CLOSE WINDOW

GT1500: 'phags pa dpung bzang gis zhus pa'i rgyud kyi bsdus pa'i don
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱརྱ་སུ་བཱ་ཧུ་པ་རི་པྲྀཙྪ་ནཱ་མ་ཏནྟྲ་པིནྡྷརྠ། བོད་སྐད་དུ། འཕགས་པ་དཔུང་བཟང་གིས་ཞུས་པའི་རྒྱུད་ཀྱི་བསྡུས་པའི་དོན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལོ།། མདོ་སྡེ་འདི་ལས་ནི ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འཇིག་རྟེན་པའི་ལྷའི་བྱེ་བྲག་རྣམས་ཀྱིས་རིག་སྔགས་དང་གསང་སྔགས་བཤད་པ་གང་ཡིན་པ་དེ་དག་རིགས་གསུམ་པོ་དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེ་དང་། དེ་བཞིན་དུ་གཞན་ཡང་ནོར་ཅན ་དང་། ལྔ་རྩེན་དང་འཇིག་རྟེན་པའི་རིགསུ་ཡང་དག་པར་བསྡུས་པར་སྟོན་ཏོ།། དེ་དག་རིག་དང་རྀ་ཌ་སྥཱ་ཌ་དང་། གསང་སཱཌ་དང་། ལས་ཀྱི་དབྱེ་བ་དང་མཉེས་པ་ར་བྱ་བའི་ཐབས་ཁ་ཅིག་ཏུ་ནི་རྒྱས་པར་སྤྲོས་ལ། དེ་ལས་གཞན་དུ་ནི་ཅུང་ཟད་ཙམ་དུ་བསྟན ་པ་དང་། གཞན་དག་ཏུ་ནི་མ་གསུང་སོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་རིགས་ཐམས་ཅད་ཀྱི་མཉེས་པར་བྱ་བའི་ཐབ་སུ་གྱུར་པ། འཇུག་པ་དང་། སྒྲུབ་པ་དང་། སྒྲུབ་པའི་སྤྱོད་པ་བསྟན་པ་རྣམས་དཔུང་བཟང་གིས ་ཞུས་པའི་གསང་སྔགས་ཀྱི་མདོ་སྡེའི་ལེའུ་བཅུ་གཅིག་པོ་འདིར་གཏན་ལ་དབང་པ་བསྟན་ཏོ།། དེ་ལ་ལེའུ་དང་པོ་ནི་དོན་བདུན་གྱིས་བཤད་པ་བསྟན་ལ། ཚིག་དང་པོའི་དོན་ནི་འདི་ལྟ་སྟེ་མདོ་སྡེ་དང་། དེ་འཆད་པའི་ཞུ་བ་དང་། འབྲེལ་པ་དང་། བརྗོད་པར ་བྱ་བ་དང་། དགོས་པ་དང་། དགོས་པའི་ཡང་དགོས་པ་རྣམས་ཀྱིས་བསྟན་ཏོ།། གནོད་སྦྱིན་བདག་པོ་ཉི་མ་སྟོང་གི་གཟི།། སྙིང་རྗེས་རྩེ་གཅིག་ཡིད་གྱུར་ཞེས་བྱ་བ་ནས་བརྩམས་ཏེ། དེ་ཕྱིར་མྱུར་དུ་རྩེ་གཅིག་ཡིད་བྱས་དང་། གསང་སྔགས་མདོ་སྡེའི ་ཚུལ་བཞིན་ངས་བཤད་དོ།། ཞེས་བྱ་བའི་བར་གང་གསུངས་པའོ།། དེ་བཞིན་དུ་ཟློས་པ་དང་། སྒྲུབ་པ་དང་། མི་སྒྲུབ་པ་རྣམས་ཀྱིས་ཀྱང་ཐུན་མོང་གི་བསླབ་པ་ལ་འཇུག་པ་བསྟན་པ་ནི་དོན་གཉིས་པ་སྟེ། གསང་སྔགས ་བཟླས་བརྗོད་གང་དག་ངས་གསུངས་པ།། དེ་ཡི་བརྟུལ་ཞུགས་དང་པོར་ངས་བཤད་དོ།། ཞེས་བྱ་བ་ལ་སོགས་པ་ནས། དགེ་བཅུ་དག་གི་ཆོས་ཀྱི་ལམ་ལ་གནས་ན་ཞེས་བྱ་བའི་བར་གསུངས་པའོ།། དེ་བཞིན་དུ་དམ་ཚིག་གི་དཀྱིལ་འཁོར་རྣམས་དང་། ་གདོན་ལ་སོགས་པའི་དཀྱིལ་འཁོར་དུ་ཞུགས་པའི་ཕན་ཡོན་གསུངས་པ་ནི་དོན་གསུམ་པ་སྟེ། ལྷ་དང་ལྷ་མིན་ཤ་ཁྲག་ཟ་འཐུང་བ།། མཚན་མོར་རྒྱུ་བ་མི་བཟད་འཇིག་རྟེན་ན།། སེམས་ཅན་རྣམས་ལ་གནོད་པ་བྱེད་ཅེས་བྱ་བ་ལ་སོགས་པ་ནས། དེ་ལས ་གང་ཡང་རུང་བའི་དཀྱིལ་འཁོར་ནི།། གཅིག་ཙམ་ཞིག་ཀྱང་དད་པས་བལྟ་བར་བྱ་ཞེས་བྱ་བའི་བར་དུ་གང་གསུངས་པའོ།། སྒྲུབ་པ་པོས་ཁྱད་པར་དུ་དགེ་བའི་ཆོས་ཡང་དག་པར་སྡུད་པ་དང་། སེམས་ཅན་གྱི་དོན་བྱ་བ་དང་། སོ་སོར་ཐར་པའི་སྡོམ་པའི་ཚུལ་ཁྲིམས ་ལ་གནས་པར་བསྟན་པ་དང་། དེའི་ཕན་ཡོན་བསྟན་པ་ནི་དོན་བཞི་པ་སྟེ། གནོད་སྦྱིན་ཚིགས་དང་མཚན་མོ་རྒྱུ་བ་དག། ས་བླ་བ་ཞེས་བྱ་བ་ལ་སོགས་པ་ནས། དེ་བཞིན་ཚུལ་ཁྲིམས་བརྟེན་ནས། དེ་བཞིན་ཆོས་དཀར་མཆོག། རྣམ་པར་སྐྱེ་ཞེས་བྱ་བའི་བར ་གང་གསུངས་པའོ།། སོ་སོར་ཐར་པ་དང་སེམས་ཅན་གྱི་དོན་བྱ་བའི་བསླབ་པའི་ཐབས་ནི་དོན་ལྔ་པ་སྟེ། རྒྱལ་བ་ངས་གསུངས་སོ་སོར་ཐར་པ་ཡི།། ཚུལ་ཁྲིམས་རྣམས་དག་འདུལ་བ་མ་ལུས་ལས་ཞེས་བྱ་བ་ལ་སོགས་པའོ།། དེ་བཞིན་དུ་དགེ་བའི་ཆོས་ཡང ་དག་པར་བསྡུ་བའི་ཐབས་ནི་དོན་དྲུག་པ་སྟེ། བཟླས་པས་སྐྱོན་མདོ་སྡེ་བཀླགས་པར་བྱ་ཞེས་བྱ་བ་ལ་སོགས་པའོ།། དེ་བཞིན་དུ་གྲོགས་པོའི་མཚན་ཉིད་བསྟན་པ་ནི་དོན་བདུན་པ་སྟེ། ནམ་ཡང་འཁོར་མ་རྩིག་འམ་ཤིང་རྟ་ནི་ཞེས་བྱ་བ་ལ ་སོགས་པ་གང་གསུངས་པའོ།། ། དེ་བཞིན་དུ་ལེའུ་གཉིས་པ་ལ་དོན་བཅུ་སྟེ། དེ་ལ་གསང་སྔགས་མཉེས་པར་བྱ་བའི་དོན་ནི་དང་པོ་སྟེ། རང་སངས་རྒྱས་དང་བདེ་གཤེགས་ཉིད་སྐྱེས་དང་།། རྒྱལ་བ་སྔོན ་ཆད་གང་ན་བཞུགས་བཞུགས་པ་ཞེས་བྱ་བ་ལ་སོགས་པ་ནས། དེར་ནི་ས་བརྐོས་སྦྱངས་ནས་གནས་རྩིག་པ་ཞེས་བྱ་བ་ལ་སོགས་པའི་བར་གང་གསུངས་པའོ།། དེ་བཞིན་དུ་ལྷ་བཞག་པའི་དོན་ནི་གཉིས་པ་སྟེ། དྲི་གཙང་ཁང་པ་དེའི ་ཕྱོགས་གཅིག་ཏུ། རྒྱལ་བ་ལམ་མཆོག་སྟོན་པ་ཞེས་བྱ་བ་ལ་སོགས་པ་ནས། དེའི་སྤྱན་སྔར་དངོས་གྲུབ་རྟག་ཏུ་བརྩམ་པར་བྱ་ཞེས་བྱ་བའི་བར་གང་གསུངས་པའོ།། སྒྲུབ་པ་དང་རྗེ་སུ་མཐུན་པའི་ཆ་ལུགས་བསྟན་པ་ནི་དོན་གསུམ་པ་སྟེ། ་དེའི་ཕྱིར་གཙུག་ཕུད་བཞག་སྟེ། སྐྲ་ནི་བྲེགས་ན་སུ་ཞེས་བྱ་བ་ལ་སོགས་པ་གསུང་སོ།། དེ་བཞིན་དུ་སློངས་མོ་པའི་ལྷུང་བཟེད་ཀྱི་མཚན་ཉིད་བསྟན་པ་ནི་དོན་བཞི་པ་སྟེ་ཇི་སྐད་དུ། ཀུ་བ་འམ་ལྕགས་སམ་འཇིམ་པ་ལས་བྱས་པ་ཞེས ་བྱ་བ་ལ་སོགས་པ་གསུང་སོ།། སྒྲུབ་པ་པོ་སློང་མོ་དང་རྗེ་སུ་མཐུན་པའི་ཡུལ་དུ་གནས་པའི་བྱ་བ་ནི་དོན་ལྔ་པ་སྟེ། དེ་བསྟན་པའི་ཕྱིར། བཟའ་བཏུང་མོད་ཅིང་དམངས་རིགས་མང་བ་ནང་། འགྲོན་ལ་མཆོད་བྱེད་ལེགས་པར་གནས ་པའི་གྲོང་། ཧ་ཅང་མི་ཉེ་ཧ་ཅང་མི་རིང་ཞེས་བྱ་བ་ལ་སོགས་པ་ནས། དེ་ནི་སྡིག་པ་རྣམ་པར་བསལ་བ་དང་།། བསོད་ནམས་མ་ལུས་ཡོངསུ་བཟུང་བས་འདག་ཅེས་བྱ་བའི་བར་དུའོ།། ཟས་ལ་མ་ཆགས་པར་བྱ་བ་དང་། ཟས་ཀྱི་ཚད ་ཟིན་པར་བྱ་བ་བསྟན་པ་ནི་དོན་དྲུག་པ་སྟེ། ཇི་ལྟར་རྨ་ནི་གསོ་དང་བསལ་བའི་ཕྱིར།། ནད་པ་ལ་ནི་སྨན་པས་སྦྱིན་པ་ལྟར།། དེ་བཞིན་འདིར་ཡང་དཀྲིས་པའི་སྡུག་བསྔལ་དག་ཅེས་བྱ་བ་དང་། བཟའ་བར་གསུངས་ཞེས་བྱ་བ་ལ་སོགས་པ་ནས། ལུས ་ནི་ཆུ་ཞིང་བཞིན་དུ་རིག་བྱ་སྟེ། བཟའ་བཏུང་སོགས་ལ་སེམས་ནི་ཆགས་མི་བྱ་ཞེས་བྱ་བའི་བར་དུའོ།། སློངས་མོ་བྱེད་པའི་དུས་ན་སྤྱོད་ལམ་བཅོས་པར་བསྟན་པ་ནི་དོན་བདུན་པ་སྟེ་དེའི་ཕྱིར། དབང་པོ་དྲུག་པོ་ཡུལ་ལ་འཕྲོ་བ་དག། བདེ་གཤེགས ་གསུངས་པའི་ཤེས་པས་བསྲུང་བར་བྱ།། ལྷུང་བཟེད་དེ་དག་ལན་ཅིག་ཐོགས་ན་སུ།། གཉའ་ཤིང་གང་དུ་བལྟ་ཞིང་ཞེས་བྱ་བ་ནས།། དེ་བཞིན་གང་ན་རོལ་མོ་བྱེད་པ་རྣམས།། དེར་ནི་སྐྱེས་བུ་ནམ་ཡང་འགྲོ་མི་བྱ་ཞེས་བྱ་བ་ལ་སོགས་པའི་བར་དུའོ།། ། ་ཟས་བཟའ་བའི་རིམ་པ་དང་། དུས་ངེས་པར་བསྟན་པ་ནི་དོན་བརྒྱད་པ་སྟེ། གང་གི་ཕྱིར། བསོད་སྙོམས་ཅི་རྙེད་ཁྱེར་ཏེ་འོངས་ནས་ཀྱང་ཞེས་བྱ་བ་ལ་སོགས་པ་གང་གསུངས་པའོ།། དུས་གསུམ་དུ་བཟླས་བརྗོད་བྱ་བ་དང་། དུས་གསུམ་དུ་ཁྲུས་བྱ་བ ་བ་དང་མཆོད་པ་བསྟན་པ་ནི་དོན་དགུ་པ་སྟེ། དེའི་ཕྱིར་དུས་གསུམ་དུ་ཁྲུས་བྱ་སྟེ། ཞེས་བྱ་བ་ནས། སྨྲ་བ་ཨན་བལླི་འབྲི་ཧ་ཏི། སུ་ཤོ་དྲི་ངན་ཡིད་དུ་མི་འོང་སྤང་ཞེས་བྱ་བ་ལ་སོགས་པ་གསུངས།། སྒྲུབ་པ་པོས་སངས་རྒྱས་རྗེསུ་དྲན་པ ་སོགས་པ་རྗེསུ་དྲན་པ་དྲུག་ལ་དམིགས་པའི་དུས་བསྟན་པ་ནི་དོན་བཅུ་པ་སྟེ། འབྱུང་དང་འདུག་དང་མ་ལོག་ཉལ་བ་དང་།། འགྲོ་འཕྲེས་ཟ་ཀློག་བཟླས་བརྗོད་བྱེད་པ་ན།། རྫ་སུ་དྲན་དྲུགས་པའི་ཡོན་ཏན་དང་།། རིག་པར་བཅས་ཏེ་རྗེསུ་དྲན་པར་བྱ་ཞེས ་གང་གསུངས་པའོ།། ། ལེའུ་གསུམ་པ་ལ་སྒྲུབ་པ་པོའི་དེ་ཁོ་ན་ཉིད་ལ་དམིགས་པ་ནི་དོན་དང་པོ་སྟེ་དེའི་ཕྱིར། འདོད་ཆགས་ལ་སོགས་ཉོན་མོངས་ཚོགས་ལྡན་པའི།། སེམས་ནི་འཁོར་བ་ཡིན་པར་ཀུན་ཏུ་བརྗོད།། ཉོན་མོངས ་རྣམ་གྲོལ་ཤེལ་དང་ཟླ་འདྲ་བ། སྲིད་པའི་རྒྱ་མཚོ་ཐར་པ་ནི་ཡོངསུ་གྲགས་ཞེས་བྱ་བ་ལ་སོགས་པ་གསུངས་པའོ།། བགྲང་ཕྲེང་གི་མཚན་ཉིད་བསྟན་པ་ནི་དོན་གཉིས་པ་དེའི་ཕྱིར། བ་དེ་ཙེ་དང་དུབཤེལ་རུ་རག་ཤྭ། ཞེས་བྱ་བ་ལ་སོགས་པ་གསུངས་པའོ།། ་བཟླས་བརྗོད་ཀྱི་དུས་སུ་ལུས་དང་། ངག་དང་། ཡིད་བསྣམས་པ་ནི་དོན་གསུམ་པ་སྟེ། དེ་བསྟན་པའི་ཕྱིར། འདུག་ནས་དབང་པོ་ཡང་དག་བསྡམས་པ་དང་། ལུས་ནི་དྲང་ཞིང་བསྟན་པར་བཞག་ནས།། ཕྱིས་ནི་མ་མཆུ་ཤིན་ཏུ་མཛེས་པར ་ཡང་། སྤྲུལ་ཞིང་གསང་སྔགས་ཅི་དགར་བཟླས་བརྗོད་བྱ་ཞེས་གསུངས་པའོ།། བཟླས་བརྗོད་ཀྱི་ཉོས་པ་སེམས་མི་བརྟན་པ་དང་། གཉིད་ལ་སོགས་པ་དང་། དེ་བཞིན་བཟླས་བརྗོད་ལ་གནོད་པ་ཡུལ་རྒྱུ་བ་ལ་སོགས་པའི་རྣམ་པར་རྟོག ་པ་རབ་ཏུ་དགག་པ་ནི་དོན་བཞི་པ་སྟེ། དེ་བསྟན་པའི་ཕྱིར། སེམས་ནི་གློག་དང་སྦྱིན་དང་རླུང་དང་མཚུངས། རྒྱ་མཚོ་ཆེན་པོ་ཡི་ནི་རླབས་དང་འདྲ།། སྒྱུ་ཅན་འདོད་དགུར་ཡུལ་ལ་མངོན་དགའ་བ།། གཡོ་ཞིང་འཆན་པ་ཞེས་བྱ་བ་ལ་སོགས ་པ་ནས།། གཉེན་པའི་དགའ་བའི་སེམས་ནི་རྣམ་རྟོག་གིས།། བཟློག་ནས་དག་ལ་བརྩོན་དང་ལྡན་པར་བཞག་ཅེས་བྱ་བ་ལ་སོགས་པའི་ངར་གང་གསུངས་པའོ།། ཐུབ་པར་བྱ་བ་བསྟན་པ་ནི་དོན་ལྔ་པ་སྟེ་དང་པོར་ཟློས་ནས ་བཟླས་བརྗོད་ཟིན་བར་དུ། བྲམ་ཟེ་རྒྱལ་རིགས་རྗེའུ་དམངས་རིགས་ཞིང་བ་དང་། བུད་མེད་མ་ནིང་ཁྱེའུ་བུ་མོ་དང་།། སྔགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ།། བཟླས་བརྗོད་བྱས་པ་ལ་སོགས་པ་ལས་བྱུང་བའི་བསོད་ནམས་ཡོངསུ་བསྔོ ་བར་བསྟན་པ་ནི་དོན་དྲུག་པ་སྟེ། དེའི་ཕྱིར། མེ་ཏོག་དྲི་བསྟོད་མར་མེ་ཕུལ་བ་དང་།། ཚུལ་ཁྲིམས་བརྩོན་འགྲུས་དཀའ་ཐུབ་བྱས་པ་ཡི།། དགེ་བ་དེ་ཀུན་བླ་ན་མེད་པ་ཡི།། སངས་རྒྱས་བྱང་ཆུབ་བླ་མེད་མཆོག་ཏུ་བསྔོ་ཞེས་བྱ་བ་ལ་སོགས་པ་གསུངསོ།། ་ལུས་དང་ངག་དང་། ཡིད་ཀྱི་གནས་ངན་ལེན་དུ་གྱུར་པའི་འཇིག་རྟེན་གྱི་ཆོས་བརྒྱད་པོ་གང་ཡིན་པ་དང་། སྟངས་དང་། མཚངས་པ་བྱེད་པ་ལ་སོགས་པ་རབ་ཏུ་དགག་པ་ནི་དོན་བདུན་པ་སྟེ། དེའི་ཕྱིར། གྲགས་དང་མ་གྲགས་རྙེད་དང་མ་རྙེད་དང་། བདེ ་དང་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་ནས། ཁེ་ལོ་དང་ནི་གཡོ་རྒྱུ་རྣམ་པར་སྤངས་ཞེས་བྱ་བ་ལ་སོགས་པའི་བར་གསུངས་པའོ།། ཁ་ཟས་མ་གནང་མ་སྤངས་པ་དང་། གསང་སྔགས་མཉེས་པར་འགྱུར་བ་དང་། རྗེ་སུ་མཐུན་པའི་ཁ་ཟས་དཀར ་པོ་བསྟན་པ་ནི་དོན་བརྒྱད་པ་སྟེ། ཇི་སྐད་དུ། ཤ་ཆང་ཀིའུ་དང་བཅིང་དང་སྒོག་སྔོན་དང་ཞེས་བྱ་བ་ལ་སོགས་པ་ནས་ལྷ་མིན་བུ་མོའི་འཁྲུལ་འཁོར་འཇོམས་པའི་ཚེ་འབྲུ་མར་ཚིགས་མིའི་ཁ་ཟས་མཆོག་ཏུ་བསྔགས་ཞེས་བྱ་བའི ་བར་གསུངས་པའོ།། ཇི་སྐད་བསྟན་པའི་དུས་སུ་ཉལ་བའི་རིམ་པ་བསྟན་པ་ནི་དོན་དགུ་པ་སྟེ། ཇི་སྐད་དུ། དེ་ལྟར་བཟླས་བརྗོད་བྱེད་པའི་སྒྲུབ་པ་པོས། ཉིན་གཅིག་བཞིན་དུ་བྱས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པའོ།། ་དེ་ནས་ལེའུ་བཞི་པ་ལ་རྡོ་རྗེ་རྣམས་ཀྱི་མཚན་ཉིད་བསྟན་པ་ནི་དོན་དང་པོ་སྟེ། ཇི་སྐད་དུ། སྒྲུབ་པ་པོ་ནི་ངེས་པར་བཅང་བ་ཡི།། རྡོ་རྗེ་གང་ཡིན་དེ་དག་བཤད་པར་བྱ་ཞེ་ས་བྱ་བ་ལ་སོགས་པ་ནས་དེ་ལས་གཅིག་ཀྱང་རྙེད་པར་མ་གྱུར་ན།། ཁུ ་ཚུར་བཅངས་ནས་རྩེ་གཅིག་སེམས་ཀྱིས་བཟླས་ཞེས་བྱ་བའི་བར་དུ་གསུངས་པའོ།། སྒྲུབ་པའི་རྫས་རྣམས་ཀྱི་གྲངས་བསྟན་པ་ནི་དོན་གཉིས་པ་སྟེ། དེའི་ཕྱིར། ལྡོང་རོས་གི་ཝང་རལ་གྱི་ཨཉྫ་ན་ཞེས་བྱ་བ་ལ་སོགས་པའོ།། བགེགས་ཀྱི ་རིགས་རྣམས་ཀྱི་གྲངས་བསྟན་པ་ནི་དོན་གསུམ་པ་སྟེ། དེའི་ཕྱིར་བགེགས་དང་ལོག་འདྲེན་གྲུབ་པར་མི་དགའ་བ། རིག་པའི་བདུན་རྒྱུ་ཞེས་བྱ་བ་ལ་སོགས་པ་ནས།། སྒྲུབ་པ་པོ་ལ་འབྱོར་པར་མི་དགའ་བ།། བརྩེ་མེད་རང་རང་རིགས་ལ་བགེགས ་ཀྱང་བྱེད་ཅེས་བྱ་བའི་བར་དུའོ།། བགེགས་རྣམས་བགེགས་བྱེད་པ་ན་ལྷ་ལ་ཕུལ་བའི་དྲི་ལ་སོགས་པ་མཆོད་པའི་ཡོ་བྱད་རྣམས་འཕྲོག་པ་དང་། གླགས་རྙེད་ནས་སྒྲུབ་པ་པོའི་ལུས་ལ་འཇུག་པར་བྱེད་དོ།། དེ་ལ་རྒྱུ་གང་གིས་ཡོ་བྱད ་རྣམས་འཕྲོགས་པར་བྱེད་པ་དང་། ཡོ་བྱད་རྣམས་པ་འཕྲོགས་པའི་ཉེས་པ་གང་ཡིན་པ་དེ་བསྟན་པ་ནི་དོན་བཞི་པ་སྟེ། དེའི་ཕྱིར། རང་གི་གསང་སྔགས་གཟུགསུ་རྣམ་སྤྲུལ་ན།། ཕྲེང་བ་དང་ནི་གཏོར་མ་མངོན་དུ་ལེན།། ལྷ་ཡིས་ལོག་འདྲེན ་གྱིས་བྱས་དེ་མཐོང་ནས།། ཁྲོས་ཤིང་འཁྲུགས་ནས་ཕྱིར་ཡང་ཕྱོགས་པར་འགྱུར་ཞེས་བྱ་བའོ།། བགེགས་རྣམས་དང་པོ་ནས་མི་འབྱུང་བར་བྱ་བ་དང་། ཞི་བར་བྱ་བའི་ཐབས་བསྟན་པ་ནི་དོན་ལྔ་པ་སྟེ། དེའི་ཕྱིར། སྔོན ་ཆང་སེམས་ནི་རྨོངས་དང་འཇུངས་པ་ཡི།། ལྷ་ཡི་ལོག་འདྲེན་བགེགས་ཀྱི་ལུགས་འདི་གཏོད་ཅེས་བྱ་བ་ལ་སོགས་པ་ནས། བཟླས་བརྗོད་ཟིན་ནས་ལེགས་པར་བསྲུང་བྱས་ཏེ།། དཀྱིལ་འཁོར་མང་བྱས་བསྒྲུབ་ལ་འཇུག་པར་བྱ་ཞེས ་བྱ་བའི་བར་དུའོ།། སྤྱིར་བགེགས་ཐམས་ཅད་སྒྲུབ་པ་པོའི་རྒྱུད་ལ་འབྱུང་བའི་རྒྱུ་བསྟན་པ་ནི་དོན་དྲུག་པ་སྟེ། དེའི་ཕྱིར་གཞན་དུ་མཆོད་པའི་ཆོ་ག་མེད་པ་དང་། བཟླས་བརྗོད་སྦྱིན་སྲོག་ཆོ་ག་བྲལ་བ་འམ།། གང་ཞིག་རྟག་ཏུ་སེམས་ནི་འདི་ལྟར་སེམས ་རིག་པ་གང་ཞིག་གིས་ནི་བསླབ་པར་བྱ།། ཡུལ་དང་རྒྱལ་སོགས་གཏན་ལ་ཆགས་པ་དེའི།། ལུས་ལ་ཐོགས་པ་མེད་པར་རབ་ཏུ་འཇུག། ཅེས་བྱ་བ་ལ་སོགས་པ་ནས། སྦྱིན་སྲེགས་བྱེད་པ་ན་ཡང་བགེགས་གཞན་འཇུག་ཅེས་བྱ་བའི་བར ་དུའོ།། དེ་བཞིན་དུ་སྤྱིར་བགེགས་ཐམས་ཅད་སྒྲུབ་པ་པོའི་རྒྱུད་ལ་འདོད་ཆགས་སྐྱེད་པར་འགྱུར་བ་བསྟན་པ་ནི་དོན་བདུན་པ་སྟེ། དེའི་ཕྱིར། ཇི་ལྟར་ཉི་ཟེར་མེ་ཤེལ་ལ་བབ་པའི།། རྐྱེན་གྱིས་མ་བཙལ་མེ་ནི་འབྱུང་བ་ལྟར།། དེ་བཞིན་བགེགས ་ཀྱང་ལུས་ལ་ཞུགས་གྱུར་ན།། འདོད་ཆགས་མ་ཆེན་ཀུན་ཏུ་སྐྱེད་པར་བྱེད་ཅེས་གསུངས་པའོ།། བགེགས་རྣམས་ཁྱད་པར་འབྱུང་བའི་རྒྱུ་དང་། དེ་དག་ཀྱང་སྒྲུབ་པ་པོའི་རྒྱུད་ལས་ཁྱད་པར་དུ་བྱེད་པ་གང་ཡིན་པ་བསྟན་པ་ནི ་དོན་བརྒྱད་པ་སྟེ། ཇི་སྐད་དུ། གཡོ་ཞིང་འགུལ་བ་ཞེས་ནི་བྱ་བ་ཡི།། བགེགས་ནི་ཆུ་དང་སྐྱེས་བུ་འཁྲུ་ཚེ་འཛིན།། བཀྲེས་ཤིང་ལུས་ལ་སྙོམ་ཞིང་གཉིད་ཀྱང་ཆེ།། དེ་བཞིན་ལུས་ལྕི་མཆོག་ཏུ་འཁྲུ་བར་འགྱུར་ཞེས་བྱ་བ་ལ་སོགས་པ་ནས། ་མེ་ཏོག་འབུལ་ཚེ་མེ་ཏོག་ཆེར་དགོས་པ།། རང་གི་གླགས་རྙེད་མོད་ལ་ལུས་ལ་འཇོག། རིམས་དང་ཆམ་པ་རུ་ཤིང་རྣ་བ་དང་།། གྲོགས་པོ་དག་དང་རྣམ་པར་བྲལ་བར་བྱེད།། ཅེས་བྱ་བའི་བར་དུ་གསུངས་པའོ།། དེ་བཞིན་དུ་གཞན་ཡང ་སྤྱིར་ན་འདི་ནི་བགེགས་ཐམས་ཅད་སྐྱོན་མེད་པར་བྱེད་པ་དེ་བསྟན་པ་ནི་དོན་དགུ་པ་སྟེ། ཇི་སྐད་དུ། བགེགས་ཀྱིས་བརླམས་པ་ཕྱོགས་ན་ལམ་མིན་ལམ་དུ་མཐོང་།། སྤྱོད་པ་སྣ་ཚོགས་བྱེད་ཅིང་འདོད་ཆགས་རྣམས་ཀྱིས་གདུངས།། བློ་བུར ་སྨྱོ་ཞིང་ཀློགས་ལ་དོན་མད་ཀུན་ཏུ་འཕྱན་ཞེས་པ་ལ་སོགས་པ་ནས། ཁྲོན་སྐམ་ཐོད་པ་རུས་གོང་ཕུང་པོ་དང་།། ལྕགས་དང་རྡོ་ཕུང་མི་གཙང་ཁང་རུལ་དང་། ཁ་བཞིན་བསྒྱུར་ཞིང་རལྀ་གྲི་མདུང་ཐོགས་པ།། རྨི་ལམ་འདི་རྣམས་རྨིས་པའི ་མིང་ཡང་བརླམས་ཞེས་བྱ་བའི་བ་དུ་གསུང་སོ།། བགེགས་ཐམས་ཅད་ཐོག་མ་ཉིད་ནུས་མི་འབྱུང་བར་བྱ་བའི་རྒྱུ་བསྟན་པ་ནི་དོན་བཅུ་པ་སྟེ། དེའི་ཕྱིར། བགེགས་དང་ལོ་ག་འདྲེན་རྣམ་པར་གཞིག་པའི་ཕྱིར།། བདུད་རྩི་ཐབ་སྦྱོར་དྲག ་ཤུལ་ལས་ཅན་སྦྱོར།། སྔགས་པ་དེའི་གསང་སྔགས་ལ་ཞུགས་པ།། བགེགས་དང་ལོག་འདྲེན་རྣམས་ཀྱིས་ཡོངས་མི་ཚུགས་ཞེས་གསུངས་པའོ།། སྒྲུབ་པ་པོའི་རྒྱུད་ལ་བགེགས་འབྱུང་བ་དང་། གཞོན་ཡང་སྐྱེས་པ་དང་བུད་མེད་ལ ་སོགས་པ་བགེགས་ཀྱིས་ཟིན་པ་དང་། མ་ཟིན་པ་རྣམས་ཀྱི་སྡིག་པ་ཉེ་བར་ཞི་བར་བྱ་བ་དང་། དབང་ཐང་ལ་སོགས་པ་བསྐྱེད་པའི་ཕྱིར། དེ་དག་དབང་བསྒྱུར་བའི་དཀྱིལ་འཁོར་དུ་དབང་བསྐུར་བསྟན་པ་དང་། དེའི་ཆོ་ག་བསྟན་པ་ནི ་དོན་བཅུ་གཅིག་པ་སྟེ། ཇི་སྐད་དུ། ཕྱུགས་ལྷས་ཤིང་གཅིག་ལྷའི་ཁང་པ་འམ།། ལམ་གྱི་བཞི་མདོ་འམ་ཁང་སྟོང་ནགས་ཚལ་དུ།། དཀྱིལ་འཁོར་གྲུ་བཞི་ལྷམ་པ་གྲུ་བཞིའི་ཚད།། ཚོན་རྩི་རྣམ་པ་སྣ་ཚོགས་རྣམས་ཀྱིས་བྲི་ཞེས་བྱ་བ་ལ་སོགས་པ་ནས། ་སྒྲུབ་པ་པོ་ཡི་མིང་ནི་འབའ་ཞིག་ལ།། བགེགས་རྣམས་གཞག་ཕྱིར་ཕན་པར་མ་ཟད་ཀྱི།། རྒྱལ་པོའི་འཁོར་དང་བུད་མེད་བུ་ཕོ་དང་།། བུ་མོ་དག་དང་རོལ་མོ་མཁན་རྣམས་དང་ཞེས་བྱ་བ་ལ་སོགས་པ་ལྡེའུ་ལྔ་པ་གསུངས་པའི་བར་དུའོ།། ་དེ་ལ་ལེའུ་ལྔ་པ་ལ་བགེགས་ཀྱིས་ཟིན་པ་ལས་ཐར་པའི་སྔགས་བསྟན་པ་ནི་དོན་དང་པོ་སྟེ། དེའི་ཕྱིར། བགེགས་ཀྱིས་བསོད་ནམས་མ་ལུས་ཟད་བྱེད་པས།། དེའི་ཕྱིར་མི་ལ་གསང་སྔགས་གྲུབ་མི་འགྱུར།། ཇི་ལྟར་ཟླ་བ་སྤྲིན་ལས་རྣམ་གྲོལ ་ལྟར། དེ་བཞིན་བགེགས་ལས་གྲོལ་བ་རྣམ་པར་གསལ་ཞེས་གསུངས་པའོ།། བཟླས་བརྗོད་དང་མཆོད་པ་དང་། སྡིག་པ་ཟད་པ་ལ་སོགས་པའི་ཚོགས་པ་དང་ལྡན་པ་བལྟོས་ནས་གསང་སྔགས་ཀྱི་འབྲས་བུ་ཐོབ་པར་འགྱུར་གྱི་གཅིག་པུ ་ཡིས་ནི་མ་ཡིན་ཏེ། འདི་ལྟར་དངོས་པོ་ཐམས་ཅད་ཚོགས་པ་ལ་སྐྱེའི། རྒྱུ་གཅིག་པུས་འགྲུབ་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིནོ་ཞེས་བསྟན་པ་ནི་དོན་གཉིས་པ་སྟེ། དེའི་ཕྱི་རི་ས་དང་ཆུ་དང་དུས་དང་རྣམ་བྲལ་བའི།། སྣོད་ནས་འབྲས་བུ་ལ་ནི་མྱུ ་གུ་མེད་ཅེས་བྱ་བ་ལ་སོགས་པ་གསུངསོ།། གསང་སྔགས་ཀྱི་འབྲས་བུའི་ཚོགས་བསྟན་པ་ནི་དོན་གསུམ་པ་སྟེ། དེའི་ཕྱིར། ཆོ་ག་ཉམས་ཤིང་ཡི་གེ་གུག་སྐྱེད་མེད།། མཆོད་པ་མེད་ཅིང་མི་གཙང་བཟླས་བརྗོད་བྱས།། གུག་སྐྱེད་ཡི་གེ་ལྷག ་པཱར་གྱུར་པ་ཡི།། གསུང་སྔགས་དངོས་གྲུབ་རྒྱ་ཆེར་མི་སྟོར་རོ།། ཞེས་བྱ་བ་ལ་སོགས་པ་ནས། ཇི་ཙམ་སྡིག་པ་མང་པོས་རབ་གང་ཞིང་།། ཇི་ཙམ་ལས་དཀར་བསོད་ནམས་མ་བསགས་དང་།། ཇི་ཙམ་ཆོག་མེད་པར་བཟླས་བྱས་པ། ་དེ་སྲིད་སྔགས་པས་དངོས་གྲུབ་མི་ཐོབ་པོ་ཞེས་བྱ་བའི་བར་དུ་གསུངས་པའོ།། བག་མེད་པས་ཆོག་ཉམས་བཞིན་དུ་བཟླས་པ་དང་།། ཟློས་པའི་བར་བཅད་ནས་རིག་པ་གཞན་བཟླས་པ་དང་། བསྙེན་པ་ཡོངསུ་རྫོགས་ནས་བཟླས་པ་བཏང་ན། ་གསང་སྔགས་འབུམ་ལྷག་པར་བཟླས་པ་དང་། སྦྱིན་སྲེག་བྱ་བ་དེ་བསྟན་པ་ནི་དོན་བཞི་པ་སྟེ། དེའི་ཕྱིར་ཆོ་ག་ཉམས་སམ་པར་བཅད་སྔགས་གཞན་བཟླས།། བཟླས་པ་བཏང་ངམ་གཞན་ལ་བྱིན་གྱུར་ན།། དུས་གསུམ་མཆོད་པ་ལ་ནི ་བརྩོན་བྱས་ནས། སླར་ཡང་འབུམ་བཟླས་བསྒྲུབོ་ལ་འཇུག་པར་བྱ་ཞེས་བྱ་བ་ལ་སོགས་པ་ནས། དེ་ལྟར་བྱས་ན་དངོས་གྲུབ་མྱུར་དུ་ཐོབ་ཅེས་བྱ་བའི་བར་དུ་གསུངས་པའོ།། གཞན་གྱི་གསང་སྔགས་ཀྱིས་རང་གི་གསང་སྔགས ་བཅད་དམ། བཅིངས་སམ། མནན་པར་གྱུར་པ་ནི་ཡང་། དངོས་གྲུབ་འདོད་པས་ཚིམ་པར་བྱ་བའི་སྦྱོར་བ་བསྟན་པ་ནི་དོན་ལྔ་པ་སྟེ། ཇི་སྐད་དུ། གསང་སྔགས་གཞན་གྱིས་བཅད་དམ་ཞེས་བྱ་བ་ལ་སོགས་པ་ནས། ཞག་བཅུར་བཀྲུ། དེས་ན ་ཞག་བདུན་བྱས་པས་གསང་སྔགས་དག། བཅིངས་པ་དང་ནི་མནན་པ་ལས་གྲོལ་བར་འགྱུར་ཞེས་བྱ་བའི་བར་དུ་གསུངས་པའོ།། ཇི་སྐད་གསུངས་པའི་ཆོ་གས་གསང་སྔགས་བསྙེན་ཅིང་སྒྲུབ་པའི་སྦྱོར་བའི་རྣམ་པ་ཐམས ་ཅད་ཀྱིས་བསྒྲུབས་ཏེ་མ་གྲུབ་ན། རིག་པ་དེ་ཉིད་ལ་དྲག་པོའི་སྦྱོར་བའི་རྣམ་པར་བྱ་བར་བསྟན་པ་ནི་དོན་དྲུག་པ་སྟེ། དེ་བསྟན་པའི་ཕྱིར། མཆོད་པ་ལ་སོགས་ཚེ་གར་ལྡན་ཡང་ནི།། ཅི་སྟེ་གསང་སྔགས་འབྲས་བུ་མི་སྟེར་ན། དེའི ་གཟུགས་དུག་དང་སྐེ་ཙས་བྱུག་ནསུ།། ཀི་ལི་ཀི་ལི་འགྲོ་ལྡིང་ལ་སོགས་པའི་སྔགས་ཀྱིས་དེ་ལ་ཡུངས་མར་ཚྭ་སྦྱར་བས། ཞེས་བྱ་བ་ལ་སོགས་པའི་བར་དུ་གསུངས་པའོ།། བདེ་བར་གཤེགས་པའི་གསང་སྔགས་རྣམས་ནི་འདོད་ཆགས་ཞེ ་སྡང་སྤངས་པ་ཡིན་ན། དེ་ཇི་ལྟར་གཞན་གྱི་གསང་སྔགས་ལ་གནོད་པར་བྱེད་དེ་དག་ཀྱང་གནོད་པ་ཐམས་ཅད་དང་བྲལ་བ་ཡིན་ན། གཞན་གྱི་གསང་སྔགས་ཀྱང་ཇི་ལྟར་གནས་པར་བྱ་ཞེས་བྱ་བའི་ཀླན་ཀ་ཡོངསུ་སྤང་བ་ནི་དོན་བདུན་པ ་སྟེ། དེའི་ཕྱིར། སྔོན་ནི་སྔགས་ལུགས་འཆང་བས་བསྟན་མོད་ཀྱི།། ཇི་ལྟར་རྒྱ་མཚོ་དུས་ལས་མི་འདའ་ལྟར།། སྔགས་ཀྱི་གཞན་གྱི་གསང་སྔགས་མི་མནན་ཅིང་།། བཅིང་དང་བཅད་པ་ནམ་ཡང་མི་བྱའོ་ཞེས་བྱ་བ་ལ་སོགས་པ ་ནས། དེ་བཞིན་སྔགས་པས་གང་ཡང་རུང་བའི་སྔགས།། བཟླས་ནས་གཞན་གྱི་གསང་སྔགས་མནན་མི་བྱ་ཞེས་བྱ་བའི་བར་དུ་གསུངས་པའོ།། སྒྲུབ་པ་པོས་གསང་སྔགས་བཅད་པ་དང་། གདོན་གྱི་ལས་དང་དབྱེ་བ་ལ་སོགས་པའི ་ལས་ཕྲན་ཚིགས་རྣམས་མི་བྱ་བར་དགག་པ་ནི་དོན་བརྒྱད་པ་སྟེ། ཇི་སྐད་དུ། གསང་སྔགས་བཅད་དང་མནན་པར་མི་བྱ་ཞིང་ཞེས་བྱ་བ་ལ་སོགས་པ་ནས། རྒྱ་མཚོས་མདའ་རྙི་དང་འཛོལ་བུ་ཡིས།། སེམས་ཅན་གནོད་པར་ནམ་ཡང་མི ་བྱའོ་ཞེས་བྱ་བའི་བར་དུ་གསུངས་པའོ།། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གསང་སྔགས་རྣམས་སྒྲུབ་པའི་ཡན་ལག་ལ་སོགས་པའི་གྲངས་ངེས་པར་བསྟན་པ་ནི་དོན་དགུ་པ་སྟེ། དེའི་ཕྱིར། དངོས་གྲུབ་ཕྱིར་ནི་རྣམ་པ་བཅུར ་གསུངས་ཏེ།། སྔགས་པ་དང་ནི་རང་སྔགས་གཡོག་དང་རྫས།། བརྩོན་འགྲུས་ཕྱོགས་དང་ས་གཞི་དུས་དང་ནི།། ཡན་ལག་རྫོགས་པའི་ལྷ་དང་སེམས་སྟོབསོ་ཞེས་བྱ་བ་ལ་སོགས་པ་ནས་གུག་སྐྱེད་ཀླད་ཀོར་ཚིག་ཚད་ཟུར་ཕྱིན ་ལ། གསང་སྔགས་དག་ཅིང་ཤིན་ཏུ་ཆོ་གར་བཅས།། སངས་རྒྱས་བྱང་ཆུབ་སེམས་དཔའ་བསྟེན་པ་ཡིས།། གནས་བཟླས་ན་ཡིད་འོང་དངོས་གྲུབ་ཐོབ་ཅེས་བྱ་བའི་བར་དུ་གསུངས་པའོ།། སྒྲུབ་པ་ཐ་མོ་ལ་འཇུག་པའི་སྒྲུབ་པ་པོས ་ཀྱང་ལུས་དང་། ངགྲ་དང་། ཡིད་ཀྱི་བརྩོན་འགྲུས་ཆུང་བར་མི་བྱ་བ་དེ་བསྟན་པ་ནི་དོན་བཅུ་པ་སྟེ། ཇི་སྐད་དུ། ཇི་ལྟར་རིགས་དང་དབང་པོ་བཀྲེས་པ་དང་། མཐུ་སྟོབས་ཆེན་པོས་གླང་ཆེན་བསོད་པ་དང་།། དེ་བཞིན་སྤྱད་ཁུ་ཕག་དང་རི་དགས ་དང་ཞེས་བྱ་བ་ལ་སོགས་པ་ནས། དེ་བཞིན་སྔགས་པ་སེང་གེ་ཚུལ་གྱི་སུ།། རབ་དང་འབྲིང་དང་ཐ་མའི་ལས་རྣམས་ལ།། བརྩོན་འགྲུས་ཆེན་པོ་དང་ནི་ལྡན་པ་དང་།། འབད་པ་མཆོག་རྣམས་ཀྱིས་ཀྱང་བསྟེན་པར་བྱ་ཞེས་བྱ་བའི་བར་དུ ་གསུངས་པའོ།། སེམས་གཡེང་བའི་རྒྱུ་རྣམས་དང་།། བཟླས་བརྗོད་ཀྱི་སྐྱོན་རྣམས་སྤངས་པ་ནི་དོན་བཅུ་གཅིག་པ་སྟེ། དེའི་ཕྱིར། རྫ་རྔའི་སྒྲ་དང་དུང་དང་རྔ་སྒྲ་དང་།། ཤིན་ཏུ་འཇིགས་བྱེད་སྐྱེ་བོའི་སྒྲ་དང་ནི།། སེམས་ནི་གཡེང་ཞིང ་ཞེས་བྱ་བ་ལ་སོགས་པ་ནས། བཟླས་བརྗོད་བྱེད་ཚེ་མི་མྱུར་མི་ངལ་ཞིང་།། སྒྲ་ཆེར་མི་འབྱུང་ཧ་ཅང་ཆུང་བའང་མིན།། སྨྲ་བཞིན་མ་ཡིན་གཞན་དུ་གཡེང་བཞིན་མིན།། གུག་སྐྱེད་ཀླད་ཀོར་ཚེགས་རྣམས་ཉམས་པ་མིན་ཞེས་བྱ་བའི་བར་དུ ་གསུངས་པའོ།། གསང་སྔགས་ཀྱི་བཟླས་བརྗོད་ཕྱག་དང་བཅས་པར་བྱ་བའི་ཕན་ཡོན་དང་། བཟླས་བརྗོད་བྱེད་པའི་ཚེ།། གསང་སྔགས་ཀྱི་ཡི་གེ་འམ། ལྷ་ཉིད་ཀྱི་གཟུགས་ལ་གསལ་བར་བསྟན་པ་ནི་དོན་བཅུ་གཉིས་པ་སྟེ། དེའི་ཕྱིར། ་ཇི་ལྟར་ཆུ་ཀླུང་ཉིན་མཚན་རྟག་ཏུ་ནི།། རྒྱུན་མི་འཆད་པར་འབབ་པར་འགྱུར་བ་ལྟར།། དེ་བཞིན་ཕྱག་བཅས་བཟླས་དང་བརྟུལ་ཞུགས་ཀྱི།། བསོད་ནམས་ལུས་ཅན་ལ་ནི་འཕེལ་བར་འགྱུར།། ལེ་ལོ་འདོད་ཆགས་མི་དགེ་བཅས་པོའི ་སེམས། གང་དང་གང་དུ་གཡེང་ཞིང་རྒྱུ་བ་དག། དེ་དང་དེ་ནས་མྱུར་དུ་བཟློག་ནས་ནི།། གསང་སྔགས་ཡི་གེ་མཆོད་ལ་ལེགས་པར་སྦྱར་ཞེས་བྱ་བ་གསུང་སོ།། སེམས་ཀྱི་བརྟན་པ་ཇི་ལྟ་བུར་བྱས་ནས་བཟླས་བརྗོད་བྱ་བ་དེ་བསྟན་པ་ནི ་དོན་བཅུ་གསུམ་པ་སྟེ། དེའི་ཕྱིར། སྣ་རྩེར་བལྟ་ཞིང་རྣམ་པར་རྟོག་པ་སྤོང་།། ནམ་ཞིག་བསྐྱོད་ཀྱང་རྣམ་པར་མི་གཡོ་བ།། དེ་ཚེ་དམིགས་ལ་གནས་པ་ཐོབ་པ་སྟེ།། སེམས་ནི་ལ་སུ་རུང་བར་གྱུར་པར་ངེས།། རྩེ་གཅིག་སེམས་དང་ལྡན་པའོ། ་མི་ལ་ནི། ཡིད་ལས་བྱུང་བའི་དགའ་བ་རབ་ཏུ་སྐྱེ།། དགའ་བས་ལུས་ནི་ཤིན་ཏུ་སྦྱངས་པ་ཐོབ།། ལུས་སྦྱངས་པས་ནི་བདེ་བའི་སྐལ་ལྡན་འགྱུར།། ལུས་བད་རྩེ་གཅིག་སེམས་དང་ཏིང་འཛིན་གྱིས།། དེ་ཚེ་བཟླས་བརྗོད་དགོས་པ་མེདོ་འགྲུབ་ཅེས་གསུངས ་པའོ།། སྒྲུབ་པ་པོས་སེམས་མཉམ་པར་བཞག་སྟེ།། བཟླས་བརྗོད་བྱས་པའི་ཕན་ཡོན་དང་།། སེམས་མཉམ་པར་གཞག་པའི་ཕན་ཡོན་མངོན་པར་མཐོ་བ་དང་། ངེས་པར་ལེགས་པར་འབྲས་བུ་དང་བཅས་པ་གཞན་འབྱུང་བར་བསྟན་པ་ནི ་དོན་བཅུ་བཞི་པར་བསྟན་པ་སྟེ། དེའི་ཕྱིར། ཚེ་རབས་གཞན་དུ་གང་དང་གང་བྱས་པའི།། སྡིག་པ་མ་ལུས་བཟླས་བརྗོད་བྱས་པས་འབྱུང་།། བཟླས་པས་སྡིག་པ་མ་ལུས་བྱང་གྱུར་ན།། དང་པའི་ཡིད་ཀྱིས་དངོས་གྲུབ་ཐོབ་པར་འགྱུར་ཞེས་བྱ་བ ་ལ་སོགས་པ་གསུངས་པའོ།། སེམས་མཉམ་པར་བཞག་པའི་འབྲས་བུའི་ཕན་ཡོན་ཡང་དག་པར་སྟོན་ཏེ། གསང་སྔགས་དངོས་གྲུབ་ཀུན་དང་དྲ་སོད་པ།། བདེ་བ་ཆུང་ཞིང་སྡུག་བསྔལ་བརྒྱ་དང་འབྲེལ།། ཉོན་མོངས་དུག་བཅས་རྣམ་པར ་འཇིག་འགྱུར་བ།། དང་བའི་སེམས་ཀྱིས་ཐོབ་པར་གྱུར་པ་ཡིན་ཞེས་བྱ་བ་གསུངས་པའོ།། སྒྲུབ་པ་པོ་དབང་ཕྱུག་དང་བྱེད་པ་པོ་ལ་སོགས་པ་འཇིག་རྟེན་པའི་ལྟ་བ་དགག་པ་ནི་དོན་བཅོ་ལྔ་པ་སྟེ། དེའི་ཕྱིར། འདོད་རྒྱལ་ལས་ཀྱང་མ ་བྱུང་དུས་ལས་མིན།། རང་བཞིན་དབང་ཕྱུག་ལས་ཀྱང་བྱུང་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནས། དེ་ལྟར་མཐོང་བ་ལྟ་བ་བཟང་པོ་ཡིན།། གང་ཞིག་གཞན་གྱུར་དེ་ནི་ལྟ་ངན་གསུངས་ཞེས་བྱ་བའི་བར་དུ་གསུངས་པའོ།། སྒྲུབ་པ་པོས ་ཀྱང་བཟླས་བརྗོད་ཁྱད་པར་ཅན་ལ་སོགས་པ་གོམས་པར་བྱས་པས་དྲང་པོར་གསང་སྔགས་ཉེ་བར་འགྱུརརོ།། དེའི་འོག་ཏུ་བཟླས་བརྗོད་ལ་སོགས་པ་ཉིད་ཀྱིས་བསྙེན་པ་བྱས་ན་དངོས་གྲུབ་ཉེ་བར་འགྱུར་ཏེ།། ཉེ་བར ་གྱུར་པ་དེ་དག་གི་མཚན་ཉིད་བསྟན་པ་ནི་དྲོན་བཅུ་དྲུག་པའོ།། དེ་ལ་གསང་སྔགས་ཉོ་བའི་དོན་གྱི་དབང་དུ་བྱས་ནས། དེ་ལྟར་ཟློས་པའི་གསང་སྔགས་ཉེ་གྱུར་ན།། མཚན་མོ་ཉལ་ན་རྨི་ལམ་འདི་དག་མཐོང་།། ཁང་བཟང་ལྗོན་ཤིང་རྒྱལ ་མཚན་སེང་གེ་རྟ།། རི་བོ་ཤིང་རྟ་སྒྲ་ལྡན་སྤྲིན་དང་ཀླུ་ཞེས་བྱ་བ་ལ་སོགས་པ་ནས། ཟླ་བ་གཅིག་དང་ཟླ་ཕྱེད་ཉིན་ཞག་དང་།། སྐད་ཅིག་གིས་ཀྱང་ཕྱི་ཕྱིར་ཉེ་བར་འགྱུར་ཞེས་བྱ་བའི་བར་དུ་གསུངས་པའོ།། ། ་ལེའུ་དྲུག་པ་ལ་དངོས་གྲུབ་འགྲུབ་པར་འགྱུར་བའི་མཚན་ཉིད་བསྟན་པ་ནི་དོན་དང་པོ་སྟེ། དངོས་གྲུབ་ཉེ་ན་ཟློས་ལ་དགའ་བ་དང་།། སེམས་ནི་སྡིག་ལྀ་ནཱམ་ཡང་འཇུག་མི་འགྱུར།། བཀྲེས་སྐོམ་ཆེ་གྲང་རླུང་དང་ངལ་བ་ཡི།། སྡུག་བསྔལ་དྲག་པོ ་ཉེན་ཀྱང་གཡོ་མི་འགྱུར་ཞེས་བྱ་བ་ལ་སོགས་པ་ནས། གང་ཚེ་མཁའ་ལ་ལྷ་དང་གནོད་སྦྱིན་དང་།། དྲི་ཟ་ལྟ་བུའི་བུ་མོ་ལུས་དང་སྒྲ།། དྲག་པོའི་ཡིད་མྱོས་མཐོང་ཐོས་ན།། དེ་ཚེ་ཤིན་ཏུ་ཉེ་བར་གྱུར་པ་ཡིན་ཞེས་བྱ་བའི་བར་དུའོ།། ་དེ་ལྟར་བདག་ཉིད་ལ་དངོས་གྲུབ་ཉེ་བར་གྱུར་པ་རིག་པ་དང་། ཉིན་ཞག་གཅིག་གམ་གཉིས་སམ། གསུམ་དུ་སྦྱང་བ་བྱས་ནས། སྒྲུབ་པ་ལ་འཇུག་པར་བྱ་བ་དེ་བསྟན་པ་ནི་དོན་གཉིས་པ་སྟེ། དེ་ནི་ལུས་ནི་དྲི་མེད་དག་པར་རིག་པ་དང་ཞེས ་བྱ་བ་ལ་སོགས་པས་བསྟན་ཏོ།། ཞེས་བྱ་བ་ནས། དྲི་མ་ཟད་ནས་མི་ཡི་ལུས་ངག་ན།། རང་གི་འབྱོར་ཕྱིར་སྒྲུབ་པ་བདེ་བར་འཇུག་ཅེས་བྱ་བའི་བར་དུའོ།། སྦྱང་བར་བྱ་བའི་རྒྱུ་བསྟན་པ་ནི་དོན་གསུམ་པ་སྟེ། གསུང་དེ་དཔུང་བཟང་གིས་ནི་སླར ་གསོལ་པ།། ཟས་ཀྱིས་མི་འདག་ཅེས་ནི་སྔར་གསུངས་ན།། མཆོད་འོས་ཁྱོད་ཀྱིས་ལུས་དག་བོ་གྱི་ཕྱིར་ཡང་།། ཅི་སླད་སྨྱུང་བ་མོ་བཟང་བགྱི་བར་གསུངས་ཞེས་བྱ་བའི་བར་དག་གོ།། སྒྲུབ་པ་པོའི་འདོད་ཆགས་ལ་སོགས་པ ་ཏུ་ཞི་བར་བྱ་བའི་ཕྱིར་མཱི་གཙང་བ་བསྒོམ་པ་བསྟན་པ་དང་། སྒྲུབ་པ་རབ་དང་། འབྲིང་དང་། བླ་མ་རྣམས་སྤྲུཔའི་ཚེས་གྲངས་ངེས་པར་བསྟེན་པ་ནི་དོན་བཞི་པ་སྟེ། དེའི་ཕྱིར་འདོད་ཆགས་ཀྱིས་ནི་གདུངས་པར་གྱུར་ན ་ཡང་། ལུས་ཀྱི་ཡན་ལག་འདི་དག་ཐམས་ཅད་ལ།། དྲན་པ་རྩེ་གཅིག་མངོན་དུ་བྱས་ནས་ནི།། ཡེ་ཤེས་མིག་གིས་སོ་སོར་རྣམ་པར་བརྟག་ཅེས་བྱ་བ་ལ་སོགས་པ་ནུས། ཡར་གྱི་ཆེ་ས་བརྒྱུད་དམ་ནི་བཅུ་བཞི་འམ།། ཡང་ན་བཅཝ་ལྔ་ལ ་ནི་བཟླས་བརྗོད་བྱ་ཞེས་བྱ་བའི་བར་དུ་གསུངས་པའོ།། སྒྲུབ་པ་ལ་འཇུག་པའི་ཡོ་བྱད་བསྟན་པ་ནི་དོན་ལྔ་པ་སྟེ། ལྷ་ཡི་གནས་ཀྱིས་བདག་བསྟན་པའི་ཕྱིར།། ས་དང་གཅི་བར་བསྲེས་ལ་སོགས་པས་བྱུག་ཅེས་བྱ་བ་ལ་སོགས་པ་ནས ་སྦྱིན་བླུགས་བརྒྱ་ཕྲག་བརྒྱར་ཡང་སྲེགས་པར་བྱ་བའི་བར་དུའོ།། དེ་བཞིན་དུ་རྫས་ལས་བྱུང་བའི་དངོས་གྲུབ་དང་།། རྫས་མ་ཡིན་པ་ལས་བྱུང་བའི་དངོས་གྲུབ་ཀྱི་མཚན་མ་ཅི་རིགསུ་བསྟན་པ་དང་། དེ་ཉིད་ཀྱི་འབྲས་བུ་འབྱུང་བར ་བསྟན་པ་ནི་དོན་དྲུག་པ་སྟེ། དེའི་ཕྱིར། དྲོ་དང་དུད་འཐུལ་མེ་བཞིན་འབར་བ་དང་། རིམ་བཞིན་བཟློག་ནས་བྱུང་ནའང་འགྲུབ་པར་གསུངས།། དྲོ་ལས་འགྲོ་བ་ཐམས་ཅད་དབང་འགྱུར་ཏེ།། དུད་པ་འཐུལ་བས་ལུས་ནི་སྣང་བར ་འགྱུར།། འབར་བས་མཁའ་ལ་ཤིན་ཏུ་འགྲོ་འགྱུར་ཏེ། ཞེས་བྱ་བ་ལ་སོགས་པ་ནས། གསང་སྔགས་གཟུགས་ནི་མངོན་དུ་མཐོང་ན་འགྲུབ་ཅེས་བྱ་བའི་བར་དུ་གསུངས་པའོ།། སྒྲུབ་པའི་དུས་ན་མཆོད་ཡོན་དབུལ་བའི་ཆོ་ག་དང་། མཆོག་བསླང་བར ་བསྟན་པ་དང་། དེ་བཞིན་དུ་མཆོག་ཐོབ་ནས་ཀྱང་ལྷ་ཉིད་སླར་གཤེགསུ་གསོལ་བར་བསྟན་པ་ནི་དོན་བདུན་པ་སྟེ། དེའི་ཕྱིར། མེ་ཏོག་མ་ཉམས་དབྱིག་དང་ཆུར་བསྲེས་ཤིང་།། བསྟོད་དང་བཅས་པ་མཆོད་པ་རྒྱུན་བསྲིངས་ནས།། རྩེ་གཅིག་ཡིད་ཀྱིས ་མགོ་བཏུད་ཕྱག་བྱས་ཏེ།། དད་པས་བསྟོད་ཅིང་མཆོད་ཡོན་ཕུལ་ནསུ།། གསང་སྔགས་བརྗོད་ཅིང་སླརཱ་ཡང་གཤེགསུ་གསོལ།། གསང་སྔགས་ཀུན་ལ་ཚུལ་ནི་འདི་ཡི་ནོ་ཞེས་གསུང་སོ།། རོ་ལངས་སྒྲུབ་པ་པོའི་མཚན་ཉིད་དང་།། རོ་ལངས་བསླངས་པའི ་མཚན་ཉིད་དང་། རོ་ལངས་འགྲུབ་པའི་གནས་བསྟན་པ་དང་། རོ་ལངས་པའི་དངོས་གྲུབ་པའི་དཀྱིལ་འཁོར་རྣམས་ཁ་བསྟན་པ་དང་། རོའི་ལུས་བྱ་དོར་བྱ་བ་དང་། མཆོད་པ་རྣམ་པ་ལྡིའི་ཡོ་བྱད་ཀྱི་ཆོ་ག་དང་། གསང་སྔགས་བཟླས ་བརྗོད་བྱ་བའི་ཆོ་ག་དང་། རོ་ལངས་པ་ལ་བགེགས་བྱུང་བ་རབ་ཏུ་ཞི་བར་བྱ་བ་དང་། དངོས་གྲུབ་བསླང་བ་ནི་དོན་བརྒྱད་པ་སྟེ། དེའི་ཕྱིར། སེམས་སྟོབས་མཆོག་དང་ཡང་དག་ལྡན་པ་དེས།། འདིར་ནི་ཤིན་ཏུ་འཇིགས་པའི་ཡིད་ཀྱང་བྱ།། ་སེམས་སྟོབས་ཆུང་བའི་མི་ལ་ཤ་ཟ་ཡིས།། གླགས་མཐོང་ནས་ནི་ཕུང་བར་བྱས་པར་གྱུར་ཞེས་བྱ་བ་ལ་སོགས་པ་ནས། གང་ཞིག་གསང་སྔགས་ཆོ་ག་ཞིབ་མོ་ལས།། མཐོང་བའི་དངོས་གྲུབ་དེ་ནི་ཐོགས་མེད་ངེས་ཞེས་བྱ་བ་འདིར་རྒྱས ་པར་སྦྱར་རོ།། རོ་ལངས་བསླང་བའི་གསང་སྔགས་ཀྱི་དངོས་གྲུབ་ཀྱི་གྲངས་བསྟན་པ་དང་། སེམས་སྟོབས་མེད་པའི་སྒྲུབ་པ་པོ་རོ་ལངས་སློང་བའི་ཉེས་པ་བསྟན་པ་ནི་དོན་དགུ་པ་སྟེ། དེའི་ཕྱིར། གཏེར་གྱི་ཕྱོགས་དང་ཕུག་ཏུ་འགྲོ་བ་དང་།། རལ ་གྲཱི་ཨོཾཉྫ་ནཱ་བཞོན་མངག་གཞུག་དང་།། འབྱུང་ཀུང་གསེར་བསྒྱུར་རྩི་དང་བཅུད་ཀྱིས་ལེན།། མཁའ་ལ་འགྲོ་བ་དངོས་གྲུབ་རབ་ཏུ་སྟེར།། བསྲུང་བའི་སྟོབས་མེད་སྔགས་ཀྱི་སྟོབས་མེད་དང་།། དཀའ་ཐུབ་སྟོབས་མེད་སེམས་སྟོབས ་མེད་པ་ཡི།། བླ་ཞན་གང་ཞིག་རོ་ལངས་དངོས་གྲུབ་ཚལ།། དེ་ནི་མཚན་མོ་རྒྱུ་བ་རྣམས་ཀྱིས་བསད་ཅེས་གསུངས་པའོ།། ། ལེའུ་བདུན་པ་ལ་ཤ་ཆེན་པོ་བཙོད་པའི་ཆོ་ག་བསྟན་པ་ནི་དོན་དང་པོ་སྟེ། ཇི་སྐ་དུ ་མི་གང་མི་ཡི་ཤ་ནི་འཚོང་འདོད་དེས།། མར་གྱི་ངོ་ལ་དུར་ཁྲོད་སོང་ནསུ། ཞེས་བྱ་བ་ལ་སོགས་པ་ནས། ཤ་ཡི་ཆོ་ག་ངས་གསུང་པ་དེ་དག་ནི།། གསང་སྔགས་མ་བསླབ་པ་ཡིས་བསྟེན་མི་བྱ།། རིག་མཆོག་གཙུག་ཏོར་སྟོབས་ཆེན་ལ་སོགས ་པས།། དུར་ཁྲོད་དུ་ནི་བསྲུང་བ་ངས་གསུངསོ་ཞེས་བྱ་བའི་བར་དུ་གསུངས་པའོ།། དེ་བཞིན་དུ་དབབ་པ་དང་། བསྐྲད་པར་བྱ་བ་དང་། མ་དག་གཞོམ་པ་དང་། གྲོང་དང་གྲོང་ཁྱེར་དུ་གནོད་པ་བྱེད་པ་འབྱུང་བར་བྱ་བ་དང་། ཤ་ཟ་དང་སྲིན་བུ་དང་། ས་བླ ་དང་། གནོད་སྦྱིན་དང་། མ་མོ་དང་། དྲག་པོ་ལ་སོགས་པའི་ལྷ་རྣམས་ལ་མིའི་ཤ་དང་། དེ་བཞིན་དུ་བ་ལང་དང་། མ་ཧེའི་ཤ་ལ་སོགས་པ་ཤའི་སྦྱིན་སྲེག་གི་ཆོ་ག་བྱ་བར་བསྟན་པ་ནི། དོན་གཉིས་པ་སྟེ། དེའི་ཕྱིར། གསང ་སྔགས་དྲག་པོ་གང་ཞིག་ཤ་ཟ་བ།། དེ་ལ་དུར་ཁྲོད་མི་ཤ་སྦྱིན་སྲེག་བྱ་ཞེ་བྱ་བ་ལ་སོགས་པ་ནས་མི་ཡི་ཤ་ནི་རྙེད་པར་མ་གྱུར་ན།། བ་ལང་ཤ་ནཱི་སྦྱིན་སྲེག་དེ་བཞིན་ཤིསོ།། མ་ཧའི་ཤ་འམ་ཁྱི་ཤ་མར་བསྲེས་པ།། ཚེས་གྲངས་དག་ལ་སྨྱུད་བྱས་སྦྱིན ་སྲེག་བྱ་ཞེས་བྱ་བའི་བར་དུ་གསུངས་པའོ།། དེ་བཞིན་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒྱུད་དུ་གསུངས་པའི་གནོད་སྦྱིན་མོའི་གསང་སྔགས་ས་རྣམས་ཀྱི་མཆོག་ལ་སོགས་པའི་དབྱེ་བ་བསྟན་པ་དང་། སྤྱིའི་མཆོད་པའི་ཡོ ་བྱད་ཀྱི་མཚན་ཉིད་བསྟན་པ་ནི་དོན་གསུམ་པ་སྟེ། ཇི་སྐད་དུ། གནོད་སྦྱིན་མོ་ཡི་ཆོ་ག་ཞིབ་མོར་ནི།། གསང་སྔགས་མཉེས་བྱས་གྲུབ་པའི་དེ་རྣམས་སྟེར།། ཞེས་བྱ་བའི་རྒྱས་པར་བྱུང་བ་ན།། མ་དང་སྒྱུག་མོ་སྲུ་མོ་གང་ཡིན་དོ།། ཡིད་བཞིན་རིན ་ཆེན་བཞིན་དུ་གྲུབ་པ་མཆོག། ཡིད་འོང་གྲོགས་མོ་བུ་མོ་གྲུབ་པ་འབྲིང་།། ཆུང་མ་མནའ་མ་གྲུབ་པ་ཐ་མར་བསྒྲགས།། དུས་གསུམ་དུ་ནི་མེ་ཏོག་ཕྲེང་བ་དྲི།། མར་རམ་འབྲུ་མར་མར་མེ་ཙན་དན་དང་།། ཨ་ཀར་དྲི་ཞིམ་བདུག་པས་མཆོད་པ་དང་།། ་གཏོར་མ་སྣ་ཚོགས་རྟག་ཏུ་མཚན་མོ་སྦྱིན་ཞེས་གསུངས་པའོ།། གནོད་སྦྱིན་མོ་མངོན་དུ་ཕྱོགས་པར་གྱུར་པའི་མཚན་མ་བསྟན་པ་ནི་དོན་བཞི་པ་སྟེ། དེའི་ཕྱིར། གནོད་པ་བྱེད་ཚེ་འགྲོ་བར་མི་བྱ་ཞིང་།། རྙེད་པ་མང་ཉུང་ལ་ཡང་འདོད་མི་སྐྱེ།། སྔགས་ལས ་མཚན་མོ་ཁྲུས་ནི་དག་བྱས་ནས།། བརྩོན་འགྲུས་རབ་ཏུ་བསྐྱེད་དེ་བསྒྲུབ་པར་བྱ།། སྔགས་པ་སེམས་རྨོངས་པ་གཞན་ནི།། བརྩམས་ན་ཕུང་པོར་ཡང་ནི་འགྱུར་བ་ཉིད།། ཅེས་བྱ་བ་གསུང་སོ།། དེ་བཞིན་དུ་ཤ་ཟ་མོའི་གནོད་སྦྱིན་དང་། ཀླུ་སྒྲུབ་པའི ་ཆོ་ག་སྒྲུབ་པ་ནི་དོན་ལྔ་པ་སྟེ། དེའི་ཕྱིར། ཤ་ཟའི་གནོད་སྦྱིན་མོ་ལའང་དེ་བཞིན་ཏེ།། དེ་ལས་ཆོ་ག་ལྷག་པ་འདི་རྣམས་བྱ།། ཤ་ཆང་ལ་ཕུག་ཚོད་མ་ཅུད་པེང་དང་།། ནས་ཆན་མ་ཤའི་ཆན་དང་འབྲས་ཆན་ཉ་ཞེས་བྱ་བ་ལ་སོགས་པ་ནས། ཕྲེང་བ ་མེ་ཏོག་བྱུག་པ་སྔོན་པོ་དག། ཅི་སྙེད་བྱུང་གིས་འགྲོ་བ་རྣམས་ལ་དབུལ་ཞེས་བྱ་བའི་བར་དུ་གསུངས་པའོ།། གསལ་བར་སྟོན་པ་དབབ་པའི་ཕྱིར།། མཐེ་བོང་དང་མེ་ལོང་ལ་སོགས་པ་བཞི་རྣམས་བསྟན་པ་ནི་དོན་དྲུག་པ་སྟེ། དེའི་ཕྱིར། མཐེ་བོང ་མེ་ལོང་རལ་གྲི་ཆུ་དང་ཤེལ།། མར་མེ་ས་གཞི་བཅས་དང་ན་མཁའ་དང་།། ལྷོ་གཟུགས་ལྷུང་བཟེད་ནོར་བུ་མེ་འབར་བ།། འདི་ལ་གསལ་བར་སྟོན་པ་རྟག་ཏུ་འབྱུང་ཞེས་བྱ་བ་གསུང་སོ།། གསལ་བར་སྟོན་པ་རྣམས་ཕེབས་པའི་གྲུབ་པ ་བསྟན་པ་ནི་དོན་བདུན་པ་སྟེ།། ཇི་སྐད་དུ། འདས་པ་དང་ནི་མ་འོངས་ད་ལྟར་དང་།། མཐོ་རས་ས་རྙེད་དུས་དང་མི་ལྡན་དང་།། ལྷ་དང་ལྷ་མི་དགེ་དང་མི་དགེ་བའི།། ལས་རྣམས་ཐམས་ཅད་གསལ་བར་སྟོན་པས་རྟོགས་ཞེས་བྱ་བ་གསུངསོ།། ་གསལ་བར་སྟོན་པ་རྣམས་མི་འབབ་པའི་ཉེས་པ་གང་ཡིན་པ་དང་། མཐེ་བོང་ལ་སོགས་པ་ལ་བབས་ན་ཡང་བདེན་པར་མི་སྟོན་པ་དང་། ལོག་པར་སྟོན་པ་དང་། ཅུང་ཟད་ཙམ་སྟོན་པར་བྱེད་པ་དེ་བསྟན་པ་ནི་དོན་བརྒྱད་པ་སྟེ། ་ཇི་སྐད་དུ། ཆོ་ག་ཉམས་པའམ་ཡང་ན་ཕྱེད་བཟླས་སམ།། ཡི་གེ་ཆད་དམ་ཡི་གེ་ལྷག་པ་དང་།། བཟླས་བརྗོད་མ་བྱས་དད་པ་མེད་པ་དང་།། མཆོད་པ་མེད་ཅིང་ས་གཞི་མི་གཙང་དང་།། སྤྲིན་གྱི་ཚོ་གས་ཀྱིས་ཉི་ཟེར་བསྒྲིབས ་པབ་དང་། བྱིས་པ་ཡན་ལག་ཉམས་ཤིང་ལྷག་པ་དང་།། དེ་ལྟ་བུ་ལ་མི་ཡི་གསལ་སྟོན་པ། འབབ་པར་མི་འགྱུར་དགོས་པ་ཡོད་མི་སྟོན་ཞེས་བྱ་བ་གསུང་སོ།། གསལ་བར་སྟོན་པ་ཐམས་ཅད་དབབ་པའི་ཆོ་ག་གང་ཡིན་པ་དེ་བསྟན ་པ་ནི་དོན་དགུ་པ་སྟེ། ཇི་སྐད་དུ། གསལ་སྟོན་དབབ་ཕྱིར་སྔོན་དུ་ཆོ་ག་བཞིན།། བཟླས་ཤིང་ཚེས་གྲངས་བཟང་ལ་སྔགས་པ་ཡང་།། བསྲུང་བྱས་གོས་དཀར་ས་དང་གཅི་བ་ཡིས།། བ་ཀོ་ཙམ་གྱིས་ས་གཞི་ལེགས་པར་བྱུག། བྱུག་སྤོས ་དང་ནི་དུག་སྤོས་མེ་ཏོག་དང་།། ལྷ་བཤོས་མར་མོ་དག་ཀྱང་ཕུལ་ན་སུ།། བྱིན་པ་གཞོན་ནུ་སྟེ་གོན་གནས་པར་བྱ།། དེ་ནས་ནང་པར་ཚ་གྲྀ་འདི་ཀུན་བྱ།། ཁྲུས་བྱས་ལུས་ལ་གོས་དཀར་གཙང་བགོས་ཏེ།། ཤར་ཕྱོགས་ཁ་བལྟས ་ཀུ་ཤའི་སྟན་སྟེང་དུ།། འདུག་ནས་གསང་སྔགས་རྗེསུ་དྲན་པར་བྱ།། མེ་ལྲྀང་ཐལ་བ་གཙང་མས་ལན་བདུན་ནུམ།། བརྒྱད་དམ་ཡང་ན་བཅུར་ནི་ཕྱིས་ན་སུ།། རྩཝ་གཅིག་སེམས་ཀྱིས་གསང་སྔགས་ཟློས་བཞིན་དུ།། བྱིས་པ་གཞོན་ནུ་ནུབ་ཏུ ་ཁ་བལྟས་པས།། ལྷ་ཡི་མིག་གིས་བལྟས་ན་འདས་པོ་དང་།། ད་ལྷོར་དང་ནི་མ་འོངས་མཐོང་བར་འགྱུར།། མེ་ལོང་ཞེས་བྱའི་ཆོ་ག་མཐའ་དག་ནི།། རལ་གྲི་གསལ་བར་སྟོན་ལ་སྦྱར་བར་བྱ།། མཐེ་བོང་རྒྱ་སྐྱིགས་ཁུ་བས་བསྐུས་ནསུ།། ་འབྲུ་མར་དྲི་ཞིམ་དག་གིས་གདབ་པར་བྱ།། བུམ་པ་གཙང་མ་ཆུས་བཀང་མི་ཡོར་བཞག། ས་ལྟར་ལྷུང་བཟེད་ནོར་བུ་ཆུ་ཡིས་གདབ།། སྐུ་གཟུགས་ལ་ནི་མེ་ཏོག་བྱུག་སྤོས་དབུལ།། དེ་ནས་བྱིས་པ་གཞོན་ནུས་བལྟ་བར་བྱ་ཞེས་གསུང་སོ།། གསལ ་པར་སྟོན་པ་དབབ་པའི་དགོས་པ་བསྟན་པ་ནི་དོན་བཅུ་པ་སྟེ། ཇི་སྐད་དུ། གསལ་བར་བསྟན་དང་རྨི་ལམ་ལ་སོགས་ལས།། དངོས་གྲུབ་བརྟགས་ཏེ་དེ་ནས་བཟླས་བརྗོད་བྱ་ཞེས་བྱ་བ་གསུང་སོ།། དེ་བཞིན་དུ་གལ་ཏེ་རྒྱུ་ཞིག་ལ་གསལ ་བར་སྟོན་པ་ཕེབས་ཀྱང་།། མཆོད་པ་ཉམས་པ་ལ་སོགས་པའི་ཉེས་པས་སྒྲུབ་པ་ལ་སོགས་པ་གཏན་ལ་ཕེབས་པར་མ་གྱུར་ན།། དེའི་ཚེ་སྔར་རིག་སྔགས་མི་སྡུག་པ་ཆོ་གོ་བཞིན་དུ་བཟླས་བརྗོད་བྱས་ནས་ཁྱེའུ་དང་བུ་མོ་ལ་ཕབ ་སྟེ། དངོས་གྲུབ་ལ་སོགས་པ་གཏན་ལ་དབབ་པར་དྲི་བ་དེ་ནི་དོན་བཅུ་གཅིག་པ་སྟེ།། ཇི་སྐད་དུ། གལ་ཏེ་ཡིད་ནི་ཆེས་པར་མ་གྱུར་ན།། དེ་ནས་རླིག་སྔགས་མི་སྡུག་བཟླས་བརྗོད་བྱ་ཞེས་བྱ་བ་ལ་སོགས་པ་ནས། སྔ་མ་བཞིན་དུ ་གསང་སྔགས་ཆོ་ག་དག་། དམ་ཚིག་ཇི་བཞིན་མ་ལུས་སྦྱར་ན་ནི།། བདག་གི་ཡིད་དང་མཐུན་པའི་དངོས་གྲུབ་ཐོབ།། སྔགས་པ་ཡུན་རིང་ཉོན་མོངས་མི་འགྱུ་རོ་ཞེས་བྱ་བའི་བར་དུ་གསུང་སོ།། ། དེ་བཞིན་དུ་ལེའུ ་བརྒྱད་པ་འདིར་ནི།། ཐར་པ་འདོད་པ་རྣམས་ཁོ་ནས།། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སོགས་པའི་བསླབ་པའི་འཇུག་པ་དང་ལྡོག་པའི་བསླབ་པ་ལ་བདག་ཉིད་མངོན་པར་བརྩོན་པར་བྱ་བ་མ་ཟད་ཀྱི་གསང་སྔགས་སྒྲུབ་པས ་ཀྱང་། འཇུག་ཅིང་གོམས་པར་བྱ་དགོས་སོ་ཞེས་གསུངས་པར་བསྟན་པ་ནི་དོན་དང་པོ་སྟེ། དེའི་ཕྱིར། སངས་རྒྱས་ཀྱིས་གསུངས་ཡན་ལག་བརྒྱད་ལམ་ནི།། ཡང་དག་འཚོ་དང་ལས་མཐའ་ཞེས་བྱ་བ་ལ་སོགས་པ་ནས། ་ཡུལ་སའི་གཏམ་དང་མི་དབང་བརྟེན་པ་དང་།། དམག་དང་གྱང་དང་ན་ཅུང་གཏམ་དག་དང་།། སྲུང་ལྡབས་དང་ནི་སྔོན་གྱི་ལོ་རྒྱུས་གཏམ།། འདོད་ཆགས་དང་ནི་སླད་འཚེང་གཏམ།། མི་བྱ་ཞེས་བྱ་བའི་བར་དུ་གསུངས་པའོ།། དེ་བཞིན་དུ་སྒྲུབ ་པ་པོ་ནི་རྣམ་པ་གཉིས་ཏེ། ལ་ལ་ནི་གནས་གཅིག་ཁོ་ནར་སྔར་བསྙེན་པ་ཡོངསུ་རྫོགས་པར་བྱ་བའི་བསམ་པས་མཆོད་ཡོན་ཕུལ་ཏོ། སྔོན་དུ་བསྙེན་པའི་བཟླས་བརྗོད་རྩོམ་པར་བྱེད་དོ།། གཞན་དག་ནི་དགུན་དང་དཔྱིད་ཟླ་བརྒྱད་ལ་གནས ་མ་ངེས་པ་ཉིད་དུ་སྔར་བསྙེན་པའི་བཟླས་བརྗོད་བྱེད་ཅིང་།། དབྱར་ཟླ་གསུམ་ནི་གནས་གཅིག་ཏུ་སྔར་བསྙེན་པའི་བཟླས་བརྗོད་རྫོགས་པར་བྱ་སྟེ། སྒྲུབ་པར་བྱེད་དོ།། དེ་དག་ཀྱང་བསོད་སྙོམས་ལ་འགྲོ་བ་ལ་མ་གཏོགས་པར་ཟློས་པའི་གནས ་ལས།། གཞན་གྲོང་དང་གྲོང་ཁྱེར་ལ་སོགས་པོར་འཕྱན་དུ་འགྲོ་བ་དགག་པར་བསྟན་པ་ནི་དོན་གཉིས་པ་སྟེ། དེའི་ཕྱིར། སྔགས་པ་གསང་སྔགས་བཟླས་པ་ནོས་པ་ནི།། གྲོང་དང་གྲོང་ཁྱེར་ཁྱིམ་དང་གཙུག་ལག་ཁང་།། མཆོད་རྟེན་དང་ནི ་བསྟི་གནས་དཀའ་ཐུབ་གནས།། ཀུན་དགའ་ལམ་མམ་རྫིང་བུར་འགྲོ་མི་བྱ།། སྔར་བཤད་པ་ཡི་གནས་རྣམས་མ་རྙེད་ན།། ལྷ་ཁང་སྟོང་པ་དག་གམ་ཤིང་དྲུང་ངམ།། རི་དང་ཆུ་བོ་ཆུ་ཀླུང་འབབ་ཆུ་དང་།། ནགས་ཚལ་སྟོང་པ་དང་ནི་ཡུལ་སྟོང ་དང་། གནས་གང་རུང་བར་སྔགས་པས་གནས་ཤིང་བཟླས་ཞེས་བྱ་བ་རྒྱས་པར་གསུངས་པ་དང་། ཡང་ན་གནས་ནི་ངེས་པར་མ་བྱས་ན།། ཟླ་བ་བརྒྱད་པོ་འདི་ཡི་དུས་དག་ཏུ།། གནས་འདི་གང་ཡང་རུང་བ་གཅིག་ཏུ་བསྟེན་ཞེས་བྱ་བ ་རྒྱ་ཆེར་གསུང་སོ།། སྒྲུབ་པ་པོས་བསྙེན་པ་ཡོངསུ་རྫོགས་ཀྱང་དབྱར་གྱི་དུསུ་སྒྲུབ་པ་དགག་པ་དང་། མ་གྲུབ་ཀྱི་བར་དུ་བཟླས་བཛྲོད་ཡོངསུ་མི་བཏང་བ་དང་། བསྒྲུབ་པའི་དུས་དབང་བསྐུར་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་། བདག ་ཉིད་བསྲུང་བར་བྱ་བ་དེ་བསྟན་པ་ནི་དོན་གསུམ་པ་སྟེ། དེའི་ཕྱིར། སྔགས་པ་དབྱར་ནི་སྒྲུབ་ལ་མི་འཇུག་པར།། བཟླས་བརྗོད་ཀྱིས་ནི་དུས་ཀྱང་འདས་པར་བྱ།། དབྱར་འོངས་ནས་ནི་གསང་སྔགས་གཟི་བསྐྱེད་པས།། བདག་ཉིད་བསྲུང་བྱས་སྒྲུབ། ་ལ་འཇུག་པར་བྱ་ཞེས་བྱ་བ་གསུང་སོ།། དེ་བཞིན་དུ་ཞི་བ་ལ་སོགས་པའི་ཆོ་གའི་ལས་ཀྱི་ཁྱད་པར་གྱིས་སྦྱིན་སྲེག་གི་ཐབ་ལ་སོགས་པའི་མཚན་ཉིད་བསྟན་པ་ནི་དོན་བཞི་པ་སྟེ། དེའི་ཕྱིར། མེ་ཐབ་ཟླུམ་པོ་གྲུ་གསུམ་གྲུ་བཞི་དང་། ་པདྨ་ལྟ་བུར་བྱས་ཏེ་དབྱིབས་ལེགས་ཤིང་ཞེས་བྱ་བ་ལ་སོགས་པ་ནས། ཟླུམ་པོར་དབང་ཐང་བསྐྱེད་དང་ནོར་དགུག་དང་།། སྤྱན་དྲངས་ཞི་བའི་ཆོ་ག་བྱ་བར་ཤེས།། གྲུ་གསུམ་དུ་ནི་དགར་བསྐྲད་བསད་པ་དང་།། གཤེད་བྱེད་ལ་སོགས་དྲག་པོ ་རྣམས་ཀྱང་བྱ།། གྲུ་བཞི་པོར་ནི་ཀླུ་དང་གསང་བ་པོའི།། ལུས་གཞིག་པ་དང་བསྲེག་པར་བྱ་བ་ཡིན།། པདྨའི་དབྱིངསུ་བུད་མེད་བུ་མོ་གྲོང་།། ཡུལ་འཐོབ་པ་འམ་དོན་ཀུན་སྒྲུབ་པར་ཤེས་ཞེས་བྱ་བའི་བར་དུ་གསུངས་པའོ།། དེ་ལྟར་སྔར་བསྙེན ་པའི་སྦྱིན་སྲེག་གི་ཆོ་ག་གསུངས་པ་དེའི་ཕྱིར། མེ་ཐབ་བལྟར་བར་བསྟན་པ་ནི་དོན་ལྔ་པ་སྟེ། ཇི་སྐད་དུ། མེ་ཐབ་ལྕི་བ་གཙང་མས་བྱུགས་ནས་ཀྱང་ཞེས་བྱ་བ་ལ་སོགས་པ་ནས། རླུང་ཡབ་ཀྱིས་ནི་མེ་ཡང་སྦར ་བྱས་ནས་ཞེས་བྱ་བའི་བར་དུ་གསུངས་པའོ།། དེ་ལ་སྔར་བསྙེན་པའི་དུས་ཀྱི་སྦྱིན་སྲེག་ཀྱང་རྣམ་པ་གཉི་སུ་འདོད་དེ། དེ་ལ་གཅིག་ནི་བགེགས་རྣམས་ཞི་བར་བྱ་བའི་ཕྱིར་བདུད་རྩི་ཐབ་སྦྱོར་གྱིས་བྱ་བ་དང་། དེ་ལས་གཞན་པའི་ནི་རང་གི་ལྷ་གཟི ་བརྗིད་བསྐྱེད་པའི་ཆེད་ཡིན་པར་བསྟན་པ་ནི་དོན་དྲུག་པ་སྟེ། དེ་ཇི་སྐད་དུ། སངས་རྒྱས་རྣམས་ལ་ཕྱག་བྱས་ཁྲོ་བོ་ནི།། བདུད་རྩི་འཁྱིལ་པས་མ་ཉམས་པདྨ་འམ།། མ་གྲུགས་ཏིལ་ནགས་ལས་ནི་བདུན་ནམ་བརྒྱད།། བཅུ་འམ་ཉི་ཤུར་མེ་ལ ་སྦྱིན་སྲེག་བྱ་ཞེས་བྱ་བ་ལ་སོགས་པ་ནས། མར་དང་སྦྲང་རྩི་འོ་མ་ལས་བཏགས་ནས། རང་གི་གསང་སྔགས་འགྲུབ་ཕྱིར་སྦྱིན་སྲེག་བྱ་ཞེས་བྱ་བའི་བར་དུ་གསུངས་པའོ།། དེ་བཞིན་དུ་སྦྱིན་སྲེག་ཐམས་ཅད་ཀྱི་མེ་འབར་བའི་ཁ་དོག ་དོང་། དབྱིབས་དང་། སྒྲ་ལ་སོགས་པས་ལྷས་བཟང་དྲན་བསྟན་པ་ནི་དོན་བདུན་པ་སྟེ། དེའི་ཕྱིར། མེ་ཡི་མཚན་ཉིད་ཉེ་བར་བརྟག་པ་ནི།། མེ་སྟག་དུ་བ་མེ་ལྕེ་སྒྲ་རྣམས་ཀྱིས།། འགྲུབ་པ་དྲོང་ནི་མི་འགྲུབ་ཐམས་ཅད་ཀྱང་།། སྔགས་ཀྱི ་བྱིན་བརླབས་མེ་ནི་སྟོན་པར་བྱེད།། དུ་བ་མེད་ཅིང་གསེར་གྱི་མདོག་ལྟར་གདང་།། མ་ལྕེ་རབ་ཏུ་ཆེ་ལ་གཡསུ་འཁྱིལ་ཞེས་བྱ་བ་ལ་སོགས་པ་ནས། མེ་ལྕེ་འཕྲོ་བས་སྦྱིན་སྲེག་བྱེད་པ་ཚིག། མི་རོའི་དྲི་ང་དངོས་གྲུབ་མེད་པར་སྟོན་ཞེས ་བྱ་བའི་བར་དུ་གསུང་སོ།། སྒྲུབ་པ་པོ་གསང་སྔགས་མཉེས་པར་བྱ་བའི་སྤྱོད་པ་མ་རླབས་པ། སྔར་གསང་སྔགས་བསྙེན་པའི་བཟླས་བརྗོད་ལ་སོགས་པ་རྫོགས་པར་བྱས་ཀྱང་། རང་གི་ལྷ་ཉིད་ཀྱིས་སྐབས་དེར་ལུས་ལ་གནོད་པ་ལ ་སོགས་པར་འབྱུང་བར་མཛད་པ་བསྟན་པ་ནི་དོན་བརྒྱད་པ་སྟེ། ཇི་སྐད་དུ། ཇི་ལྟར་རལ་ཀྲི་སོ་ལ་འཛིན་པའི་མི།། ལེགས་པར་མ་བཟུང་ལག་པ་ཆོད་པ་ལྟར།། དེ་བཞིན་སྔགས་ཀྱང་ལེགས་པར་མ་བཟླས་ན།། འབྲས་བུ་མེད་པ ་འམ་ཡང་ནཱ་ཕུང་བར་འགྱུར།། མི་ནི་ཚུལ་ཁྲིམས་གཙང་སྒྲ་མི་ལྡན་ཡང་།། གསང་སྔགས་ལྷ་ནཱི་ནམ་ཡང་གནོད་མི་མཛད།། ལྷ་ཡི་འཁོར་དུ་གྱུར་པ་གང་ཡིན་རྣམས།། མི་ལ་གླགས་སྐབས་མཐོང་ནས་ཕུང་བར་བྱེད་ཅེས་བྱ་བས་བསྟན ་ཏོ།། གཏོར་མའི་ལས་ནི་དང་པོ་སྔོན་དུ་བསྙེན་པ་རྩོམ་པའི་ཚེ།། ས་དང་རི་ལ་སོགས་པ་ལ་གནས་པའི་གདོན་སྲིན་པོ་དང་། ཤ་ཟ་དང་། ཀླུ་ལ་སོགས་པ་རྣམས་དང་། དབང་པོ་ལ་སོགས་པ་ཕྱོགས་སྐྱོང་བཅུ་རྣམས་ལ་གཏོར་མོ་མང་ཞིང ་རྒྱ་ཆེ་བ་བསྒྲིམས་ཏེ། དབུལ་བར་བྱ་བ་དང་། མངོན་དུ་བསྙེན་པ་བྱེད་པའི་ཉི་མ་ཉིད་ལ། གཞན་རྣམས་ལ་ཡང་ཅི་འབྱོར་པ་དབུལ་བ་དང་། དེ་བཞིན་དུ་བསྒྲུབ་པ་ལ་བརྩོན་པའི་ཚེ། རྒྱ་ཆེ་ཞིང་མང་བའི་གཏོར་མ་བྱཱ་བ་དང་། གྲུབ་ནས ་ཀྱང་ཅི་སྦྱོར་བའི་གཏོར་མ་ཉིན་གཅིག་བཞིན་དུ་དབུལ་བའི་ལས་བྱ་བ་དེ་བསྟན་པ་ནི་དོན་དགུ་པ་སྟེ། དེའི་ཕྱིར། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ།། ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ།། དྲི་ཟ་སྲིན་པོ་གདོན་གྱི་རིགས ་རྣམས་དང་། གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན།། བུ་སྨད་གཡོག་འཁོར་ཚོགས་དང་བཅས་རྣམས་ལ།། བདག་གི་པུས་མོ་ས་ལ་གཙུག་ནས།། ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱིས།། ་གསན་ནུས་ཕན་གདགས་ཕྱིར་ནི་འདིར་སྤྱོད་ཅིག་ཅེས་བྱ་བ་ལ་སོགས་པ་ནས། དེ་ལྟར་གང་ཞིག་མཚན་མོ་རྒྱུ་བ་ལ།། གཏོར་མ་གཏོང་བའི་ལས་རྣམས་བྱེད་པ་དེའི།། དངོས་གྲུབ་མྱུར་ཞིང་ཤིན་ཏུ་བགེགས་ཀྱང་མེད།། ཡིད་དུ་འོང་བའི་འདོད ་པའང་ཐོབ་པར་འགྱུར་ཞེས་བྱ་བའི་བར་དུ་གསུངས་པའོ།། །། དེ་བཞིན་དུ་ལེའུ་དགུ་པོ་ལ་མཚམས་མེད་པ་དང་། མཚམས་མེད་པ་ལ་ཉེ་བ་དང་། དམ་པའི་ཆོས་ཀྱི་གླེགས་བམ་ཆུད་གསོན་ཅིང་སྤོང་བ་དང་། ་སོ་སོའི་སྐྱེ་བོ་རྣམས་ཀྱི་དགེ་བའི་གཞིར་གྱུར་པ་དགེ་སློང་ལ་སོགས་པ་བསད་ན། དེས་ནི་ཕུང་པོ་འདི་ལ་དངོས་གྲུབ་མི་ཐོབ་པར་བསྟན་པ་ནི་དོན་དང་པོ་སྟེ། དེའི་ཕྱིར། གང་གི་དགྲ་བཅོམ་པ་མ་གསོད་པ་དང་།། ཐུབ་པའི་དགེ་འདུན ་དབྱེན་ནི་བྱེད་པ་དང་།། དེ་བཞིན་གཤེགས་ལ་གནོད་པའི་སེམས་ཀྱིསུ།། ནམ་ཞིག་མི་དག་སྐུ་འཚལ་འབྱིན་བྱེད་པ།། ཤིན་ཏུ་མི་བཟད་པ་ཡི་ལས་འདི་རྣམས་ཞེས་རྒྱས་པར་འབྱུང་བ་དང་། གང་གི་རང་བཞིན་ཆགས་སྡང་རྣམས ་བྲལ་ཡང་།། གདུལ་བྱའི་དོན་ཕྱིར་ཁྲོ་ལ་ཁྲོ་བ་དང་།། འདོད་ཆགས་ཅན་ལ་ཆགས་ཅན་ལྟར་སྟོན་པ།། བྱང་ཆུབ་མཆོག་གནས་དེ་ལ་ཕྱག་འཚལོ།། གང་ཞིག་ལས་དང་རྣམ་སྨིན་མཁྱེན་པ་ཡིས།། འགྲོ་བ་ཀུན་དང་ཇི་ལྟར་མཐུན་པ ་ཡིས།། གསང་སྔགས་གཟུགས་ཀྱི་རྗེསུ་འཛིན་མཛད་པ།། སྔགས་ཀྱི་རྣམས་འདྲེན་དེ་ལ་ཕྱག་འཚལོ་ཞེས་བྱ་བའི་བར་དུ་གསུངས་པའོ།། ། ལེའུ་བཅུ་པ་ལ་སྒྲུབ་པའི་གསང་སྔགས་དང་ཕྱག་རྒྱ་གང་ཡིན་པ་དེ་དག ་འཕགས་པ་དཔུང་བཟང་གི་གསང་སྔགས་ཀྱི་མདོའི་ཚུལ་འདིར།། རིག་སྔགས་དང་གསང་སྔགས་ཀྱི་དབྱེ་བས་བསྡུ་བར་བསྟན་པའི་དོན་ནི་དང་པོ་སྟེ། དེ་ལ་རེ་ཞིག་དེ་བཞིན་གཤེགས་པའི་རིགས་བསྡུ་བའི་དབང་དུ་བྱས་ནས། ལྷ་དང་ལྷ་མིན་མི ་ལ་ཕན་གདགས་ཕྱིར།། གསང་སྔགས་རིག་སྔགས་རྣམ་པ་སྣ་ཚོགས་ནི།། འདུམ་ཕྲག་ལྔ་དང་བྱ་བ་ཕྲག་གསུམ་དང་།། རིག་འཛིན་སྡེ་སྣོད་བཤད་པར་རྒྱལ་བས་གསུངས་ཞེས་བྱ་བ་གསུང་སོ།། དེ་བཞིན་དུ་རྡོ་རྗེ་རིགས་ཀྱི་གསང་སྔགས་བསྡུ་བའི ་དབང་དུ་བྱས་ནས། ངས་ནི་གསང་བ་པ་རྣམས་གཞོམ་པ་དང་།། དབུལ་བའི་སྡུག་བསྔལ་བསལ་བར་བྱ་བའི་ཕྱིར།། དཀྱིལ་འཁོར་བཅས་ཤིང་ཕྱག་རྒྱར་ལྡན་པ་ཡིས།། གསང་སྔགས་བྱེ་བ་ཕྲག་བདུན་རབ་ཏུ་བཤད་ཅེས་བྱ་བ་ལ་སོགས ་པ་གསུངས་པའོ།། པདྨའི་རིགས་ཀྱི་དབང་དུ་བྱས་ནས། སྤྱན་རས་གཟིགས་ཀྱིས་གསང་སྔགས་བྱེ་བ་ཕྲག། གསུམ་དང་དེ་བཞིན་འབུམ་ཕྲག་ལྔ་རྣམས་བཤད་ཅེས་རྒྱས་པར་གསུངསོ།། ལྔས་རྩེན་གྱི་རིགས་ཀྱི་དབང་དུ་བྱས་ནས། ལྔས ་རྩེན་གྱིས་ནི་སྟོང་ཕྲག་ཉི་ཤུ་སྟེ།། དེ་ཡི་ཆུང་མོས་དེ་ཡི་ཕྱེད་བཤད་དོ་ཅེས་གསུང་སོ།། ནོར་གྱི་རིགས་ཀྱི་དབང་དུ་བྱས་ནས། ནོར་གྱི་བདག་པོས་སྟོང་ཕྲག་སུམ་ཅུ་སྟེ། གང་པོ་ཕ་ཡི་ཀྱང་ནི་འདུམ་བཤད།། ལྷ་དང་ལྷ་མིན་ལ་སོགས ་རྒྱལ་བ་ལ། དད་པ་རྣམས་ཀྱིས་གཟུང་སྔགས་མཐའ་ཡས་བཤད།། ཁ་གཅིག་དའི་རིགསུ་གཏོགས་པ་སྟེ། ཁ་ཅིག་ནོར་གྱི་རིགསུ་གཏོགས་པ་ཡིན།། གཞན་ཡང་ཁ་ཅིག་གནས་མེད་རྣམ་པར་འཁྱུམ།། ར ་སྤྱོད་ཅེས་བྱ་ནོར་གྱི་རིགསུ་གསུངས།། ང་ནི་རྡོ་རྗེ་རིགས་ཞེས་རབ་ཏུ་བསྟན།། སྤྱན་རས་གཟིགས་དབང་པདྨའི་རིགས་ཡིན་ཏེ། རིགས་བཞི་པར་ནི་འདིར་ཡང་ལྔས་རྫུན་ནོ།། གསང་སྔགས་མདོ་སྡེ་ངས་བཤད་གང་ཡིན་པ།། བཞི་པོ་འདྲིར་ནི ་པར་སྦྱང་བར་བྱ།། གང་གཞན་ལ་ལ་འདི་ན་གནས་མེད་པར།། བདེ་བར་གཤེགས་ལ་བརྟེན་ཅིང་ཡོངས་འཁྱམ་པ།། མདོ་སྡེ་འདིར་ནི་དེ་དག་ཐམས་ཅད་ཀྱང་།། འབྱོར་པ་འདོད་པའི་མས་ནི་རྣམ་པར་སྦྱར།། ལམ་འདི་ཉིད་དུ་ཞུགས་པའི་སྔགས ་པ་ནི་ཏ་ཡིད་དང་མཐུན་པའི་དངོས་གྲུབ་ཐོབ་པར་འགྱུར་ཞེས་བྱ་བ་གསུང་སོ།། དེ་བཞིན་དུ་དེ་བཞིན་གཤེགས་པའི་རིགས་ཀྱི་གསང་སྔགས་ལ་དང་པོར།། གསང་སྔགས་ཀྱི་མགོ་ལ་དཀོན་མཆོག་གསུམ་སྔར་བརྗོད་ནས། གསང་སྔགས ་གདོན་པ་དང་། པདྨ་དང་། རྡོ་རྗེ་དང་། ནར་བུ་བཟུང་པོའི་རིགས་ལ། སོ་སོའི་རིགས་ཀྱི་བདག་པོ་ལ་ཕྱག་འཚལ་བ་ཐོག་མར་བརྗོད་དེ། བཟླས་བརྗོད་བྱ་བ་དེ་བསྟན་པ་ནི་དོན་གཉིས་པ་སྟེ། དེའི་ཕྱིར། སྲིད་པ་གསུམ་ན་རྒྱལ་བ་དཀོན་མཆོག་སྟེ་ཞེས་བྱ ་བ་ལ་སོགས་པ་ནས། ནོར་གྱི་རིགས་དང་པདྨའི་རིགས་ལ་ཡང་། རང་གི་གསང་སྔགས་བདག་པོར་བསྟན་པར་བྱ་ཞེས་པའི་བར་དུ་གསུངས་པའི།། དེ་བཞིན་དུ་བཟླས་བརྗོད་དང་། སྦྱིན་སྲེགས་དང་། མཆོད་པའི་ཚེ་གསང་སྔགས་པ་ཁ་ཅིག་རྡོ་རྗེ ་ཐོག་སུ་མི་གནང་བ་ཡིན་པས། དེ་ལྟ་བུའི་རྡོ་རྗེའི་ཐོགས་པའི་ཉེས་པ་དེ་གང་ཡིན་པ་དེ་བསྟན་པ་ནི་དོན་གསུམ་པ་སྟེ། དེའི་ཕྱིར་བདེ་བར་གཤེགས་མིན་ཉན་ཐོས་ལམ་ཞུགས་དང་།། རང་རྒྱལ་རྣམས་ཀྱི་ལམ་ལ་ཞུགས་པ་དང་།། དད་པ་མེད་ཅིང་ཚུལ་འཆོས་འཇུངས ་པ་ཡིས།། ང་ཡི་རྡོ་རྗེ་ཡང་ནི་བཅང་མི་བྱ།། གང་ཞིག་ཐེག་པ་མཆོག་ལ་ལྡང་བ་དང་།། བདུད་ཀྱིས་བཤད་པ་ཡིན་ཞེས་ཟེར་བ་དང་།། རྨོངས་ནས་ང་ལ་གནོད་སྦྱིན་ཞེས་སྨྲ་དང་།། བྱང་ཆུབ་སེམས་དཔའ་འམ་ནི་མི་འདུས་པའི།། དགེ་སློང་དང་དགེ་སློང་མ་དང ་དགེ་བ་སྙེན་དང་། དགེ་བསྙེན་མ་དང་འཇིག་རྟེན་པ་རྣམས་ཀྱིས།། ང་ཡི་རིགས་ཀྱི་གསང་སྔགས་བཟླས་བརྗོད་ན།། མྱུར་དུ་དེ་ཡི་ལུས་ནི་ཞིག་པར་འགྱུར།། གང་ཞིག་ང་རིགས་རྗེ་སུ་འབྲང་བའི་གདོན།། འབྱུང་པོ་གནོད་སྦྱིན་ཀླུ་དང་ཤ་ཟ་ཡིས།། ང་ཡི ་སྔགས་བཟླས་རྡོ་རྗེ་ཐོགས་པ་དག། མཐོང་ན་ཁྲོས་ནས་ཕུང་བར་བྱེད་པར་འགྱུར། ཞེས་བྱ་བ་གསུང་སོ།། དེ་བཞིན་གསང་སྔགས་གྲུབ་པ་པོ་རྣམས་ཀྱི་དམ་ཚིག་དང་། འདུལ་བ་དང་སྤྱོད་པ་གསུངས་པ་བཤད་པ་སྟེ། དེ་ལས་ཡན་ལག་ཁ་ཅིག་ཉམ་སུ ་ལེན་མ་ནུས་ཀྱང་། ཁ་ཅིག་ཉམ་སུ་མི་བླང་དུ་མི་རུང་བ་གང་ཡིན་པ་དེ་བསྟན་པ་ནི་དོན་བཞི་པ་སྟེ། དེའི་ཕྱིར། གང་ཞིག་ཐེག་ཆེན་རྒྱ་ཆེན་ཀློག་པ་དང་།། དེ་ལ་དད་ཅིང་དེ་ཉིད་འཆང་བར་སྤྲོ།། དེརྩོན་འགྲུས་ཆེ་ཞིང་བྱང་ཆུབ་སེམས་བརྟན་པ།། དེ་ལ་ང་ཡི ་གསང་སྔགས་མཆོག་སྦྱིན་མཛོད་ཅེས་བྱ་བ་གསུང་སོ།། དེ་ལྟར་འདིས་ནི་དེ་བཞིན་གཤེགས་པ་ལ་སོགས་པ་རིགས་ཀྱི་བདག་པོ་རྣམས་ཀྱིས་གསང་སྔགས་དང་། རིག་སྔགས་རྣམས་གསུངས་པའི་བར་རྣམས་འབུམ་དང་། བྱ་བ་ཞེས་བྱ་བ ་ལ་སོགས་པར་དེ་དག་བསྡུས་ཏེ། རྒྱས་པར་བསྟན་པ་དང་། དེ་ལྟར་མཉེས་པར་བྱ་བའི་ཆོ་ག་ཡང་།། སྤྲོས་པ་དང་བཅས་པར་བསྟན་པར་ཁོང་དུ་ཆུད་པར་བྱའོ།། དེ་ནི་འཇིག་རྟེན་ལས་འདས་པའི་གསང་སྔགས་ཀྱི་ཆོ་གའི་ཝཱར་ལ། ་དྲག་པོ་ལ་སོགས་པའི་འཇིག་རྟེན་གྱི་ལྷ་ཁྱད་པར་ཅན་རྣམས་ཀྱིས།། རིག་སྔགས་དང་གསང་སྔགས་ཀྱི། རང་རང་གི་གསང་སྔགས་ཀྱི་རྒྱུད་དང་། ཆོ་ག་ཞིབ་མོ་བཤད་པ་དང་དེ་དག་གི་གྲངས་ཞར་ལ་བསྟན་པར་བྱ་བ་དང་། སངས་རྒྱས་ཀྱི ་དཀྱིལ་འཁོར་གྱི་སློབ་དཔོན་རྣམས་མང་དུ་ཐོས་པར་བསྟན་པའི་དོན་ནི་ལྔ་པ་སྟེ། དེའི་ཕྱིར། དྲག་པོ་ཡིས་ནི་བྱེ་བ་དྲུག་ཅུ་བཤད།། ནོར་ལྕིའི་བུས་ནི་སྟོང་ཕྲག་སུམ་ཅུ་སྟེ།། ཚངས་པ་ཡིས་ནི་སྟོང་ཕྲག་དྲུག་ཅུ་ཉིད།། ཉི་མས་ཀྱང་ནི་འབུམ་ཕྲག ་གསུམ་བཤད་དོ།། ན་མཁའ་ལྡིང་གི་སྟོང་ཕྲག་བཅཝོ་བརྒྱད་དེ་ཞེས་བྱ་བ་ལ་སོགས་པ་ནས། རང་སྔགས་མདོ་སྡེའི་རྗེས་འདྲངས་དང་བསྐྱེད་ནས།། མཾ་བསྒྲིམས་བཞིན་དུ་ཐེ་ཚོམ་མེད་པར་འགྲུབ།། དེ་ལས་བཟློག་ན་དངོས་གྲུབ་མི་ཐོ་བ་ལ།། སྡུག ་བསྔལ་མང་པོ་ཡང་ནི་ཐོབ་པར་འགྱུར། ཞེས་བྱ་བའི་བར་དུ་གསུངས་པའོ།། ། ལེའུ་བཅུ་གཅིག་པར་འདིར་ནི་གསང་སྔགས་སྨྲ་བ་དང་། བཅུད་ཀྱི་ལེན་ལ་སོགས་པ་བརྟགས་པ་བརྒྱད་ཀྱི་མིང་བཤད་པ་དང་། བསྟན་པའི ་རྣམས་ཀྱི་དངོས་གྲུབ་རབ་དང་། འབྲིང་དང་ཐ་མོའི་བྱེ་བྲག་བསྟན་པའི་དོན་དང་། གསང་སྔགས་སྨྲ་བའི་ཡོན་ཏན་གང་མའི་ཡང་ཞིང་མར་བརྗོད་པར་བསྟན་པ་ནི་དོན་དང་པོ་སྟེ། དེ་ལ་བཅུད་ཀྱིས་ལོན་དང་གཏེར་དང་ཕུག་འགྲོ་དང་།། ནོར་སྦྱར་འི་ཐུང ་ཀུན་སྔགས་ཀྱི་གསེར་སྦྱར་ཏེ།། རིན་བྱུང་མེད་པའི་རིན་ཆེན་ནོར་སྦྱིན་ཏེ།། བརྒྱད་པོ་བསྟན་པ་ཡོངསུ་བསྒྲགས་པ་ཞེས་བྱ་བ་གསུང་སོ།། བསྟན་པ་དེ་དག་རབ་ལ་སོགས་པར་དབྱེ་བའི་དབང་དུ་བྱས་ནས། སྔགས་དང་ཕུག་ཏུ་འགྲོ་དང་བཅུད་ཀྱིས་ལེན།། ་སྡིག་པ་སྤངས་པར་བྱེད་པས་མཆོག་ཏུ་བསྟན།། རིན་ཆེན་དང་ནི་གཏེར་དང་འབྱུང་ཁུངས་འབྲིང་།། གསེར་འགྱུར་རྩི་དང་ནོར་བསྒྱུར་ཐ་མའོ།། ཞེས་བྱ་བ་གསུང་སོ།། དེ་དག་སྒྲུབ་པ་ལ་འཇུག་པ་རྣམས་མཆོག་ལ་སོགས་པར་དབྱེ་བོ་ནི་འདི་ཡིན་ཏེ། ་མི་ནི་སེམས་སྟོབས་ལྡན་ཞིང་ཆོས་ལ་བརྩོན།། དཀའ་ཐུབ་ཀྱིས་ཕྱུང་དང་པོར་བསྟན་པའི་སྣོད།། རྡུལ་ཤས་ཆེ་བ་ལ་ནི་འབྲིང་པོར་གསུངས།། བ་མ་ལ་ནི་མུན་པ་ཅན་གྱིས་བསྟན།། གང་ཞིག་མཆོག་ཏུ་བསྟན་པ་དེ་སྟོན་པ།། དེས་ནི་ཐ་མ་བསྟན་པ ་རྣམ་པར་སྤངས།། གལ་ཏེ་ནོར་ལ་སྲེད་ཅིང་སྡུག་བསྔལ་གྱིས།། གདུངས་ན་འབྲིང་པོ་ལ་ནི་བསྟན་པར་བྱ་ཞེས་བྱ་བ་གསུང་སོ།། ད་ནི་བསྟན་པ་འདི་རྣམས་ཀྱི་དངོས་གྲུབ་དང་མཐུན་པའི་དཀའ་ཐུབ་དང་གས་སྔགས་ཀྱི་བཟླས་བརྗོད་ལ ་སོགས་པའི་ཐབས་བསྟན་པ་ནི།། ལྷ་ཡི་བདེ་བ་དང་ནི་འབྱོར་པ་དང་།། ཚེ་དང་སྟོབས་གཟུགས་ཕུན་སུམ་ཚོགས་པ་དང་།། ཐོས་མང་མདངས་བཟང་གཅིག་པུ་ཡིད་གཞུངས་དང་།། དབང་ཐང་ཚེ་ཀུན་དཀའ་ཐུབ་སྟོབས་ཀྱིས་ཐོབ།། ཆགས་དང ་རྣམ་བྲལ་དགེ་ལ་དགའ་བོ་དང་།། རྟག་ཏུ་དཀོན་མཆོག་གསུམ་ལ་གཞོལ་བ་དང་།། སྡིག་པ་སྤངས་ཤིང་བཟླས་བརྗོད་ལྡན་པ་ཡིས།། མཾ་ལ་ལྷ་རྫས་དངོས་གྲུབ་རིང་བ་མེད་ཅེས་བྱ་བ་གསུངས།། ད་ནི་བསྟན་པ་དེ་རྣམས་ཀྱི་ནང་ན།། གསང་སྔགས ་བསྟན་ད་མཆོག་ཡིན་དང་།། སྡུག་བསྔལ་སྲེལ་བཱར་བསྟན་པ་ནི།། རྡོ་རྗེ་མཚོན་མེད་གནམ་ལྕགས་མཐུ་འདྲ་ཡི།། གསང་སྔགས་མི་ཡི་འཇིག་རྟེན་མཆོག་སྦྱིན་མཛད།། འཇིག་རྟེན་འདི་དང་ཕ་རོལ་ཉིད་ན་ཡང་།། སྡུག་བསྔལ ་སེལ་ཅིང་སྡིག་འཇོམས་གཞན་མེད་དོ།། གང་ཞིག་དཔག་བསམ་ལྗོན་པའི་ཤིང་ལྟ་བུར།། ལ་ལར་དངོས་གྲུབ་ལ་ལ་བསོད་ནམས་དང་།། གཞན་ལ་གདུགས་སྟོབས་ཚེ་དང་བདེ་བ་གང་།། ཡིད་མཐུན་འབྲས་བུ་འདོད་པའི་མི་ལ་སྩོལ།། གསང་སྔགས་སྣ ་ཚོགས་གཟུགསུ་རྣམ་སྤྲུལ་ནས།། གང་ཞིག་སྡུག་བསྔལ་གང་ཞིག་འཇིགས་སྐྲག་པའམ།། རྒྱལ་པོ་ཆོམ་རྐུན་ཐོག་གིས་འཇིགས་སྐྲག་པའི།། འགྲོ་བའི་ཚེགས་ཆེན་མཐའ་དག་སྐྱེང་མཛད་པ་ཞེས་བྱ་བ་གསུངསོ།། གཞན་ཡང་གསེང ་སྔགས་སྒྲུབ་པ་རྣམ་པ་གཉིས་ཏེ།། ཇི་སྐད་དུ་གསུངས་པའི་གསང་སྔགས་སྒྲུབ་པ་པོ་འཇུག་བཱི་སྤྱོད་པ་དང་སྦྱོར་བའི་སྤྱོད་པ་དང་། དྲངོས་གྲུབ་སྒྲུབ་པ་པོའི་སྤྱོད་པ་དང་། སྒྲུབ་པའི་སྤྱོད་པ་བསླབས་ནས་ཁྱིམ་ནས་བྱུང་སྟེ། ཇི་སྐད་དུ་གསུངས ་བའི་གནས་རྣམསུ་འདུག་ནས། གསང་སྔགས་མཉེས་པར་བྱེད་པ་གང་ཡིན་པ་དེའི་དོན་དུ་མཉེས་པར་བྱ་བའི་རིམ་པ་བསྟན་པ་ནི་འདི་དག་ཐམས་ཅད་ཡིན་ནོ།། གང་ཡང་ཇི་སྐད་གསུངས་པའི་འཇུག་པ་ལ་སོགས་པའི་སྤྱོད་པ་བསླབས ་ནས་ཁྱིམ་ན་གནས་ཤིང་ཡུལ་སོགས་པ་འདོད་པ་ལ་ལོངས་སྤྱོད་ཅིང་ཇི་སྐད་གསུངས་པའི་གསང་སྔགས་མཉེས་པར་བྱ་བའི་རྗེ་སུ་འཇུག་ཅིང་ཉིན་གཅིག་བཞིན་དུ་བཟླས་བརྗོད་ལ་སོགས་པ་ཅི་ནུསུ་བྱེད་པ་གང་ཡིན་པ་དེ་རྣམས་ཀྱང ་ཡུན་རིང་ཞིག་ལོན་ནས། ཚེ་འདི་འམ་ཚེ་རབས་གཞན་དུ་དེ་མཉེས་པར་བྱསྡུ་པ་ལས་བྱུང་བའི་བསོད་ནམས་ཀྱི་བག་ཆགས་རྟས་ནས། ཚེ་རབས་གཞན་ལྷ་གྲུབ་པར་འགྱུར་བ་དེ་བསྟན་པ་ནི་དོན་གཉིས་པ་སྟེ། གང་ཞུག་ཡུལ་དང་ཁྱིམྦྷ་ལ ་བརྟེན་ཀྱང་རུང་། དཀའ་ཐུབ་མ་ཉམས་རྩེ་གཅིག་སེམས་ཀྱིས་ནི།། ཉིན་གཅིག་བཞིན་དུ་ཅུང་ཟད་སྔགས་ཟློས་པ། དེ་ཡི་གསང་སྔགས་དུས་ཞིག་ན་ནི་འགྲུབ་ཅེས་བྱ་བ་གསུངས།། ། ད་ནི་སྒྲུབ་པ་པོ་རྣམས་གཉིས་ཀྱི་བཟླས་བརྗོད ་གོམས་པར་བྱ་བའི་ཕྱིར།། སྔར་བསྙེན་པའི་བཟླས་བརྗོད་ཇི་སྐད་བསྟན་པའི་གྲངས་ལས་ལྷག་པར་འབུམ་ཕྲག་གཅིག་བསྒྲིམས་ནས་བཟླས་བརྗོད་བྱས་ནས་སྔར་བསྙེན་པ་བཞིན་དུ་ལྷུར་བླང་བར་བསྟན་པ་ནི་དོན་གསུམ་པ་སྟེ། དེའི ་ཕྱིར་ཆོ་ག་བཞོན་དུ་དང་པོར་འབུམ་བཟླས་ནས།། དེ་ནས་གསང་སྔགས་སྒྲུབ་ལ་འཇུག་པར་བྱ།། དེ་ནས་དངོས་གྲུབ་མྱུར་དུ་ཐོབ་འགྱུར་ལ།། གསང་སྔགས་ཆོ་ག་ཡུན་རིང་མིན་ཉོན་མོངས་ཞེས་གསུང་སོ།། དེ་བཞིན་དུ་སྒྲུབ་པ་པོའི་ཁྲུས ་ཀྱི་ཆོ་ག་གཏན་ལ་དབབ་པ་དང་། ཉེ་རེག་གི་ཆོ་ག་བསྟན་པ་ནི་དོན་བཞི་པོ་སྟེ། དེའི་ཕྱིར། ལུས་ལ་ས་ཡི་དྲིལ་ཕྱིས་བྱས་ན་སུ།། ཆུ་ཆེན་རྙོག་མ་མེད་པར་ཞུགས་ནས་ཀྱང་།། ཇི་ཙམ་འདོད་པའི་བར་དུ་ཁྲུས་བྱས་ཏེ། བྱུང་ནས་ཤར་རམ ་བྱང་དུ་ཁ་བལྟས་ལ།། ཆུ་ཡིས་ལག་པ་རྐང་པ་བཀྲུས་ནས་ནི།། པུས་མོའི་ཕྱི་རོལ་དུ་ནི་བསྟན་བྱས་ཏེ།། བར་དུ་ལོག་བཞག་ཅིག་ཙོག་པོར་འདུག་ནས། སྒྲ་མེད་དབུ་པ་མེད་པས་ཉེ་རེག་བྱ།། ལན་གསུམ་བར་དུ་ཆུ་ནི་འཐུངས་ནས ་ཀྱང་། མཆུ་ལ་ལན་གཉིས་ཡོངསུ་ཕྱི་བར་བྱ།། ཞེས་བྱ་བ་གསུང་སོ།། དེ་བཞིན་དུ་སོ་ལ་ཆགས་པའི་ལྷག་མ་ཡོད་པར་ཚོར་བ་དང་། རང་སྤྲིང་པ་བྱུང་ན་ཁ་འཁྲུ་བའི་ཆོ་ག་བྱ་བ་དང་། དེ་བཞིན་དུ་སྐྱེས་པ་དང་བུད་མེད་ཀྱི ་ལུས་ལ་རེག་པ་དགག་པ་བསྟན་པ་དང་། བག་མེད་པས་དེ་དག་རྣམས་ཀྱིས་རེག་པར་གྱུར་ན་ཁྲུས་བྱ་དགོས་པ་བསྟན་པ་ནི་དོན་ལྔ་པ་སྟེ། དེའི་ཕྱིར་སོ་ལ་ཆགས་པ་ལྕེ་ཡིས་རེག་པ་དང་།། སྦྲིད་པ་བྱུང་ན་ཁ་ཡང་བཀྲུ་བར་བྱ།། རབ ་བྱུང་སྐྱེས་པ་བུད་མེད་གཞོན་ནུ་དང་། གཞོན་ནུ་མ་དང་རྒན་པོ་བྲམ་ཟེ་རྣམས།། དེ་ལ་སྔགས་པས་ནམ་ཡང་རེག་མི་བྱ།། སྔགས་པས་དེ་དག་རྣམས་ལ་མི་བསམ་མོ།། བརྒྱ་ལ་དེ་དག་རྣམས་ལ་རེག་གྱུར་ཏམ།། སྒྲུབ་པས་དེ་དག་རྣམས ་ལ་རེག་གྱུར་ན།། སླར་ཡང་ཁྲུས་དང་འཐོར་འཐུང་བྱས་ནས།། དེ་ནས་ཕྱིར་ཡང་ཟློས་ལ་འཇུག་པར་བྱ།། ཞེས་བྱ་བ་གསུངས།། གཙང་སྦྲ་དང་བཟླས་བརྗོད་དང་། མཆོད་པ་ལ་སོགས་པ་ཇི་སྐད་གསུངས་པ་བཞིན་བྱས་ན། མྱུར་དུ་གསང ་སྔགས་ཀྱི་བྱིན་གྱིས་རློབ་པར་མཛད་དོ།། ཞེས་བསྟན་པ་ནི་དོན་དྲུག་པ་སྟེ། དེའི་ཕྱིར། གཙང་སྦྲ་ལ་དང་ཟློས་དགའ་སྙིང་རྗེ་ཅན།། རྟག་ཏུ་ལེན་པ་ལས་ནི་ལོག་པ་དང་།། སློང་མོའི་ཟས་ཟ་ལྷ་ཡི་ལས་བརྩོན་པ།། དེ་ཡི་ལུས་ལ་གསང ་སྔགས་འཇུག་པར་འགྱུར་ཞེས་བྱ་བ་གསུང་སོ།། དེ་བཞིན་དུ་སྒྲུབ་པ་པོའི་རྣམ་པ་ཐམས་ཅད་དུ་མི་བསླང་བར་བསྟན་པ་ནི་དོན་བདུན་པ་སྟེ། དེའི་ཕྱིར། འགའ་ཡིད་བུད་མེད་གིས་དང་ནོར་རྣམས་དང་།། བཞོན་པ་རྒྱན་དང་ཐུག་པ་བཟའ་བཏུང ་དང་།། མལ་སྟན་རྣམས་ནི་མང་ཉུང་བྱིན་གྱུར་ན།། དེ་ལས་སྒྲུབ་ལ་གནས་པས་མི་བསླང་ངོ་ཞེས་བྱ་བ་གསུང་སོ།། དེ་བཞིན་དུ་སྒྲུབ་པ་པོའི་ཕྱི་རོལ་ཆེ་ཆུང་གི་གཙང་སྦྲ་བསྟན་པ་ནི་དོན་བརྒྱད་པ་སྟེ། དེའི་ཕྱིར་ས་ཕུག་བཤད་སྐོར་ལྔ་སྟེ་མཚན་ལ ་གསུམ།། གཡོན་ལ་གསུམ་སྟེ་ལག་པ་གཉིས་ལ་བདུན།། ཡང་ནཱ་ས་དང་ཆུ་ཡི་ཇི་སྲིད་དུ།། དྲི་མ་དྲི་བྲལ་དེ་སྲིད་བར་དུ་བྱཱ་བ་ཞེས་གསུང་སོ།། དེ་བཞིན་དུ་ཚུལ་ཁྲིམས་དང་ལྡན་པའི་སྒྲུབ་པ་པོས་བཟླས་བརྗོད་བྱས་པས་སྡིག་པ་འབྱུང་བའི ་རྒྱུར་འགྱུར་བ་དང་། ཐོག་མ་མེད་པའི་དུས་ནས་བསགས་པའི་སྡིག་པ་རྣམས་ཀྱང་བཟླས་བརྗོད་བྱས་འབྱུང་བར་འགྱུརརོ།། ཞེས་བསྟན་པ་ནི་དོན་དགུ་པ་སྟེ། དེའི་ཕྱིར། སོས་ཀ་ནགས་མེ་མཆེད་པའི་མེ་ལྕེ་ཡིས།། མ་བསྒྲིམས་བཞིན་དུ ་ཚོང་ཚིང་ཀུན་སྲེག་ལྟར།། བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གིས་སྦར།། བརྩོན་འགྲུས་ཆེན་པོ་མེ་ལྕེས་སྡིག་པ་བསྲེག། ཇི་ལྟར་གངས་ལ་ཉི་མའི་འོད་ཟེར་གྱིས།། གདུངས་ན་གཟི་བརྗིད་མི་བཟོད་འཇུ་བ་བཞིན།། ཚུལ་ཁྲིམས་ཉི་མའི་འོད ་ཟེར་བཟླས་བརྗོད་ཀྱིས།། གདུངས་ན་སྡིག་པའི་གྲངས་ཀྱང་ཟད་པར་འགྱུར།། མུན་ནག་སྨག་ལ་མ་ར་མེ་ཕྱུང་བ་ཡིས།། མུན་ནག་མ་ལུས་སེལ་བར་བྱེད་པ་ལྟར།། ཚེ་རབས་སྟོང་ནས་གནས་པའི་སྡིག་པའི་མུན།། བཟླས་བརྗོད་མར་མེས་མྱུར ་དུ་སེལ་བར་བྱེད་ཅེས་བྱ་བ་གསུང་སོ།། དེ་བཞིན་དུ་ཇི་ལྟར་གསུངས་པའི་ཆོ་ག་བཞིན་དུ།། སྔར་བསྙེན་པ་བྱས་ནས་བསྒྲུབས་ཀྱང་གསང་སྔགས་ཀྱི་འབྲས་བུ་མ་ཐོབ་ན།། དེའི་ཚེ་སྡིག་པ་མ་ལུས་པ་ཟད་པར་བྱ་བའི་ཕྱིར། མཆོད ་རྟེན་འབུམ་གདབ་པར་བསྟན་པ་ནི་དོན་བཅུ་པ་སྟེ། དེའི་ཕྱིར་ཅི་སྟེ་སྦྱིན་སྲེག་ནང་གི་བཟླས་བརྗོད་ཀྱིས།། གསང་སྔགས་བསྒྲུབས་ཀྱང་དངོས་གྲུབ་མ་ཐོབ་ན།། འཇིམ་པ་ལས་ནི་མཆོད་རྟེན་འབུམ་གདབ་པ་འམ། ་ཡང་ན་ཆུ་འགྲམ་བྱེ་མ་དག་ལ་གདབ།། དེས་ནི་དེ་ཡི་སྡིག་པ་སྲིད་ཞན་ལ།། བྱས་པ་དེ་ནི་གང་ཡིན་ཟད་གྱུར་ན།། དེས་ན་གསང་སྔགས་མཐུ་ཡིས་འདི་ཉིད་དུ།། མཐོང་བའི་ཆོས་ལ་བསོད་ནམས་འབྲས་བུ་ཐོབ་ཅེས་བྱ་བའི་བར་དུ ་གསུངས།། དེ་བཞིན་དུ་སྔར་སྦྱང་གི་ནང་དུ་འདུག་པའི་ས་བོན་གྱི་དཔེ་བསྟན་པས། གསང་སྔགས་བཟླས་བརྗོད་ལ་སོགས་པའི་ཆགས་པ་ལ་བརྟེན་ནས་གསང་སྔགས་ཀྱི་འབྲས་བུ་འབྱུང་གི། གསང་སྔགས་ཀྱི་ལྷ་ལ་སོགས་པ་འབའ ་ཞིག་ལས་ནི་མ་ཡིན་པས་དེའི་ཕྱིར་དེའི་ཚོགས་བསྟན་པ་ནི་དོན་བཅུ་གཅིག་པ་སྟེ། དེའི་ཕྱིར་གསང་སྔགས་རྩ་བ་དང་པོར་ཚུལ་ཁྲིམས་ཏེ།། དེ་ནས་བརྩོན་འགྲུས་དང་ནི་བཟོད་པ་དང་།། རྒྱལ་བ་ལ་ནི་དུད་དང་བྱང་ཆུབ་སེམས།། གསང ་སྔགས་དང་ནཱི་ལེ་ལོ་མེད་པའོ།། ཞེས་བྱ་བར་རྒྱ་ཆེར་སྦྱར་རོ།། སྔར་བསྙེན་པ་རྫོགས་ནས། སྔགས་པས་རང་གི་ལྷ་མཉེས་པར་བྱ་བའི་དོན་དུ་སྦྱིན་སྲེག་བྱ་བ་དེ་བསྟན་པ་ནི་དོན་བཅུ་གཉིས་པ་སྟེ། དེའི་ཕྱིར། དང་པོརྭ་བཟླས ་བརྗོད་ཕལ་ཆེར་བྱས་ན་སུ།། དེ་ཡི་འོག་ཏུ་འདི་ནི་སྦྱིན་སྲེག་བྱ།། སྦྱིན་སྲེག་གིས་ནི་གསང་སྔགས་མཆོག་མྱུར་སྩོལ།། ཡིད་དུ་འོང་བའི་འདོད་པའོང་སྦྱིན་པར་མཛད། ཅེས་བྱ་བ་གསུངསོ།། དེ་བཞིན་དུ་གོང་གིས་མིའི་ཆུང་མ ་བཀུག་པ་དང་། གནོད་སྦྱིན་གྱི་བུ་མོ་གསང་སྔགས་ཀྱི་དབང་གིས་བཀུག་སྟེ། འདོད་པར་ལོང་སྤྱད་པ་དེ་ལ། ཕ་རོལ་གྱི་བུད་མེད་ལོང་སྤྱད་པའི་ཕྱིར་འདོད་པས་ལོག་པར་གཡེམ་པ་ལ་སོགས་པ་བྱས་པའི་ཉེས་པས་གང་ཡིན་པ་དེ་ཡོངསུ་སྤང་བ ་ནི་དོན་བཅུ་གསུམ་པ་སྟེ། དེའི་ཕྱིར། གང་གིས་དཔག་ཚད་བརྒྱ་ཡི་ཕ་རོལ་ནས།། གསང་སྔོགས་མཐུ་ཡིས་བུད་མེད་བཀུག་ཀྱང་དེ།། བུད་མེད་མ་ཡིན་གནོད་སྦྱིན་བུ་མོ་སྟེ།། དེ་གཟུགས་ཆུ་བྱད་ཀྱིས་ནི་སྔགས་པ་སྟེ།། འདོད་པའི་དོན་ཕྱིར ་བསྒྱུར་བ་གང་ཡིན་དེ།། གྲུབ་ནའང་གནོད་སྦྱིན་བུ་མོ་སྦྱིན་པར་བྱེད་ཅེས་བྱ་བ་ལ་སོགས་པ་ནས། གཞན་གྱི་ཆུང་མར་ཡིད་ལ་བསམས་ནསུ།། འདོད་པ་བསྟེན་པར་བྱེད་པ་གང་ཡིན་དེ།། མི་ཤེས་ཡིད་ཀྱིས་གཞན་གྱི་ཆུང་མ་ལ།། འདོད་པ ་སྤྱད་པས་སྡིག་པ་མང་དུ་ཐོབ་ཅེས་བྱ་བའི་བར་དུ་གསུངས་སོ།། དེ་བཞིན་དུ་འཇིག་རྟེན་པའི་གསང་སྔགས་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པས་ཇི་ལྟར་ཁོང་དུ་ཆུད་པ་བཞིན་དུ་སྨྲས་པ་དེ་ཡང་། སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར། དེ་རྣམས་ཀྱི་དངོས་གྲུབ་རབ་དང་འབྲིང་དང་། ཐ་མའི་མཚན་ཉིད་ཇི་ལྟ་བ་བཞིན་བསྟན་པ་དེ་ནི་དོན་བཅུ་བཞི་པ་སྟེ། དེའི་ཕྱིར། རྒྱལ་བ་ལ་དང ་གཞན་ལ་ཕན་བརྩོན་པ།། ལྷ་དང་ལྷ་མིན་གནོད་སྦྱིན་དྲི་ཟ་དང་།། གྲུབ་པར་བཅས་པས་སྔགས་བཤད་གང་ཡིན་པ།། ཞེས་བྱ་བ་ལ་སོགས་པ་ནས། དེ་དག་འབྲས་བུ་འང་རབ་དང་འབྲིང་དང་ནི།། ཐ་མར་དབྱེ་བས་རྣམ་པ་གསུམ་དུ་བསྟན།། ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་སྦྱར་རོ།། དེ་བཞིན་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིག་སྔགས་དང་། གསུང་སྔགས་ཀྱི་རྒྱུད་དང་ཆོ་ག་ཞིབ་མོར་དུག་གི་ལས་ཀྱི་དབྱེ་བ་བཤད་པའི་མིང་བསྡུས་ནས ་བསྟན་པ་ནི་དོན་བཅོ་ལྔ་པ་སྟེ། དེའི་ཕྱིར། བྱ་བ་དང་ཁུ་ཚུར་ཐལ་ལྕག་སྐྲ་དྲང་དང་།། རྣ་བར་བཟླས་དང་དབབ་དང་བསྐྲད་པ་དང་། ཞེས་བྱ་བ་ལ་སོགས་པ་ནས། དུག་གིས་སྒྲས་ནི་བསླང་བར་བྱ་བ་སྟེ། རྣམ་པ་འདི་དག་དུག་གི་ལ་སུ ་ཤད་ཅེས་བྱ་བའི་བཱར་དུ་རྒྱས་པོར་གསུང་སོ།། དེ་བཞིན་དུ་སྦྲུལ་གྱི་རིགས་ཀྱི་བྱེ་བྲག་བསྟན་པ་ནི་དོན་བཅུ་དྲུག་པ་སྟེ། ས་ཡི་སྟེང་ན་སྦྲུལ་ནི་བརྒྱད་ཅུ་དག། གཞན་ལ་གནོད་པར་བྱེད་ཅིང་རྣམ་པར་འཁྱམ།། དེ་དག་རྣམས་ལས་ཉི་ཤུ ་གདེངས་ཀ་ཙན།། འཁྱིལ་པོ་དྲུག་དང་དུག་མེད་བཅུ་གཉིས་དང་།། དེ་བཞིན་སྦྲུལ་ནི་ཁྲོ་བོ་བཅུ་གསུམ་སྟེ།། སུམ་ཅུ་གང་ཡིན་དེ་ནི་རིགསུ་གཏོགས།། སྤྲུལ་པ་བྷ~ཾ་དྷ་སྡིག་པ་ཁ་བརྒྱད་དང་།། རྣམ་པར་དབྱེ་ན་རབ་ཏུ་མང་པོ་ཡོད་ཅེས་བྱ་བ་གསུངས ་དེ་བཞིན་དུ་མི་ལ་སོགས་པའི་ལུས་ལ་སྦྲུལ་དེ་དག་དུག་གཏོང་བའི་སྦྱོར་བ་བསྟན་པ་ནི་དོན་བཅུ་བདུན་པ་སྟེ། དེའི་ཕྱིར་གཅིན་རྟུག་ཁཾ་ཆུ་རེག་དང་མཐོང་བ་དང་།། མེཆེ་བ་བཙུགས་པ་ལས་ནི་དུག་ཀྱང་གཏོང་།། དེ་ལས་དུག་གི་རྒྱུ་ལ་མཁས ་བ་ཡིས།། རབ་འབྲིང་ཐ་མ་གསུམ་དུ་རྣམ་པར་དབྱེ་ཞེས་བྱ་བ་གསུང་སོ།། དེ་དག་ལས་མི་ལ་སོགས་པ་ལ་ཟ་བར་བྱེད་པའི་རྒྱུ་བསྟན་པ་ནི་དོན་བཅོ་བརྒྱད་པ་སྟེ།། དེའི་ཕྱིར། དུག་པདོ་ཁྲོ་བའི་དབང་གྱུར་སྐྲག་པ་དང་།། དེ་བཞིན་དངངས་པ ་འམ་བཀྲེས་པའི་ཁ་ཟས་ཕྱིར།། ཤ་ཁོ་ན་ཡོད་པ་འམ་གཤིན་རྗེས་བསྒོ་བ་འམ།། ལུས་ལ་བརྫིས་ནས་དེ་དག་ཟ་བར་བྱེད་ཅེས་བྱ་བ་ལ་སོགས་པ་གསུང་སོ།། དེ་ལ་མི་ལ་སོགས་པ་ལ་སྦྲུལ་དེ་དག་གིས་ཇི་ལྟར་མཆེ་བས་བཏབ་ནས་དུག ་གཏོང་བར་བྱེད་པ་དང་དེ་དག་གིས་མཆེ་བས་བཏབ་པའི་མཚན་ཉིད་བསྟན་པ་ནི་དོན་བཅུ་དགུ་པ་སྟེ། དེའི་ཕྱིར། ཟོས་པོ་དེ་ཡང་རྣམ་པ་བཞིར་འགྱུར་ཏེ།། མཚ་བས་ཟིན་དང་སོས་བཅད་གཏད་པའོ།། གང་དུ་མཆེ་བས་གཅིག་གི་ཁྲག་ཕྱུང་རྗེས།། ་དེ་ནི་དུག་ཆུང་བས་ནི་ཟིན་པར་བཤད།། གང་དུ་མཆེ་བ་གཉིས་ཀྱིས་བཏང་ནསུ།། ཁྲག་དག་ཕྱུང་བར་གྱུར་པ་ཟོས་པའོ།། གལ་ཏེ་མཆེ་བ་གསུམ་གྱིས་ཤ་བཅད་པ།། དེ་ནི་བཅད་པར་གྱུར་པ་ཡིན་ཞེས་བསྟན།། གང་དུ་མཆེ་བ་བཞི་ཡོས་བཏབ ་ནསུཿསྦྲུལ་གྱི་ལུས་ནི་བཟློག་པར་གྱུར་པ་སྟེ།། གཏང་ནས་ཟོས་པ་ཡིན་ཞེས་བཤད་པ་སྟེ།། དེ་ནི་སྨནྡ་རྣམ་ཀྱིས་ཀྱང་བཟློག་པར་དཀའ་ཞེས་བྱ་བ་གསུང་སོ།། དེ་ལ་གསང་སྔགས་ཀྱི་རྒྱུད་ཐམས་ཅད་ལས་རྣམ་པ་གཉིས་ཀྱིས་དྲུག་གསོ ་བར་བསྟན་པ་ལས།། དེ་གཉིས་ལས་ཀྱང་སྔགས་ཀྱིས་གསོ་བ་གཙོ་བོར་བསྟན་པ་ནི་ཉི་ཤུ་པ་སྟེ། དེའི་ཕྱིར། མེ་ཡི་རང་བཞིན་གནད་དུ་འཕེན་པའི་དུག། མཚོན་དང་མེ་དང་འདྲ་ཞིང་མཚུངས་པ་དག། ཇི་ལྟར་སྔགས་ཀྱི་རབ་ཏུ་ཞི་འགྱུར་བ།། ་དེ་བཞིན་སྨན་གྱིས་ཞི་བར་མི་ནུསོ།། ཞེས་བྱ་བ་ལ་སོགས་པ་ནས། དུག་གྱི་མཐུ་སྟོབས་ཤེས་ནས་རབ་བསྒྲིམས་ཏེ།། གསང་སྔགས་ཆོ་ག་བཞིན་དུ་བཟླས་སྒྲུབ་ན།། བ་ལང་ཁྱུ་ན་སེང་གེ་ཇི་ལྟ་བར།། དུག་དང་སྦྲུལ་དང་དོན་མེད་ལྷན་ཅིག ་ཞེས་བྱ་བའི་བར་དུ་གསུངསོ།། དེ་བཞིན་དུ་གདོན་གྱིས་ཟིན་པས་གསོ་བའི་དབང་དུ་བྱས་ནས། གདོན་རྣམས་ཀྱི་དབྱེ་བ་བསྟན་པ་ནི་དོན་ཉི་ཤུ་གཅིག་པ་སྟེ། དེའི་ཕྱིར། ལྷ་དང་ལྷ་མིན་གནོད་སྦྱིན་གྲུབ་པ་དང་། དྲི་ཟ་འབྱུང་པོ ་མཚུན་དང་གསང་བ་དང་།། ཡི་དགོས་ཤ་ཟ་དག་དང་ལུས་སྲུལ་པོ།། སྨྱོ་བྱེད་མདངས་འཕྲོག་པ་དང་གྲིབ་གནོན་དག། ས་ཡི་སྟེང་ན་གདོན་ནཽ་སྣ་ཚོགས་པ།། མཻ་ཤ་ཚིལ་ཡང་ཟ་ཞིང་ཁྲག་ཀྱང་འཐུང་ཞེས་བྱ་བ་གསུང་སོ།། མི་ལ་སོགས་པ་དེ་དག་གི ་གླགས་སྐབས་བསྟན་པ་ནི་དོན་ཉི་ཤུ་གཉིས་པ་སྟེ། དེའི་ཕྱིར། མྱ་ངནི་འདོད་གདུངས་ཁྲོ་བས་ཉམ་ཐེག་པའི།། གླགས་སྐབས་རྙེད་ནས་ལུས་ལ་འདུག་པར་བྱེད་ཅེས་བྱ་བ་གསུངསོ།། གདོན་གྱིས་ཟིན་པ་རྣམས་ཀྱི་སྤྱོད་པ་བསྟན་པ་ནི་དོན་ཉི་ཤུ ་གསུམ་པ་སྟེ། དེའི་ཕྱིར། དེ་དག་རྣམས་ཀྱིས་ཟིན་པའི་མི་འཕྱན་ཅིང་།། གླུ་ལེན་གར་བྱེད་རྒོད་དང་ཁྲོ་བ་དང་།། དགའ་ཞིང་རྔམ་པ་ཆེ་ལ་སྨྲ་འདོད་དང་།། སྤྱོད་པ་སྣ་ཚོགས་བྱེད་པའི་ལྷ་རྣམས་དང་།། ལྷ་མིན་ལྟར་འཆོས་སྐྱེ་བོ་བཞད་གང་བྱེད། ་ཅེས་བྱ་བ་གསུང་སོ།། མི་ལ་སོགས་པ་རྣམ་པ་གསུམ་གྱི་ཕྱིར་འཛིན་པར་བསྟན་པ་ནི་དོན་ཉི་ཤུ་བཞི་པ་སྟེ།། དེའི་ཕྱིར་གཏོར་མ་འདོད་པ་འམ། རྩེད་མོ་བྱེད་འདོད་པ་བསད་པའི་དོན་དུ་ལུས་ལ་འབབས་ཤིང་འཇུག་ཅེས་བྱ་བ་གསུངསོ།། གདོན ་གྱིས་ཟིན་པ་རྣམས་ཐར་བར་བྱ་བའི་ཐབསུ་གྱུར་པ་གསོང་སྔགས་རྣམས་དང་། དེའི་ལས་བྱེད་པ་རྣམས་ཀྱི་མིང་བསྟན་པ་ནི་དོན་ཉི་ཤུ་ལྔ་པ་སྟེ། དེའི་ཕྱིར་གསང་བ་པ་རྣམས་གཞིག་ཕྱིར་རིགས་ཀྱི་མཆོག་མཐུ་ཆེན་མཆོག་སྦྱིན་རྡོ་རྗེ ་སྔགས་ཀྱུ་འམ།། གཞན་ཡང་ངའི་རིགས་ལས་བྱུང་རིགས་པ་འམ།། ཁྲོ་བོ་བདུད་རྩི་ཐབ་སྦྱོར་ལ་སོགས་པས་སོ་ཞེས་བྱ་བ་ལ་སོགས་པ་ནས། འབྱུང་པོའི་རིག་སྔགས་འདིར་ནི་ཀུན་མཐོང་དང་།། གདན་གྱི་སྤྱོད་པ་མ་ལུས་ཤེས་ནུས། ་ནས་གདོན་རྣམས་དོག་མེད་འདུལ་ན་ནི།། གདོན་གྱིས་མི་འཇིགས་སླར་ཡང་ཚུགས་པོ་མེད་ཅེས་བྱ་བ་གསུང་སོ།། དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། ཉན་ཐོས་ལ་མངོན་པར་དད་པ་རྣམས་ཀྱིས་གསོང ་སྔགས་བཤད་པ་གང་ཡིན་པ་དེ་དག་ལ།། འཇིག་རྟེན་པའི་ལྷས་སྨྲས་པའི་གསང་སྔགས་རྣམས་ཀྱི་མཐུས་མ་ཐུབ་པར་བསྟན་པ་ནི་དོན་ཉི་ཤུ་དྲུག་པ་སྟེ། དེའི་ཕྱིར། རིག་གསུམ་འཕེལ་དང་སྲིད་གསུམ་མཐར་ཕྱིན་པའི་ཞེས་བྱ་བ་ལ ་སོགས་པཱ་ནས། འཇིག་རྟེན་ལྷ་ཚོགས་རྣམས་ཀྱི་སྔགས་པ་ཡིས།། གསང་སྔགས་མེཐུ་ཡིས་དེ་ལྟ་སྒྲུབ་དུ་མེད།། ཅེས་བྱ་བའི་བར་དུ་གསུང་སོ།། གསང་སྔགས་ཀྱི་མདོ་སྡེ་འདི་བཤད་པ་རྫོགས་པར་བསྟན་པ་ནི་དོན་ཉི་ཤུ་བདུན་པར་ཏེ། དེའི ་ཕྱིར། རྡོ་རྗེ་འཆང་གི་གསུང་ཐོས་ལྷ་རྣམས་དང་།། ཚངས་པ་ལྷ་མིན་གནོད་སྦྱིན་གྲུབ་པ་དང་།། རིག་འཛིན་ཀླུ་དང་གནོད་སྦྱིན་དྲི་ཐཱ་དང་།། གསང་བ་པ་དང་མཚུན་དང་འབྱུང་པོ་རྣམས།། དད་པས་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ།། གུས་པས་ཐལ་མོ ་སྦྱོར་ནས་ཚིག་གསོལ་པ་ཞེས་བྱ་བ་ལ་སོགས་པ་ནས། གཞལ་མེད་ཁང་དུ་མངོན་དུ་ཞུགས་ནས་ཀྱང་།། ཇི་ལྟར་འོངས་པ་ནི་མཁའི་ལམ་ནས་དོང་།། ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ།། དེ་བཞིན་དུ་ལྷ་རྣམས་དོང་ནས།། ཕྱག་ན་རྡོ་རྗེ་ཡང་དཔུང ་བཟང་ལ་བསྟན་པ་ནི་དོན་ཉི་ཤུ་བརྒྱད་པ་སྟེ། ལྷ་རྣམས་ཀུན་གྱིས་མདོ་འདི་ཤེས་ཟིན་གྱིས།། ཁྱོད་ཀྱིས་འཇིག་རྟེན་འདིར་ནི་གྲགས་པར་གྱིས།། ཞེས་བྱ་བ་ལ་སོགས་པ་གསུང་སོ།། འཕགས་པ་དཔུང་བཟང ་གིས་ཞུས་པའི་རྒྱུད་ཀྱི་བསྡུས་པའི་དོན་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་རྫོག་སོ།། ། ཆོས་དབྱིངས་མཉམ་པ་ཉིད་ལ་རབ་ཏུ་ཞུགས་ཀྱང་།། ཐུགས་རྗེས་གཏན་དུ་མྱ་ངན་མི་འདའ་ཞིང་།། ་