།། དེ་དག་གི་ནང་ནས ་མཆོག་ཏུ་གྱུར་པ་བཞི་གསང་སྔགས་ཀྱི་སྤྱོད་པ་ཡིན་ཏེ་འདི་ལྟར། རྫོགས་པའི་སངས་རྒྱས་གང་འདས་དང་། དེ་བཞིན་གང་དྲག་མོ་བྱོན་དང་།། ད་ལྟར་བྱུང་བའི་རྫོགས་སངས་རྒྱས།། དེ་དག་ཀུན་གྱི་གསང་སྔགས་ཀྱི།། ཆོ་ག་བཟང་པོ་འདི ་མཁྱེན་ནས།། དཔའ་བོས་བྱང་ཆུབ་ཤིང་དྲུང་དུ།། ཐམས་ཅད་མཁྱེན་པ་ཚད་མེད་པ་རྙེད།། གསང་སྔགས་སྤྱོད་པ་མཉམ་མེད།། སྐྱོབ་པ་ཤཱཀྱ་སེང་གྲེ་ཡིས།། དདུད་སྡེ་ཤིན་ཏུ་མི་བཟད་པའི།། དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ།། ཞེས་རྒྱུད ་ལས་གསུངས་པ་ཡིནོ།། དེ་གསལ་བར་བསྟན་པར་བྱ་བའི་ཕྱིར། རྒྱུད་དོ་ཅོག་གི་རྩ་བ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་དོ་ཅོག་གི་ཞེས་བྱ་བ་ནི་ཐུབ་པ་ཆེན་པོ་སྐུ་རྣམ་པ་གཉིས་བསྐུལ་ཏེ་བྱུང་བའོ།། དེ་སྟོན་པའི་གཞུང་ལས ་ཀྱང་འདི་སྐད་ཅེས་བྱ་སྟེ། མ་ལུས་པའོ།། རྩ་བ་སྟེ་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་ཐམས་ཅད་སྟོན་པསོ།། དཔལ་ཀུན་གྱི་ལེགས་པར་བརྒྱན་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་དག་འབྱུང་ཞིང་སྐྱེ་བའི ་གཞི་དང་གནསུ་གྱུར་པར་དཀྱིལ་འཁོར་ལ་སོགས་པ་སྟོན་པས་སོ།། འདི་སྐད་སྟོན་ཏེ་ཚུལ་ཁྲིམས་ཀྱི་སྡོམ་པ་བླངས་ཏེ། དད་པས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། སློབ་དཔོན་དུ་དབང་བསྐུར་བ་ཐོབ་པའི་རྣལ་འབྱོར་པ་གཞན་དག་གིས ་ལན་གཉིས་ས་མོ་གསུམ་དུ་གསོལ་བ་བཏབ་བམ་མ་བཏབ་ཀྱང་རུང་བར་མཐུན་མོང་ཀྱི་རྒྱུད་དག་ལས་བྱུང་བའི་ཆོ་གས་བསྙེན་པོ་དང་སའི་ཆོ་ག་ལ་སོགས་པ་བྱ་སྟེ། འདི་ལྟར་རྒྱུད་ལས་དེ་ནས་གཞན་ཡང་རྒྱུད་ཀུན་ལས།། དཀྱིལ ་འཁོར་ཇི་ལྟར་རྒྱུས་བཤད་པའི།། ཆོ་ག་ལྷག་མ་ལུས་པ་དག། འདིར་ནི་ལྷག་པར་རབ་ཏུ་བཤད་ཅེས་གསུངས་པ་དང་། གཞན་ཡང་གང་དག་དུ་ནི་རང་ཉིད་ཀྱིས།། ལོས་ཀྱི་ཆོ་ག་རྣ་མེད་པ།། དར་ནི་སྤྱི་ཡི་རྒྱུད་དག་ལས།། གསུངས ་པའི་ཆོ་ག་མཁྲོས་པས་བརྟེན།། ཞེས་བཤད་པས་ནི་འགལ་བ་མེད་དོ།། དེ་ནས་རྒྱུད་ལས་གསུངས་པའི་སྟ་གོན་གྱི་ཆོ་ག་བྱ་སྟེ། དུས་མཚམས་དག་ལས་སྤྱད་བྱས་ན།། ནུབ་གཅིག་གམ་ནི་ནུབ་གསུམ་དུ།། གཙང་ཞིང་གོས་དཀར ་གཙང་བབྲོས་ཏེ། ཟླ་བས་སྟ་གོན་གནས་པར་བྱ།། དུས་མཚམས་མིན་ཡང་དགོས་ཡོད་ན།། ཡོར་གྱི་ངོ་ཡི་ཚེས་བཟང་ལ།། ཞི་བ་མཆོག་གི་གསང་སྔགས་ཀྱིས།། སྟ་གཽན་གནས་པར་རབ་ཏུ་བྱ།། སྐྱུ་རུ་ར་སོགས་ཁྲུས་རྩི་དང་།། དྲི་ཞིམ ་སྤོས་ཀྱི་ཁྲུས་བྱས་ཏེ།། ཉེ་རེག་བྱས་ཏེ་སྲོད་ལ་ནི།། གསང་སྔགས་སྤྱན་དྲངས་མཆོད་པ་བྱས།། དེ་ནས་ལྷག་པར་མངོན་བསྔགས་པའི།། མཆོད་ཡོན་ཆོ་ག་བཞིན་དུ་དབུལ།། དེ་ནས་ཙན་དན་དཀར་པོ་དང་།། ་སྣ་མའི་མེ་ཏོག་ཁ་འབུས་དང་།། མ་ལ་ཏ་ཡི་ཕྲེང་བ་དང་།། བདུག་པ་བདུག་པའི་མཆོད་པ་བྱ།། གཽ་ཏོར་མ་མང་ཞིང་བཟོང་བ་དག། ཞོ་དང་བཅས་ཤིང་དབུལ་བར་བྱ།། དེ་ནས་མར་གྱི་སྦྱིན་སྲེག་ནི།། ཚུལ་བཞིན་བརྒྱ་རྩ་བརྒྱད་བྱས?