| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བཛྲ་བི་དྷཱ་ར་ནཱ་མ་དྷཱ་ར་ཎཱི་ཊཱི་ཀ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། ཐམས ་ཅད་མཁྱེན་པའི་འཇིག་རྟེན་མགྲོན།། དུག་གསུམ་ནང་སེལ་སྨན་གྱི་མཆོག། འཕགས་པའི་ཚོགས་ལ་ཕྱགས་འཚལ་ཏོ།། དེའི་གཞུང་འགྲེལ་བྱ་བར་འདོད།། དེ་ལ་མདོ་སྡེ་འདི་འཆད་པར་འདོད་པས། བསྡུས་པའི ་དོན་རྣམ་པ་གཉིསུ་ཤེས་པར་བྱ་སྟེ། གླེང་གཞི་ཕུན་སུམ་ཚོགས་པ་དང་། མདོ་བཤད་པའོ།། དེ་ལ་མདོ་ལ་བཞི་སྟེ། ཡོན་ཏན་འབྱུང་བའི་རྒྱུའི་ཏིང་འཛིན་གྱི་ཁྱད་པར་དང་། ཡོན་ཏན་གྱི་རང་བཞིན་དངོས་གཞི་དང་། ་ཡོན་ཏན་གྱི་ཕན་ཡིན་གྱི་འབྲས་བུ་དང་། སྡུག་བསྔལ་ཞི་བར་བྱེད་པའི་སྒྲུབ་པའི་ཐབས་དང་བཅས་པ་རྣམས་བསྟན་ཏོ།། དེ་ལ་གླིང་གཞི་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན ་བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ། ཞེས་བྱ་བའི་བར་གྱིས་བསྟན་ཏོ།། དེ་ཡང་ལྔས་བསྟན་ཏེ། མདྨོ་སྡེའི་དོན་དང་། སྡུད་པ་པོ་དང་། དུས་དང་། སྟོན་པ་དང་གནས་ལྔ་སྟེ། འདི་སྐད་བདག་གིས་ཐོས་པ་དང་། ་དུས་གཅིག་དང་། བཅོམ་ལྡན་འདས་དང་། རྡོ་རྗེ་ལ་བཞུགས་ཏེ་རྣམས་གོ་རིམས་བཞིནོ།། དེ་ལ་མདོ་སྡེའི་དོན་ཇི་ལྟ་བུ་ཞེ་ན། མིང་གིས་ཁྱད་པར་གྱིས་བསྟན་ཏེ། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཞེས་སྨྲས།། ་འདི་ལྟར་རྡོ་རྗེ་ནི་ཕྱི་རོལ་གྱི་འདུས་བྱས་ཀྱི་རྫས་དཔེར་བསྟན་པ་ལྟ་བུ་སྟེ། ཡེ་ཤེས་རང་གི་ངོ་བོ་ལ་གཞན་གྱི་རྟོག་པ་དག་གི་བར་མི་ཆོད་དེ། འདི་ལྟར་འོག་ནྱས་མི་ཆོད་པ་ནས་ཐམས་ཅད་དུ ་མ་ཕམ་པ་ཞེས་བྱ་བའི་བར་དུ་མདུན་གྱི་བསྟན་པར་མངོན་ནོ།། རྣམ་པར་འཇོམས་པ་ཞེས་བྱ་བ་ནི། འདུས་བྱས་རྫས་ཀྱི་དངོས་པོ་དེས་བཅད་པར་བྱ་བ་གང་དག་རིན་པོ་ཆེའི་རིགས་གཞན་དྲག་ལྟ་བུ་སྟེ། ་གཟུང་བ་དང་འཛིན་པ་ཅན་གྱི་སེམས་ཅན་དགེ་འདུལ་བ་སྟེ། འདི་ལྟར་འོག་ནས་སེམས་ཅན་ཐམས་ཅད་སྒྲོག་པར་བྱེད་པ་ཞེས་བྱ་བ་ནས་སེམས་ཅན་ཐམས་ཅད་བསྲུང་བར་བྱ་ཞེས་བྱ་བའི་བར་དུ་སྟན་ཏོ།། ་གཞན་དག་ཁ་ཅིག་ན་རྡོ་རྗེ་ནི་ཆོས་ཀྱི་དེ་ཁོ་ན་ཉིད་ཤིན་ཏུ་རྟོགས་པའི་ངོ་བོ་རྡོ་རྗེ་ལྟར་ཐོགས་པ་མེད་པའི་ཡེ་ཤེསུ་རྩེ་གཅིག་ཉིད་དུ་མཉམ་པར་གཞག་པའོ།། འཇོམས་པ་ནི་འཇིག་ཚོགས་ལ་ལྟེ་བའི ་བསམ་པ་ཅན་གྱིས་ཕྱི་ནང་གི་བགེགས་ལྡང་བའི་རྒྱུ་ལས་ཀྱི་བག་ལུ་ཉལ་བ་དགྲ་འདུལ་བའི་ཕྱིར་ཟེརོ།། གཟུངས་ཞེས་བྱ་བ་ནི་འཛིན་པ་དང་མི་གཏོང་བའི་ཐ་ཚི་གོ།། དེ་ཡང་གང་གིས་གང་ཞིག་ལ། ་རྡོ་རྗེ་ཞེས་བྱ་བ་དང་། རྣམ་པར་འཇོམས་པ་ཞེས་བྱ་བ་གཉིས་ཏེ། གོ་རིམས་བཞི་ནོ།། ད་ནི་ཡང་དག་པར་སྡུད་པར་བྱེད་པས་གུས་པ་སྐྱེད་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ ་ཕྱག་འཚལ་ཞེས་སྨོས་ཏེ། ཉོན་མོངས་པའི་འཆིང་བ་དགྲ་སྤངས་ཤིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྫོགས་པའི་སངས་རྒྱས་ཞེས་བྱའོ།། གང་དག་གི་ཉོན་མོངས་པ་ཟད་པར་བྱས་ཤིང་། དེ་དག་ཕྱིས་ལྡང ་དར་མི་འགྱུར་བའི་ཕྱིར་ན་བྱང་ཆུབ་ཅེས་བྱའོ།། གང་དག་རྟོགས་པར་བྱ་བའི་དོནྡ་ལ་མྲྀ་ཞུམ་པར་བྱ་བའི་ཕྱིར་སེམས་དཔའ་ཞེས་བྱའོ།། གཞན་དག་ན་རེ། དོན་བྱ་བའི་སེམས་ཅན་གྱི་དོན་ལ་མི་སྒྲོག་པའི ་སེམས་དཔའ་ཞེས་བྱའོ་ཞེས་ཟིར་རོ།། ཐམས་ཅད་ཅེས་པ་ནི་རཱི་སུ་མཽ་བཅད་པའི་ཐ་ཚི་གོ།། ད་ནི་གླེ་ངོ་གཞི་བསྟན་ཏེ། འདི་སྐད་བདག་གཽ་ཐོས་པའི་དུས་གཅིག་ན་ཞེས་སྨོསོ།། དེ་ལ་འདི་སྐད་ཅེས་བྱ་བ་ནི་གཟུངས ་འདི་རྫོགས་པའི་བར་གྱི་ཐ་ཚིགོ།། ཚིག་དེ་དག་བརྒྱད་པ་ལྟ་བུའི་མ་ཡིན་པས་བདག་གིས་ཞེས་བྱའོ།། བདག་ཉིད་སྟོན་པ་མ་ཡིན་པའི་ཕྱིར། ཐོས་པ་ཞེས་བྱའོ།། ཡུལ་ཡངས་པ་ཅན་དང་། རྒྱལ་པོའི་ཁབ་ལྟ་བུ་ན ་བཞུགས་པ་མ་ཡིན་ཏེ། རྡོ་རྗེ་ལ་བཞུགས་པའི་དུ་ས་དྭེ་ན་ཐོས་པས་དུས་གཅིག་ན་ཞེས་བྱའོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་དེ་བཞི་བཅོམ་ཞིང་དྲུག་དང་ལྡན་པའོ།། ཁ་ཅིག་ནཱ་རོ་དྲུག་དང་ལྡན་པས ་བཞི་བཅོམ་མོ་ཟེའོ།། རྡོ་རྗེ་ལ་བཞུགས་ཏེ་ཞེས་བྱ་བ་ནི་གང་གི་མདོ་སྡེ་བཤད་པའི་དུས་ན་ཕྱི་རོལ་གྱི་གདན་ལ་མ་བཞུགས་ཀྱི། ནང་དུ་ཡང་དག་འཇོག་གིས་བཞུགས་པའོ།། ཁ་ཅིག་ན་རེ་ཕྱི་རོལ་གྱི ་གདན་ཡང་མི་མངའ་བ་མ་ཡིན་མོད་ཀྱི། རྡོ་རྗེ་ལྟ་བུའི་ཡེ་ཤེས་གཙོ་བོར་མཛད་པའི་ཐ་ཚོ་གོ།། ཞེས་ཟེར་རོ།། འདི་ན་མར་སྤྱི་དོན་གཉིས་པ་སྟེ། དྲི་ལ་བཞིས་བསྟན་པའི་དང་པོ་ལྔ་གཉིས་ཏེ། ་བྱིན་གྱིས་བརླབ་པ་དང་། སྙོམས་པར་བཞུགས་པའོ།། དེ་ནས་སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེ་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས། རྡོ་རྗེའི་ཏི་འཛིན་ལ་སྙོམས་པར་ཞུགས།། ཞེས་བྱ་བས ་བསྟན་ཏེ། བྱིན་གྱིས་བརླབ་པ་ནི། གང་གི་མཐུས་བྱིན་གྱིས་བརླབ་པོ་དང་། གང་གིས་བརླབ་པ་དང་། གང་ལྟར་བྱིན་གྱིས་བརླབ་པ་དང་། བཞིར་རིམ་པར་སྦྱ་རོ།། བྱིན་གྱིས་བརླབས་ནས་གང་ལ་སྙོམས་པར ་ཞུགས་པ་ནི་དངོས་གཞི་དང་། ཡུལ་དང་། ཡུལ་ཅན་གསུམྦ་དང་། དཱཔ་དང་རྣམ་པར་མི་རྟོག་པ་དང་། འབྱུང་འཇུག་མེད་པ་གསུམ་རིམ་པར་སྦྱར་རོ།། དེ་ལ་མདོ་སྡེ་འདི་ཟབ་པའི་ཕྱིར་ལག་ན་རྡོ་རྗེ། ལྟ་བུ ་དུས་གསུམ་གྱི་གསང་བ་ལ་དབང་བྱེད་པས་ཀྱང་བཤུད་མཱཾ་ནུསྭཱ་བྱའི་ཕྱིར་སངས་རྒྱས་ཀྱི་མཐུས་ཞེས་བྱའོ།། ཡེ་ཤེས་ལ་མངའ་བ་སྐྱེས་པས་ལག་ན་ཡང་རྡོ་རྗེ་བསྣམས་པའི་ཐོ་ཚོགོ།། འབྱུང་བ་ཆེན་པོ་རྒྱུ ་ལས་བྱུང་བའི་ལུས་མ་ཡིན་གྱི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པར་བསགས་པའི་རྒྱུ་ལས་བྱུང་བའི་ཡེ་ཤེས་ཀྱི་སྐུ་ཅན་དུ་བྱས་པའི་ཕྱིར་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས ་ནཱནས་ཞེས་བྱའོ།། དེ་ལྟ་ལུས་ཐམས་ཅད་ཅེས་བྱ་བ་ནི་ཕྱི་དང་ནང་གི་དངོས་པོ་མ་ལུས་པར་ཡེ་ཤེས་ཀྱི་ལུས་སུ་བྱིན་གྱིས་བརླབས་པའི་ཐཱ་ཚཱ་གོ།། ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་རྟོགས་པའི་ངོ་བོ་རྡོ་རྗེ་ལྷུརརྱ ་ཐོགས་པོ་མེད་པའི་ཡེ་ཤེས་ལ་རྩེ་གཅིག་ཏུ་མཉམ་པར་གཞག་པའི་ཕྱིར་རྡོ་རྗེའི་ཏི་འཛིན་ལ་སྙོམས་པར་ཞུག་སོ་ཞེས་བྱའོ།། ད་ནི་སྤྱི་དྲོན་གཉིས་པ་ལ་བཞེས་བསྟན་པའི་མདྨོ་སྡེ་འདིའི་ཡོན ་ཏན་གྱི་རང་བཞིན་དངོས་བཞིས་བསྟན་ཏེ། དེ་ལ་ཡང་གསུམ་སྟེ། ཡོན་ཏན་རྣམས་བྱིན་གྱིས་བརླབས་ལས་འབྱུང་བ་དང་། གཟུངས་ཀྱི་མཚན་ཉིད་ཀྱི་ཁྱད་པར་ཡོན་ཏན་རང་བཞིན་གྱི་དངོས་གཞི་དང་། ་གཟུངས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཡོན་ཏན་གྱི་རང་བཞིན་གྱི་དངོས་གཞིའོ།། དེ་ནས་ལག་ན་རྡོ་རྗེ་སངས་རྒྱས་ཀྱི་མཐུ་དང་ཞེས་བྱ་བ་ནས་རྡོ་རྗེ་སྙིང་པོས་རབ་ཏུ་སྨྲས་ཏེ། ཞེས་བྱ་བའི་བར་དུ་ནི ་དང་པོ་བསྟན་ཏོ།། མི་ཆོད་པ་བྱ་བ་ནསཱ་ལག་ན་རྡོ་རྗེ་རབ་ཏུ་སྨྲསོ།། ཞེས་བྱ་བའི་བར་ནི་དོན་གཉིས་པ་བསྟན་ཏོ།། ན་མོ་རཏྣ་ཏཽ་ཡཱ་ཡཱ་བྱཱ་བཻ་ནཱས། ཨ་མྲྀ་ཏེ་ཧཱུཾ་ཕཊ་ཞེས་བྱ་བའི་བར་གྱིས་ནི་དོན་གསུམ་པ་བསྟན་ཏོ།། ་དེ་ནས་ལག་ན་རྡོ་རྗེ་སངས་རྒྱས་ཀྱི་མཐུ་དང་སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱིས། རྡོ་རྗེ་ཁྲོ་བོ་ལས་བྱུང་བ། རྡོ་རྗེ་སྙིང་པོ་ཞེས ་བྱ་བ་ནི། གང་གིས་སྨྲས་པ་དང་། གང་གི་བྱིན་གྱིས་བརླབས་ཀྱིས་སྨྲས་པ་དང་། གླང་ལུས་བྱུང་བ་སྨྲས་པ་རྣམས་དང་། གང་སྨྲས་པ་དང་། ལག་ན་རྡོ་རྗེ་དང་། སངས་རྒྱས་དང་བྱང་ཆུབ ་སེམས་དཔའི་བྱིན་གྱིས་བརླབས་དང་། རྣོ་རྗེ་ཁྲོ་བོ་ལས་བྱུང་བ་དང་། རྡོ་རྗེ་སྙིང་པོ་རྣམས་གོ་རིམས་བཞི་ནོ།། དེ་ལ་ལག་ན་རྡོ་ཎཱཾ་བྱཱ་བཱ་དང་། སྨྲས་ཏེ་ཞེས་བྱ་བའི་བར་སྐབསོ།། དྲིས་པ་ལག་ན་རྡོ་དྷྭཾ་སཽ་གང་སྨྲས ་ཞེ་ནཱ། སྨྲས་པ་རྡོ་རྗེ་ཁྲོ་བོ་ལས་བྱུང་བ། རྡོ་རྗེ་སྙིང་པོས་སྨྲས་ཏཾ་ཞེས་བྱའོ།། དེ་ལྟར་བཅོམ་ལྡན་འདས་ཀྱི་ཐུགས་ཡེ་ཤེས་ཀྱི་ཁྲོ་བོའོ།། ཅིའི་ཕྱིར་ཞེ་ན། དངོས་པོ་རྟོག་པ་མེད་པའི་ཕྱིརརོ།། དེ་ལས་བྱུང་བའི་རྡོ་རྗེ་སྙིང ་པོ་ནི་མི་ཆོད་པ་ལ་སོགས་པ་རྣམ་སོ།། དེ་དག་ལག་ན་རྡོ་རྗེས་སྨྲས?