CLOSE WINDOW

GT1502: 'phags pa dpung bzang gis zhus pa'i rgyud kyi bsdus pa'i don bkrol ba'i rjes byang
Wyliee-texts produced with BDRC’s OCR application

སྔོན་གྱི་སངས་རྒྱས་རྣམས་ཇི་ལྟར་གཤེགས་པ་བཞིན་དུ་བྱོན་པའི་དོན་ཏོ།། དེས་བྱིན་གྱིས་བརླབས་པའི་གསང་སྔགས་ཀྱི་ལྷ་གཙུག་ཏོར་ལ་སོགས་པ་དང་བཅས་པའོ།། པདྨའི་རིགས་ཞེས་བྱ་བ་ནི། ཉོན་མོངས་པས་མ་གོས་པའི་ཐུགས ་རྗེའི་སྤྱན་གྱིས་ཉིན་མཚན་དུས་དྲུག་དུ་སེམས་ཅན་རྣམས་ལ་གཟིགས་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟེ། དེས་འགྲོ་བ་བསྒྲལ་བར་བྱིན་གྱིས་བརླབས་པའི་རིག་སྔགས་སྒྲོལ་མཱ་ལ་སོགས་པའི་འཁོར་དང་བཅས་པའོ།། ། ་རྡོ་རྗེའི་རིགས་ཞེས་བྱ་བ་ནི། བསྟན་པ་བསྲུང་བ་དང་། སྡུང་བ་རྣམས་གཞོམ་པའི་དོན་དུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྐྱེད་པའི་ཡེ་ཤེས་དེ་རྡོ་རྗེར་བྱིན་གྱིས་བརླབས་ནས། དེ་བཞིན་གཤེགས ་པ་རྣམས་ཀྱིས་ཕྱག་ན་རྡོ་རྗེ་དབང་བསྐུར་ཏོ། དེའི་བྱིན་གྱི་བརླབས་བསྟན་པའི་གསང་སྔགས་ཀྱི་ཁྲོ་བོ་ལ་སོགས་པའི་ཚོགས་དང་བཅས་པའོ།། ཁ་ཅིག་ན་རེ་རབ་ཏུ་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས། རོ་སྟོད་ལས་ནི་བྱུང་བའི་མཆོག། ལྟེ་བ ་མན་ཆད་ཐ་མ་ཡིན།། བར་གྱི་ལུས་ལས་བྱུང་པོ་འབྲིང་།། གསང་སྔགས་རྣམས་ཀྱི་དངོས་གྲུབ་བསྐྲུན་ཅེས་གསུངས་པ་དང་། རྣམ་པར་སྣང་མཛད་མངོན་པར་རྫོགས་པ་བྱང་ཆུབ་པའི་རྒྱུད་ཆེན་པོ་ལས་ཀྱང་། རྡོ་རྗེ་འཛིན་པའི ་ལུས་འདྲ་བ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། ཕྱག་ན་པདྨའི་ལུས་འདྲ་བ་དག། ཕྱོགས་བཅུ་ན་གསང་སྔགས་ཀྱི་ཚུལ་གྱི་ཚིག་རྣམ་པར་དག་པའི་ཚིག་གིས་ཆོས་སྟོན་པ་དག་ཀྱང་གསུངས་པས། བཤད་པ་དེ ་འགལོ་ཞེ་ན། གཞན་དག་ན་རེ་གཙུག་ཏོར་གྱི་རྒྱུད་ལས་གཙུག་ཏོར་འཁོར་ལོ་སྒྱུར་བའི་རང་བཞིན་བཤད་པ་ལས། བཅོམ་ལྡན་འདས་འདི་ནི་སངས་རྒྱས་ཐམས་ཅད་དང་། གསང་སྔགས་ཀྱི་ཚུལ་དུ་གནས་ནས། ་ཐུགས་རྗེ་ཆེན་པོའི་ལུས་ཅན་ཐམས་ཅད་ལ་སྟོན་པར་བཞུགས་ཤིང་། གིསང་སྔགས་རྣམས་ཀྱིས་བདག་པོ་མཛ་དོ་ཞེས་གསུངསོ།། གཞན་ཡང་ཇི་ལྟར་ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་དཔག་ཏུ་མེད་འདྲེས་ཤིང་།། རྟག་ཏུ་བྱ་བ ་གཅིག་ལ་འཇུག། འཇིག་རྟེན་ལ་ཡང་སྣང་བར་བྱེད།། དེ་བཞིན་ཟད་མེད་དབྱིངས་ན་ཡང་།། སངས་རྒྱས་དཔག་ཏུ་མེད་འདྲེས་ཤིང་།། མཛོད་པ་གཅིག་ནི་མཛད་པ་ལ།། ཡེ་ཤེས་སྣང་བ་མཛད་པར་འདོད།། ཅེས་གསུངས་ཏེ། གང་ལྟར་ཡང་མི ་འགལོ།། ཇི་སྐད་དུ། ཟག་མེད་དབྱིངས་ནི་སངས་རྒྱས་རྣམས།། མཁའ་ལྟར་ལུས་ནི་མེང་ཕྱིར་དང་།། སྔོན་གྱིས་རྗེས་ལུགས་འབྲང་བའི་ཕྱིར།། གཅིག་མིན་མང་པོ་ཉིད་མ་ཡིན།། ཞེས་བཤད་པའི་ཕྱིརོ།། དེ་བཞིན་དུ་ཞེས་བྱ་བ་ནི་སྔ་མ ་གསུམ་དང་འདྲ་བར་རིག་སྔགས་ཀྱི་ལྷའི་རྣམ་གྲངསུ་བཞག་པའི་དོན་ཏོ།། གཞན་ཡང་ཞེས་བྱ་བ་ནི་རྒྱུད་གཞན་ལ་མ་གྲགས་པ་འདྲིར་གླེང་བའི་ཐ་ཚིགོ། ནོར་ཅན་གྱི་རིགས་ཞེས་བྱ་བ་ནི། དཔལ་ནོར་བུ་བཟང་པོ་ལ་སོགས་པས་ནོར ་གྱི་རྒྱུན་ཟད་མི་ཤེས་པར་བྱིན་གྱིས་བརླབས་ནས། སེམས་ཅན་གྱི་དབུལ་བའི་གནོད་པ་སེལ་ཅེས་བྱ་བའི་དོན་ཏོ།། རྒྱས་པའི་རིགས་ཞེས་བྱ་བ་ནི། བུ་ལྔ་བརྒྱ་དང་འགྲོགས་ཤིང་ཚེ་ལོ་ལྔས་རྩེ་བར་སྟོན་པས་ལྔས་རྩེན་ཏེ། ་དེས་བུ་ཚ་འཕན་པ་དང་། ལོངས་སྤྱོད་འཕེལ་བ་རྒྱས་པའི་ལས་གྲུབ་པར་བྱེད་ཅེས་བྱ་བའི་ཐ་ཚི་གོ། འཇིག་རྟེན་པའི་རིགས་ཞེས་བྱ་བ་ནི། ལྔ་པོ་དེ་རྣམས་ལ་མ་རྟོགས་པའི་ལྷ་དང་། ལྷ་མ་ཡིན་ལ་སོགས་པས་སོ་སོའི་གསང་སྔགས་ཆོ ་ག་དང་བཅས་ཏེ་ཕུལ་བའོ།། གསུམ་དུ་ཡང་དག་པར་བསྡུས་པ་སྟོན་ཏོ།། ཞེས་བྱ་བྷ་ནཱ~ཾ། ནོར་ཅན་ནི་པདྨའི་རིགས་ཀྱིས་བསྡུ་སྷོ།། རྒྱས་པ་ནི་རྡོ་རྗེའི་རིགས་ཀྱིས་བསྡུ་སོ།། འཇིག་རྟེན་པའི་རིགས་ཀྱང་དེ་དག་གི་བགབ་ཏུ་ཕལ་ཆེར་འདུས་པར ་རིགས་པར་བྱའོ།། དེ་དག་གིས་མ་བསྡུས་པ་རྣམས་ནི་དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ལས་བྱུང་བ་ཡང་མ་ཡིན་ཡང་།། བྱང་ཆུབ་སེམས་དཔའ་ས་ལ་གནས་པ་ལྟར་བདེ་བར་གཤེགས་པ་ཉིད་ཀྱི་རིགསུ་སྐྱེས་པ་ཡང་མ ་ཡིན་པས། དེ་བཞིན་གཤེགས་པའི་རིགས་ལ་བརྟེན་པ་ཞེས་གདགས་ཏེ། དོན་དེ་རྒྱུད་འདི་ཉིད་ལས་ཀྱང་། གཞན་ཡང་འདི་ན་ཁ་ཅིག་གནས་མེད་པར།། བདེ་བར་གཤེགས་ལྔ་བརྟེན་ཅིང་ཡོངས་འཁྱམ་པ། ཞེས་གསུངསོ།། དེ་ལྟར་དེ ་རྣམས་སངས་རྒྱས་ཀྱིས་བཏུལ་ཏེ་དམ་ཚིག་ལ་གནས་ཤིང་རིགས་གསུམ་པོའི་ནང་དུ་འདུས་པར་སྣང་གིས་ཀྱང་། དེ་བཞིན་གཤེགས་པ་འཇིག་རྟེན་དུ་མ་བྱུང་བའི་ཚེ། སོ་སོ་ནས་བཤད་པའི་རྒྱུད་རྣམས་ནི་འདིར་མི་བསྡུ ་བར་རིགས་པར་བྱ་སྟེ། རྒྱུད་འདི་ཉིད་ལས་ཇི་ལྟར་དུ། དེ་ནས་གཞན་ཡང་འཇིག་རྟེན་པ་བསྡུས་ནས། ཞར་ལ་བཤད་པ་འདི་དག་ཁྱོད་ཀྱི་ཉོན།། ཞེས་བྱ་བ་ལ་སོགས་པ་གསུང་སོ།། རྒྱུད་འདི་ཐམས་ཅད་ལ་མེད་དུ་མི་རུང ་ཉིད་དུ་བསྟན་པའི་དབང་དུ་མཛད་ནས། དེ་དག་གི་རིགས་དང་། རིག་སྔགས་དང་། གསང་སྔགས་དང་། ལས་ཀྱི་དབྱེ་བ་དང་། མཉེས་པར་བྱ་བའི་ཐབས་ཁ་ཅིག་ཏུ་ནི་རྒྱས་པར་སྤྲོས་ལ། དེ་ལས་གཞན་དུ་ནི་ཅུང ་ཟད་ཙམ་དུ་བསྟན་པ་དང་། གཞན་དག་དུ་ནི་མ་གསུངསོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་རིག་སྔགས་ཐམས་ཅད་ཀྱིས་མཉེས་པར་བྱས་པའི་ཐབསུ་གྱུར་པ། འཇུག་པ་དང་། སྦྱོར་བ་དང་། སྒྲུབ་པ་དང་། གྲུབ ་པའི་སྤྱོད་པ་བསྟན་པ་རྣམས་དཔུང་བཟང་གིས་ཞུས་པའི་གསང་སྔགས་ཀྱི་མདོ་སྡེའི་ལེའུ་བཅུ་གཅིག་པོ་འདིར་གཏན་ལ་དབབ་པར་བསྟན་ཏོ།། ཞེས་གསུངསོ།། དེ་དག་གི་རིགས་དང་། རིག་སྔགས་ཞེས་བྱ་བ་ལ་སོགས་པ་ནི་བཤད ་མ་ཐག་པའི།། ལས་ཀྱི་དབྱེ་བ་ཞེས་བྱ་བ་ནི་བཟླས་བརྗོད་དང་སྦྱིན་སྲེག་གི་ཁྱད་པར་གྱིས། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་ཤུལ་སྤྱོད་པར་གསུངསོ།། མཉེས་པར་བྱ་བ་ཐབས་ཞེས་བྱ་བ་ནི། དམ་ཚིག་འཛིན་པ་དང་། དབང ་བསྐུར་བ་དང་། མཆོད་པ་ལ་སོགས་པའི་ངེས་པའི་མཚན་ཉིད་དང་། བཟློས་བརྗོད་དང་། སྦྱིན་སྲེག་བྱེད་པའི།། ཁ་ཅིག་ཏུ་ནི་རྒྱས་པར་སྤྲོས་ལྔ། ཞེས་བྱ་བ་ནི་རྒྱུད་ལ་ལ་དང་ལས་འབྲོས་ཆེ་བར་གསུངས་པ། དབང་པོ་བརྟུལ་པོ ་རྣམས་ཀྱིས་མི་འདུས་ཞེས་བྱ་བའི་ཐ་ཚི་གོ།། དེ་ལས་གཞན་དག་ཏུ་ནི་ཅུང་ཟད་ཙམ་དུ་བསྟོན་པ་དང་། ཞེས་བྱ་བ་ནི་ཁ་ཅིག་ཏུ་ཟུར་ཙམ་གྱིས་བསྟན་པ་ཐོས་པ་ཉུང་ངུས་མི་གོ་བའོ།། གཞན་དག་དུ་ནི་མ་གསུང་སོ།། ཞེས་བྱ་བ་ནི། ་རྒྱུད་ཁ་ཅིག་ཏུ་གསང་སྔགས་དང་དེའི་ཕན་ཡོན་ཙམ་ནི་གསུངས་ལ། དེ་དག་གི་རིགས་ལ་སོགས་པའི་དབྱེ་བ་དང་མཉེས་པར་བྱ་བའི་ཐབས་ནི་མ་གསུང་སོ།། ཞེས་བྱ་བའི་ཐ་ཚི་གོ།། དགོངས་ནས་ཞེས་བྱ་བ་ནི། དོན་མ་འདུས་པ་དང་། མ་གོ ་བ་དང་། ཆོ་ག་མེད་པའི་རྣམས་བསྒྲུབ་དུ་མི་རུང་བ་ལས་དགོངས་པའི་དོན་ཏོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཅོམ་ཞིང་གཟུགས་ལ་སོགས་པའི་ལེགས་པ་དྲུག་དང་ལྡན་པའི་དོན་ཏོ།། རིགས་ཐམས་ཅད་ཀྱིས་མཉེས་པར ་བྱ་བའི་ཐབསུ་གྱུར་པ་ཞེས་བྱ་བི་ནཾ། འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པ་ཐམས་ཅད་ལ་ཡང་འདིར་སྦྱར་དགོས་པར་བསྟན་ཏོ།། འཇུག་པ་ཞེས་བྱ་བ་ནི། རིག་སྔགས་འཆང་སྒྲུབ་པ་དང་། མི་སྒྲུབ་པ་གཉི་གའི་ཐུན་མོང་དང་། ་ཐུན་མོང་མ་ཡིན་པར་འཇུག་པའོ།། སྦྱོར་བ་ཞེས་བྱ་བ་ནི། ལྷ་རྣམ་པ་དྲུག་པོ་གཟུགས་དང་། ཕྱག་རྒྱ་དང་། ཡི་གཾ་དང་། སྒྲ་དང་། ཀུན་རྫོབ་ཀྱི་ཏིང་འཛིན་རྣམ་པ་དང་བཅས་པ་དང་། དོན་དམ་པའི་ཏིང་འཛིན་གཉིསུ་མེད་པ་ལ་སྦྱར ་བའོ།། སྒྲུབ་པ་ཞེས་བྱ་བ་ནཱི་ལུས་སམ། རྗེས་སམ། ལོངས་སྤྱོད་སྒྲུབ་པའོ།། གྲུབ་པ་ཞེས་བྱ་བ་ནི་འབར་བ་ལ་སོགས་པའི་བྱེ་བྲག་གི་དངོས་གྲུབ་གང་ཡང་རུང་བ་ཞིག་ཏུ་གྱུར་ནས། ཇི་ལྟར་སྤྱད་པ་བསྟན་པའོ།། དཔུང་བཟུང ་ཞེས་བྱ་བ་ནི་ཕྱག་ནི་རྡོ་རྗེའི་སྲས་ཏེ་དབང་གིས་དཔུང་པ་བཟང་པོ་ལས་འཁྲུངས་པ། འདིར་ཞུས་པའི་གང་ཟག་གི་དབང་དུ་མཛད་དེ། རྒྱུད་ཀྱི་མིང་ཡང་དེ་དང་མཐུན་པར་བརྟགས་པར་རིག་པར་བྱའོ།། ལེའུ་བཅུ་གཅིག་པོ ་ཞེས་བྱ་བ་ནི་ལེའུ་རིམ་པར་བཀོད་པའི་གྲངསོ།། གཏན་ལ་ཕབ་པར་བསྟན་ཏོ།། ཞེས་བྱ་བ་ནི་མདོར་བསྡུས་པ་དང་གོ་སླ་བར་བྱས་ཏེ་ངེས་པར་བསྟན་པའི་དོན་ཏོ།། ་དོན་རྣམ་པར་དབྱེ་བའི་དབང་དུ་མཛད་ནས། དེ་ལ་ལེའུ་དང་པོ་ནི་དོན་བདུན་གྱིས་བཤད་པར་བསྟན་ལ། ཚིག་དང་པོའི་དོན་ནི་འདི་ལྟ་སྟེ། མདོ་སྡེ་དང་དེ་འཆད་པ་དང་། ཞུ་བ་དང་། འགྲེལ་པ་དང་། བརྗོད་པར་བྱ་བ་དགོས ་པ་དང་། དགོས་པའི་ཡང་དགོས་པ་རྣམས་ཀྱི་བསྟན་ཏེ། ཞེས་གསུང་སོ།། དེ་ལ་ལེའུ་དང་པོ་ཞེས་བྱ་བ་ནི་ཐེག་མར་གསུངས་པའི་ལེའུའོ།། དོན་བདུན་གྱིས་བཤད་པར་བསྟན་ལ། ཞེས་བྱ་བ་ནི་དོན་གྱི་རྣམ་གྲངས་བདུན་ནོ།། ་ཚིག་དང་པོའི་དོན་ཞེས་བྱ་བ་ནི་བདུན་པའི་དང་པོའོ།། དེ་ལ་མདོ་སྡེ་ཞེས་བྱ་བ་ནི་དཔུང་བཟང་ཀྱིས་ཞུས་པ་ཞེས་གྲགས་པའོ།། དེ་འཆད་པ་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་ཏོ།། ཞུ་བ་ནི་འཕགས་པ་དཔུང་བཟང་སྟེ། དེ་གཉིས་ཀྱང་སྐྱེ་བ ་གཅིག་གིས་ཐོབ་པའི་ཕྱིར། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་དང་། གཟུངས་དང་། སོ་སོ་ཡང་དག་པར་རིག་པ་དང་། ཏིང་འཛིན་དང་། དབང་དང་། བཟོད་པ་དང་། རྣམ་པར་ཐར་པ་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སྟོན ་པ། བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ལ་སྒྲིབ་པ་མ་ལུས་པར་སྤངས་པས་བཤད་ཅིང་བཟུང་བའི་སྒོ་ནས་གང་དག་གང་ཟག་གི་རྗེསུ་འབྲང་བ་རྣམས་རྒྱུད་ལ་གུས་པ་སྐྱེའོ།། འབྲེལ་པ་ཞེས་བྱ་བ་ནི་འཕགས་པ་རྡོ་རྗེ་འཛིན་པ ་ལ་སོགས་པ་རིག་སྔགས་ཐམས་ཅད་དུ་གྲུབ་པས། རྒྱུད་འདི་ལས་བཤད་པ་འམ། ཡང་ན་རྒྱུད་འདི་ལས་གོམས་ཤིང་། འདི་མན་ངག་བཞིན་དུ་སྤྱད་པས། རིག་སྔགས་འཆང་རྣམས་དངོས་གྲུབ་ཐོབ་པའི་ཕྱིརརོ།། བརྗོད་པར་བྱ་བ་ཞེས་བྱ་བ་ནི། རིག ་སྔགས་ཐམས་ཅད་མཉེས་པའི་ཐབས་གྱུར་པ། འཇུག་པ་ལ་སོགས་པའི་སྤྱོད་པ་རྒྱུད་འདིས་སྟོན་པའི་དོན་ཏོ།། དགོས་པ་ཞེས་བྱ་བ་ནི་ཆོ་གའི་གནས་རྣམས་གཏན་ལ་ཕབ་པར་ཤེས་པ་དང་། ཡིད་ལ་བྱེད་པའི་ཕན་ཡོན་ཐོབ་པར་འགྱུར ་བྱའོ།། དེ་ལ་ཆོ་གའི་གནས་རྣམས་གཏན་ལ་ཕབ་པར་ཤེས་པས་ནི། འཇུག་པ་ལ་སོགས་པའི་དུས་ན་ལསུ་བྱ་བ་ཐམས་ཅད་རྟོགས་པར་ཁོང་དུ་ཆུད་པས་བ་བླག་ཏུ་སྒྲུབ་པ་ལ་འཇུག་ནུས་ལ། ཡིད་བྱེད་པའི་ཕན་ཡོན་ཐོབ་པས ་ནི་ཞི་གནས་ཀྱི་རྗེ་སུ་མཐུན་པ་དང་ལྷག་མཐོང་འཕེལ་བའི་རྗེསུ་མཐུན་པར་འགྱུར་བའི་ཕྱིརརོ།། དེ་ཡང་རིག་སྔགས་འཆང་གི་སྡེ་སྣོད་ལས། གནས་པ་གསུམ་དང་། རྣམ་པར་ཐར་པའི་སྒོ་གསུམ་ལ་གཞོལ་བར་བྱའོ།། དེ་ལ་གནས ་པ་གསུམ་ནི་འཕགས་པའི་དང་། ལྷའི་དང་། ཚངས་པའི་གནས་པའོ།། དེ་ལ་འཕགས་པའི་གནས་པ་ནི་འཕགས་པའི་བདེན་པ་བཞིའོ།། ལྷའི་བསམ་གཏན་བཞིའོ།། ཚངས་པ་ནི་ཚད་མེད་པ་བཞིའོ།། སྟོང་པ་ཉིད་དང་། མཚན་མ་མེད ་པ་དང་། སྨོན་པ་མེད་པའི་མཚན་ཉིད་ནི་རྣམ་པར་ཐར་པའི་སྒོ་གསུམ་ཡིནོ།། ཞེས་འབྱུང་བ་དང་མཐུན་པར་འདི་ཡང་གསུང་སོ།། དེ་དག་འོག་ནས་ཐོད་རྒལ་དུ་འབྱུང་བ་རྣམས་འདིར་སྦྱར་བར་བྱ་སྟེ། དེ་ལ་འཕགས་པའི་གནས་པ ་བདེན་པ་བཞི་པོ་འདི་ཅིའི་ཕྱིར་བཤད་ཅེ་ན། མྱ་ངན་ལས་འདས་པ་དང་། འཁོར་བ་གཉིས་ཀྱི་ཡོན་ཏན་དང་ཉེས་པ་མ་རྟོགས་པའི་ཕྱིར། བྱིས་པ་རྣམས་སྲིད་པ་དང་། ལོངས་སྤྱོད་ལ་མངོན་པར་དགའ་ཞིང ་མྱ་ངན་ལས་འདས་པ་ལ་སྐྲག་གོ།། དེའི་ཕྱིར་འཁོར་བ་ལ་སྐྱོ་བར་བྱ་བའི་དོན་དང་། མྱ་ངན་ལས་འདས་པ་མངོན་སུམ་དུ་བྱ་བའི་དོན་དུ་བདེན་པ་བཞི་ལ་འཇུག་པར་བྱ་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་བསྒོམ་པར་བསྟན་ཏོ།། དེ་ལ་ལུས་དྲན ་པ་ཉེ་བར་གཞག་པའི་དབང་དུ་མཛད་ནས་འདོད་ཆགས་ཤས་ཆོ་མོ་གཙང་ཤ་ཚིལ་དང་། ལྤགས་པ་ཀེང་རུས་བལྟ་བས་རྣམ་པར་བཟློག་ཅེས་བྱ་བ་དང་། ལུས་འདི་མི་གཙོང་པགས་པ་ཤ་ཁྲག་རྐང་།། གླད་བརྒྱས་རྒྱུ་མ་མཚེར་འཆིན ་མཁལ་མ་ཞག། མཁྲིས་པ་དད་ཀན་ཁ་ཆུ་ཕྱིས་དང་།། གཅིན་སྣབས་པ་སྠ་སྐྲ་དང་རུལ་པ་དང་།། མིག་དང་རྣ་བ་སྣ་དང་ཁ་དང་ནི།། བཤང་སྒོའི་མཚན་དང་བུ་ག་དགུ་པོ་ཡི། རྨ་ནས་དྲི་མ་སྣ་ཚོགས་མི་གཙང་བ།། འཛག་པའི་རྒྱུ ་ནི་རྟག་ཏུ་འབྱུང་བ་ཡིན།། དེ་ལྟར་ཡན་ལག་ཐམས་ཅད་འདུས་པ་དང་།། ས་ཆུ་མེ་རླུང་ན་མཁའ་རྣམས་དང་ལྡན།། ཇི་བཞིན་ལས་ཀྱི་རྗེ་འབྲང་མི་ཡི་ལུས།། ཐམས་ཅད་ལྡན་པའི་ལུས་ལ་གནས་པ་ཡིན། འདོད་ཆགས་ཀྱིས ་ནི་གསུངས་པར་གྱུར་ན་ཡང་།། ལུས་ཀྱི་ཡན་ལག་འདི་དག་ཐམས་ཅད་ལ།། དྲན་པ་རྩེ་གཅིག་མངོན་དུ་བྱས་ནས་ནི།། ཡེ་ཤེས་མིག་གིས་སོ་སོ་རྣམ་པར་བརྟག། དེ་ལྟར་གང་གིས་ངེས་པར་བརྟགས་པ་ན།། ལུས་དང་སྲེག་ལ ་རྗེ་ཆགས་པ་ཡི།། འདོད་ཆགས་རྩ་ནས་ཡོངས་ཡེ་ཞི་འགྱུར་ཏེ། ཉི་མས་མུན་ནག་གཏན་ནས་བསལ་བ་བཞིན་ཞེས་གསུངས་ཏེ། འདིས་ནི་གནས་ངན་ལེན་རབ་ཏུ་བསྟོན་ཏེ། དེ་ལ་ཡོངསུ་བརྟགས་ནས། སྡུག་བསྔལ་གྱི་བདེན་པ་ལ ་འཇུགོ།། ཞེས་བསྟན་ཏོ།། ཚེར་བ་དྲན་པ་ཉེ་བར་གཞག་པའི་དབང་དུ་མཛོད་ནས། ཚོལ་དང་མཛའ་ཤེས་དང་ནི་རྣམ་པར་བྲལ།། མི་སྡུག་པ་དང་ཕྲད་ཅིང་འདོད་པསྐུ་གདུངས།། ངན་པ་སྐྱེ་རྒ་འཆི་བའི་སྡུག་བསྔལ་ཅན།། ཡུལ་རྣམས ་ཀུན་ཏུ་སོང་ནའང་མེད་པ་མིན།། ཤཱ་སྦྲང་ཚ་གྲང་བཀྲེས་དང་ངལ་ལ་སོགས།། གང་དུ་སྤོང་ནའང་སྡུག་བསྔལ་ཉིད་ཡིན་པས།། ཡུལ་ལ་མངོན་དགའི་སེམས་ནི་བྱུང་བ་ན།། རྣམ་རྟོགས་དེ་དག་རྣམས་ཀྱིས་བཟློག་པར་བྱ་ཞེས ་གསུངས་ཏེ། འདིས་སྲིད་པའི་རྒྱུན་ཚོར་བ་སྟེ།། དེ་ལ་ཡོངསུ་བརྟགས་པས་ཀུན་འབྱུང་པོའི་བདེན་པ་ལ་འཇུགོ། ཞེས་བསྟན་ཏོ།། སེམས་དྲན་པ་ཉེ་བར་གཞག་པའི་དབང་དུ་མཛད་ནས། སེམས་ནི་གློག་དང་སྤྲེའུ་དང་རླུང་དྲང ་ཚུངས།། རྒྱ་མཚོ་ཆེན་པོ་ཡི་ནི་རླབས་དང་འདྲ།། སྒྱུ་ཅན་འདོད་དགུར་འདོད་ཡོན་མངོན་དགའ་བ།། གཡེ་ཞབ་འཕྱན་པ་ངེས་པར་གདུལ་བར་བྱ་ཞེས་བྱ་བ་དང་། དེ་ཕྱིར་བཅོམ་ལྡན་རྒྱལ་བའི་དབང་པོ་ཡས།། ཆོས་འདི་ཀུན་གྱི་རྩ ་བ་སེམས་ཞེས་གསུངས།། སེམས་ནི་དང་བར་ལྷ་མི་བདེ་བ་དང་།། མཐོ་རིས་དང་ནི་བྱང་གྲོལ་ཐོབ་པར་འགྱུར།། སེམས་ནི་སྐྱོན་གྱིས་དུད་འགྲོར་སྐྱེ་བ་དང་།། སེམས་དམྱལ་གནས་ཤིང་མི་སྡུག་དབུལ་པོར་འགྱུར།། སེམས་ནི ་རབ་ཏུ་དང་བར་གྱུར་པའི་མས།། ས་ཆུ་མེ་རླུང་སྒྱུ་རྒ་འཆི་སོགས་དང་།། བར་དང་ཐ་མྱུར་གནོད་པ་ཀུན་བྲལ་བ།། རྣམ་གྲོལ་བདེ་ཞིང་ཞི་བ་ཐོབ་པར་འགྱུར།། གསང་སྔགས་དངོས་གྲུབ་ཀུན་དང་ཐུན་མོང་པ།། བདེ ་བ་ཆུང་ཞིང་སྡུག་བསྔལ་བརྒྱ་དང་འབྲེལ།། ཉོན་མོངས་དུག་བཅས་རྣམ་པར་འཇིགས་འགྱུར་བ།། དང་པོའི་སེམས་ཀྱི་ཐོབ་པར་གྱུར་པ་ཡིན། ཞེས་གསུངས་ཏེ། འདིས་ནི་རྟག་ཏུ་མངོན་པར་ཞེན་པའི་གཞི་ནི་སེམས་ཏེ། དེ་ལ་ཡོངསུ ་བརྟགས་པས་འགོག་པའི་བདེན་པ་ལ་འཇུག་སྟེ། བདག་ཆད་པར་དོགས་པའི་འཇིགས་པ་མེད་པའི་ཕྱིར། ཞེས་བསྟན་ཏོ།། ཆོས་དྲན་པ་ཉེ་བར་གཞག་པའི་དབང་དུ་མཛད་ནས།། འདོད་རྒྱལ་ལྔས་ཀྱང་མ་བྱུང་དུས་ལས་མིནྟ།། རང་བཞིན ་དབང་ཕྱུག་ལས་ཀྱང་མ་ཡིན་ཏེ།། རྒྱུ་མེད་ཅན་མིནི་སྐྱེ་ས་བུས་མྱ་བྱས་ཀྱང་།། ལུས་དང་ཉེན་མོངས་པ་ལས་སེམས་ཅན་བྱུང་།། གཟུགས་ནི་འབྱུང་བ་ཆེན་པོ་བཞི་དང་ལྡན།། དོ་ནི་བདག་མིང་གཟུགས་ཀྱང་བདག་མ་ཡིན།། གཟུགས ་ལ་བདག་མེད་བདག་ལ་གཟུགས་མེད་དེ།། གཟུགས་ནི་སྟོང་པའོ་ཕུང་བཞིའང་རིག་པར་གྱིས།། གཟུགས་ནི་དབུ་བ་རྡོས་པ་དག་དང་འདྲ་བ་སྟེ།། ཚོར་བ་ཆུའི་ཆུ་བུར་བཞིན་དུ་རྟག་པ་མེད།། དེ་ལྟར་མཐོང་བ་ལྟ་བ་བཟང་པོ་ཡིན།། གང ་ཞིག་གཞན་གྱུར་དོན་ལྟ་ངན་གསུངས་ཞེས་གསུངས་ཏེ།། འདིས་ནི་ཆོས་ལ་ཡོངསུ་རྟགས་པས་ཉུང་ནིས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ལ་རྨོངས་པ་མེད་པའི་ཕྱིར། ལམ་གྱི་བདེན་པ་ལ་འཇུའོ་ཞེས་བསྟན་ཏོ།། ་འདིར་ཚིག་སུ་བཅད་པ། གནས་ངན་ལེན་ཕྱིར་སྲེད་རྒྱུའི་ཕྱིར།། གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར།། བདེན་པ་བཞི་ལ་འཇུག་བྱ་བས།། དྲན་པ་ཉེ་བར་གཞག་པ་བསྒོམ།། དྲན་པ་ཉེ་བར་གཞག་པ་སྒོམས་པ་དེ་ཉིད་ལ་མི་མཐུན་པའི་ཕྱོག་སྟེ་དང་། ་གཉེན་པོ་གཉིས་སྐྱེ་འབྱུང་དང་། མ་སྐྱེས་པ་ཐ་དད་པས་བརྩོན་འགྲུས་རྣམ་པ་བཞི་འབྱུང་བ་ནི།། ཡང་དག་པར་ཡོང་བ་སྟེ། མི་མཐུན་པའི་ཕྱོགས་བསལ་བ་ལ་སྐྱེས་པ་རྣམས་ཀྱིས་རྒྱུད་བཅད་པའི་དབང་དུ་མཛད་ནས། ཚིག ་རྩུརྔུབ་ཕྲ་མ་ཀྱལ་པོ་སྨྲ་བ་དང་།། གཞན་གྱི་བྱུད་མེད་གྲོང་དང་བརྫུན་སྒྲ་དང་།། ཆུ་དང་གཞན་གྱི་སྲོག་གཙད་གནོད་བྱེད་དང་། ཆང་དང་བྱེད་པ་རྟོག་ཏུ་སྤྱང་ངར་བྱ།། རྨོངས་པ་གང་གིས་ལུས་དང་ངག་དང་ནཱི།། དེ་བཞིན་ཡིད་ཀྱི་བསོད ་ནམས་བསགས་བྱས་ཀྱང་།། ཐམས་ཅད་ལོག་པར་ལྟ་བས་བཅོམ་པས་ནི།། དེ་ཡི་རྣམ་སྨིན་མི་འདོད་འབྲས་བུར་འགྱུར།། དཔེར་ན་ས་དང་ཆུ་དང་དུས་ལྡན་ཡང་།། ས་བོན་ཚིག་པ་མྱུ་གུ་མི་སྐྱེ་ལྟར།། དེ་བཞིན་མི་ཤེས་ལོག་ལྟས་བཅོམ ་པ་ཡི། སེམས་ལས་དགེ་བའི་ཆོས་རྣམས་མི་སྐྱེའོ།། རྟག་ཏུ་སེམས་ནི་དགེ་བ་བཅུ་དག་གིས།། ཆོས་ཀྱི་ལམ་ལ་གནས་པར་བྱས་ན་ལེགས། ཞེས་བྱ་བ་དང་། སེར་སྣ་དྲེགས་དང་རྒྱགས་པ་རྣམས་སྤངས་ཏེ། ཞེས་གསུངས་ཏེ། ་འདི་ནི་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་དོ།། འབད་དོ་བརྩོན་འགྲུས་རྩོམ་མོ།། སེམས་རབ་ཏུ་འཛིན་ཏོ།། ཡང་དག་པར་རབ་ཏུ་འཇོགོ་ཞེས་བསྟན་ཏོ།། མི་མཐུན་པའི་ཕྱོགས་བསལ་བ་ལ་མ ་སྐྱེས་པའི་རྣམས་མི་བསྐྱེད་པའི་དབང་དུ་མཛད་ནས། གང་ཞིག་དགྲ་བཅོམ་ཕ་མ་གསོད་པ་དང་།། ཐུབ་པའི་དགེ་འདུན་དབྱེན་ནི་བྱེད་པ་དང་།། དེ་བཞིན་གཤེགས་ལ་སྡང་བའི་སེམས་ཀྱི་སུ།། ནམ་ཞིག་མི་དག་སྐུ་མཚལ་འབྱིན་བྱེད་པ།། ་ཤིན་ཏུ་མི་བཟད་པ་ཡི་ལས་འདི་རྣམས།། རྒྱལ་བས་མཚམས་མེད་ལྔ་པོ་ཡིན་པར་བཤད།། གཏི་མུག་གིས་ནི་སྡིག་པ་ཅི་བྱས་ནའང་།། ཕུང་པོ་འདི་ལ་གྲུབ་པ་ཐོབ་མི་འགྱུར།། མཆོད་རྟེན་འཇིག་ཅིང་བྱང་ཆུབ་སེམས་དཔའ་གསོད།། ཉོན་མོངས ་ཟད་པའི་མ་ནི་སུན་འབྱིན་དང་།། སློབ་པ་གསོད་ཀྱི་དགེ་འདུན་མངའ་བ་ལ།། གང་ཞིག་འདོད་པས་མེ་ཉུང་རྐུ་འཕྲོག་དང་།། མཚམས་མེད་ཉེ་ལྔར་དེ་བཞིན་གཤེགས་པས་གསུངས།། ཚུལ་ཉམས་མི་ནི་འགའ་ཞིག་འདི་བྱེད་པ།། བསྐལ་པའི ་བར་དུ་མནར་མེད་སྡུག་བསྔལ་མྱོང་།། གསང་སྔགས་དངོས་གྲུབ་བསྒྲིམས་ཀྱང་ཡོང་མི་འཐོབ།། གང་ཞིག་བདེ་གཤེགས་གསུང་གི་གླེགས་བམ་དག་ཆུད་གཟོན་པ་འམ་མེས་ནི་བསྲེག་པ་དང་།། བསམ་པ་ངན་པས་ཆུར་ནི་འདོར་བ ་དང་། ཡང་ན་ཆོས་ཀྱི་སྐུ་ནི་སྤོང་བ་འམ།། བསླབ་ཚིགས་མ་ལུས་པས་ནི་བརྒྱན་པ་ཡི།། དགེ་སློང་དག་དང་དགེ་སློང་མ་གསོད་དང་། དགེ་བསྙེན་དང་ནི་དག་བསྙེན་མ་གསོད་དང་།། ངན་པའི་སེམས་ཀྱི་ལྷ་ཁང་སྲེག་ཀྱང་རུང་།། མི་ཡི ་ཡུལ་ནི་སྡིག་པ་འདི་བྱས་པ།། དཀའ་བར་སྤྱོད་པར་ལྡན་ཡང་གྲུབ་མི་ཐོབ།། གང་ཞིག་དཀོན་མཆོག་གསུམ་ལ་གནོད་པ་ཡི།། བསམ་པས་གནོད་པ་ཅུང་ཟད་བྱས་ཀྱང་རུང་།། བདག་ཉིད་མནར་མེད་ཡུན་རིང་དམྱལ་བར་བཅོས།། ་དེ་ལས་ཐར་ནའང་ལས་ཀྱི་དབང་གིས་ནི།། རིགས་དྲན་མི་དང་དུད་འགྲོར་སྐྱེ་བ་འཐོབ།། འདི་དག་ངས་ནི་ཁྱོད་ལ་མདོར་བཤད་དོ།། ཞེས་བྱ་བ་དང་། གང་ཞིག་མི་བཟད་ལས་བྱེད་ཐུབ་པ་གསོད།། རིག་སྔགས་གཅོད་དང་གནོད་པར་བྱེད་པ ་འམ།། བསམ་པ་ངན་པས་གསང་སྔགས་ཚོགས་མི་མཆོད།། དོན་མེད་བཞིན་དུ་སན་མོས་རྩཝ་གཅོད་དང་།། རྐང་པས་རྐང་མཉེས་མལ་ལ་སོགས་པ་ཡི།། སྣ་འབིགས་དགེ་འདུན་ལྔ་ནི་མི་གུས་དང་།། འབྱུང་པོ་བྱིན་པ་འམ་ལྷ་བཤོས ་གཏོར་མ་འམ།། ས་ལ་ལྷུང་བ་སྔགས་པས་བཟའ་མི་བྱ།། འདོད་ཆགས་ཟིལ་གྱིས་ནོན་པས་དུད་འགྲོ་དང་།། བུད་མེད་བགྲོད་བྱ་མིན་པར་བགྲོད་མི་བྱ།། གླང་ཆེན་མི་གདུལ་སྦྲུལ་ཡང་མི་བཟུང་ཞིང་།། རྟ་རྒྱུགས་པ་དང་ལྕག་གི་གཞུ་མི་བྱ།། གང ་ཞིག་སེམས་ཅན་ན་དང་སྡུག་བསྔལ་ལ།། བྱམས་པའི་བསམ་པ་བརྟན་པོ་མེད་པ་དང་།། ལས་དེ་རྣམས་དང་ལྡན་པར་གྱུར་པ་དེའི།། དངོས་གྲུབ་ནཱམ་ཡང་འབྱུང་བར་མི་འགྱུར་རོ།། དཔེར་ན་ན་མཁའ་མཐའ་ཐུག་མེད་པ་ལོ།། ་འདོམ་གྱི་བཙལ་བས་མཐའ་རྟོགས་མི་ནུས་ལྟར།། དེ་བཞིན་དཀོན་མཆོག་གསུམ་ལ་བརྟེན་ནས་ནི།། ཕན་གནོད་བྱས་པའི་དགེ་སྡིག་མཐའ་མི་རྟོགས།། རྒྱུ་དང་སྙིང་གཏོཪྻ་རྩ་བྱའི་དུག་དག་གིས།། ཁྱི་ལ་སོགས་པའི་སེམས ་ཅན་གསོད་པ་དང་།། བྱ་རོག་ལ་སོགས་གཟབ་ཀྱིས་བཅིང་བྱས་ན།། འདི་དང་ཕ་རོལ་ཏུ་ཡང་གྲུབ་མ་ཐོབ།། བདུད་དགྲའི་མེ་ཏོག་རྙིང་པ་བོར་བའི་རྣམས།། རྐང་པས་མི་བརྫི་མགོ་ལ་གདགས་མི་བྱ།། བཀྲེས་པས་གདུངས ་ཀྱང་དེ་དག་རྣམས་ལ་ནི།། ཕུལ་བའི་ལྷ་བཤོས་ནམ་ཡང་བཟའ་མི་བྱ།། ཞེས་གསུངས་ཏེ། འདིས་ནི་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར། འདུན་པ་བསྐྱེད་དོ།། འབད་དོ།། བརྩོན་འགྲུས་རྣམ ་མོ།། སེམས་རབ་ཏུ་འཛིན་ཏོ།། ཡང་དག་པར་རབ་ཏུ་འཇོགྲོ་ཞེས་བསྟན་ཏོ།། གཉེན་པོ་སྐྱེས་པ་ལ། མ་སྐྱེས་པ་རྣམས་སྐྱེས་པའི་དབང་དུ་མཛད་ནས། དགེ་དོང་མི་དགེའི་ཤེས་པ་བཟུང་ན་ནི།། བྲམ་ཟེ་དམངས་རིགས་དག་ལ་ཁྱད་པར་མེད།། ་འོན་ཀྱང་འགྲོ་བའི་བློས་ནི་བྲམ་ཟེ་དང་།། འདི་ནི་དམངས་རིགས་ཡིན་ཞེས་བརྟགས་པོར་ཟད།། བདེན་པའི་ལམ་དྲམིགས་དགེ་བའི་རྗེས་འབྲངས་ན།། དམྱངས་རིགས་དག་ཀྱང་རྒ་ཤི་མེད་པར་འགྲོ།། ལོག་པའི་ལམ་ཞུགས་ཉེས་པར་སྤྱོད ་ལྡན་ན། བྲམ་ཟེ་གང་ཡིན་མི་བཟང་དམྱལ་བར་ལྟུང་།། ལུས་ཅན་ཤིན་ཏུ་དྲི་མ་ལྡན་པ་དག། འདི་ན་གཞན་གྱིས་བདག་པར་མི་འགྱུར་ཏེ།། དེ་ནི་སྡིག་པ་རྣམ་པར་བསལ་བ་དང་།། བསོད་ནམས་མ་ལུས་ཡོངསུ་བཟུང་བས་འདག། ་ཅིས་གསུངས་ཏེ། འདིས་ནི་དགེ་བའི་ཆོས་རྣམས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར།། འདུན་པ་བསྐྱེད་དོ།། འབད་དོ།། བརྩོན་འགྲུས་རྩོམ་མོ།། སེམས་རབ་ཏུ་འཛིན་ཏོ།། ཡང་དག་པར་རབ་ཏུ་གཞོགོ་ཞེས་བསྟན་ཏོ།། གཉེན་པོ་བསྐྱེད ་བ་ལ་སྐྱེས་པ་རྣམས་ཀྱི་རྒྱུན་གྱི་རྗེ་སུ་འཇུག་པའི་དབང་དུ་མཛད་ནས།། དེ་ལྟར་སྡིག་པའི་ཆོས་ལ་རྣམ་གྲོལ་ནས།། བདེ་བར་གཤེགས་པས་ལེགས་པར་གསུངས་པའི་ཆོས། དག་ཅིང་གྲོལ་བ་དང་ནི་ལྡན་པར་གྱུར་པ།། ཟློས་པས ་སྐྱོན་མདོ་སྡེ་བཀླག་པར་བྱ།། གཙང་ཞིང་དབེན་པའི་སའི་ཕྱོགསུ་ནི།། འཇིམ་པ་འམ་ནི་བྱེ་མ་ལས་བྱས་པའི།། བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན།། སྡིག་པ་སྦྱང་བའི་ཕྱིར་ནི་རྟག་ཏུ་བདག། རིང་བསྲེལ་ཅན་གྱི་གཟུགས ་སོམ་མཆོད་རྟེན་ལ།། སྟོད་ཅིང་ཕྲེང་བ་དྲི་དང་མར་མེ་དབུལ།། གདུགས་དང་རྒྱལ་མཚན་དྲི་དང་རོལ་མོ་དང་།། མཆོག་ཏུ་དད་པ་ཡིས་ནི་མཆོད་པར་བྱ།། ཞེས་བྱ་བ་དང་། ཇི་ལྟར་ཆུ་ཀླུང་ཉིན་མཚན་རྟག་ཏུ་ནི།། རྒྱུན་མི་འཆད་པར ་འབབ་པར་འགྱུར་བ་ལྟར།། དེ་བཞིན་ཕྱག་བཅས་བཟླས་དང་བརྟུལ་ཞུགས་ཀྱི།། བསོད་ནམས་ལུས་ཅན་ལ་ནི་འཕེལ་བ་འགྱུར་ཞེས་བྱ་བ་དང་། ཇི་ལྟར་སྦྱིན་སྲེག་དང་ནི་བཟླས་བརྗོད་ཀྱིས།། གསང་སྔགས་བསྒྲུབས་ཀྱང་དངོས་གྲུབ་མ ་ཐོབ་ན། འཇིམ་པ་ལ་ནི་མཆོད་རྟེན་འབུམ་གདབ་པ་འམ།། ཡང་ན་ཆུ་འགྲམ་བྱེ་མ་དག་ལ་གདབ།། དེས་ནི་དེའི་སྡིག་པ་སྲིད་གཞན་ལ།། བྱས་པ་གང་ཡིན་དེ་ནི་ཟད་གྱུར་ནས།། དེས་ན་གསུང་སྔགས་མཐུ་ཡིས་འདི་ཉིད་ལ།། མཐོང་བའི ་ཆོས་ལ་བསོད་ནམས་འབྲས་བུ་ཐོབ་ཅེས་གསུངས་ཏེ། འདིས་ནི་དགེ་པའི་ཆོས་སྐྱེས་པ་རྣམས་གནས་དང་། ཕྱིར་ཞིང་འབྱུང་བ་དང་། ཡོངསུ་རྫོགས་པར་བྱ་བའི་ཕྱིར།། འདུན་པ་བསྐྱེདདོ།། འབྱེད་དོ།། བརྩོན་འགྲུས་རྩོ་མོ།། སེམས་རབ ་ཏུ་འཛིན་ཏོ།། ཡང་དག་པར་རབ་ཏུ་འཇོགོ།། ཞེས་བསྟན་ཏེ། འདིར་ཚོགསུ་བཅད་པོ། མི་མཐུན་ཕྱོགས་དང་གཉེན་པོ་རྣམས།། རྣམ་པ་ཐམས་ཅད་ཡོངས་ཤེས་ནས།། དེ་དག་ཡང་ཕྱིར་བརྩོན་འགྲུས་ནི།། རྣམ་པ་བཞི་དག་རབ་ཏུ ་འབྱུང་།། མི་མཐུན་པའི་ཕྱོགས་བསལ་བའི་བརྩོན་འགྲུས་བརྩམ་པའི་སེམས་གནས་པའི་ལུས་ལ་སུ་རུང་བ་ཉིད་རྫུ་འཕྲུལ་གྱི་རྐང་པ་བཞིར་འགྱུར་བའི་ཕྱིར། ཡང་དག་པར་སྤོང་བའི་འོག་ཏུ།། རྫུ་འཕྲུལ་གྱི་རྐང་པ ་རྣམས་བསྟན་ཏོ།། དེ་ལ་འདུན་པའི་ཏིང་འཛིན་གྱི་དབང་དུ་མཛད་ནས། དེ་ནི་བདེ་བར་གཤེགས་ལ་དད་བསྐྱེད་ནས།། དེ་བཞིན་དུ་ནི་བྱང་ཆུབ་སེམས་ཀྱང་བསྐྱེད།། རྡོ་རྗེའི་རིགས་ཞེས་བརྗོད་པ་རྒྱ་ཆེན་དང་།། ང་ལ་ཡང་ནི་དད་ཅིང་དགའ་བར་བྱ། ཞེས ་གསུངས་ཏེ། འདི་ནི་གང་གི་ཚེ། འདུན་པའི་དབང་གི་བརྩོན་འགྲུས་རྩོམ་པ་ལ།། གུས་པར་འཇུག་ན་སེམས་རྩེ་གཅིག་པ་ཉིད་ལ་རེག་གོ་ཞེས་བསྟན་ཏོ།། བརྩོན་འགྲུས་ཀྱི་ཏིང་འཛིན་གྱི་དབང་དུ་མཛད་ནས།། གྲགས་དང་མ་གྲགས་རྙེད་དང་མ་རྙེད ་དང་། བདེ་དང་སྡུག་བསྔལ་དེ་བཞིན་བསྟོད་དང་སྨད།། སེམས་ཀྱིས་འཇིག་རྟེན་ཆོས་རྣམས་རབ་བཅོམ་སྟེ།། སྡིག་པའི་གན་སུ་གྱུར་པ་སྤང་བར་བྱ།། དཔེར་ན་རྒྱ་མཚོ་སྐད་ཅིག་ཙམ་ཡང་ནི།། མིའི་རོ་དང་ལྷན་ཅིག་མི་གནས་ལྟར།། དེ་བཞིན་རྣམ ་རྟོག་སེམས་ཀྱིས་སྡིག་བྱས་པ། སྔགས་པ་སྐད་ཅིག་ཙམ་ཡང་གནས་མི་བྱ།། ཞེས་གསུངས་ཏེ། འདིས་ནི་གང་གི་ཚེ་བརྩོན་འགྲུས་རྩོམ་པ་ནི། རྟག་པར་སྦྱོར་བས་སེམས་རྩེ་གཅིག་པ་ཉིད་ལ་རེགོ།། ཞེས་བསྟན་ཏོ།། སེམས་ཀྱི་ཏིང་འཛིན་གྱི ་དབང་དུ་བྱས་ནས། འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས།། སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པས་སེམས་ཡེངས་པར་འགྱུར་ཞེས་འབྱུང་པོ་དང་མཐུན་པར་གསུངས་ཏེ། བྱམས་དང་སྙིང་རྗེའི་ཆུས་གདབ་ཞེ་སྡང་ལ་ཞེས ་གསུང་སོ།། འདིས་ནི་སྔོན་གྱི་ཏིང་འཛིན་གྱི་ས་བོན་ལ་བརྟེན་ནས། རང་བཞིན་གྱི་སྙིང་རྗེ་ཆེན་པོས་སེམས་འཛིན་ཅིང་། སེམས་རྩེ་གཅིག་པ་ཉིད་ལ་རེག་གོ།། ཞེས་བསྟན་ཏོ།། དཔྱོད་པའི་ཏིང་འཛིན་གྱི་དབང་དུ་བྱས་ནས་རེ་ཞིག་གཅིག་ན་དགྲ ་ཡང་མཛའ་བོར་འགྱུར།། མཛའ་བོ་དག་ཀྱང་དགྲར་ནི་འགྱུར་བ་ཉིད།། དེ་བཞིན་ཁ་ཅིག་ཀྱང་ནི་བར་མར་འགྱུར།། བར་མ་དེ་ཉིད་ཀྱང་ནི་དགྲ་བོར་འགྱུར།། དེ་ལྟར་མཛའ་ཤོས་འགྱུར་བར་རིག་བྱ་སྟེ།། བློ་གྲོས་ལྡན་པས་ནམ་ཡང་ཆགས་མི་བྱ།། ་གཉེན་ལ་དག་པའི་སེམས་ཀྱིས་རྣམ་རྟོག་དག། བཟློག་ནས་དགེ་ལ་ཅི་བདེ་བཞག་པར་བྱ་ཞེས་བྱ་བ་དང་། ལེ་ལོ་འདོད་ཆགས་མི་དགེར་ལྡན་པའི་སེམས།། གང་དང་གང་དུ་གཡེང་ཞིང་རྒྱུ་བ་དང་།། དེ་དང་དེ་ནས་མྱུར་དུ་བཟློག་ནུས་ནི།། གསྟོང ་སྔགས་ཡི་གེ་མཆོད་ལ་ལེགས་སྦྱར་ཞེས་གསུངས་ཏེ། འདིས་ནི་གང་གི་ཚེ་དམིགས་པ་རབ་ཏུ་རྣམ་པར་འབྱེད་པ་ན།། སེམས་རྩེ་གཅིག་པ་ཉིད་ལ་རེག་གོ་ཞེས་བསྟན་ཏེ།། སེམས་ལ་སུ་རུང་བ་དེའི་དགོས་པ་གང་ཞེ་ན། ལེ་ལོ་དང་ནི ་གདམས་ངག་རྣམས།། བརྗེད་དང་བྱིང་དང་རྒོད་པ་དང་།། འདུ་མི་བྱེད་དང་འདུ་བྱེད་དེ།། འདི་དག་ཉེས་པ་ལྔར་འདོད་དོ་ཞེས་བྱ་བ་འདི་སྤང་བར་དགོངས་པའོ།། དེའི་རྒྱུ་གང་ཞེ་ན། སྤོང་བའི་འདུ་བྱེད་བརྒྱད་དེ། གནས་དང་དེ་ལ་གནས་པ ་དང་། རྒྱུ་དང་འབྲས་བུ་ཉིད་དུའོ།། དམིགས་པ་བརྗེད་པར་གྱུར་པོ་དང་།། བྱིང་དང་རྒོད་པ་རྟོགས་པ་དང་།། དེ་ཡང་མངོན་པར་འདུ་བྱེད་དང་།། ཞི་ཚེ་རྣལ་དུ་འཇུག་པའོ།། ཞེས་བཤད་དོ།། འདིར་ཚིག་སུ་བཅད་པ། དེར་གནས་ལས་སུ ་རུང་བ་ཉིད།། དོན་རྣམས་ཐམས་ཅད་འབྱོར་པར་འགྱུར།། ཉེས་པ་ལྔ་སྤྱོང་འདུ་བྱེད་བརྒྱུད།། བརྟེན་པའི་རྒྱུ་ལས་བྱུང་བའོ།། ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་སེམས་ལ་སུ་རུང་ནས། དེར ་འོག་ཏུ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པ་ལ་དབང་བྱེད་པས།། རྫུ་འཕྲུལ་གྱི་རྐང་པའི་འོག་ཏུ། དབང་པོ་ལྔ་རྣམ་པར་གཞགོ།། དད་པའི་དབང་པོའི་དབང་དུ་མཛད་ནས། དཀོན་མཆོག་གསུམ་ལ་དད་པས་བསྙེན་པར ་བྱ་ཞེས་གསུངས་ཏེ། འདིས་ནི་གང་ཡོད་པ་ཉིད་དང་། ཡོན་ཏན་ཅན་དང་བུས་པ་རྣམས་ལ་གོ་རིམས་བཞིན་དུ། མངོན་པར་ཡིད་ཆེས་པ་དང་། དྲད་པ་དང་། འདོད་པ་རྣམས་ནི། དད་པའི་མཚན་ཉིད་དུ་བསྟན་ཏོ།། བརྩོན་འགྲུས་ཀྱི་དབང ་དུ་མཛད་ནས། སོ་གའི་ནགས་མི་མཆེད་པའི་མེ་ལྕེ་ཡི།། མ་བསྒྲིམས་བཞིན་དུ་ཚང་ཚིང་ཀུན་བསྲེག་ལྟར།། བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གི་སྔར།། བརྩོན་འགྲུས་ཆེན་པོའི་མེ་ལྕེས་སྡིག་པ་བསྲེག་ཅེས་གསུངས་ཏེ། འདིས་ནི་དེ ་ལྟར་དད་པས་འགྱུར་བ་ནི་འཁོར་བའི་བརྩོན་ར་ནས་བྱུང་བར་སྦྱོར་བས་དེའི་ཕྱིར། བརྩོན་འགྲུས་རྩོམ་མོ་ཞེས་བསྟེན་ཏོ།། དྲན་པའི་དབང་པོའི་དབང་དུ་མཛད་ནས།། འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལས། ཡོངསུ་བསྔོ་བ་ལ་མཁས་པ་ནི། ་དྲན་པའི་དབང་པོ་ཞེས་འབྱུང་བ་དང་མཐུན་པར་གསུངས་ཏེ།། མེ་ཏོག་དྲི་བསྟོད་མར་མེ་ཕུལ་བ་དང་།། ཚུལ་ཁྲིམས་བརྩོན་འགྲུས་དཀའ་ཐུབ་བྱས་པ་ཡི།། དགེ་བ་དེ་ཀུན་བླ་ན་མེད་པ་ཡི། སངས་རྒྱས་བྱང་ཆུབ་བླ་མེད་མཆོག་ཏུ་བསྔོ།། ་དཔེར་ན་ཆུ་ཀླུང་རྒྱ་མཚོར་ཕྱིན་པ་ན།། ལན་ཚྭའི་རོ་ནཱི་གཅིག་ཏུ་འགྱུར་བ་བཞིན།། དེ་ལྟར་བླ་མེད་བྱང་ཆུབ་བསྔོས་པ་ཡི།། བསོད་ནམས་རྒྱལ་བའི་རོར་ནི་གཅིག་ཏུ་འགྱུར།། དཔེར་ན་སྐྱེས་བུ་ལ་ལས་འབྲས་བུའི་ཕྱིར།། སཱ་ལུ་བསྐྱེད ་ཀྱི་སོག་མའི་ཕྱིར་མིན་ཡང་།། སཱ་ལུ་རྙེ་ན་བསྒྲིམ་པ་མྱེད་པར་ནི། སོགས་མའི་ཕུང་པོ་ཞར་ལ་འབྱུང་བ་བཞིན།། དེ་བཞིན་བྱང་ཆུབ་འབྲས་བུ་འདོད་པའི་ཕྱིར།། བསོད་ནམས་སྐྱོབ་ཀྱི་ལོང་སྤྱོད་ཕྱིར་མིན་ཡང་།། སོག་མིའི་ཕུང་པོ ་དུག་དང་མཚུངས་པར་ནི།། མ་བསྒྲུབས་བཞིན་དུ་མ་ཡི་ལོངས་སྤྱོད་གྲུབ།། ཚེ་རིང་བ་འདྲི་ལེགས་པར་ཐོབ་པ་དང་།། ཆོས་བཞིན་བསྒྲུབ་པའི་ཡུལ་དག་རྙེད་པ་འམོ།། སྐྱེ་བ་མེད་པར་འགྱུར་ཞིང་འགྲོ་པོ་ཡི།། བསམ་པ་རྣམས་ནི་རྟག་ཏུ ་རྫོགས་པར་བྱ་ཞེས་གསུངས་ཏེ། འདི་ནི་དེའི་འབྲས་བུ་ལ་རེ་བ་བསྒྲུབས་པས་ཚུལ་ཁྲིམས་རྣམ་པར་དག་པའི་རྒྱུར་འགྱུར་རོ།། ཞེས་བསྟན་ཏོ།། གཞན་ཡང་འགྲེང་དང་འདུག་དང་གཉིད་ལོག་ཉལ་བ་དང་།། འགྲོ་འཕྲེས་ཟ་ཀློག ་བཟླས་བརྗོད་བྱེད་པ་ན།། རྗེ་སུ་དྲན་པ་སོ་སོའི་ཡོན་ཏན་དང་།། རིགས་པར་བཅས་ཏེ་རྗེསུ་དྲན་པར་བྱ། ཞེས་བྱ་བ་དང་། བདེ་གཤེགས་ཆོས་དང་དགེ་འདུན་བཅས་པ་དྲན་བྱས་ཏེ།། ཤཱུ་རིའི་བུ་དང་ང་ལ་ཐལ་སྦྱར་བཏུད་ནས་ཉལ།། དེ་ལྟར ་སྦགས་པའི་སྡིགས་པ་མཐའ་དག་ཟད་པར་བྱ་ཞེས་བྱ་བ་དང་། ལྷ་ལ་སོགས་དང་བགེགས་དང་ལོག་འདྲེན་རྣམས།། བརྟུལ་ཞུགས་གནས་པ་དེ་ལ་གླགས་མི་བལྟ།། དཔེར་ན་ལོ་ཏོག་ཐམས་ཅད་ས་དག་ལོ།། བརྟེན་ནས་སྐྱོན་མེད་པར ་ནི་སྐྱེ་བ་ལྟར།། དེ་བཞིན་ཚུལ་ཁྲིམས་བརྟེན་ནས་ཆོས་དཀར་མཆོག། སྙིང་རྗེའི་ཆུས་བརླན་པས་ནི་རྣམ་པར་སྐྱེ།། རྒྱལ་བ་ངས་གསུངས་སོ་སོ་ཐར་པ་ཡིས།། ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས།། སྔགས ་པ་ཁྱིམ་པས་རྟགས་དང་ཆོ་ག་ཡང་།། ལྷག་མ་རྣམས་ནི་ཉམསུ་བླང་བར་བྱ་ཞེས་བྱ་བ་དང་།། ལྷ་ཡི་བདེ་བ་དང་ནི་འབྱོར་པ་དང་།། ཚེ་དང་སྟོབས་གཟུགས་ཕུན་སུམ་ཚོགས་པ་དང་།། ཐོས་མང་མདངས་བཟང་གཅིག་ཏུ་ཡིད་གཞུངས་དྲང་།། ་དབང་ཐང་ཆེ་ཀུན་དཀའ་ཐུབ་སྟོབས་ཀྱིས་འཐོབ་ཞེས་བྱ་བ་དང་། གང་གི་ཚེ་ན་སེམས་ནི་དང་བ་ཡིས།། མི་ཡི་ཡུལ་ན་བྱང་ཆུབ་སེམས་བླངས་པ།། དེ་ནི་ཕྱིན་ཆད་ལྷ་དང་ལྷ་མིན་དང་།། འཇིག་རྟེན་མ་ལུས་རྣམས་ཀྱི་ཕྱག་བྱར་འོས།། མིས ་ནི་མངོན་པར་མཐོ་བ་མཱ་ལུས་པའི།། བསླབ་པ་མཐའ་དག་བླངས་པར་གྱུར་པ་དང་།། སེམས་ཅན་ཀུན་ལ་མི་འཇིགས་སྦྱིན་པ་དང་།། དཀོན་མཆོག་གསུམ་གྱི་གདུང་ཡང་བསབས་པ་ཡིན།། ཞེས་གསུངས་པ་འདི་དག་གིས་ནི།། དམིགས ་པ་གསལ་བའི་མཚན་ཉིད་ནི། དྲན་པའི་དབང་པོར་བསྟན་ཏེ།། དེས་ཀྱང་ཚུལ་ཁྲིམས་ཀྱི་བསླབ་པ་བསྒྲུབ་པར་བསྟན་ཏོ།། ཏིང་ངེ་འཛིན་གྱི་དབང་པོའི་དབང་དུ་མཛད་ནས། ཇི་ལྟར་གངས་ལ་ཉི་མའི་འོད་ཟེར་གྱི།། གདུངས་ན་གཟི་བརྗིད་མི ་ཟོད་འཇུ་བ་བཞིན།། ཚུལ་ཁྲིམས་ཉི་མའི་འོད་ཟེར་བཟླས་བརྗོད་ཀྱིས།། གདུངས་ན་སྡིག་པའི་གངས་ཀྱང་ཟད་པར་འགྱུར།། མུན་ནག་སྨག་ལ་མར་མེ་ཕྱུང་བ་ཡིས།། མུན་ནག་མ་ལུས་སེལ་བར་བྱེད་པ་ལྟར།། ཚེ་རབས་སྟོང་ནས ་གནས་པའི་སྡིག་པའི་མུན།། བཟླས་བརྗོད་མར་མེས་མྱུར་དུ་སེལ་བར་བྱུད་ཅེསྣ་བྱཱ་བ་དང་། རབས་གཞན་དུ་གང་དང་གང་བྱས་པའི།། སྡིག་པ་མ་ལུས་བཟླས་བརྗོད་བྱས་པས་འབྱུང་།། བཟླས་པས་སྡིག་བཱ་མ་ལུས་བྱུང་གྱུར་ན། ་དང་པོའི་ཡིད་ཀྱི་དངོས་གྲུབ་ཐོབ་པར་འགྱུར། ཞེས་གསུངས་ཏེ། འོདིས་ནི་ཏིང་འཛིན་ནི་རྩཝ་གཅིག་པའི་མཚན་ཉིད་རྒྱུ་དང་བཅས་པ་ཡིན་པས། སེམས་ཀྱི་བསྒྲུབ་པཱ་སྒྲུབ་པར་བསྟན་ཏོ།། ཤེས་རབ་ཀྱི་དབང་པོའི་དབང་དུ ་མཛད་ནས། ལས་ཀྱི་དབང་གྱུར་བདག་པོ་མྱེད་པཱ་དང་།། མགོན་མེད་རྟེན་མེད་ཚེ་རབས་གཅིག་ནུས་གཅིག། ལུས་ཀྱི་ཁེ་བརྒྱུད་རྗེསུ་རབ་འགྲོ་བ།། དེ་ཡི་རྗེ་སུ་དགེ་དང་མི་དགེ་འབྱུང་། ཞེས་གསུངས་ཏེ། འདིས་ནི་ཤེས་རབ ་དབང་པོས་ཆོས་རྣམ་པར་འབྱེད་པ་བསྟན་ཏོ།། འདིར་ཚིགསུ་བཅད་པ། ཐར་པའི་ཆུ་དང་མཐུན་བསྐྱེད་ནས། འདུན་དང་སྦྱོར་དང་དབང་བྱེད་དེ།། དམིགས་པ་བརྗོད་པར་མ་གྱུར་དང་།། མི་འཕྲོ་རྣམ་པར་འབྱེད་ཀྱང་ངོ་།། དད་པ་ལ་སོགས ་དེ་དག་ཉིད། སྟོབས་དང་ལྡན་པར་གྱུར་པ་ལ།། སྟོབས་རྣམས་ཞེས་བྱ་བ་སྟེ། འདིར་ཚིག་སུ་བཅད་པ། མི་མཐུན་ཕྱོགས་ནི་བསྲབསོ་པའི་ཕྱིར།། སྟོབས་ལྡན་འབྲས་བུ་ཕྱི་མ་ཡིན།། དབང་པོ་རྣམས་ཀྱང་སྟོབས་རྣམས་ལ།། དེས ་འབྱེད་ཆ་མཐུན་གཉིས་གཉིས་སོ།། ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ན་ཟག་བོ་མེད་པའི་ཆོས་འབྱུང་བའི་ཚུལ་དུ་རིག་པར་བྱ་སྟེ། ཆོས་ཀྱི་མཆོག་གི་འོག་ཏུ་མཐོང་བའི་ལམ་འབྱུང་བས།། ་སྟོབས་ཀྱི་འོག་ཏུ་བྱང་ཆུབ་ཀྱི་ཡན་ལག་རྣམས་བཤད་དོ།། དེ་ལ་དྲན་པ་ཡང་དག་བྱང་ཆུབ་ཀྱི་དབང་དུ་མཛད་ནས། སྔགས་ཀྱི་རྩ་བ་དང་པོར་ཚུལ་ཁྲིམས་ཏེ། དེས་ན་བརྩོན་འགྲུས་དང་ནི་བཟོད་པ་དང་།། ་རྒྱལ་བ་ལ་ནི་དད་དང་བྱང་ཆུབ་སེམས།། གསང་སྔགས་དང་ནི་ལེ་ལོ་མེད་པའོ་ཞེས་བྱ་བ་དང་།། ཆགས་དང་རྣམ་བྲལ་དགེ་ལ་དགའ་བ་དང་།། རྟག་ཏུ་དཀོན་མཆོག་གསུམ་ལ་སེམས་གཞོལ་ཞིང་།། སྡིག་པ་སྤངས་ཤིང་བཟླས ་བརྗོད་ལྡན་པ་ཡི།། མི་ལ་ལྷ་རྫས་དངོས་གྲུབ་རིང་བ་མེད་ཅེས་བྱ་བཱ་དང་། ཁྱོད་ཀྱིས་ཇི་སྐད་གསུངས་པ་དེ་བཞིན་དུ།། མཱི་ཡིས་ལེགས་པར་སྤྱད་པ་བགྱིས་ནས་ནི།། དེ་དག་མྱུར་དུ་དབུལ་བའི་མུན་བསལ་ནས།། ཉི་མ་བཞིན་དུ ་ཤིན་ཏུ་འབར་བ་འགྱུར། ཡན་ལག་མི་ཉམས་སེམས་ཀྱང་མི་ཉམས་ཤིང་།། ནཱད་དང་སྡུག་བསྔལ་ལུས་ཉམས་མི་འགྱུར་བ།། ཁྱོད་ལ་དོད་པའི་མིས་ནི་ཐོབ་པར་འགྱུར།། ཞེས་གསུངས་པ་འདིས་ནི།། བྱང་ཆུབ་ཀྱི ་གནས་ཡན་ལག་སྟེ། དྲན་པའི་སྟོབས་ཀྱིས་དམིགས་པ་དེ་ལས་མི་གཡེང་བའི་ཕྱིརརོ།། ཞེས་བསྟན་ཏོ།། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་དབང་དུ་མཛད་ནས། ལུས་དང་ངག་ཡིད་ལྷག་པ་མིག ་དག་ནི།། སྨིན་མཚམས་ཡན་ལག་རྣམ་པར་གཡོ་བ་དག། རབ་ཏུ་བསྡམས་ནས་དེ་ལ་ཡིད་གཞོལ་ཞིང་།། བྱམས་ལ་གནོས་ཤིང་ཀུ་ཤའི་ཁྲིས་ལ་འདུག། ཇི་སྲིད་དུ་ནི་རྩེ་གཅིག་གནས་གྱུར་པ།། དེ་སྲིད་དུ་ནི་འབུམ ་མམ་ཉིས་འབུམ་བཟླས་ཞེས་གསུངས།། འདིས་ནི་རང་བཞིན་གྱི་ཡན་ལག་བསྟན་ཏེ། བྱང་ཆུབ་ནི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར།། ཞེས་བསྟན་ཏོ།། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་དབང་དུ་མཛད ་ནས། ཇི་ལྟར་རི་དགས་དབང་པོ་བཀྲེས་པ་དང་། མཐུ་སྟོབས་ཆེན་པོས་ཀླུང་ཆེན་གསོད་པ་དང་།། དེ་བཞིན་སྨྱུང་ཀུ་ཕག་དང་རི་དགསོ་དང་།། ཝ་རྣམས་ཀྱང་ནི་མྱུར་དུ་གསོད་པ་ལྟ་རོ།། དེ་བཞིན་སྔགས་པ་སེང་གེའི་ཚུལ ་གྱི་སུ།། རབ་དང་འབྲིང་དང་ཐ་མའི་ལས་རྣམས་ལ།། བརྩོན་འགྲུས་ཆེན་པོ་དང་ནི་ལྡན་པ་དང་།། འབད་པ་མཆོག་རྣམས་ཀྱིས་ཀྱང་བརྟན་པས་བྱ་ཞེས་གསུངས་ཏེ། འདིས་ནི་ངེས་པར་འབྱུང་བའི་ཡན་ལག་སྟེ། དེས་སོ ་སོར་སྤྱི་བོའི་ས་ལས་ཤིན་ཏུ་འདའ་བའི་ཕྱིརོ།། ཞེས་བསྣུན་ཏོ།། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་དབང་དུ་མཛད་ནས། གཅིག་སེམས་དང་ལྡན་པའི་མི་ལ་ནཱི།། ཡིད་ལས་བྱུང་བའི་དགའ་བ་རབ་ཏུ་སྐྱེ།། ་དགའ་བས་ལུས་ནི་ཤིན་ཏུ་སྤྱད་པ་འཐོ་བོ།། ལུས་སྦྱང་བས་ནི་བདེ་བའི་སྐལ་ལྡན་འགྱུར།། ལུས་བདེ་བྷྲཱུཾ་གཅིག་སེམས་དང་ཏིང་འཛིན་གྱིས།། དེ་ཚེ་བཟླས་བརྗོད་དོགས་པ་མེད་པར་འགྱུར། ཞེས་གསུངས་ཏེ། འདི་ནི ་ཕན་ཡོན་གྱི་ཡན་ལག་བསྟན་ཏེ། དེས་ལུས་དང་སེམས་ལ་ཕན་འདོགས་པའི་ཕྱིར།། ཞེས་བསྟན་ཏོ།། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་དབང་དུ་མཛད་ནས། དངོས་གྲུབ་ཉེ་ན་ཟློས་ལ་དགའ་བ་དང ་སེམས་ནི་སྡིག་ལ་ནམ་ཡང་དགབ་མི་འགྱུར།། བཀྲེས་སྐོམ་ཚ་གླང་རླུང་དང་ངལ་བ་ཡིན།། སྡུག་བསྔལ་དྲག་པོས་ཉེན་ཀྱང་གཡོ་མི་འགྱུར།། སྦྲང་བུ་ཤ་སྦྲང་སྲིན་བུ་གྲོག་བུར་དང་ཀཾ། སྡིག་སྤུར་རྐང་བརྒྱ ་པ་དང་སྦྲུལ་དང་འདྲེ།། ཤ་ཟ་སྲུལ་པྲི་རྣམས་ཀྱང་དེ་ཡིས་ནི།། ལུས་དང་ཀྲིབ་མ་ལ་ཡང་མི་འགོང་ངོ་།། ཚིག་ནི་བཟུང་བར་ཐོས་ཤིང་ཡིད་གཞུངས་ལ།། སྙན་ངག་དང་ནི་བྲོ་བ་རྣམས་ལ་མཁས།། ཆོས་ལ་མངོན་དགའ་གཏེར་རྣམས ་མཐོང་བ་དང་།། ལུས་ཀྱི་ནུད་དང་དྲི་མ་མེད་པར་འགྱུར།། སྐྱེ་བོས་མཐོང་ངམ་ཐོས་པར་གྱུར་ཀྱང་རླུང་།། མྱུར་དུ་མངོན་དགའ་ཡིད་དུ་འོང་བར་འགྱུར།། བུད་མེད་འདོད་ལྷའི་མདྲངས་ཕོག་པ་རྣམས་ཀྱིས།། འདོད་ལ་ལོངས་སྤྱད་སྤྱིར་ནི ་འབོད་པར་འགྱུར།། གང་ཚེ་མཁའ་ལས་ལྷ་དང་གནི་དྲོ་སྦྱིན་དང་།། དྲི་ཟ་ལྷ་ཡི་བུ་མོ་ལུས་དང་སྒྲ།། མིས་ནི་དག་པའི་ཡིད་ཀྱིས་མཐོ་དེ་ཐོས་ནས།། དེ་ནཱ་ཤིན་ཏུ་ཉེ་བར་གྱུར་པ་ཡིན། ཞེས་གསུངས་ཏེ། འདིས་ནི་ཀུན་ནས་ཉོན་མོངས་པ ་པའི་གཞི་ཡིན་པས། ཀུན་ནས་ཉོན་མོངས་པ་མེད་པ་ནི་རྣམ་པར་དག་པའོ།། ཞེས་བསྟེན་ཏོ།། ཏིང་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་དབང་དུ་མཛད་ནས། དཔེར་ན་རླུང་མད་ཁང་པའི་ནང་དུ་ནི།། མར་མ་བཙུགས་པ་མི ་གཡོ་འབར་བ་ལྟར།། རྩེ་གཅིག་སེམས་ཀྱིས་ཟློས་ལ་མངོན་དགའ་བའི།། ལུས་ལ་ཆོས་ཀྱང་དེ་བཞིན་འབར་བར་འགྱུར། ཞེས་གསུངས་ཏེ། འདིས་ནི་ལུས་དང་སེམས་གཉིས་ཤིན་ཏུ་སྦྱངས་པས་རྗེསུ་བཟུང་བའི་ཕྱིར། ་སེམས་མཉམ་པར་འཇོག་གོ།། སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེ་སོ།། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བས། ཉོན་མོངས་པ་རྣམས་སྤོང་ངོ་།། ཞེས་བསྟན་ཏེ། བཏང་སྙོམས་ཡང་དག ་བྱང་ཆུབ་ཀྱི་ཡན་ལག་གི་དབང་མཛད་ནས། སྒྱུ་རྩེར་བལྟ་ཞིང་རྣམ་པར་རྟོག་པ་སྤྱོང་།། ནམ་ཞིག་བསྐྱོད་ཀྱང་རྣམ་པར་མི་གཡོ་བ།། དེ་ནི་དམིགས་ལ་གནས་པ་ཐོབ་པ་སྟེ། སེམས་ནཱི་ལ་སུ་རུང་བར་གྱུར་པར་དྲིས། ཅེས་བྱ་བ ་དྲང་། བཏང་སྙོམས་ལྡན་ཞེས་ཀྱང་གསུངས་ཏེ། འདིས་ནི་ཀུན་ནས་ཉོན་མོངས་པར་གྱུར་པ་དང་། མཐུན་པའི་སེམས་ནི་ཉམས་པར་སེམས་རྣལ་དུ་མི་འཇུག་པ་དང་། སེམས་རྩོལ་བ་དང་བཅས་པའི་གཉེན་པོ་ཡིན་པའི ་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པའི་ངོ་བོ་ཉིད་དོ།། འདིར་ཚིགསུ་བཅད་པ། རང་བཞིན་ཡན་ལག་གནས་ཡན་ལག། གསུམ་པ་ངེས་འབྱུང་ཡན་ལག་སྟེ།། བཞི་པ་ཕན་ཡོན་ཡན་ལག་ཡིན།། རྣམ་གསུམ་ཉོན་མོངས་མེད ་ཡོན་ལག། འདི་ལ་གཞི་དང་གནས་དང་ནི།། ངོ་བོ་ཉིད་དུ་བསྟན་པ་ཡིན།། བྱང་ཆུབ་ཀྱི་ཡན་ལག་གིས་མཐོང་བ་གང་ཡིན་པའི་ལམ་དེ་ཐོབ་པར་བསྒོམས་པས་མཐོང་བའི་ལམ་གྱི་འོག་ཏུ་སྒོམ་པའི་ལམ་དུ་བསྟན་པ་ནི། ་ལམ་གྱི་ཡན་ལག་བརྒྱད་དེ་སངས་རྒྱས་ཀྱིས་གསུང་ཡན་ལག་བརྒྱད་ལམ་འདི།། ཡང་དག་འཚོ་དང་ལས་མཐའ་ཏིང་འཛིན་དག། རྩོལ་དང་རྟོག་དང་དྲན་དང་ལྟ་བ་རྣམས།། སོ་སོ་སོ་སོར་ཡང་དག་བརྟེན་པར་བྱ།། ་ཞེས་གསུངསོ།། མིང་ཙམ་བརྗོད་པས་དར་གྱི་ངོ་བོ་མི་ཤེས་པའི་ཕྱིར་རེ་རེ་ནས་སྟོན་ཏེ། དེ་ལ་ཡང་དག་པའི་ལྟ་བའི་དབང་དུ་མཛད་ནས།། འཇིགས་ཀྱང་ཚངས་པ་བརྒྱ་བྱིན་ཁྱབ་འཇུག་དང་།། དྲག་པོ་རླུང ་སོགས་ལྷ་ལ་ཕྱག་མི་བྱ།། དེ་ཡིས་བཤད་པའི་ཆོས་ལ་མི་བརྟེན་ཅིང་།། དེ་དག་དཀའ་ཐུབ་མི་སྤྱད་རྟགས་མི་མཆོད།། དེ་རྣམས་ཆོས་ལའང་ངན་སེམས་མི་བྱ་ཞིང་།། དེ་ཡི་སྤྱོད་ལ་ནམ་ཡང་དགའ་མི་བྱ།། དེ་དག་བསྟོད་པ་མི་གདོན་སྔགས་མི་བཟླས།། ་སྦྱིན་པ་སྦྱིན་ཚྭ་སྙིང་རྗེ་བསྐྱེད་ནས་སྦྱིན།། བདེ་བར་གཤེགས་པ་ཀུན་གྱིས་བསྟེན་པ་ཡི།། གནས་དང་རྒྱལ་སྲས་རྣམས་ལ་ཕྱག་བྱའོ།། རང་སངས་རྒྱས་དང་རྒྱལ་བའི་ཉན་ཐོས་རྣམས།། དེ་དག་རྟག་ཏུ་ཕྱག་བྱའི་གནས་ཡི་ནོ།། དེ་ལྟར་ཟླ་བ་ཚེས་ལ ་མི་རྣམས་ནི།། ཕྱག་འཚོལ་ཟླ་བྲྀཉྩ་ལ་ཕྱག་མི་འཚལ།། དེ་བཞིན་དད་པས་རྒྱལ་བའི་ཐུགས་སྲས་ལ།། ཕྱག་བྱའི་དེ་ལྟར་བདེ་བར་གཤེགས་ལ་མིན།། འཇིག་རྟེན་ཀུན་གྱི་མངོན་མཐོའི་བསླབ་པ་ཅན།། སྙིང་རྗེའི་བདག་ཉིད་འགྲོ་བའི ་དོན་དུ་ནི།། སྐྱེ་བུ་ལེན་པ་དེ་ལ་ཙོའི་ཕྱིར།། དུ་གཅིག་བདག་ཉིད་ཀུན་གྱི་ཕྱུག་མི་བྱ།། སྐྱེས་བུ་བསམ་ཡས་རྨད་བྱུང་རྫུ་འཕྲུལ་ཅན།། དེ་ལ་མི་ངན་གང་ཞིག་མི་འདུད་པ།། དེ་ལ་རྒྱལ་བ་ཐམས་ཅད་ཐུགས་ནུར་ནས།། དེའི་གསང་སྔགས ་དངོས་གྲུབ་མི་སྩོལ་ཏོ།། དཔེར་ན་ཤིང་གི་མེ་ཏོག་དང་པོར་ནི།། ཡིད་འོང་ཕྱི་ནས་འབྲས་བུར་གྱུར་པ་ལྟར།། སེམས་ཅན་མཆོག་རྣམས་མེ་ཏོག་འདྲ་བར་ལྟོས།། འབྲས་བུ་བཞིན་དུ་རྒྱལ་བ་རིག་པར་གྱིས།། གང་གི་རང་བཞིན་ཆགས ་དང་རྣམ་བྲལ་ཡང་།། གདུལ་བྱའི་དོན་ཕྱིར་ཁྲོ་ལ་ཁྲོ་བ་དང་།། འདོད་ཆགས་ཅན་ལ་ཆགས་ཅན་ལྟར་སྟོན་པ།། བྱང་ཆུབ་མཆོག་གནས་དེ་ལ་ཕྱག་འཚལོ།། གང་ཞིག་ལས་དང་རྣམ་སྨིན་མཁྱེན་པ་ཡིས།། འགྲོ་བ་ཀུན་དང་ཇི་ལྟར་མཐུན ་པ་ཡི།། གསང་སྔགས་གཟུགས་ཀྱིས་རྗེསུ་ཆགས་མཛད་པ། སྔགས་ཀྱི་རྣམ་འདྲེན་དེ་ལ་ཕྱག་འཚལོ།། ཞེས་བྱ་བ་འདི་ནི། ཡང་དག་པའི་ལྟ་བའི་རྒྱུ་སྟེ། འདིར་རྒྱུ་ལྔ་འབྲས་བུ་བཏགས་ནས། ཡང་དག་པའི་ལྟ་བར་བཞག།། གཞན ་ཡང་དེ་ཕྱིར། ལོག་པར་ལྟ་བ་རྣམས་སྤངས་ལ། ཡང་དག་ལྟ་བཱི་ལ་ནི་བརྟན་པར་གྱིས་ཞེས་གསུངས་ཏེ། འདིས་ནི་མཐོང་བའི་ལམ་གྱིས་རྟོགས་པ་ལ། བདག་གི་འདི་ལྟ་བུ་རྟོག་སོ།། ཞེས་ཡོངསུ་གཅོད་པར་བསྟན་ཏོ།། ཡང་དག ་བའི་རྟོག་པའི་དབང་དུ་མཛད་ནས།། བུད་མེད་མཚན་ཉིད་སྐྱེས་པའི་མཚན་ཉིད་དང་། སྨན་དང་གླང་ཚོན་བརྟགས་པ་འམ་སྐར་མའི་དཔྱད།། མཚོན་ཆ་བཱརྡྷ་ཊཱ་པཱའམ་རྟ་དཔྱང་རང་བཟོ་འམ།། བསྟན་བཅོས་ངན་པ་སློབ་ཅིང་ཀློག་པ་ཡང་།། ཞེས ་གསུངས་ཏེ། འདིར་ནི་མི་མཐུན་པའི་ཕྱོགས་ཙམ་ཞིག་སྨོས་ཏེ། དངོསུ་ནི་ཡང་དག་པའི་རྟོག་པས་ངག་ཀུན་ནས་སློང་སྟེ། མ་རྟགས་མ་དཔྱད་པར་ཚིག་མི་སྨྲ་བའི་ཕྱིར།། ཡང་དག་པའི་རྟོག་པས་བསླང་བའི་ངག་ནི་གཞན་ལ་གོ། ་བར་བྱེད་པའི་ཡན་ལགོ།། ཡང་དག་པའི་ངག་གི་དབང་དུ་བྱིས་ནས། ཡུལ་སའི་གཏམ་དང་མི་དབང་བརྟེན་པ་དང་།། དམག་དང་གྱད་དང་ན་ཆུང་གཏམ་དག་དང་།། སྲུང་ལྟེ་བ་དང་ནི་སྔོན་གྱི་ལོ་རྒྱུས་གཏམ།། འདོད་ཆགས་དང་ནི་སྨད ་འཚེང་གཏམ་མི་བྱ།། ཞེས་གསུངས་ཏེ། འདིར་ནི་མི་མཐུན་པའི་ཕྱོགས་ཙམ་ཞིག་གསུངས་ཏེ། དངོས་གཞན་དག་ལ་རྒོལ་ཞིང་ལན་འདེབས་པཱ་ན། བསྙད་པ་དང་འབྲེལ་པའི་གཏམ་རྣམ་པར་ངེས་པ་འདིས ་ནི། དེ་ཁོ་ན་ངེས་པར་རྟོག་སོ།། ཞེས་ཤེས་རབ་ལ་གཞན་དག་ཡིད་ཆེས་པར་འགྱུར་རོ།། ཡང་དག་པའི་ལས་ཀྱིས་མཐའི་དབང་དུ་མཛད་ནས། བདག་ལ་བསྟོད་པར་ནཱམ་ཡང་མི་བྱ་ཞིང་།། སེམས་ཅན་གཞན་ལ་སྨད་པར་མི་བྱའོ།། སྟག་དང ་སྦྲུལ་དང་མེ་འདྲར་འཇིག་རྟེན་དག། བསམས་ནས་སྤང་སྟེ་དབེན་ལ་དགའ་བར་བྱ། ཞེས་བྱ་བ་དང་། སྔགས་པ་གསང་སྔགས་བསླབ་པ་མནོས་པ་ནི།། གྲོང་དང་གྲོང་ཁྱེར་ཁྱིམ་དང་གཙུག་ལག་ཁང་།། མཆོད་རྟེན་བིསྟི་གནས་རི་དང་དཀའ་ཐུབ ་གནས། ཀུན་དགའ་ལུ་མ་རྫིང་བུར་འགྲོ་མི་བྱ།། སྔར་བཤད་པ་ཡི་གནས་རྣམས་མ་རྙེད་ནི།། ལྷ་ཁང་སྟོང་པ་དག་གམ་ཤིང་དྲུང་ངམ།། རི་དང་ཆུ་བོ་ཆུ་ཀླུང་འབབ་ཆུ་དང་།། ནགས་ཚལ་སྟོང་པ་དག་དང་ཡུལ་སྟོང་དང་།། གནས་གང་རུང་བར ་སྔགས་པས་གནས་ཤིང་བཟླས།། ཡང་ན་གནས་ནི་ངེས་པར་མ་བྱས་ན།། ཟླ་བ་བརྒྱད་པོ་འདིའི་དུས་དག་ཏུ།། གནས་ནི་གང་ཡང་རུང་བ་ཅིག་དུ་བསྟན།། མཚོ་དང་ཤིང་དང་རི་བོ་འམ་དགོན་པའི་གནས།། འཚེའུ་དང་ཁང་པ་ནགས་སམ ་ཆུ་ངོག་སུ།། དགུན་དཔྱིད་ཟླ་བ་རྣམས་ལ་གནས་བྱས་ནས།། སྔགས་པས་དབྱར་ནི་གཅིག་ཏུ་གནས་བྱས་ཏེ།། ཇི་ལྟར་རྒྱལ་བས་དགེ་སློང་དབྱར་ཟླ་གསུམ།། ཚུལ་ཞུགས་གནས་གཞན་མི་འགྲོ་གསུངས་པ་བཞིན།། དེ་བཞིན་བཅོམ་ལྡན ་འདས་ཀྱི་སྔགས་པ་ཡང་།། ཟླ་བ་གསུམ་ཏུ་གཅིག་ཏུ་གནས་པ་གསུངས།། སྔགས་པས་དབྱར་ནི་བསྒྲུབ་ལ་མི་འཇུག་པར།། བཟླས་བརྗོད་ཀྱིས་ནི་དུས་ཀྱང་འདའ་བར་བྱ།། དབྱར་འདས་ནས་ནི་གསང་སྔགས་གཟི་བསྐྱེད་པས།། བདག་ཉིད་བསྲུང ་བྱས་བསྒྲུབ་ལ་འཇུག་པར་བྱ་ཞེས་གསུངས་ཏེ། འདིས་ནི་ཉེས་པར་སྤྱོད་པ་དང་། མི་མཐུན་པར་བསྟན་ཏེ། དེ་དང་ལྡན་ན་སྲོག་གི་ཕྱིར་ཡང་བྱ་བ་མ་ཡིན་པ་མི་བྱེད་དོ།། དེའི་ཕྱིར་འདི་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དང་ལྡན་ནོ།། ་ཞེས་ཡིད་ཆེས་པ་འབྱུང་ངོ་།། ཞེས་བསྟན་ཏོ།། ཡང་དག་པའི་འཚོ་བའི་དབང་དུ་མཛད་ནས།། ཡོངསུ་འཛིན་པ་རྣམ་པར་སྤངས་ན་སུ།། ཆོས་གོས་དང་ནི་བསོད་སྙོམས་ངན་དོན་དང་།། སྟན་དང་མལ་སྟན་ངན་ངོན་ཙམ་གྱིས་ཀྱང་།། ཆོ་ག ་པའི་སེམས་དང་ལྡན་པས་བསོད་ནམས་ཐོབ་ཅེས་བྱ་བ་དང་། གཙུག་ཕུད་བཞག་སྟེ་སྐྲ་ནི་བྲེགས་ནས།། འབྱུང་ཀུན་ཚོན་གྱི་གོས་ཀྱི་ཁ་དོག་བསྒྱུར།། གོས་དཀར་དག་གྲམ་ཤིང་ལོ་འམ་གསོ་མ་འམ།། ཟར་མ་འམ་ཤིང་ཤུན་རྣམས ་ཀྱི་གོསཱ་བགོའོ།། ཀུ་བ་འམ་ལྕགས་སམ་འཇིམ་པ་ལས་བྱས་པ།། དབྱིབས་ནི་ལེགས་ཤཱིང་མི་རཱུ་བོ་འཛུམ་པ་དང་།། མཆོག་ཏུ་ཟླུམ་ཞིང་མིགས་རྨ་མེད་པར།། ཡིད་དུ་འོང་བའི་ལྷུང་བཟེད་བཅང་བར་བྱ།། བཟའ་བཏུང་མེད་ཅིང ་དམང་རིགས་མང་བ་དང་།། འགྲོན་ལ་མཆོད་བྱེད་ལེགས་པར་གནས་པའི་གྲོང་།། ཧ་ཅང་མི་ཉེ་ཧ་ཅང་མི་རིང་ལ།། བྲམ་ཟེ་ཕྱི་རོལ་སྐྱེ་བོ་མེད་པར་བསྟེན།། ང་རྒྱལ་གྱིས་ནི་ནོན་པའི་བྲམ་ཟེ་རྣམས།། རིགས་ཀྱི་རློམ་ཞིང་སྙིང ་རྗེ་མི་ལྡན་པ།། དེ་དག་བདེ་བར་གཤེགས་ཀྱི་མཆོད་རྟེན་ལ།། མཆོད་པ་མཐོང་ནས་བགེགས་ཀྱང་བྱེད་པར་འགྱུར།། བྲམ་ཟེ་སངས་རྒྱས་པ་ལ་ཇི་ལྟར་དམན།། སྨྲ་ལུས་བྲམ་ཟེ་དག་ལ་དམངས་རིགས་རྣམས།། བསྙེན ་བཀུར་དང་ནི་མཆོད་པར་འབྱུང་བས་ན།། དམངས་རིགས་ཀྱིས་ཀྱང་གསང་སྔགས་ཇི་ལྟར་བཟླས། ལྷ་དང་འགྲོན་མཆོད་པ་དང་ལས་དྲུག་དང་།། རྒྱལ་པོ་དང་ནི་མེ་ལ་བསྟན་པ་དང་།། བུ་ཡི་དོན་དུ་འགྲོ་བར་བྱ་བ་དང་། བྲམ་ཟེ་རྣམས་ཀྱིས ་ངེས་པར་སྒྲུབ་པ་ཡིན།། རྒྱལ་རིགས་རྗེའུ་རིགས་རྣམས་ཀྱང་རང་གི་ལས།། གྲུབ་པ་འདི་ལ་ཐེ་ཚོམ་མ་བྱེད་ཅེས།། བརྫུན་དུ་སྨྲ་བ་སྣ་ཚོགས་སྐྱེན་དག་གིས།། བདག་དང་གཞན་གྱི་སེམས་ནི་སྲེག་པར་བྱེད།། ཡན་ལག་བརྒྱད་ལམ་གནས་ཕྲ ་རྟག་ཏུ་ནི།། ཉི་མ་ཕྱེད་མཚམས་ཚུན་ཆད་བསླབ་པར་བྱ།། བྲམ་ཟེའི་དུས་ནི་ཕྱི་དྲོ་ཡིན་པས་ན།། དེ་ཕྱིར་བླམ་ཟེའི་ཁྱིམ་དུ་འགྲོ་མི་བྱ།། དཔེར་ན་རྨ་ནི་བསོ་དང་བསལ་བའི་ཕྱིར།། ནད་པ་དག་ལ་སྨན་པ་སྦྱིན་པ་ལྟར།། དེ་བཞིན་འདིར ་ཡང་བཀྲེས་པའི་སྡུག་བསྔལ་དག། བསལ་ཕྱིར་རྒྱལ་བས་ཁ་ཟས་བཟའ་བར་གསུངས།། ལ་ལ་ལམ་གྱིས་དུབ་ཅིང་འགྲོ་བའི་ཚེ།། བཀྲེས་སྐོམ་གདུངས་པས་རང་གི་བུའི་ཤ། ཟ་བ་བཞིན་དུ་རྣལ་འབྱོར་སེམས་དམན་བཞིན།། ཚེ། ་དང་རྒྱགས་ཕྱིར་བཟོའ་བར་མི་བྱའོ།། མང་དུ་བླུགས་ན་རྩོལ་མེད་མཐོ་བ་དང་།། དེ་བཞིན་ཉུང་ངུས་སྲང་ནི་དམར་འགྱུར་ལ།། རན་པས་སྐད་ཅིག་མཉམ་པར་འགྲོ་བ་ལྟར། ལུས་ཅན་ཁ་ཟས་དེ་ལྟར་བཟའ་བར་བྱ།། དཔེར་ན་ཁང ་རྙིང་མི་ཞིག་བྱ་བའི་ཕྱིར།། མི་ཡིས་ཀ་བ་བརྟན་པོ་འཛུགས་པ་ལྟར།། དེ་བཞིན་ལུས་ཀྱི་འཁྲུལ་འཁོར་གནས་པ་དང་། ཤིང་རྟ་མིག་བསྐུ་བཞིན་དུ་ཁ་ཟས་བཟའ།། འདོད་པའི་ཁམས་ནི་ཁ་ཟས་ཀྱི་གནས་ཞེས།། རྒྱལ་བས་ཆོས ་གཅིག་ཏུ་ནི་བཀའ་སྩལ་པས།། ལུས་ནི་ཆུ་ཤིང་བཞིན་དུ་རིག་བྱ་སྟེ།། སེམས་ནི་བཟའ་བཏུང་སོགས་ལ་ཆགས་མི་བྱ།། དབང་པོ་དྲུག་པོ་ཡུལ་ལ་འགྲོ་བ་དག། བདེ་གཤེགས་གསུངས་པའི་ཤེས་པས་བསྲུང་བར་བྱ།། ལྷང ་བཟེད་དེ་དག་ལས་ཅིག་ཐོགས་ན་སུ།། གཉའ་ཤིང་གང་དུ་བལྟ་ཞིང་བསོད་སྙོམས་སྤྱད།། འཛུམ་ཞིང་འགྲོ་ལ་སྨྲ་ཞིང་མིག་ཟུར་ཅན།། ཡན་ལག་ཐམས་ཅད་ཡིད་འཕྲོག་བྱེད་པའི་གཟུགས།། བུད་མེད་གཟུགས་ནི་མཚོན་ཆ ་འཇེབས་འདྲ་བས།། སྐྱེས་པའི་སེམས་ནི་མངོན་དུ་འཕྲོག་པར་བྱེད།། ལྕགས་ཀྱི་ཐོང་ལྕགས་རབ་ཏུ་འབར་བ་ཡིས།། མིག་ནི་རྣམ་པར་བཀབ་པ་ཆེས་བླ་ཡི།། གཉིས་ནི་དྲན་པ་ཉམས་བྱེད་བུ་མེད་ཀྱི།། དཀྱུས་རིང་མིག ་ཅན་བཞིན་ནི་མ་མཐོང་བླ།། གང་དུ་དག་པར་འགྲོ་ཞིང་འཛིན་མོད་ལ།། སེམས་ཀྱིས་སེམས་ནི་རྣམ་པར་བརྟུལ་བཞིན་དུ།། རབ་དང་འབྲིང་ལ་སོགས་པར་སྤངས་ནས།། མི་སྨྲ་བར་ནི་གཞོན་གྱི་གྲོང་དུ་འགྲོ། གང་ན་བ ་བཞོན་བེའུ་ཕྲུག་ཆུང་བ་དང་།། གང་ན་སྐྱེས་བུ་ཆང་ནི་འཐུང་བ་དང་།། གང་ན་བུ་མོ་གཞོན་བསྟེན་རྩེ་བ་དང་།། གང་ན་ཁྱི་ཟ་དགའ་སྟོན་བྱེད་པ་དང་། གང་ན་སྐྱེ་བོ་མང་པོ་འདུས་པ་དང་།། དེ་བཞིན་གང་ན་རོལ་མོ་བྱེད་པ་རྣམས ་དེར་ནི་སྐྱེས་བུ་ནམ་ཡང་འགྲོ་མི་བྱ།། བསོད་སྙོམས་ཅི་རྙེད་ཁྱེར་ནས་འོངས་པས་ཀྱང་།། དང་པོ་ཇི་ལྟར་བདེ་བར་བགོ་བར་བྱ།། རྐང་བཀྲུས་བློ་བུར་བ་ལ་བྱིན་ནསུ།། ལུས་བསྲུང་ཕྱིར་ནི་ཁ་ཟས་བཟའ་བར་བྱ།། དུསུ་ཟོས ་ནས་དུས་གསུམ་ཁྲུས་བྱ་སྟེ།། ཞེས་གསུངས་ཏེ། འདིས་ནི་ལུས་གནས་པ་ཙམ་དུ་བྱ་བའི་ཕྱིར།། རིགས་པ་དང་ཚོད་ཟིན་པར། ཆོས་གོས་ལ་སོགས་པ་འཚོལ་བས་ན། གདོན་མི་ཟ་བར་འདིས་ནི་ཡོ་བྱད་རྣམས་ལ་སྲེད་པ་སྤངསོ།། ་ཞེས་ཡོ་བྱད་བསྙུངས་པར་ཡིད་ཆེ་སོ།། ཞེས་བསྟན་ཏོ།། ཡང་དག་པའི་རྩོལ་བའི་དབང་དུ་མཛད་ནས། གང་ཚེ་ཟློས་ཀའི་སེམས་ནི་ཞི་བ་ལ།། བརྟེན་པས་གཉིས་ཀྱི་དྲན་པ་རྨོངས་གྱུར་ན།། ལངས་ནས་བཅག་ཅིང་ཕྱོགསུ་བལྟ་བ ་དང་། ཆུ་ཡི་གདོང་ཡང་ཡོངསུ་བཀྲུ་བར་བྱ་ཞེས་བྱ་བ་དང་། གླིང་བུའི་སྒྲ་དང་རྔའི་སྒྲ་རྣམས་དང་།། ཤིན་ཏུ་འཇིགས་བྱེད་སྐྱེ་བོའི་སྒྲ་དག་དང་།། གད་རྒྱངས་ཀུ་ཙོ་དག་དང་གླུ་གར་དང་།། ཅང་དྲང་པི་ཝང་དག་དང་རྫུ་རྔའི་སྒྲ།། བྱ་བྲན ་སྣ་ཚོགས་སྒྲ་དང་ཆུ་སྒྲ་དང་།། བུད་མེད་རྒྱན་གྱི་སིལ་ཁྲོལ་སྒྲ་རྣམས་དང་།། ཤྭ་སྦྲང་ཚེ་གྲང་རླུང་གིས་གནོད་པ་ཡིས།། མོ་ཡི་སེམས་ནི་གཡེང་ཞིང་གཡོ་བར་བྱེད་ཅེས་གསུངས་ཏེ། འདིར་ནི་བྱིང་བ་དང་རྒོད་པའི་སྐྱོན་སྤང་པོའི་ཐབས ་ཉི་ཚེ་ཙམ་སྨོད་པར་ཟད་ཀྱི། དངོསུ་ནི་བྱིང་བ་དང་རྒོད་པ་དང་བྲལ་བའི་ཏིང་འཛིན་གྱི་དུས་ཀྱི་བརྩོན་འགྲུས་ཡང་དག་པའི་ལྟ་བས་བསྡུས་པ་ནི་ཡང་དག་པའི་རྩོལ་བ་སྟེ། དེས་བསྒོམ་པར་བྱ་བའི་ཉོན་མོངས་པ་རྣམས་སྤང་བའི་ཕྱིར ་དེའི་གཉེན་པོ་ལམ་བསྒོམ་པའོ།། ཡང་དག་པའི་དྲན་པའི་དབང་དུ་མཛད་ནས། སྟངས་དང་མཆོངས་པ་དང་ནི་གར་བྱེད་དང་།། གླུ་ལེན་རྔ་རྡུང་སྐྱེ་བོས་དཔྱས་གྱུར་དང་།། ལྷག་པའི་ང་རྒྱལ་འདྲིང་དང་འདོད་ཆེན་དང་།། རྒྱལ་པོ་དང་ནི་འདུས་ལ ་བལྟ་འདོད་དང་།། དུས་མིན་གཉིད་དང་མི་འགྲུབ་སྨྲ་བ་དང་།། བསྟན་བཅོས་ངན་དང་སྙན་ངག་ཀློག་འདོན་དང་།། ཚོགས་དང་ཚིག་དང་དྲེགསོ་དང་རྒྱགས་པ་དང་།། ཞེ་ལ་འཛིན་དང་ལེ་ལོ་གཡོ་སྒྱུ་སྤང་། ཞེས་བྱ་བ་དང་། གླང་ཆེན་རྩཝ་དང་བ ་གླང་བྱ་གག་ཁྱི། གོང་མོ་སྲེག་པ་ངུར་པ་སྐྱེས་པ་དང་།། བུད་མེད་བུ་མོ་དེ་བཞིན་ར་ལུགས་སོགས།། ཐབ་མོ་འགྱེད་པ་མི་བལྟ་མི་བྱའོ།། ཞེས་གསུངས་ཏེ། འདིར་ནི་མི་མཐུན་པའི་ཕྱོགས་ཉེ་ཆུ་ཙམ་ཞིག་སྨོས་ཀྱི། དངོསུ་ནི་ལམ ་བསྒོམ་པ་དེ་ཉིད་ལ་བྱིང་བ་དང་རྒོད་པའི་ཉོན་མོངས་པའི་གཉེན་པོ་ཞི་གནས་དང་ལྷག་མཐོང་གི་རྒྱུ་རྣམས་ལ་དྲན་བཞིན་དུ་ཉོ་བར་གནས་པ་ནི་ཡང་དག་པའི་དྲན་པའོ།། ཡང་དག་པའི་ཏིང་འཛིན་གྱི་དབང་དུ་མཛད་ནས། འདོད ་ཆགས་ལ་སོགས་ཉོན་མོངས་ཚེགས་ལྡན་པའི།། སེམས་ནི་འཁོར་བ་ཡིན་པར་ཀུན་ཏུ་བརྗོད།། ཉོན་མོངས་རྣམ་གྲོལ་ཤལ་དང་ཟླ་འདྲ་བ།། སྲིད་པའི་རྒྱ་མཚོའི་མཐར་ནི་རབ་ཏུ་གྲགས།། དཔེར་ན་དྲི་མེད་ཆུ་ནི་རྡུལ་སོགས་ཀྱིས།། ། ་སྐད་ཅིག་དུ་ཡང་རྙོག་པར་བྱེད་པ་ལྟར།། དེ་བཞིན་རྣམ་དག་དྲི་མ་མེད་པའི་སེམས།། འདོད་ཆགས་ལ་སོགས་སྐྱོན་གྱིས་རྙོགས་པར་འགྱུར་ཅེས་གསུངས་ཏེ། འདིས་ནི་སྙོམས་པར་འཇུག་པའི་སྒྲིབ་པ་དང་བྲལ་བར་བསྟན ་ཏོ། འདིར་ཚིགསུ་བཅད་པ་ཡོངསུ་གཅོད་དང་གོ་བྱེད་རྣམ་གསུམ་གཞན་ཡིད་ཆེས་པར་བྱེད་མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། ལམ་གྱི་ཡན་ལག་དེ་བརྒྱད་དོ།། ་རིག་སྔགས་འཆང་སོ་སོའི་སྐྱེ་བོའི་ཚོགས་ཀྱི་ལམ་ལ་གནས་པ་རྣམས་ཀྱིས་ཀྱང་།། དེ་ལྟར་ཚུལ་ཁྲིམས་རྣམ་པར་དག་པར་བྱ་བ་དང་། དབང་པོའི་སྒོ་བསྡམ་པ་དང་། ཟས་ཀྱི་ཚོད་ཤེས་པ་དང་། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར ་རྣལ་འབྱོར་ལ་བརྩོན་པ་དང་། དེ་བཞིན་དུ་གནས་པ་ལ་མངོན་པར་བརྩོན་པར་བྱས་ནས། དངོས་གྲུབ་ལ་གཞོལ་ཞིང་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩེ་བདུན་ལ་ཡང་བསྒོམ་དགོས་པར་བསྟན་པའི་དབང་དུ་མཛད་ནས། ལས་འདི ་རྣམས་ཀྱི་གསང་སྔགས་དངོས་གྲུབ་ཅི་ཞེས་གསུངས་ཏེ། དེ་བཞིན་དུ་རྒྱུར་གྱུར་པ་དང་། ཐོས་པ་དང་། བསམ་པ་དང་། བསྒོམས་པས་མངོན་པར་རྟོགས་པ་དང་། རྣམ་པར་ཐར་པར་འགྱུར་བའི་གནས་ཀྱི་གནོད་ཉིད་དུ་འགྱུར ་བའི་ཕྱིར། ཚོགས་ཀྱི་ལམ་ལ་གནས་པས་ཀྱང་དེའི་གོང་མའི་ལམ་དུ་གྱུར་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་རྗེསུ་མཐུན་པར་སྒོམ་དགོས་པར་བསྟན་པའི་དབང་དུ་མཛད་ནས། དེ་བཞིན་འདིས་ནི་མཐོ་རིས ་ཐར་པོ་ཐོབ།། རྒྱལ་སྲས་སྔོན་གྱི་རྒྱལ་བ་འདས་པ་དང་།། འདི་ནས་གཤེགས་ཤིང་དེ་བཞིན་གཤེགས་པར་འགྱུར།། ངོམས་མེད་སེམས་ཀྱི་ལུས་དང་ངག་ཡིད་ཀྱིས།། གུས་པས་བསོད་ནམས་གང་དག་བསགས་པ་ཡང་།། ། ་བདེ་གཤེགས་གསུངས་པའི་བདེན་པའི་ལམ་དམིགས་ནས།། དགེ་བའི་ལས་དེ་ཡང་དག་བསྐྱེད་པ་ཡིན། ཞེས་གསུང་སོ།། འོན་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་འདི་རྣམས་མདོ་ལས་ཅིའི་ཕྱིར་གོ་རིམས་བཞིན་མ་བཀོད་ཅེ་ན། གསུང ་སྔགས་ཀྱི་རྒྱུད་ཀྱི་ལུགས་ལ་སློབ་དཔོན་གྱི་མན་ངག་གཅེས་པར་བསྟན་པའི་ཕྱིར། དོན་སྤྲོས་པ་དང་། ལས་ཀྱི་སྐབས་སོས་ཏིང་འཛིན་གྱི་སྒོ་ལ་སོགས་པ་ཐ་དད་པར་བསྟན་ཏེ། སློབ་དཔོན་རྒྱལ་བའི་འོད་ཀྱིས་ཀྱང་འདི ་སྐད་དུ། རྒྱུས་པ་ལཱ་ནི་དགའ་སེམས་ཀྱི།། དབང་ལ་རབ་ཏུ་མཛའ་བཾ་ཡཾ།། ཁྲོས་པ་ཡིས་ནི་དྲག་ཤུལ་ལ།། ཞེས་གསུངས་བྷཱ་ཧྲཱི།། འགྲུ་བའི་གན་བ་བཞི་དང་སྦྱར་བ་བཤད་ཟིན་ཏོ།། དེ་ལྟར་སྒྲུབ་པའི་རྣལ་འབྱོར ་པ་འཁོར་བྱས་སྐྱོ་ཞིང་མྱ་ངན་ལྔས་འདས་པ་ལ་གཞོལ་བ་སྟེ།། སྙོམས་པར་འཇུག་པའི་སྒྲིབ་པ་དང་བྲལ་བར་བྱ་བའི་དོན་དུ་ཏི་ངེ་འཛིན་སྦྱོར་བའི་ཕྱིར་ལྷའི་གནས་པ་བསམ་གཏན་བསྒོམ་དགོས་པར་སྟོན་ཏེ། དེ་ལ་བསམ ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པོ་ཉིད་དོ།། དེ་ལ་རྟོག་པ་དང་། དཔྱོད་པའི་དབང་དུ་མཛད་ནས། གླང་བུའི་སྒྲ་དང་རྔའི་སྒྲ་རྣམས་དང་། ཤིན་ཏུ ་འཇིགས་བྱེད་སྐྱེ་བོའི་སྒྲ་རྣམས་དང་།། གད་རྒྱངས་ཀུ་ཙེ་དག་དང་གླུ་གར་དང་།། ཅང་དང་པི་ཝང་དག་དང་རྫ་རྔའི་སྒྲ།། བྱ་བྲན་སྣ་ཚོགས་སྒྲོ་དང་ཆུ་སྒྲ་དང་། བུད་མེད་རྒྱན་གྱི་སིལ་ཁྲོལ་སྒྲ་རྣམས་དང་།། ཤ་སྦྲང་ཆ ་གྲང་རླུང་གི་གནོད་པ་ཡིས།། མི་ཡི་སྐེམས་ནི་གཡེང་ཞིང་གཡོ་བར་བྱེད་ཅེས་བྱ་བ་དང་།། འཛུམ་ཞིང་འགྲོ་ལ་སྨྲ་ཞིང་མིག་ཟུར་ཅན།། ཡན་ལག་ཐམས་ཅད་ཡིད་འཕྲོག་བྱེད་པའི་གཟུགས།། བུད་མེད ་གཟུགས་ནི་མཚོན་ཆ་འཇེབས་འདྲ་བས།། སྐྱེས་པའི་སེམས་ནི་མངོན་དུ་འཕྲོག་པར་བྱེད།། ལྕགས་ཀྱི་ཐོང་ལྕགས་རབ་ཏུ་འབར་བ་ཡི་སི།། མིག་ནི་རྣམ་པར་བཀབ་པ་ཆེས་བླ་ཡི།། གཉིས་ན་དྲན་པ་ཉམས་བྱེད་བུད་མེད་ཀྱི།། ་དཀྱུས་རིང་མིག་ཅན་བཞིན་ནི་མ་མཐོང་བུ་ཞེས་བྱ་བ་དང་།། སྡུག་དང་སྦྲུལ་དང་མེ་འདྲོར་འཇིག་རྟེན་དག། བསམས་ནས་སྤངས་ཏེ་དབེན་ལ་དཀའ་བར་བྱ།། ཞེས་བྱ་བ་ལ་སོགས་པ་གསུངས་པ་འདི་ནི།། གཉེན་པོའི་ཡན་ལག ་བསྟན་ཏེ། དེ་གཉིས་ཀྱི་འདོད་པ་དང་གནོད་སེམས་དང་།། འཚེ་བའི་རྣམ་པར་རྟོག་པ་ལ་སོགས་པ་སྤོང་བའི་ཕྱིར་རོ།། དགའ་བ་དང་བདེ་བའི་དབང་དུ་མཛད་ནས།། དགའ་བ་ལུས་ནི་ཤིན་ཏུ་སྦྱངས་པ་ཐོབ།། ལུས་སྦྱངས་པས་ནི་བདེ ་བའི་སྐལ་ལྡན་འགྱུར། ཞེས་གསུངས་ཏེ། འདིས་ནི་ཕན་ཡོན་གྱི་ཡན་ལག་བསྟན་ཏེ། རྟོག་པ་དང་དཔྱོད་པ་གཉིས་ཀྱི་གཉེན་པོ་བྱས་པའི་མི་མཐུན་པའི་ཕྱོགས་ལ།། དེ་ལས་དབེན་པ་ལས་སྨྱོས་པའི་དགའ་བ་དང་། བདེ་བ་ཐོབ་པའི ་ཕྱིརརོ། སེམས་རྩེ་གཅིག་པའི་དབང་དུ་མཛད་ནས། རྩེ་གཅིག་སེམས་དང་ལྡན་པའི་མི་ལ་ནི། ཡིད་ལས་བྱུང་བའི་དགའ་བོ་རབ་ཏུ་བསྐྱེད། ཅེས་གསུངས་པ་འདིས་ནི་གཉེན་པོ་དང་། ཕན་ཡོན་གཉི་གའི་གནས་ཀྱི་ཡན་ལག ་བསྟན་ཏེ། ཏིང་འཛིན་ལ་བརྟེན་པའི་སྟོབས་ཀྱི་རྟོགས་པ་ལ་སོགས་པ་འཇུག་པའི་ཕྱིརརོ།། བསམ་གཏན་གཉིས་པ་ལ་ཡན་ལག་བཞི་སྟེ། ནང་རབ་ཏུ་དང་བ་དང་། དགའ་བ་དང་བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དོ།། ་ནང་རབ་ཏུ་དྲང་བའི་དབང་དུ་མཛད་ནས།། སེམས་ནི་དང་བས་ལྷ་མིའི་བདེ་བ་དང་།། མཐོ་རིས་དང་ནི་བྱང་གྲོལ་ཐོབ་པར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་པ་འདིས་ནི། རྟོག་པ་དང་། དཔྱོད་པ་དང་ཉིད་སྐྱོན་དུ་མཐོང་སྟེ། ་དེའི་གཉེན་པོར་བསྟན་ཏོ།། དགའ་བ་དང་བདེ་བ་དང་སེམས་རྩེ་གཅིག་པ་ཡན་ལག་ལ་ལྷག་མ་གཉིས་པ་སྔ་མ་བཞི་ནོ།། བསམ་གཏན་གསུམ་པ་ལ་ཡན་ལག་ལྔ་སྟེ། བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་དང་། ་བདེ་བ་དང་། སེམས་རྩ་གཅིག་པ་ཉིད་དོ།། དེ་ལ་བཏང་སྙོམས་ཀྱི་དབང་དུ་མཛད་ནས། བཏང་སྙོམས་ལྡན་ཞེས་གསུངས་ཏེ། སེམས་མཉི་པ་ཉིད་དང་། སེམས་རྣལ་དུ་འཇུག་པ་དང་། སེམས་ལྷུན་གྱིས་གྲུབ་པའོ།། ་དྲན་པ་དང་། ཤེས་བཞིན་གྱི་དབང་དུ་མཛད་ནས། དཔེར་ན་རླུང་མེད་ཁང་པའི་ནང་དུ་ནི།། མཱར་མེ་བཙུགས་པ་མི་གཡོ་འབར་བཱ་ལྟར།། རྩེ་གཅིག་སེམས་ཀྱི་ཟློས་ལ་མངོན་དགའ་བའི།། ལུས་ལ་ཆོས་ཀྱང་དེ་བཞིན་འབར ་བར་འགྱུར། ཞེས་གསུངས་ཏེ། དྲན་པ་ནི་འདྲིས་པའི་དངོས་པོ་མ་རྗེད་པའོ།། ཤེས་བཞིན་ནི་གཞན་དུ་མི་གཡེང་བ་སྟེ།། འདི་གསུམ་གྱིས་ནི་དགའ་བའི་རྣམ་པར་རྟོག་པ་སྤོང་བས། གཉེན་པོའི་ཡན་ལག་དུ་བསྟན་ཏོ།། ། ་བདེ་བ་དང་སེམས་རྩེ་གཅིག་པ་ཉིད་ནི།། ཡན་ལག་ལྡུག་པ་རྣམས་དང་བློ་རིམས་བཞིན་ནོ།། བསམ་གཏན་བཞི་པ་ལ་ཡན་ལག་བཞི་སྟེ། བྱུཏྱཱ་སྙོམས་ཡོ་སྤུ་དག་པ་དང་། དྲན་པ་ལྗོངསུ་དྲུག་པ་དང་། སྦྲུ ་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་ནས། སེམས་རྩེ་གཅིག་པ་ཉིད་དོ།། དེ་ལ་བཏང་སྐྱེམས་ཡོངསུ་དག་པ་དང་། དྲན་པ་ཡོང་སུ་དག་པ་ནི། བདེ་བའི་གཉེན་པོའི་ཡན་ལག་གོ།། སྡུག་བསྔལ་ཡང་མ་ཡིན་བོང་བ་ཡང་མ་ཡིན ་འི་དབང་དུ་མཛད་ནས། གྲགས་དང་མ་གྲགས་རྙེད་དང་མ་རྙེད་དང་།། བདེ་དང་སྡུག་བསྔལ་དེ་བཞིན་སྟོད་དང་སྨད།། སེམས་ཀྱི་འཇིག་རྟེན་ཆོས་རྣམས་རབ་བཅོམ་སྟེ།། སྡིག་པའི་གཽནྱཱསྭཱ་བྷཻ་པ་སྨྱུང་བར་བྱ།། ཞེས་གསུངས་བྱ ་ས་ནི། ཕན་མིན་བྷྲཱུཾ་ཡན་ལག་སྐྲུན་ཏོ།། སེམས་རྩེ་གཅིག་པ་ཉིད་ནི། དགཎྜཱི་ངྒཱའི་གནས་ཀྱུ་ཡན་ལག་ཀཽ་དི་ཡི་དགས་པ་ནི། རྣམ་པར་གཡེང་བ་ལས་སྤྱན་། ཕན་སྔོན་ནོ་འཛིན་སོ་ས་སྦྱོང་བར་བྱེད་པ་སྟེ། འདི ་རྫོགས་བཅ་ག། དམིགས་བས་ཧཱུ~ཾ་སེམས་པ་མཱ~ཾ། དྭཻརྞྞ་རྣམ་པར་ག་ཡོང་མྀ་དྷ།། རྣམཱ་གྣ་ས་སྟུན་དུ་རྟོགས་གྱུར་ནས།། དེ་ལས་སྐུར་ནི་གྷུན་པཱུ་གྷ། ཧཱུ~ཾ་སྦྱིན་གང་ནས་གང་དུ་ཡ་།། སེམས་ནི་ནརྀ་དུ་སྱཱ་བྱཱ་གྷྲ། ་ཡོན་ཏན་མ་མ་ཐོང་བའི་ཕྱིར།། ཏིང་འཛིན་ལ་སེམས་འཇུག། རྣམ་ཕྱི། རིམ་མི་དགའ་ར་བྱ།། འ་མས་ཡང་མི་ཐོས་སོ་ཤེས། སངས་པ་དེ་བཡིནན་པར་བྱ། རྡོ་རྗེ ་ཅན་གྱིས་ནི།། སེམས་ལ་མངོན་པར་འདུ་བྱེད་བཅས།། རང་གི་ངང་གིས་འབྱུང་བ་ཐོབ།། དེ་གོམས་པ་ལས་འདུ་མི་བྱེད།། ལྷའི་གནས་པ་དང་སྦྱར་བ་བཤད་ཟིན་ཏོ།། །། བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་ནི།། ་གནས་སྐབས་གང་དུ་ཡང་སེམས་ཅན་རྣམས་ཀྱི་དོན་ལྷུར་ལེན་པ་ལ་གཞོལ་བའི་ཕྱིར།། དེའི་འོག་ཏུ་ཚངས་པའི་གནས་པ་ཚད་མེད་པ་བཞི་བསྒོམ་དགོས་པར་སྟོན་ཏེ། དེ་ལ་བྱམས་པའི་དབང་དུ་མཛད་ནས། བྱམས་དང་ཞེས ་གསུངས་ཏེ། བསམ་གཏན་ལ་རྟེན་ནས། སེམས་ཅན་རྣམས་ལ་ཕན་པ་དང་། ཕོད་པར་ཤོག་ཅིག་པར་བསམ་པའི་གནས་པ་ཡང་དག་པར་འབྱོར་པའི་ཏིང་འཛིན་ཏོ།། སྙིང་རྗེའི་དབང་དུ་མཛད་ནས་སྙིང་རྗེ་ཞེས་གསུངས་ཏེ། ་བསམ་གཏན་ལ་བརྟེན་ནས། སེམས་ཅན་རྣམས་ལ་སྡུག་བསྔལ་དང་བྲལ་བར་ཤིག་ཅིག་པར་བསམ་པའི་གནས་པའི་ཡང་དག་པར་འབྱོར་པའི་ཏིང་འཛིན་ཏོ།། དགའ་བའི་དབང་དུ་མཛད་ནས། དགའ་བ་ཞེས་གསུངས་ཏེ། བསམ ་གཏན་ལ་བརྟེན་ནས། སེམས་ཅན་རྣམས་ལ་བདེ་བ་དང་མི་བྲལ་བར་ཤོག་ཅིག་པར་བསམ་པའི་གནས་པ་ཡང་དག་པར་སྦྱོར་བའི་ཏིང་འཛིན་ཏོ།། བཏང་སྙོམས་ཀྱི་དབང་དུ་མཛད་ནས་བཏང་སྙོམས་ལྡན་ཞེས་གསུངས་ཏེ། ་བསམ་གཏན་ལ་བརྟེན་ནས་སེམས་ཅན་རྣམས་ལ་ཕན་པར་བསམ་པའི་གནས་པ་ཡང་དག་པར་འབྱོར་པའི་ཏིང་འཛིན་སེམས་མཉམ་ཉིད་ལ་དང་། སེམས་རྣལ་དུ་འཇུག་པ་དང་། སེམས་ལྷུན་གྱིས་གྲུབ་པའོ།། འདིར་ཚིག་སུ ་བཅད་པ། བྱང་ཆུབ་སེམས་དཔའ་གནོད་སེམས་དང་།། རྣམ་འཚེ་མི་དགའ་གནོད་སེམས་དང་།། འདོད་པའི་འདོད་ཆགས་དང་ལྡན་པ།། ཉེས་དམིགས་རྣམ་པ་མང་ལ་རེག། ཅེས་བྱ་བ་དང་། ཉེས་པ་འདི་ཀུན ་བྱམས་སོགས་ལ།། ལེགས་པར་གནས་ལ་མི་འབྱུང་སྟེ།། ཉོན་མོངས་ཅན་མིན་སེམས་ཅན་གྱི།། དོན་དུ་འཁོར་བའང་ཡོངས་མི་གཏོང་།། ཚངས་པའི་གནས་པ་དང་སྦྱར་བ་བཤད་ཟིན་ཏོ།། །། དེ་ནས་ཆོས་ཀྱི་དབྱིངས་རྟོགས ་པཱ་ལ་འཇུག་པར་གཞོལ་བའི་ཡུལ་རྣམ་པར་ཐར་པའི་སྒོ་གསུམ་བསྒོམ་དགོས་པར་སྟོན་ཏེ། དེ་ལ་སྟོང་པ་ཉིད་བསྟན་པའི་དབང་དུ་མཛད་ནས། གཟུགས་ནི་འབྱུང་བ་ཆེན་པོ་བཞི་དང་ལྡན།། དེ་ནི་བདག་མིན་བདག་ཀྱང་གཟུགས་མ ་ཡིནཏེགཟུགས་ལ་བདག་མེད་བདག་ལ་གཟུགས་མེད་དེ།། གཟུགས་ནི་སྟོང་པའོ།། ཕུང་བཞི་ཡང་རིག་པར་གྱིས།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ནི་གང་ཟག་དང་ཆོས་ལེ་བདག་མེད་པ་དག་ཡོངསུ་ཤེས་པར་བྱ་བའི ་ཕྱིར་བསྟན་ཏོ།། མཚན་མ་མེད་པའི་དབང་དུ་མཛད་ནས།། བུད་མེད་མཚན་ཉིད་སྐྱེས་པའི་མཚན་ཉིད་དང་། སྨན་དང་གླང་ཆེན་བརྟགས་པ་འམ་སྐར་མའི་དཔྱད།། མཚོན་ཆ་བརྟགས་པ་འམ་རྟ་དཔྱད་རང་བཟོ་འམ།། བསྟན་བཅོས་དོན་པ ་སློབ་ཅིང་ཀློག་པ་ཡང་།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ནི་གང་ཟག་དང་ཆོས་ལ། བདག་ཏུ་འཛིན་པ་ཉེ་བར་ཞི་བར་བྱ་བའི་ཕྱིར་བསྟན་ཏོ།། སྨོན་པ་མེད་པའི་དབང་དུ་མཛད་ནས། ཡུལ་སའི་གཏམ་དང་མི་དབང་བསྟེན་པ ་དང་། དམག་དང་གྱད་དང་ན་ཆུང་གཏམ་དག་དང་།། བསྲུང་ལྡེཔ་དང་ནི་སྔོན་གྱི་ལོ་རྒྱུས་གཏམ།། འདོད་ཆགས་གཏམ་དང་སྐད་འཚོང་གཏམ་མི་བྱ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ནི་གང་ཟག་དང་ཆོས་ལ ་བདག་ཏུ་འཛིན་པའི་རྟེན་སྤང་བའི་ཕྱིར་བསྟན་ཏོ།། འདིར་ཚིགས་སུ་བཅད་པ། ཡོངས་སུ་ཤེས་དང་སྤང་བ་དང་།། མངོན་སུམ་དུ་ནི་བྱ་བའི་ཕྱིར།། སྟོང་ཉིད་ལ་སོགས་ཏིང་འཛིན་རྣམས།། དོན་རྣམ་གསུམ་དུ ་ཡོངས་སུ་བསྒྲགས།། རྣམ་པར་ཐར་པའི་སྒྲོ་གསུམ་དད་སྦྱར་བ་བཤད་ཟིན་ཏོ།། ། དེ་བཞིན་དུ་བཟླས་བརྗོད་ཡན་ལག་དང་བཅས་པ་དང་། སྒྲའི་ཏིང་ངེ་འཛིན་ལ་སོགས་ཏེ། ་འདྲིར་མོས་པ་ཡིད་ལ་བྱེད་པ་དང་། དེ་ཁོ་ན་ཉིད་ལ་བྱེད་པ་བསྟན་པ་འདི་དག་གིས་ཀྱང་ཞི་གནས་ཀྱི་རྗེས་སུ་མཐུན་པ་དང་། ལྷག་མཐོང་འཕེལ་བའི་རྗེས་སུ་མཐུན་པའི་ཕྱིར། ཡིད་ལ་བྱེད ་པའི་ཕན་ཡོན་བསྟན་པོ་ཡིན་ནོ།། དགོས་པའི་ཡང་དགོས་པ་ཞེས་བྱ་བ་ནི་ཆོ་གའི་གནས་ལ་མཁས་པ་དང་། ཡིད་ལ་བྱེད་པའི་ཕན་ཡོན་ཐོབ་པས་མཐོང་བའི་ཆོས་ལ་མངོན་པར་མཐོ་བོ་དང་། ་སྲིད་པ་གཞན་དུ་ངེས་པར་ལེགས་པའི་འབྲས་བུ་ཐོབ་པ་ཡིན་ནོ།། དེ་ལྟར་འབྲེལ་པ་ལ་སོགས་པའི་རྒྱུད་ཀྱི་དོན་བཟང་པོ་འོད་རྣམས་ཁོང་དུ་ཆུད་པའི་སྒོ་ནས་ནི། གང་དག་ཆོས་ཀྱི་རྗེས་སུ ་འབྲང་བ་རྣམས་པ་ལྔ་སོགས་པ་ལ་གས་པ་རྒྱག་བསྡུས་པའི་དོན་གཞན་ནི་དངོས་སུ་གོ་བར་ཟད་ན། འཕགས ་པ་དཔུང་བཟང་གི་ཞུས་པའི་རྒྱུད་ཀྱི་བསྡུས་པའི་དོན་བཀྲོལ་བའི་རྗེད་བྱང་རྫོགས་སོ།། ། ་