་ཏཾ།། གསང ་སྡིགས་ལས་དང་རྗེས་མཐུན་པར།། སརྫ་རའི་སྲེག་བླུགས་དབུལ།། བུ་མོས་བཀལ་བའི་སྲད་བུ་ལ།། མདུད་པ་བདུན་བོར་ལན་བདུན་སྔགས།། དཔུང་པ་གཡོན་པ་ལ་བཅིངས་ནས།། ཀུ་ཤའི་ལོ་མ་བཏིང་བ་ལ།། དེ་ཉིད་ཀྱིས་ནི་གློ ་ཕེབ་སྟེ།། བཀའ་ལུང་གསོལ་བ་བཏབ་ནས་ནི།། རང་གི་ལྷའི་ཚུལ་འདྲ་བར།། སེམས་ཀྱིས་ལེགས་པར་བསམ་བྱས་ཏེ།། ཡིད་ལ་གསང་སྔགས་འདོན་བཞིན་དུ།། ཀུ་ཤ་སར་པ་ཁྲིས་ཀྱི་སྔགས།། མེ་ཏོག་སྤོས་ཀྱིས་ཀླུབས་པ་ལ།། ཇི ་ལྟར་བདེ་བར་ཉལ་བར་བྱ།། གལ་ཏེ་གཉིད་ལོག་པའི་རྨི་ལམ་ན།། བརྟན་པར་རྟོགས་པའི་ལྷ་མཐོང་ན།། སོ་སོར་རིགས་པའི་གཟུགས་དག་གམ།། དཀོན་མཆོག་གསུམ་ལ་གཅིག་ཙམ་མམ།། དེ་དག་ལ་ནི་མཆོད་ལ་སོགས།། རྒྱལ ་སྲས་རྫུ་འཕྲུལ་ཆེན་པོ་འོམ།། འཁོར་ནི་རྣམ་པ་བཞི་རྣམས་སམ།། བདག་ཉིད་ཆོ་ག་སྤྱོད་པ་འམ།། ཡང་ན་གོས་ཀྱི་སྤྱད་པ་འམ།། མཐོང་ན་དངོས་གྲུབ་ཉེ་འགྱུར་པས།། སྒྲུབ་པ་པོས་ནི་ཤེས་པར་བྱ།། རི་དང་གླང་པོ་འབབ་ཆུ་དང་།། རྒྱ་མཚོ་དང་ནི ་འབྲས་བུའི་ཤིང་།། དང་མོ་ལ་སོགས་བྱ་རྣམས་དང་།། སེང་གེ་ལ་སོགས་རི་དགས་ཚོགས།། ཁྱུ་མཆོག་བཀྵ་ཤཱིཤྲཱིས་རྟ་ལ་སོགས།། བུ་མོ་བཟང་མོས་བརྒྱན་པ་དང་།། བུམ་པ་བཟང་པོས་བཀྲ་ཤིས་པ།། རྣམ་པ་སྣ་ཚོགས་གཡས་ཕྱོགས་ནའོ།། ་ནོར་དང་གོས་རྣམས་རྙེད་པ་དང་།། དེ་ལ་སོགས་པའི་རྣམ་དག་པའི།། རྨི་ལམ་བཟང་པོ་མཐོང་ན་ནི།། བློ་ཅན་གྲུབ་པར་ཤེས་པར་བྱ།། ཞོ་དང་འབྲས་ཡོས་འོ་མ་མ་ར།། མེ་ཏོག་འབྲས་བུའི་རྩ་བ་དང་།། ཡང་ན་གྲུབ་པའི་རྫས་ཀྱང ་རུང་། རྨི་ལམ་དག་ན་རྙེད་པ་དང་།། དེ་འདྲའི་རྣམ་པ་མཐོང་གྱུར་ན།། རིག་སྔགས་གྲུབ་པར་གསུངས་པས་ན།། དེས་ན་བློ་དང་ལྡན་པ་ཡིས།། བསྙེན་པ་སྒྲུབ་པའི་ལས་རྣམས་བརྩམ།། གལ་ཏེ་སྔགས་ཀྱི་ནོར་བུ་འམ།། སྒྲུབ་པའི་རྫས ་རྣམས་ཐོབ་པ་ནི།། དེ་ནས་བསྙེན་པ་འམ་སྒྲུབ་པ་ཡིས།། ལས་རྣམས་མྱུར་དུ་བརྩམ་པཱ་རུ་བྱ།། གོས་དང་ཁྲུས་དང་རྒྱན་དག་གིས།། བདག་ཉིད་བརྒྱན་པར་མཐོང་ན་ནི།། དེ་ཚེ་བསྙེན་པ་འམ་སྒྲུབ་པ་ཡི།། ལས་རྣམས་རབ་ཏུ་བརྩམ་པར ་བྱ།། རང་གི་རིག་སྔགས་ཚུལ་བཞིན་དུ།། མཆོད་པ་བྱས་ནས་རིགས་ཡུམ་གྱི།། སྣ་མའི་མཽ་ཏོག་བརྒྱད་དག་དང་།། རས་ཟུང་དག་གིས་མཆོད་པར་བྱ།། ཙནྡ་ངན་གྱིས་ནི་བདུག་སྤོས་ཀྱིས།། ལམ་བརྒྱ་ཉིད་དུ་བདུགས་ནཱས་ནི།། དེ་ནས་ལྷ ་ཉིད་རྨི་ལམ་དུ། ཅི་རིགས་པར་ནི་བཀའ་ལན་གསོལ།། ཨུ་ཤི་ར་ཡི་གཟུགས་བརྙན་བཞིན།། གྲོག་མཁར་སའི་སྣོད་དུ་བཞག། མཆོད་ཅིང་ཡོངསུ་ཚིམ་བྱས་ནས།། ལན་བརྒྱ་དག་ཏུ་མངོན་བསྔགས་ཏེ།། དེ་ནི་འོ་མའི་ནང་དུའམ། ་ཡང་ན་སྦྲང་རྩིའི་ནང་དུ་བཞག། དུས་གསུམ་དག་ཏུ་ལེགས་མཆོད་ནས།། སྲོག་ཏུ་ཡང་ནི་གསོལ་བ་གདབ།། རྣམ་པ་འདི་དག་ཉིད་ཀྱིས་ཀྱང་།། ཡོངསུ་དགྱེས་པ་བསྐྱེད་གྱུར་ན།། དེ་ལྟ་བྱ་འམ་མི་བྱ་བ། ལྷ་ཉིད ་བཀའ་ལན་གསོལ་བར་མཛད།། སྨྱུང་བྱས་འདོད་པའི་དུས་མཚམས་ལ།། རིག་སྔགས་ཆོ་ག་བཞིན་མཆོད་དེ།། ཐ་ཆུ་སྨྲམ་པ་བདུན་དག་དང་།། ཤིང་གི་སྙིང་པོ་དམ་པ་ལྔས།། སྦྱིན་སྲེག་བརྒྱ་རྩ་བརྒྱད་པ་འམ།། ཡང་ན་བཟླས་བརྗོད ་བླངས་དག་གིས།། བྱས་ནཱ་རིག་སྔག་སོ་ཉིད་ཀྱིས་ནི།། མྱུར་བ་ཉིད་དུ་བཀའ་སྩ་ལོ།། དེ་ལྟར་རིག་པ་སྟ་གོན་གནས།། དེས་ནི་མཱུ་འགྲུབ་པར་འགྱུར།། སྟ་གོན་གནས་པའི་ཆོ་ག་འདི། རྒྱས་པར་རབ་ཏུ་གྲགས་པ་ཡིན།། འདི་དག་ནི་ཐུན་མོང ་གྲི་ཆོ་ག་ཡིན་པས་ན་འདིར་བསྟེན་པ་ལ་འགལ་བ་མེད་དོ།། སྟ་བོན་དུ་གནས་པའི་ཆོ་ག་གསང་བའི་རིམ་པར་ཕྱེ་བའོ།། དེ་ནུས་ནང་པར་སྔར་ལངས་ནས་ཁྲུས་ལ་སོགས་པ་བྱས་ཏེ་དཀྱིལ་འཁོར་སྔགས་ལ་ཐིག་གདབ་པར་བྱའོ།། ་དེ་ཡང་སྒོ་བཞི་དང་། ཁ་ཁྱེར་དང་འདྲ་བ་དང་། དྲ་བ་ཕྱེད་པ་དང་། ཉི་མོ་དང་། ཟླ་བ་དང་། རྔ་ཡབ་ཤིན་ཏུ་མཛེས་པ་དང་། ཕྱིའི་ཁོར་ཡུག་ལ་རྡོ་རྗེའི་ཕྲེང་བ་འབར་བ་ཆེན་པོ་དང་བཅས་པ་དང་། ནང་གི་ཁྱམས་དང་ར་བ་ཆུང་ངུ་དང་།། ་སྣ་ཚོགས་པདྨ་རྣམས་ཀྱི་ཐིག་གདབ་བོ།། དེ་ནས་ཚོན་རྩི་བྱིན་གྱིས་བརླབས་ལ། བྲི་བ་ནི་གཞལ་ཡས་ཁང་རིམ་པ་ལྔར་བྱས་ཏེ། ཕྱི་རོལ་ནས་བརྩམས་ནས་དཀར་པོ་དང་། དམར་པོ་དང་། སེར་པོ་དང་། ལྗང་བུ་དང་། ནག་པོའི་ནང ་དུ་སྟེ་གོ་རིམས་བཞིན་ནོ།། ཕྱོགས་ཀྱི་ཁ་དོག་གི་ངེས་པ་ཡང་འདི་ཉིད་ཡི་ནོ།། དབུསུ་སྣ་ཚོགས་པདྨ་བརྒྱད་པ་བྲིའོ།། རྡོ་རྗེའི་ར་བ་ནི་ནག་པོའོ།། ཁྱམས་ཀྱི་ས་གཞི་ནི་དམར་པོའོ།། རིན་པོ་ཆེའི་ཕ་གུ་ནི་སེར་པོའོ།། མུ་ཏིག་ཧ་རུ་ནི་ནག་པོའོ།། ཙྪ ་བབས་ནི་ཁ་དོག་སྣ་ཚོགས་པའོ།། བཅུ་གཅིག་རྡོ་རྗེ་དཀར་པོའོ།། ཆོས་ཀྱི་འཁོར་ལོ་སེར་པོའོ།། རི་དགས་ནི་ནག་པོ་བྲིའོ།། པདྨའི་དབུསུ་གཙོ་བོའི་ཕྱག་མཚན་རྡོ་རྗེ་རྩེ་དགུ་པ་བྲི་བར་བྱའོ།། དབང་ལྡན་ནས་བཟུང་སྟེ་མཚམས་བཞིའི ་ནི་རྡོ་རྗེ་ཁ་གྱེས་པ་དང་།། རྡོ་རྗེ་རྩེ་གཅིག་པ་དང་། བེ་ཅོན་རྡོ་རྗེས་མཚན་པ་དང་། རྡོ་རྗེ་ཐོ་བ་རྣམས་གོ་རིམས་བཞིན་དུའོ།། ཁྱམས་ལ་ནི་བཀྲ་ཤིས་ཀྱི་ལྷ་མོ་རྣམས་དང་འཇིག་རྟེན་སྐྱོང་བ་རྣམས་ཀྱི་མཚན་མ་བྲིའོ།། དེ་ལྟར་བྲིས ་ནས་བུམ་པ་ལ་སོགས་པའི་རྫས་རྣམས་བཀོད་ནས་ཁྲུས་བྱས་ཏེ། གནས་ལ་སོགས་པ་བསྐྱེད་དེ། ལྷ་རྣམས་ཇི་ལྟ་པོ་བཞིན་སྤྱན་དྲངས་ནས་ཕྱག་རྒྱ་རྣམས་བསྟན་པར་བྱའོ།། དེ་ལ་དང་པོ་ནི་རིགས་ཀྱི་སྙིང་པོའི་ཕྱག་རྒྱའོ།། ་གཉིས་པ་ནི་ལྷ་སོ་སོའི་འོ།། གསུམ་པ་རིགས་ཀྱི་ཡུམ་གྱིའོ།། བཞི་པ་ནི་དམ་ཚིག་ཆེན་པོའི་ཕྱག་རྒྱའོ།། དེ་ལ་རིགས་ཀྱི་སྙིང་པོའི་ཕྱག་རྒྱ་ནི་ལག་པ་ཕན་ཚུན་དུ་ཁུ་ཚུར་བཅངས་ཏེ། གཡས་པའི་མཐེ་བོང་བསྟན་པའོ།། སྔགས ་ནི་བཛྲ་དྷྲྀཀ་སྭཱཧླ་ཞེས་བྱའོ།། ལྷའི་སོ་སོའི་ཕྱག་རྒྱ་ནི་རྡོ་རྗེ་རྣམ་པར་འཇོམས་པའི་ཕྱག་རྒྱ་ནི་ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་སྲིན་ལག་གཉིས་ནང་དུ་བཅུག་སྟེ། ཕན་ཚུན་བསྣོལ་བའི་རྩེ་མོ་མཛུབ་མོའི་དྲུང་དུ་ཅུང ་ཟད་དབྱུང་བར་བྱས་ནས། གུང་མོ་གཉིས་པའི་ཕྱི་རོལ་ནས་མཛུབ་མོ་གཉིས་བཀུག་ལ་བར་ནས་གང་ཙམ་གྱིས་མ་རེག་པར་བྱས་ཏེ། མཐེ་བོང་གཉིས་དང་མཐེའུ་ཆུང་གཉིས་གཞི་བས་པའོ།། སྔགས་ནི་གོང་དུ ་བསྟན་པའོ།། ཡང་ན་ཨོཾ་བཛྲ་ཛྭ་ལ་ཡ་སྭཱ་ཧཱ་ཞེས་བྱའོ།། རྡོ་རྗེ་གཏུམ་པའི་ཕྱག་རྒྱ་ནི་ལག་པ་གཡོན་པའི་མཛུབ་མོ་གཉིས་ཀའི་ལོགསུ་བཞག་ལ་གཡས་པའི་སོར་མོ་གསུམ་རྡོ་རྗེ་ལྟར་བྱས་པའོ།། སྔགས་ནི། ཨི་ཙུ་རུ་ཙུ་རུ་ཙཿ ་ཡཻ། ཀཱི་ལི་ཀཱི་ལཱ་ཡཱ་སྭཱ་ཧཱ་ཞེས་བྱའོ།། རྡོ་ཛྲ་ཀཱི་ལི་ཀཱི་ལཱ་ཡའི་ཕྱག་རྒྱ་ནི་ལོག་པ་གཉིས་ཀྱི་ཁུ་ཚུར་བཅངས་ལ་ཅུང་ཟད་བསྣོལ་བའི་ཚུལ་དུ་བཅུག་སྟེ། མཐེ་བོང་གཉིས་གྱེན་དུ་གཤི་བློས་ནས་བསྒྲེང་བའོ།། སྔགས་ནི་ཨི་ཏྲཱ་ས ་ཡུཏྲཱ་ས་ཡ~ཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱཧྨ་ཞེས་བྱ་བའོ།། རྡོ་རྗེ་བཽ་ཅོན་གྱི་ཕྱག་རྒྱ་ནི་ཕྱག་འཚལ་བའི་ཐལ་མོ་སྦྱར་བ་ལས་མཐེ་བོ་གཉིས་བསྒྲེངས་ཏེ། ཚིགས་བཀུག་ནས། སྲིན་ལག་གཱི་མདུན་དུ་གཟུགས་པར་བྱ་སྟེ། སྔགས ་ནི་ཨོཾ་ཧ་ར་ཧ་ར་བཛྲ་དྷཨཱ་རྱཱ་ཡི་སྣེཏྨ། ཞེས་བྱ་བའོ།། རྡོ་རྗེ་ཐི་བཱའི་ཕྱག་རྒྱ་ནི་ལག་པོ་གཉིས་ཁུ་ཚུར་བཅངས་ལོ་མཐེ་བོང་གཉིས་བསྒྲེང་།། མཐེའུ་ཆུང་གཉིས་ནང་དུ་གཞུག་གོ།། སྔགས་ནི་ཨོཾ་པྲཱ་ཧ་ར་པྲ་ཧ་ར་བཛྲོ་པྲ་བྷཱཉྫནྟུ ་ཡ་སྭཱཧཱ། ཞེས་བྱ་བའོ།། རྡོ་རྗེའི་རིགས་ཀྱི་ཡུམ་གྱི་ཕྱག་རྒྱ་ནི་ཕྱོག་འཚལ་བའི་ཐལ་མོ་ལས་མཛུབ་མོ་གཉིས་དང་སྲིན་ལག་གཉིས་ལག་པའི་ནང་དུ་བཅུག་པའོ།། སྔགས་ནི་ཨོཾ་གུ་ལཾ་དྷ་ར~ཾ་བནྡྷ་བནྡྷ་སྭཱཧཱ། ཞེས་རྒྱ་བོའོ།། ་དམ་ཚིག་ཆེན་པོའི་ཕྱག་རྒྱ་ནཱི་སྲིན་ལག་གི་ཚིག་བར་མ་མཐེ་བོས་མནན་མཐེའུ་ཆུང་དང་གུང་མོ་གཉིས་གཞིབས་ཏེ་བསྒྲེང་།། མཛུབ་མོ་གཉིས་གུང་མོའི་ཚིག་གསུམ་པར་བཅུག་པའོ།། སྔགས་ནི་ཨོཾ་ཤཾ་ཀཱ་རེ་མཧཱ་ས་མ་ཡེ ་སྭཱཧཱ་ཞེས་བྱའོ།། དེ་ནས་འཇིག་རྟེན་སྐྱོང་བ་བཀུག་ནས་རང་རང་གི་ཕྱག་རྒྱ་བསྟན་ཏེ། ཐམས་ཅད་ལ་མཆོད་པ་ལ་སོགས་བྱས་ནས་གཏོར་མཱ་སྦྱིན་ཏེ། སྦྱིན་སྲེག་བྱས་ལ། མན་ངག་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་རྣམས ་ཀྱི་བཟླས་བརྗོད་བྱའོ།། དཀྱིལ་འཁོར་གྱི་ཆོ་ག་རིམ་པར་ཕྱེ་བའོ།། དེ་རྒྱུད་ལས་གསུངས་པའི་རིགས་གཟུངས་པའི་ཆོ་ག་བྱ་སྟེ། སློབ་མ་དཀྱིལ་འཁོར་ཕྱག་བྱས་ནས། ཁྱད་པར་དུ་ནི་ཡོན་ཕུལ་ཏེ། བླ་མའི་ཁ་ནས་མངོན ་སུམ་དུ། རིག་སྔགས་ཡོངསུ་བཟུང་བར་གྷུ། སྙིམ་པ་མེ་ཏོག་གིས་བཀང་ནས།། གུས་ཤིང་རིམ་གྲོ་བསྐྱོང་བྱ་སྟེ།། བླ་མོས་ཐིག་མར་ལན་གསུམ་པོ་ཟླས།། རང་གིས་ལན་གསུམ་བཟླས་ཏེ་མཆོད།། དེ་ནས་ཡཱི་གེ ་མང་པོའི་སྔགས། གི་ཝང་གིས་ནི་ཤློག་ཤོ་ག་ལ~ཾ།། ཇི་སྐད་བསྟན་པ་མངོན་བྱིས་ཏེ།། དེ་ནས་ཅི་བདེར་ཁ་ཏོན་བསླབ།། བླ་མས་ཇི་ལྟར་མགུ་བ་ལས།། དུས་མཚམས་དག་གམ་ཆེས་གཞན་ལ།། རིག་སྔགས་དག་ནས་བྱིན་པ ་དང་།། ཆོ་ག་བཞིན་དུ་གུས་པར་ནོས།། སློབ་མ་ལེགས་པར་མནོས་པ་དེ།། རིང་པོར་མི་ཐོགས་འགྲུབ་པར་འགྱུར།། མེ་བསྦྱིན་པར་ཡང་དེ་ལ་ནི།། རྟག་ཏུ་དེ་ལ་ཉེ་བར་གནས། ཡང་ན་གསེར་ལ་སོགས་པ་ཡི།། བུམ་པོ་གསར ་ཤིང་གཙང་ལ་བཟང་།། སྣརོན་ཀུན་རྣམ་པར་ངེས་པ་ལ།། བཀྲ་ཤིས་ངོ་མ་ར་དག་ཀྱང་བྱས།། དེ་ལ་སྤྲོས་རྒྱུ་འབའ་ཞི་བ་མེད།། ཁྱད་པར་དུ་ནི་བཱ་ཤམཱ་བྱས་ནས།། གཙང་མར་བྱཱས་ཏཱཾ་ནུབ་གཅིག་པུམ།། ནུབ་གསུམ་དུ་ནཱི ་སྤྱད་བྱས་ཏེ།། སྲོང་ལ་རབ་ཏུ་བརྩམས་བྱ་སྟེ།། ཆོ་ག་འདི་དག་སྤྱད་པར་བྱ།། གསང་སྔགས་རིག་སྔགས་གདོམས་པ་དག། གྲོ་བ་ལ་སོགས་ཤོག་ཤོག་ལ།། གི་ཝང་གི་ནི་མཉམ་བྲིས་ཏེ།། ཤོག་ཤོག་རྣམས་ནི་ལྷན་ཅིག་གཞུག། རིག ་སྔོགས་རྒྱལ་པོས་ལེགས་པར་ནི།། དྲི་དང་མེ་ཏོག་བདུག་མཆོག་སྟེ།། དེ་བཞིན་ལྷ་བཤོས་མར་མེ་དང་།། སྦྱིན་སྲེག་ལས་ཀྱི་མཆོད་པར་བྱ།། དེ་ནི་ཆོ་ག་འདི་དག་གིས།། ནུབ་གཞན་སྟ་གོན་གནས་པ་ལ།། བདེན་པ་དང་ནི་དམ་ཚིག་གིས།། ཁྱད ་པར་དུ་ནི་གསོལ་བ་གངག།། ལན་བརྒྱར་བསྔགས་ནས་ཡང་དང་ཡང་། བདུག་སྤོས་ཀྱི་ནི་རབ་བདུག་སྟེ།། དྲི་ན་མ་ཁྲུས་བྱས་གཙང་བྱས་ནས།། ཕྱག་བྱས་ཡིད་ལ་བསམས་ནཱ་སུ།། བསང་བྱེད་བཅས་པའི་ལག་པ་ཡིས།། དེ་ལས་གཅིག་ནཱི་དབྱུང་བར ་བྱཱདྡྷ་ཤེས་ནས་ནི་ཕྱག་འཚལ་ཏེ།། གུསྟྲ་པས་སྤྱི་བོའི་སྟེང་དུ་བཞག། ཤེས་རབ་ཅན་གྱི་བསྔགས་ཏེ་སྒྲུབ།། དེ་ཉིད་དེ་ལས་མྱུར་དུ་སྒྲུབ། ཤེས་རབ་ཅན་གྱིས་གཞན་མི་སྒྲུབ།། སྒྲུབ་ན་ཡང་ནི་འཆི་བར་འགྱུར།། གང་ཞིག་གྲུབ་ནས་བྱིན་པ་དག། ་ཆོ་ག་བཞིན་དུ་དེ་མནོས་ན།། སྒྲུབ་པ་པོ་ཡི་ལྷ་ཡིན་ཏེ།། དེ་ལ་དེ་ནི་འགྲུབ་པར་ཤེས། རིག་སྔགས་ཡིད་ཀྱིས་གསོལ་བཏབ་ནས།། ལན་བརྒྱར་ཡོངསུ་བཟླས་བརྗོད་དེ།། འདིར་ནི་ཁྱེར་ཅིག་ཁྱེར་ཅིག་ཅེས།། མེ་ཏོག་དྲི་ཞིམ་བདག་གིས་བརྒྱན།། ་བཅོམ་ལྡན་འདི་ལ་བསྙེན་པ་དང་།། འདི་ལ་རབ་ཏུ་གོ་བར་མཛོད།། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས།། བདག་ལ་གོ་བར་མཛོད་ཅེས་བྱ།། སློབ་དཔོན་དང་ནི་སློབ་མ་ཡིས།། རིག་སྔགས་སྦྱིན་ཞིང་ཡོངས་བཟུང་བའི།། ཆོ ་གཱ་འདི་ལྟར་བྱས་ནས་ནི།། ལྷ་ཉིད་རབ་ཏུ་གྲུབ་པར་འགྱུར།། མཁས་པས་རིག་སྔགས་གྲུབ་པ་ཀུན།། གྲུབ་པ་ཉིད་དུ་ཤེས་པར་བྱ།། རྣམ་པ་དེ་ལྟའི་རྫས་ངག་དྲང་།། ཚུལ་བཞིན་ཐོབ་སྟེ་བསྙེན་མི་དགོས།། ཟློས་པ་གྲུབ་པ་པོ་དག་གིས།། ་རིག་སྔགས་ཚུལ་བཞིན་བཟླས་པ་ཡིས།། བསྙེན་པ་ཚད་བྱས་གང་ཡིན་པ།། དེ་ཡང་མ་བསྙེན་འགྲུབ་པར་འགྱུར།། དངོས་གྲུབ་ཕྱིར་ནི་གསང་སྔགས་ཡིན།། མེ་ཏོག་འབྲས་བུ་རྩེ་བ་དང་།། རྡོ་གུ་གོས་དང་གསེར་དང་ཞོ།། འབྲས ་དང་ནོར་བུ་བུ་མོ་དང་།། མལ་ཆ་རྣམས་དང་ལྷམ་དག་དང་།། བརྒྱན་གྱི་རྣམ་པ་ཐམས་ཅད་དང་།། སྒྲུབ་པའི་ཡོ་བྱད་རྣམས་དྲང་ནི།། གླང་པོ་བ་ལང་རྟ་ལ་སོགས།། བཀུར་སྟི་རྣམ་པ་དུ་མ་དང་།། བདག་གི་བདོག་པ་ཐམས་ཅད་དབུལ། ་གུས་པར་ཐལ་སྦྱར་ཕྱག་འཚལ་ཏེ།། བདག་ཉིད་ཀྱང་ནི་དབུལ་བར་བྱ།། དེ་ལྟར་ཆོ་ག་ཤེས་པ་ཡིས།། རྣམ་པ་སྣ་ཚོགས་ཅི་རིགས་པར།། བླ་མ་ལ་ནི་ཡོན་དབུལ་ཏེ།། དེ་ནས་གསང་སྔགས་ནོད་པར་བྱ།། རིག་སྔགས་ཡོངསུ་གཟུང ་བའི་རིམ་པར་ཕྱེ་བའོ།། །། འདི་དག་ཀྱང་མཁས་པ་རྣམས་ཀྱིས་རྟོགས་པར་བྱ་བའི་དོན་ཡིནོ།། ཤིན་ཏུ་སྤྲོས་པས་ཆོ་གོ།། ད་ནི་དཀྱུས་མ་ཉིད་ལ་འཇུག་པར་བྱའོ།། དེ་ལྟར་བསྒྲུབས་པས་ཅིར་འགྱུར་ཞེ་ན། ཚེ་འདི་དང ་ཞན་དག་ལ་གནོད་པར་འགྱུར་བ་འདི་ལྟ་བུ་དག་ཡོད་པར་འགྱུ་རོ།། ཞེས་བསྟན་པར་བྱ་བའི་ཕྱིརརོ།། སེམས་ཅན་དབང་པོ་ཉམས་པ་དང་། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་སྔར་བཤད་པར ་ཟད་དོ།། དབང་པོ་ཉམས་པ་དང་ཞེས་བྱ་བ་ནི་མིག་ལ་སོགས་པའི་དབང་པོ་སྐྱོན་བྱུང་བའོ།། ཚེ་ཟད་པ་དང་ཞེས་བྱ་བ་ནི་སྲོག་གི་དབང་པོ་གནས་པའི་རྒྱུན་ཆད་པའོ།། ཚེ་ཉམས་དོང་ཞེས་བྱ་བ་ནི་དེ་ཉིད་ཉམས་རྨས་པར་གྱུར་པའོ།། ཕུན་སུམ་ཚོགས ་མིན་གང་ཆགས་དང་ཞེས་བྱ་བ་ནི་བཀྲ་ཤིས་པ་མ་ཡིན་པའི་དངོས་པོ་རྣམས་ཉེ་བར་གནས་པའོ།། ལྷ་རྣམས་རྒྱབ་ཀྱི་ཕྱོགས་པ་དང་། ཞེས་བྱ་བ་ནི་སྔོན་གྱི་དུས་ན་བདག་དང་གཞན་སྲུང་བའི་རྒྱལ་པོ་བཞི་ལ་སོགས་པ་རྣམས་བདག་ཅག ་ལ་སྐྱོབས་མི་བྱེད་པའོ།། མཛའ་སྡུག་སྐྱེ་བོ་སྡང་བ་དང་། ཞེས་བྱ་བ་ནི་བདུག་གི་བུ་ལ་སོགས་པ་ཉེ་དུར་གྱུར་མཛའ་ཞིང་ཡིད་བཅུགས་པ་རྣམས་ལ་རྒྱལ་པོ་ལ་སོགས་པ་འཚེ་ཞིང་གནོད་པའོ།། བྲམ་ཟེ་ལ་སོགས་གཙེས་པ་དང་ཞེས་བྱ་བ ་ནི་འཁོར་དུ་གཏོགས་པའི་ཞོ་ཤས་འཚོ་བོ་རྣམས་ལ་གཞན་དག་གིས་གཙེས་པར་གྱུར་པའོ།། ཕན་ཚུན་མཐུན་པ་མ་ཡིན་དང་ཞེས་བྱ་བ་ནི་དེ་དག་ཕན་ཚུན་ཞེ་འགྲས་པའོ།། ནོར་བསྒྲིབས་པས་ནི་གནོད་པ་དང་ཞེས་བྱ་བ་ནི་བདག་དང་བཞོན ་གྱི་བདོག་པ་རྣམས་ཉམས་པར་གྱུར་པའོ།། མྱ་ངན་ངལ་དང་གནོད་པ་དང་ཞེས་བྱ་བ་ནི་མྱ་ངན་ཞེས་བྱ་བ་ནི་སེམས་མི་བདེ་བའོ།། ངལ་དང་ཞེས་བྱ་བ་ནི་ཉིད་ཀྱི་ལུས་རབ་ཏུ་སྡུག་བསྔལ་བར་གྱུར་པའོ།། གནོད་པ་དང་ཞེས་བྱ་བ་ནི་རྒྱུ ་དེ་གཉིས་ཀྱི་ཤ་ཟ་ལ་སོགས་པའི་གཟུགས་རྨི་ལམ་དུ་སྣང་བའོ།། འཇིགས་པ་དང་ནི་ཕོངས་པ་དང་ཞེས་བྱ་བ་ནི་འཇིགས་པ་ཞེས་བྱ་བ་ནི་རྒྱུ་མེད་པར་སྤུ་ཟིང་ཞེས་བྱེད་པའོ།། ཡང་ན་རྒྱལ་པོའི་ཆད་པ་ལ་སོགས་པའོ།། ཕོངས་པ ་ཞེས་བྱ་བ་ནི་ནོར་ཉམས་པའི་སྔ་ལྟས་བྱུང་བས་བདག་ཉིད་ཐོགས་པ་སྐྱེས་པའོ།། གཟའ་དང་རྒྱུ་སྐར་བྱཱ་དཽ་སྙེམས་དང་ཞེས་བྱ་བ་ལོ། བཟའི་དང་ཞེས་བྱ་བ་ནི་ཉི་མ་ལ་སོགས་པའི་གནོད་པའོ།། རྒྱུ་སྐར་ཞེས་བྱ་བ་ནི་སྨིན་དྲུག་ལ ་སོགས་པའི་གནོད་པའོ།། བྱང་སྟེམས་ཞེས་བྱ་བ་ནི་དྲང་སྲོང་གི་དམོད་པ་ལ་སོགས་པའོ།། མི་ཟད་གདོན་གྱི་གཉེན་པ་དང་ཞེས་བྱ་བ་ནི་སྲིན་པོ་ལ་སོགས་མཐུ་ཆེན་པོ་དང་ལྡན་མ་རུངས་པ་རྣམས་ཀྱིས་གཟུང་བའོ།། མྱ་ངན་མངལ ་ལས་བྱུང་བའི་ཞེས་བྱ་བ་ནི་ལུས་དང་སེམས་གདུངས་པར་གྱུར་པ་ལཱ་བྷཱ་འོ།། རྨི་ལམ་སྡིབ་པ་མཐོང་ན་ཡང་ཞེས་བྱ་བ་ནི་ཐབས་འདིས་དེ་དག་རྣམས་སྤོང་བར་འགྱུརརོ།། ཞེས་བྱ་བ་ནི་ལྷག་མའོ།། འདི་སྐད་སྟོན་ཏེ་གོང་དུ་བཤད་པ་དང་། འོག་ནས ་འབྱུང་བའི་ཆོ་ག་རྣམས་ཚུལ་བཞིན་དུ་བསྒྲུབས་ན་འགྲོ་བ་རྣམས་ཀྱི་དབང་པོ་ཉམས་པར་གྱུར་པ་ལ་སོགས་པ་གནོད་པ་རྣམས་བྱུང་བར་གྱུར་ན་ཡང་ངེས་པར་གྲོལ་བར་འགྱུརོ།། ཞེས་བྱ་བའི་དོན་ཏོ།། ཕན་ཡོན་དེ་ལྟ་བུ་དག་དང་ལྡན ་པར་བྱེད་པའི་མདོ་འདི་ཐོག་མར་མཉན་དཔོས་ཡིན་ནམ་ཞེས་ན། དེ་ནི་དགོས་པ་ཁོ་ན་ཡིན་ཏོ།། དཀྱིལ་འཁོར་དུ་འཇུག་པའི་ཡན་ལག་ཡིན་པའི་ཕྱིརརོ།། དེ་ལ་ཐོག་མ་ཉིད་དུ་མདོ་སྡེ་འདི་མཉན་པའི་ཐབས་བསྟན་པར་བྱ་བའི་ཕྱིར་དེ ་ནི་རབ་བཀྲུས་གཙང་མ་ཡི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་འཇུག་པར་འདོད་པསོ།། རབ་བཀྲུས་གཙང་མ་ཡིན་ཞེས་བྱ་བ་ནི། གདོང་ལ་སོགས་པ་དག་པར་བྱས་ཏེ། སྤོས་ལ་སོགས་པ ་དྲི་ཞིམ་པོས་བྱུག་པའོ།། མདོ་སྡེ་དམ་པ་མཉན་པར་བྱ་ཞེས་བྱ་བ་ནི་ཕན་ཡོན་མཐའ་ཡས་པ་དང་ལྡན་པའི་གཟུངས་འདི་མཉན་ཞིང་བཀླག་པར་བྱའོ།། འདི་ལ་འགའ་ཞིག་འདི་སྙམ་དུ་སེམས་ཏེ་དཀྱིལ་འཁོར་དུ་མ་ཞུགས་པ་ལ་རྒྱུད་བཤད ་པ་ནི་ཉེས་པར་འགྱུར་ཞེས་ན། མ་ཡིན་ཏེ་འདི་གཞུང་ཙམ་བསྟན་པ་ལ་ནི་ཉེས་པ་མེད་པར་ཤེས་པར་བྱའོ།། དེ་ལྟ་ན་ཡང་སྐྱོན་ཡིནོ་སྙམ་དུ་སེམས་ན་ཐམས་ཅད་ཡང་དེ་ལྟར་འགྱུར་རོ།། གཞན་དུ་ཡང་སྤྲོས་པས་ཆོག་པོ།། ད་ནི་དཀྱུས་མ་ཉིད་ལ ་འཇུག་པར་བྱ་སྟེ། གང་དག་ཡིད་དགེ་སེམས་དང་ཞིང་ཞེས་བྱ་བ་ལ་གང་དག་ཅེས་བྱ་བ་ནི་གང་ཡང་རུང་བའོ།། ཡིད་དག་ཅེས་བྱ་བ་ནི་འཚེ་བ་མེད་པའི་སེམས་དང་ལྡན་པའོ།། སེམས་དང་ཞིང་ཞེས་བྱ་བ་ནི་དད་པ་དང་ལྡན་པའོ།། ཡང་ནུ་སྔ ་མ་ནི་དད་པ་གཉིས་དང་ལྡན་པ་ཡང་ཡིན་ལ་ཕྱི་མ་ནི་དང་པའི་དད་པ་དང་ལྡན་པ་ལ་བྱའོ།། གཙང་མའི་གོས་ཀྱི་རབ་བརྒྱན་ཏེ་ཞེས་བྱ་བ་ནི་དུ་གུ་ལའི་རས་ལ་སོགས་པ་སྨད་པ་མ་ཡིན་པའི་གོས་བགོས་པའོ།། ཟབ་མོ་སངས་རྒྱས་སྤོང ་ཡུལ་བ་ཞེས་བྱ་བ་ལ་ཟབ་མོ་ཞེས་བྱ་བ་ནི་ཚིག་དང་དོན་གཞན་དག་གིས་རྟོགས་པར་མི་ནུས་པའོ།། སངས་རྒྱས་སྤྱོད་ཡུལ་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཉག་གཅིག་གི་སྤྱོད་ཡུལ་དུ་གྱུར་པའོ།། མདོ་སྡེ་འདི་ནི་ཉན་བྱ ་ན་ཞེས་བྱ་བ་ནི་དེ་ལྟ་བུར་གྱུར་པའི་མདོ་སྡེ་འདི་ཉན་ཅིང་ཀློག་པར་བྱེད་ན་ཞེས་བྱ་བའོ།། འདི་སྐད་སྟོན་ཏེ་གོང་དུ་བསྟན་པའི་མི་མཐུན་པའི་ཕྱོགས་རྣམས་སྤྱང་བར་འདོད་པའི་གང་ཟག་གིས་སྤྱོད་ལམ་འདི་ལྟ་བུ་དག་དང་ལྡན་པར ་བྲུ་སྟེ། གཟུངས་འདི་མཉན་པ་ལ་སྩོགས་པ་བྱ་བའི་དོན་ཏོ།། དེ་ལྟར་མཉན་པ་ལས་ཕན་ཡོན་ཅི་ཞིག་འགྱུར་ཞེ་ན། གཞན་དག་ཀྱང་ཐོབ་པར་འགྱུར། ཞེས་བྱ་བའི་ཕྱིར་མདོ་སྡེ་འདིའི་གཟི་བརྗིད་ཀྱིས་ཞེས་བྱ་བ་ལ་སོ། ་པ་སྲོག་ཆགས་དག་ནི་ཐམས་ཅད་ཀྱི་ཞེས་བྱ་བ་གུང་གི་ཕྱེད་དུ་བྱ་བ་ཐམས་ཅད་ཀྱིའོ།། མི་བཟང་བའི་ནད་རྣམས་ཀྱང་ཞེས་བྱ་བ་ནི་འབྲུམ་བུ་མེད་བལ་ནག་པོ་ལ་སོགས་པ་ཤིན་ཏུ་སྡུག་ཅིང་སྤང་བར་དཀའ་བའི་ནད་ཆེན་པོ ་སྤང་ངོ་།། དེ་དག་ཐམས་ཅད་ཞི་བཱ་ལྟ་ཞེས་བྱ་བ་ནི་དེ་ལྟ་བུ་དོག་ཀྱང་ཟད་ཅིང་དྲངས་པར་འགྱུར་བར་ཤེས་པར་བྱའོ།། ཚེ་དང་བསོད་ནམས་འཕེལ་བར་འགྱུར་ཞེས་བྱ་བ་ནི་ཚེ་འདི་ལའོ།། སྡིག་པ་ཀུན་ལས་རྣམ་པར་ཐར་ཞེས ་བྱ་བ་ནི་ཚེ་རབས་གཞན་གྱིའོ།། འདི་བསྟན་ཏོ་མཉན་པ་ལས་ཕན་ཡོན་འདི་ལྟ་བུ་དག་བྱུང་ན་གཞན་དུ་དཀྱིལ་འཁོར་དུ་ཞུགས་ཤིང་སྒྲུབ་པ་བྱས་པ་ལ་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་དགོངས་པའོ།། དེ་ལྟར་མཉན་པའི་ཕན ་ཡོན་བསྟན་ནས་སྒྲུབ་པའི་ཡན་ལག་གི་གཙོ་བོ་བུམ་པའི་ཆོ་ག་བསྟན་པའི་ཕྱིར་ནོར་བུ་ཡུངས་ཀར་དུར་བ་དང་། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནོར་བུ་ཞེས་བྱ་བ་ནི་ནོར་བུ་རིན་པོ་ཆེ་ལ་སོགས་པའོ།། ཡུངས་ཀར་ཞེས ་ཁ་ནི་རྒྱལ་པོའི་ཡུངས་ཀར་རོ།། དྷུརྦ་ཞེས་བྱ་བ་ནི་རྩཝའི་ཁྱད་པར་འགའ་ཞིགོ། རིན་ཆེན་རྨ་མེད་ཅེས་བྱ་བ་ནི་གས་པ་ལ་སོགས་པའི་སྐྱོན་མེད་པའི་རིན་ཆེན་སྣ་ལྷ་དག་གོ།། ཙན་ངན་བཅས་ཞེས་བྱ་བ་ནི་གོར ་ཤིཪྵ་ལ་སོགས་པ་དྲི་པོ་དག་དང་ལྡན་པའོ།། ཤེལ་དང་ཞེས་བྱ་བ་ནི་གོང་དུ་བསྟུན་པའི་ཉེ་བར་མཚོན་པའོ།། རྡོ་རྗེ་མེ་ཏོག་དང་ཞེས་བྱ་བ་ནི་བྱིན་གྱིསོ་བརླབས་པའི་མེ་ཏོ་གེ་གི། ཆུ་ཡིས་ཞེས་བྱ་བ་ལས་གང་ཞེས་བྱ་བ ་སྦྱར་རོ།། གསེར་རམ་ཞེས་བྱ་བ་ལ་བུམ་པ་ཞེས་བྱ་བ་ནི་ལྷག་མའོ།། ཡང་ན་ཞེས་བྱ་བ་ནི་རྣམ་གྲངས་གཞན་སྟོན་པའི་ཚེ་གོ།། དངུལ་གྱི་བུཾ་པ་དག་ཀྱང་རུང་ཞེས་བྱ་བ་ནི་ཟངས་ལ་སོགས་པ་ལས་བྱས་པ་དག་ཀྱང་རུང་གསུངསོ།། གཙང ་མོའི་གོས་ཀྱིས་དཀྲིས་ཤིང་དགང་ཞེས་བྱ་བ་ནི་བུམ་པའི་མགུལ་པར་རས་གཙང་མ་ཁ་ཚྭར་མ་ཉམས་པས་དཀྲི་བར་བྱའོ།། འདི་སྐད་སྟོན་ཏེ། གང་གི་དོན་དུ་བྱ་བྱ་དེ་ཉིད་ཀྱི་ནུས་པ་དང་སྦྱར་ནས་གསེར་ལ་སོགས་པའི་བུམ་པ ་ལྟོ་བ་ཆེ་བ། མགྲིན་པ་མཐོ་བ་ཁུ་བྱེད་པ། མཆུ་འཕྱང་བ་དག་པར་བཀྲུས་ལ་མགུལ་པཱ་རས་ཀྱི་བཅིངས་ཏེ། འབྲས་བུ་དང་ལྡན་པའི་ཤིང་གིས་ཁ་བརྒྱན་པར་བྱའོ།། གསེར་ལ་སོགས་པ་རིན་པོ་ཆེ་སྣ་ལྔ།། འབྲས་བུ་སོ་བ་ལ་སོགས ་པི་འབྲུ་སྣ་ལྔ་དང་། སེན་གྲི་ལ་སོགས་པ་སྨན་སྣ་ལྔ་དང་། བུ་རམ་ལ་སོགས་པའི་སྙིང་པོ་ལྔ་དང་། ཡང་དྲི་ཞིམ་པོའི་ཆུ་ལ་སོགས་པ་དང་བཅས་པ་བཅུག་ལ་ལུང་ཇི་ལྟ་བ་བཞིན་བསྙེན་པ་བྱས་ནི་སྔར་བཤད་པ་ལྟར ་འགྱུརོ་ཞེས་པའི་དོན་ཏོ།། ། ད་ནི་བཟླས་པའི་གྲངས་བསྟན་པའི་སྒོ་ནས་གང་ཞིག་ལ་ཁྲུས་བྱ་བ་དེ་བསྟན་པར་བྱ་བའི་ཕྱིར་ལན་གྲངས་ཉི་ཤུ་རྩ་གཅིག་གམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་དེ་དག་ནི་གོ་བར་སླའོ།། རྒྱལ་པོ་རྟག་ཏུ་ཁྲུས་ཀྱིས་ཤིག་ཅེས་བྱ་བ་ནཱི་ཡན་ལག་གི་མཆོག་མགོ་ཡིན་པས་སོ།། ཡང་ནོ་རྒྱལ་པོ་ཉིད་ལ་བྱ་སྟེ་དེ་ཡོང་ཉེ་བར་མཚོན་པ་ཙམ་དུ་ཟད་དོ།། འདི་སྐད་སྟོན་ཏེ། ཐོག་མར་བསྙེན་པ་ནས ་བརྩམས་ཏེ་དཀྱིལ་འཁོར་དུ་འཇུག་པའི་བར་དུ་གཟུངས་འདི་ཉིད་ཅི་ནུས་པར་ཀླགས་ཤིང་བཟླས་ནས་གཟོད་ཁྲུས་ཀྱི་ཆོ་ག་བྱའོ་ཞེས་པའི་དོན་ཏོ།། །། ད་ནི་ཅུང་ཟད་མདོའི་མཚན་གྱི་དོན་ལ་འཇུག་པར་བྱ་སྟེ། ་རྡོ་རྗེ་ཞེས་བྱ་བ་ལ་རྡོ་རྗེ་ཞེས་བྱ་བ་ནི་སྟོང་པ་ཉིད་དང་ལྡན་པའི་ཡེ་ཤྭསོ།། དེ་ལས་བྱུང་བ་རྣམས་ལ་ཡང་དེ་སྐད་ཅེས་བྱ་སྟེ། སྟོང་པ་ཉིད་ནི་རྡོ་རྗེ་བཤད་ཅེས་གསུང་སོ།། རྣམ་པར་ཞེས་བྱ་བ་ནི་གོང་དུ་བསྟན་པའི་ཁྱད་པར་རྣམས། ་དེ་དགེ་འཇོམས་པ་ནི་ཞི་ཞིང་རློག་པར་བྱེད་པའོ།། ཡང་ན་ཡེ་ཤེས་དེ་ཉིད་ཀྱིས་གཞན་རྣམ་པར་འཇོམས་པའོ།། གཟུངས་ཞེས་བྱ་བ་ནི་སྒྲུབ་པ་པོ་རྣམས་ཀྱིས་བསྟན་ཅིང་དྲན་པར་བྱ་བ་ཡིན་པས་ནའོ།། རྫོགསོ་ཞེས་བྱ་བ་ནི ་མཐར་ཐུག་པ་ཉིད་དོ།། ཞེས་བྱ་བའི་དོན་ཏོ།། འདིའི་མཚན་མསྟན་པས་དོན་རྟོགས་པས་ནུས་པའི་གང་ཟག་ལ་ངེས་པར་བསྟན་པའོ།། སྙམ་ཅིང་འཇམ་པའི་ཚིག་དག་ཐོབ་པར་གྱུར་པ་ན། འགྲོ་རྣམས་སེམས་ནི་རབ་ཏུ་དགའ ་བར་འགྱུར་བ་ལྟར།། བདག་གི་ལེགས་པར་སྦྱར་བྱའི་རྣམ་འགྲེལ་འང་ཐོས་ན།། མཁས་པ་རྣམས་ཀྱི་ཡང་འདི་ཤིན་ཏུ་དགའ་བར་གྱིས།། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་འང་བཤད་པ་ནི།། རྡོ་རྗེ ་སྒྲོན་མ་ཞེས་བྱ་སྟེ་བ་ལས།། བདྲུག་གིས་ཟླ་འདྲའི་དགེ་བ་གང་ཐོབ་པ། དེས་ནི་འགྲོ་བ་ཉོན་མོངས་ཉེར་ཞི་ཤིག། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་རྣམ་པར་བཤད་པ། རྡོ་རྗེ་སྒྲོན་མོ་ཞེས་བྱ་བ། གསང་སྔགས ་མཐའ་དག་ལོ་མོངའ་ས་པའི། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་མཛད་པའོ།། ་