་སྔོ་ཞེས་བྱའོ།། གང་ཡེ་ཤེས་དྲི་སྙིང་པོ་ཡིན་པའི་ཕྱིར་མི་ཆོད་པའོ།། རྩ་བར་གྱུར་པའི་ཕྱིར་མི་ཤིག་པའོ།། གཞན་དྲུག་ན་རེ། ཡེ་ཤེས་དེ་ལ་རྟོག ་པའི་དངོས་པོ་མེད་པའི་ཕྱིརརོ།། མི་ཆོད་པ་མཱི་ཤིག་པའོ་ཟེར་རོ་ཕྱིན་ཅི་མ་ལོག་པ་དང་ཡང་དག་བཱིའི་ཕྱིར་བདེན་པའོ།། འདུས་བྱས་ལས་བྱུང་བ་མ་ཡིན་པའི་ཕྱིར་སླུ་བའོ།། རྟོག་པའི་རླུང་མེད་པའི་ཕྱིར་བརྟན ་པའོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་པའི་ཕྱིར་ཐམས་ཅད་དུ་ཐོགས་པ་མེད་པའོ།། དེ་ནི་མི་འཇིགས་པ་བཞི་དང་ལྡན་པས་ཐམས་ཅད་དུ་མ་ཕམ་པའོ།། རྡོ་རྗེ་ཞེས་བྱ་བའི་ངེས་པ་བསྟན་ཟིན་ཏོ།། ་གྲང་དག་དངོས་པོར་སྨྲ་བ་རྣམས་ཡེ་ཤེས་དེ་ཐོས་ན་གཟུང་འཛིན་ལ་ཆགས་པའི་དབང་དང་། གོམས་པའི་མཐུ་རྟས་པའི་སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པའོ།། ཡེ་ཤེས་དེའི་བྱིན་བརླབས་ཀྱིས་སྲོག་ཆགས ་ཀྱི་རིགས་གང་དག་གིས་བདུག་ལྷ་ཚེ་བར་བྱེད་པའི་བསམ་པ་རྣམས་ཕྱིར་ནུར་བར་གྱུར་པའི་ཕྱིར། སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པའོ།། ཡེ་ཤེས་རྡོ་རྗེ་ལྟ་བུ་དེས་བྲམ་ཟེ་དང་དྲང་སྲོང་དག་གི་རིག་སྔགས ་དང་། དྲ་མོད་མོ་གཅོད་པའི་ཕྱིར། རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། རིག་སྔགས་ཐམས་ཅད་མནོན་པར་བྱེད་པའོ།། ཡེ་ཤེས་དེ་བདག་གིས་མངོན་དུ་གྱུར་པའོ་དུས་ན་རང་གི་ཤེས་པ་ལ་གནས་པའི་དྲན ་འགྲོའི་རྒྱུ་མེད་པའི་ཕྱིར་ལྷས་ཐམས་ཅད་འཇོམས་པའི་བྱེད་པའོ།། དྲིས་པ། བྱང་ཆུབ་སེམས་དཔའ་ནི་ཐམས་ཅད་དུ་དོན་དཔྱོད་པ་ཡིནྡ་ན། རང་གི་ང་ནི་འགྲོའི་རྒྱུ་མེད་པར་བྱེད་ཅེས་བཤད་པ་ཅིའི་ཕྱིར་ཞེ ་ན། སྨྲས་པ་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་ཀྱིས་གཞན་གྱིས་ཡང་དྲན་འགྲོའི་རྒྱུ་མེད་པར་བྱེད་པས་གཞན་གྱི་ལས་ཐམས་ཅད་འཇོམས་པར་བྱེད་པའོ།། ཡེ་ཤེས་དེས་མི་མ་ཡིན ་པའི་གདོན་དང་། འབྱུང་པོ་རྣམས་མི་གནས་ཤིང་མེད་པར་བྱ་བ་དང་། བརླག་པར་བྱ་བའི་ཕྱིར། གདོན་ཐམས་ཅད་རླག་པར་བྱེད་པའོ།། གང་ཞིག་གང་གིས་ཟིན་པ་དེས་ཡེ་ཤེས་དེས་ནི་དེ་ལས་ཐར་བར ་བྱེད་པས། གདོན་ཐམས་ཅད་ལ་ཐར་བར་བྱེད་པའོ།། གང་གི་དྲོན་དུ་གང་ཞིག་དགུག་ན་ཡེ་ཤེས་རྡོ་རྗེ་ལྟ་བུ་བྱེད་པའི་ཕྱིར། འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པའོ།། རིག་སྔགས་ཀྱི་ལས་ཐམས ་ཅི་བྱ་བ་དག་ནི་བཞི་ཡང་ཡེ་ཤེས་རྡོ་རྗེ་ལྟ་བུ་དེ་ཡིན་པའི་ཕྱིར། རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པའོ།། སྔར་མ་གྲུབ་པ་རྣམས་ནི་ད་ལྟར་གྲུབ་པར་བྱེད་པ་སྔར་གྲུབ་པ་རྣམས་ནི་ད་ལྟར་དང་མ་འོངས་པ ་ན་དོན་འབྲས་བུ་ཆུང་མི་ཟ་བར་བྱེད་པས། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པའོ།། འདོད་པ་གཉིས་རབ་ཏུ་སྦྱིན་པས་ནི་འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པའོ།། ཡེ་ཤེས་དེ་ནི་བྱིན་གྱིས ་བརླབས་ཀྱིས་ཕྱི་ནང་གི་བགེགས་བསལ་བས་བློ་བུར་བའི་རྐྱེན་ཡང་མེད་པའི་ཕྱིར། སེམས་ཅན་ཐམས་ཅད་སྲུང་བའོ།། ཁ་ཅིག་ན་རེ་ཐེག་པ་ཆེན་པོའི་རིགས་ཅན་དང་བདག་ལ་སྐྱབསུ་གསོལ་བ་དག་སྲུང་ཞེས་ཟེར་ན། ་ཐམས་ཅད་ཀྱི་སྒོས་རིགསུ་ཆད་པའི་སྐྱོན་དུ་འགྱུར་རོ།། དེ་དག་གིས་རྣམ་པས་འཇོམས་པའི་དོན་བཤད་ཟིན་ཏོ།། དེ་བས་ན་གཟུངས་མདོ་སྡེ་འདིའི་མཚན་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་གྲགསོ།། ཡེ་ཤེས་རྡོ་རྗེ་ལྟ་བུ་དེས ་དོན་མཛད་པའི་སྒོ་ནི་མོད་མང་མོད་ཀྱང་། ལས་རྣམ་པ་བཞིའི་སྒོ་ནས་དོན་མཛད་དེ། ཞི་བ་དང་། རྒྱས་པ་དང་། དྲག་པོ་དང་། དབང་དང་བཞིའོ།། ཉོན་མོངས་པ་གསུམ་དང་། ཚེ་དང་ལོངས་སྤྱོད་དང་། གནོད་པར་བྱེད ་པ་དག་དང་། མི་འཇར་བ་བཞི་དང་། ཞི་བ་དང་རྒྱུས་པ་དང་། སེམས་ཅན་ཐམས་ཅད་རེངས་པར་བྱེད་པ། སེམས་ཅན་ཐམས་ཅད་རྨུགས་པར་བྱེད་པ། བཞི་གོ་རིམས་བཞི་ནོ།། དྲིས་པ་ཕྱི་རོལ་གྱི་རྟག་པ་སྨྲ་བ ་དྲུག་ཅུ་རྩ་བཞི་ལ་སོགས་པ་ལ་ནི་བྱེད་པ་ཡོད་པར་འདོད་ཀྱི། ཆོས་འདི་ལ་མ་བྱེད་པ་ཞེས་མི་རིགསོ་ཞེས་ན། རྟག་པར་སྨྲ་བ་རྣམས་ཀྱི་བྱེད་པོ་ནི། བདག་རྟག་པས་དབང་ཕྱུ་སྩོགས་པས་བྱེད་པར་འདོད་པ ་ཡན་ལ། འདིར་ནི་བྱེད་པའི་གསང་སྔགས་ཀྱི་མཐུ་ཆེན་པོ་ཞེས་འབྱུང་སྟེ། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་དང་། རྨུགས་པར་བྱེད་པའི་བར་དག་གསང་སྔགས་ཀྱི་བྱེད་པའི་ཐ་ཚིགོ།། དྲིས་པ་མི་ཆོད་པ་ནས ་རྨུགས་པར་བྱེད་པའི་བར་ལ། གོང་དུ་ནི་རྡོ་རྗེ་སྙིང་པོས་སྨྲས་ཞེས་འབྱུང་ལ།། འདིར་ནི་རྨུགས་པར་བྱེད་པའི་གསང་སྔགས་མཐུ་ཞེས་སྨོས་པས། གོང་མ་དག་འགྲོ་གཱི་གསོང་སྔགས་ཀྱིས་བྱེད་པ་དང་། བྱིན་གྱིས ་བརླབས་པ་སྐད་འབྱུང་བ་ཅིའི་ཕྱིར་ཞེ་ན། སྨྲས་པ་རྡོ་རྗེ་སྙིང་པོ་ཞེས་གོང་དུ་སླད་འདྲེན་པ་ནི། མི་ཆོད་པ་ནས་ཐམས་ཅད་དུ་མ་ཕམ་པའི་བར་ཡིན་ལྔ། དེ་དག་གིས་སེམས་ཅན་གྱི་དོན་བྱེད་པའི་ཐབས་ནི། སེམས་ཅན ་ཐམས་ཅད་སྐྲག་པར་བྱེད་པ་ནས། རྨུགས་པར་བྱེད་པའི་བར་ནི་གསང་སྔགས་ཀྱི་མཐུས་བྱེད་དོ།། ཁ་ཅིག་ན་རེ་གོང་དུ་རྡོ་རྗེ་ཁྲོ་བོ་ལས་བྱུང་བ། རྡོ་རྗེ་སྙིང་པོས་ཞེས་འབྱུང་བས། རྡོ་རྗེ་ཁྲོ་བོ་ནི་འོག་གི་གསང་སྔགས ་རྣམས་ལ་བྱ་བར་འདོད་དོ་ཞེས་ཟེར་རོ།། ། ད་ནི་གཟུངས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཡོན་ཏན་གྱི་རང་བཞིན་ཏེ། དེ་ཡང་རྡོ་རྗེ་སྙིང་པོར་བྱིན་གྱིས་བརླབས་པའི ་གསང་སྔགས་དང་། གཟུངས་ཀྱི་དཀྱིལ་འཁོར་གྱི་ལྷ་བསྐྱེད་པའི་གསང་སྔགས་དང་། བརྟན་པར་བྱིན་གྱིས་བརླབས་པའི་གསང་སྔགས་དང་། དབང་བསྐུར་བའི་གསང་སྔགས་དང་། གཟུངས་ཀྱི་དཀྱིལ་འཁོར་གྱི་ལྷ ་སོ་སོའི་རྩ་སྔགས་རྣམས་བསྟན་ཏོ།། དེ་ལ་ན་མོ་རཏྣ་ཏྲ་ཡཱ་ཡ་ནི་དཀོན་མཆོག་གསུམ་ལ་ཕྱག་འཙལ་བའོ།། ནཱ་མཤྩཎྜ་བཛྲ་པ་ཎཱ་ཡེ། མཧཱ་ཡཀྵ་སེ་ནཱ་པི་ཏ་ཡེ་ཞེས་བྱ་བ་ནི། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན ་རྡོ་རྗེ་ལཱ་ཕྱག་འཚ་ལོ།། ཏདྱཱ་ཐཱ། ཨོཾ་ཏྲ་ཊ་ཏྲ་ཊ་ཞེས་བྱཱ་བ་ནེས་སུ་བཛྲཱ་ཡ་སྭཱ་ཧཱ།། ཞེས་བྱཱ་བོའི་བཱ་རརཱ་དུ་ནི། རྡོ་རྗེ་སྙིང་པོར་བྱིན་གྱིས་བརླབ་པའི་གསང་སྔགས་བསྟནྨ་ཏོ།། དྭེ་ཡང་ཏྲ་ཊོ་ཏྲ་ཊ་ཞེས་བྱ་བ་ནས་སཾ་གྷ་ཊ་སཾ ་གྷ་ཊ་ཡའོ་བར་གྱིས་ནི་སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ན་ས་རྨོངས་པར་བྱེད་པའི་བྱིན་གྱིས་བརླབ་པ་ཡི་ནོ།། སརྦ་བིདྱཱ་བཛྲ་བཛྲ་ནས་སུ་བཛྲ་སྭཱཧཱའི་བཱར་གྱིས་ནི་མི་ཆོད་པ་ཞེས་བྱ་བ་ནས། ཐམས་ཅད་དུ ་མ་ཕམ་པའི་བར་བྱིན་གྱིས་རློབ་པ་ཡིན་པར་བསྟན་ཏོ།། ཧེ་ཕུ་ལུ། ནེ་རུ་ཕུ་ལུ་ཞེས་བྱ་བ་ནས། པྲྀ་ཧ་ར་པྲ་ཧ་ར་བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱའི་བར་དུ་ནི་ཁྲོ་བོ་རྣམས་ཀྱི་སྐུ་བསྐྱེད་པ་སྟེ། གཟུངས་ཀྱི་དཀྱིལ་འཁོར་གྱི་ལྷ་བསྐྱེད ་བཔའི་གསང་སྔགས་བསྟན་ཏོ།། ཁྲོ་བོ་ཧཱུཾ་ཀ་ར་དང་། ཨཱརྱ་ཨ་ཙ་ལ་དང་། ཡ་མཱནྟ་ཀ་དང་། ནཱི་ལ་དཎྛ་དང་། ཧཱ་ཡ་གྲྀ་བཱ་དང་། ཊཀྐི་རཱ་ཛ་དང་། ཨ་མོ་གྷ་པཱ་ཤ་དང་། མཱཧྨ་བ་ལ་རྣམས། ཏྲཱ་ས་ཡཱ་ཏྲཱ་ས་ཡཱ། བཛྲ་ཀཱི་ལི་ཀྲཱི་ལ་ཡ ་སྭཱཧྨ། ཡན་ཆད་རིམ་བཞིན་དུ་སྦྱ་རོ།། ཧཱ་ར་ཧ་ར་བཛྲེ་དྷཱ་རཱ་ཡ་སྱཱཧྨ། ཞེས་པ་ནི་སྒྲོ་མ་རྣམས་བསྐྱེད་པའི་སྡུག་སོ།། པྲ་ཧྨ་ར་པྱཱ་ཧཱ་ར། བཛྲ་པྲ་བྷཱུལྤཱ་ནེ་སྱཱ་ཧཱ་ནི། ཨ་མྲྀ་ཏ་ཀུཎྜ་ལི་བསྐྱོད་པའི་སྡིག་སོ།། མ་ཏི་སྠི་རཱ་ཞེས་པ་ནས། ་ཨ་མུ་ཀཾ་མཱ་ར་ཡ་ཕཊ། བྱ་བའི་བོར་དུ་ནི་བརྟན་པར་བྱིན་གྱིས་བརླབ་པའི་གྲསང་སྔགས་ཏེ། གཟུངས་ཀྱི་དཀྱིལ་འཁོར་གྱི་ཁྲོ་བོ་རྣམས་ཀྱི་སྐུ་བསྐྱེད་པ་བརྟན་པར་བྱེ་བ་དང་། བདག་ཉིད་ལ་བདེན་པའི་བྱིན་བརླབས ་བྱ་བའོ། ནཱ་མུཿས་མུནྟྲི་བཛྲཱ་ཎཱཾ། ཞེས་པ་ནས་བཛྲཱ་ཀུ་ཤ་ཛྙཱཾ་ལ་ཡ་སྭཱ་ཧཱའི་བར་དུ་ནི་དབང་བསྐུར་བའི་གསང་སྔགས་བསྟན་ཏེ། གཟུངས་ཀྱི་བུམ་པས་སྤྱི་བོ་ནས་དབོང་བསྐུར་བཱའི་བཟླས་པར་བྱ་བྱ་དང་། དབང་བསྐུར ་བོའི་ཚིག་ཡི་ནོ།། ནུ་མོ་རིཏྣ་ཏྲ་ཡཱ་ཡ་ཞེས་བྱ་བ་ནཱས་ཨཱ་མྨུ་ཏཽ་ཧཱུཾ་ཕཊ་ཀྱཻ་བཱར་དུ་ནི་གཟུངས་ཀྱི་དཀྱིལ་འཁོར་གྱི་ལྷ་སོ་སོའི་གསང་སྟེགས་བསྟན་ཏོ།། དཾ་ལ་ཕྱག་འཚལ་པོའི་ཚིག་ནེ་གཱི་སླའོ།། ཨོཾ་ཧཱ་ར་ཧ་ར་བཛྲི་ནཾ ་གཙོ་བོའི་ལས་ཀྱི་སྔགསོ།། མེ་ཐ་མ་ཐ་བཛྲ་ནས་ཙྪིནྡ་ཙྪནྡའི་བར་དུ་བརྒྱད་ནི་ཁྲོ་བོ་བརྒྱད་རིམ་བཞི་ནོ།། བྷིནྡ་བྷིནྡ་བཛྲ་ཧཱུཾ་ཕཊ་ནི་ཨ་མྲྀ་ཏ་ཀུནྡ་ལྀའི་ལས་ཀྱི་སྔགསོ་དེ་མན་ཆད་ཀྱི་སྔགས་ནི་སྒོ་མ་བཞིའི་ལས་ཀྱི་སྔགྶས ་སོ།། སྔགས་འདི་དགཱ་ནཱི་སྱཻ་སྐྲྀ་ཏཱའི་སྐུད་ལ་སོགས་པ་སྠཱ་ཡན་ལག་མང་སྟེ། བྱིན་གྱིས་བརླབས་པ་ཡིན་པས། བཟླས་པས་བྱིན་བརླབས་ཅན་དུ་འགྱུར་བས། བོད་དུ་ཐང་ལོག་མི་འགྱུར་རོ།། ཞེས་མཁས ་པ་དག་གིས་འཆད་དོ།། །། ད་ནི་སྤྱི་དོན་གཉིས་ཀྱིས་བསྟན་པའི་གཉིས་པ་ལ་བཞིས་བསྟན་པའི་གསུམ་པ་ཡོན་ཏན་གྱི་ཕན་ཡོན་གྱི་འབྲས་བུ་འཆད་དོ།། དེ་ལྔ་ཡང་གཉིས་ཏེ། སྡུག་བསྔལ་སེལ་བར་བྱེད་པ་དང་། ་བདེ་བ་སྐྱེད་པར་བྱེད་པའོ།། ཚིག་རྐང་གཉིས་དང་སྦྱར་རོ།། གཟུངས་ཀྱི་དཀྱིལ་འཁོར་འདི་ལྟར་བྱས་ཏེ་བསྒྲུབས་ནཱ། སྔོན་གྱི་ཚེ་རབས་གྲངས་མེད་པ་ནས་བསགས་པའི་སྡིག་པ་དང་། ད་ལྟར་འཕྲལ་དུ་བྱས་པ་དག་འབྱུང ་བར་གྱུར་ལ། རྒྱུ་སྡིག་པ་བྱས་ན་སྡིག་པའི་འབྲས་བུ་ངན་སོང་ཡོད་པའི་སྡུག་བསྔལ་མ་ལུས་པ་མེད་པའི་ཕྱིར།། སྡིག་པ་ཐམས་ཅད་བྱང་བྱས་ནས།། སྡུག་བསྔལ་ཐམས་ཅད་མེད་པར་བྱེད་ཅེས་བྱའོ།། མདོ་སྡེ་འདི་ནི ་དེ་ལྟར་ཡོན་ཏན་དང་གཟི་བརྗིད་དང་ཕན་ཡོན་ཆེ་བས། རྒྱུད་དང་མདོ་སྡེ་ཀུན་གྱི་སྙིང་པོ་དང་རྩུ་བ་ཡིན་པའི་ཕྱིར་ནི། རྒྱུད་དོ་ཅོག་རྩ་བ་སྟེ། ཞེས་བྱ་བའོ།། ཅིའི་ཕྱིར་མེ་རྒྱུད་དང་མདོ་སྡེ་མང་པོ་གཞན་དག་ལས་ཀྱང་། སེམས ་ཅན་གྱི་སྒྲིབ་པ་བསལ་བ་དང་། སྡུག་བསྔལ་སྦྱང་བའི་ཐབས་ལས་གཞན་མི་སྟོན་པའི་ཕྱིར།། དེའི་ཕྱིར་ན་གཟུངས་འདི་ལྟར་བྱས་ན་སངས་རྒྱས་ཀྱི་ཡོན་ཏན་ཅི་མངའ་བ་དེས་ཐོབ་པའི་ཕྱིར། དཔལ་ཀུན་གྱིས་ནི་ལེགས ་པར་བརྒྱན་ཞེས་བྱའོ།། ད་ནི་སྤྱི་དོན་གཉིས་ཀྱི་བསྟན་གཉིས་པ་ལ་བཞིས་བསྟན་པའི་བཞི་ལ་སྡུག་བསྔལ་ཞི་བར་བྱེད་པའི་ཐབས་བསྟན་ཏེ།། དཱ་ལ་ཡང་གསུམ་སྟེ། སྡུག་བསྔལ་གྱི་རྣམ་གྲངས་དང་། སྡུག་བསྔལ་འབྱུང་བའི ་རྟགས་དང་། སྡུག་བསྔལྔ་འགོག་པའི་ཐཱ་བ་སོ།། དེ་ཡང་སེམས་ཅན་དབང་བློ་ཉམ་པ་དང་། ཞེས་བྱ་བ་ནས་མྱ་དྲན་མངལ་ལས་བྱུང་བའི་བར་གྱི་སྡུག་བསྔལ་གྱི་རྣམ་གྲངས་བསྟན་ཏོ།། རྨི་ལམ་སྡིག་པ་མཐོང་ན་ཡང་གིས ་ནི་སྡུག་བསྔལ་འབྱུང་བའི་རྟགསོ།། དེས་ནི་རབ་ཁྲུས་བྱ་བ་ནས་རྫོགས་པའི་བར་དུ་སྡུག་བསྔལ་བཟློག་པའི་ཐབས་བསྟན་ཏོ།། དེ་ལ་ཡང་གསུམ་སྟེ། སྟ་གོན་ལ་གནས་པ་དང་། མདོ་སྡེ་འདི་མཉེན་ཅིང་ཉམ་སུ་བླངས ་པའི་ཕན་ཡོན་དང་། བུམ་པའི་དཀྱིལ་འཁོའོ།། དེ་ལ་དེས་ནི་རབ་བཀྲུས་གཙང་མ་ཡཽས་ནས་གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། ཞེས་པའི་བར་དུ་ནི་སྟ་གོན་ལ་གནས་པ་བསྟན། ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ ་ཞེས་བྱ་བ་ནས། སྡིག་པ་ཀུནྡ་ལས་རྣམ་པར་ཐར་ཞེས་བྱ་བའི་བར་དུ་ནི། མདོ་སྡེ་མཱཉན་པའི་ཕན་ཡོན་བསྟན། ནོར་བུ་ཡུངས་ཀར་མན་ཆད་རྫོགས་པའི་བར་གྱི་བུམ་པའི་དཀྱིལ་འཁོར་བསྟན་ཏོ།། དེ་ལ་བུམ་པ་ལྔ་ལྔ་སྟེ། ་ནང་གི་རྒྱུ་དང་། བུམ་པའི་རྒྱུ་དང་། མགུལ་དཀྲིས་ཀྱི་རྒྱུ་དང་། བཟླས་བརྗོད་ཀྱི་གྲངས་དང་། ཁྲུས་བྱ་བའི་ཐབས་དང་གདམས་ངག་གོ།། དེ་ལ་ནོར་བུ་ཡུངས་ཀར་དུརྦ་དང་། བྱ་བ་ནས་ཆུ་ཡིས་བྱ་བ་ཡན་ཆད་ཀྱིས་ནང ་དག་པའི་རྒྱུ་བསྟན་ཏོ།། གསེར་རམ་ཡང་ན་ནི། དངུལ་གྱི་བུམ་པ་དག་ཀྱང་རུང་ཞེས་པས་བུམ་པའི་རྒྱུ་བསྟུན་ཏོ།། གཙང་མའི་གོས་ཞེས་པས་མགུལ་དཀྲིས་ཀྱི་རྒྱུ་བསྟན་ཏོ།། ལན་གྲངས་ཉི་ཤུ་རྩ་གཅིག། ་གམ། ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད་ཅེས་པས་བཟླས་བརྗོད་ཀྱི་གྲངས་བསྟན་ཏོ།། རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག་པ་ནི་ཁྲུས་བྱའི་ཐབས་དང་གདམས་ངག་གོ།། དབང་པོ་ཉམས་ཞེས་པ་ནི་ཡིད་ཀྱི་དབང་པོ ་ཉམས་པ་ལ་བྱཱ། ཁཱ་ཅིག་ན་རཾ་མིག་ལྔ་སོགས་པའི་དབང་པོ་ཉམས་པ་ལ་ཡང་བྱ་ཟེར་རོ།། ཚྭ་ཟུད་རྒྱས་པ་ནི་སྔོན་གྱི་རྣམ་པ་ར་སྨིནྡྲ་པའི་ཚེ་ཟད་པའོ།། འཕྲལ་གྱི་རྐྱེན་གྱིས་བསྒྱུར་བ་ལ་ནི་ཚེ་ཉམས་ཞེས་བྱའོ།། ་ཕུན་སུམ་ཚོགས་མིན་གང་ཆགས་དང་ཞེས་བྱ་བ་ཆོས་ཀྱིས་འཕོངས་པའི་ལས་བྱས་པས་དེའི་ལོང་སྤྱོད་དང་མི་ལྡན་པ་ལ་བྱའོ།། ཁ་ཙོགྲྀ་ན་རཱ་སཱར་སྣའི་ལས་སྨད་པས་ལོང་སྤྱོད་མི་ལྡན་པ་ལ་བྱ་ཞེས་ཟེར། ལྷ་རྣམས ་རྒྱབ་ཀྱིས་ཕྱོགས་པ་དང་། ཞེས་པ་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དོག་གྲིསྣ་གྲོགས་མི་བྱེད་ཅིང་འདོད་པ་མི་སྦྱིན་པའི་ཐ་ཚི་གོ།། གཞན་དག་ནི་གོ་སླའོ།། རྨི་ལམྲྀ་སྡིག་པ་མཐོང་ན་ཡང་ཞེས་པ་ནི ་སེམས་ཅན་དག་གིས་དབང་པོ་ཉམས་པའི་རྨི་ལམ་སྡིག་པ་མཐོང་ངམ། ཚེ་ཟད་པའི་རྨི་ལམ་ནས་མྱ་ངན་ངལ་ནས་བྱུང་བའི།། རྨི་ལམ་སྡིག་པ་མཐོང་ན་ཡང་ཞེས་བྱའོ།། གཞན་ནི་གོ་སླའོ།། གང་དག་ཡིད ་དགེ་སེམས་དང་ཞིང་ཞེས་པས་སྡིག་པུ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མཱི་བྱེད་པ་ནི་ཡིད་དགེ་བའོ།། གླང་གཞན་གྱི་དྲོར་བྱེད་པ་མ་ཡིན་པས་དགེ་བ་སྤྱོད་པ་ནི་སེམས་དང་བའོ།། གཙངྒ་མཱའི་གོས་ནི་སྲོག་ཆགས ་ཀྱི་རྒྱུ་ལས་མ་བྱུང་བ་ལ་བྱའོ།། ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ་ཞུས་པ་ནི་མདོ་སྡེ་འདྲི་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་ཟབ་མོའོ།། དེ་ནི་སངས་རྒྱུས་ཉག་ཅིགུ་གི་སྤྱོད་ཡུལ་ཡིན་པའི་ཕྱིར་གཞན་དག་གིས་བཤད ་མི་ནུས་པའི་ཐ་ཚིགོ།། དྲིས་པ་དེ་ལྟར་ན་ལག་ན་ལོག་ནི་རྡོ་རྗེས་སྨྲསོ།། ཞེས་འབྱུང་བེ་ཅིའི་ཕྱིར་ཞེ་ན། སྨྲས་པ། དེ་ནས་སངས་རྒྱས་ཀྱི་མཐུ་ཞེས་འབྱུང་བས་འདི་ལ་འགལ་བ་མེད་དོ།། གཞོན་ནི་ཀོ་སླའོ།། མི་ཟད་པའི ་ནད་རྣམས་ཀྱང་ཞེས་བྱ་བ་ནི་སེམས་ཅན་དབྱུང་པོ་ཉམས་པ་དང་བྱ་བ་ནས་རྨི་ལམ་སྡིག་པ་མཐོང་ན་ཡང་ཞེས་པའི་བར་དག་ལ་བྱའོ།། གཞན་དག་ནི་གོ་སླ་བས་མ་བཤད་དོ།། རྒྱལ་པོ་རྟག་ཏུ་ཁྲུས་གྱིས ་ག་པ་ལ། རྒྱལ་པོ་ཞེས་བྱ་བ་ནི་བོས་བླའི་ཚིག་ཉིད་དོ།། གཟུངས་ནི་གྲངས་བཞིན་བཟླས་ལ་ཁྲུས་གྱིས་ཤིག་པའི་གདམས་ངག་གོ། སླེབ་དཔོན་བོ་དྷི་སཏྭས་མཛད་པའི་འགྲེལ་པ་ཕྱི་མ་རྫོགས།། ་ལོ་ཙ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པ།། ་