CLOSE WINDOW

GT150: dpal 'khor lo sdom pa'i dbang gi bya ba mdor bsdus pa zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྦྲང་དུ། ཥྚྲཱི་ཙཀྲ་སི་བ་ར་ཥེ་ཀ་པྲ་ཀྲྀ་ཡ་ཨུ་པཱ་དཾ་ཤཱུ་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་དབང་གི་བྱ་བ་མདོར་བསྡུས་པ་ཞེས་བྱ་བ།། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ ་འཁོར་ལོ་སུཾ་རྟུལ་འབྱོར་ཉིད།། གླང་གིས་སེམས་ཅན་ཁམས་གསུམ་གནས།། རྡོ་རྗེ་ཅན་གྱི་གནས་ཐོད་པའོ།། དབང་བསྐུར་ཆོ་གའི་རིམ་པ་བཤད།། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར།། རྡོ་རྗེ་འཆང་གིས་བཤད་པ་སྟེ།། འོན ་ཀྱངྒ་དཀྱིལ་འཁོར་དེ་དི་བཞིན།། ཅི་ཡིན་དེ་ནི་འདི་ལྟར་བཤད།། རི་མྦོ་གནས་པའི་ལས་དང་ནི།། ཐིག་ལས་ཚོན་དགྱེའི་རིམ་པས་བསྟམ་འགྲོ་བ་འདི་ཉིད་རང་བཞིན་གྱིས།། གྲུབ་པའི་དཀྱིར་གིཉིས་མཱི་པའི་བཅོས་མ་ཉིད་ཀྱི་ངོ་བོ་གང་།། དེ་ནི་གདུལ ་བྱའི་དབང་ལས་འདོད།། མཁས་པའི་བསྒྲུབ་བྱ་དེ་མིན་ཏེ།། ཡང་དག་དོན་མཐོང་གྲོལ་ཕྱིར་རོ།། འཁོར་ལོ་གསུམ་གྱི་དཀྱིལ་འཁོར་གྲུབ།། དཀྱིལ་འཁོར་ལྷ་རྣམས་གྲུབ་པའོ།། དཾ་ཡིས་དབང་བསྐུར་ལ་སོགས་རིམ།། ཅི་ནས་མ་གྲུབ ་ཡཽཿགྲུབ་བྱེད།། དེ་ཡིས་རང་བཞིན་མཾཆི་ཀྵེཿསཽ་རྣམས། སྣོང་དུ་བྱ་བར་བཞེད་པ་སྟེ།། དབང་བསྐུར་སོགས་རིམ་ཀུན་རྫོབ་ཏུ།། མངོ་མ་སུམ་དུ་ནི་སྒྲུབ་པ་པོ།། སློབ་དཔོན་ལ་སོགས་དབྱེ་བ་ཡིས།། དབང་བསྐུར་རྣམ་པ་བཞིར་བཤད་དེ།། ཆུ ་ཡི་དབང་སོགས་དབྱེ་བ་ཡིས།། བཞི་པོ་དེས་ནི་བཅུ་བཞིའོ།། དང་པོར་རེ་ཤིག་འཁོར་ལོ་གསུམ།། བདག་ཉིད་རྡོ་རྗེ་སློབ་དཔོན་རང་།། དེ་ནས་སློབ་མ་བདག་འདྲར་བསམ།། དེ་ནས་ཐམས་ཅད་བསྒྲུབ་པར་བྱ།། འདི་ནི་བུ་ཁྱོད་བདུད་རྩི་སྟེ།། མ་སྲུངས ་སྲེག་པར་བྱེད་པས་དུག། བསྲུངས་ནས་དངོས་གྲུབ་འགྱུར་བ་སྟེ།། བདུད་རྩི་ལྷ་ཡིས་ཆུས་གྲུབ་པའོ།། ཨོཾ་པཉྩ་ཨ་མྲྀ་ཏ་ཨུད་ཀ་ཎ་ཧཱུཾ།། ཐོད་པར་གནས་པ་དེ་ལ་སྦྱིན།། ཁྱོད་ཀྱིས་སྨད་པར་མི་བྱ་ཞིང་།། ་དམ་ཚིག་དང་འགལ་མི་བྱ་སྟེ།། དམྱལ་ལ་སོགས་པར་འགྲོ་འགྱུར་རོ།། དེ་ནས་དབབ་པར་བྱ་བ་སྟེ།། དེ་ལ་འདི་ཡི་རིམ་པ་ནི།། བཤང་གཅི་སོགས་པས་ཡང་དག་སྔགས།། ཟླ་མཚན་ལྡན་པ་འདོམས་དཀྲིས་རས།། བྱི་ལའི་བྲུན་གྱིས་སྤགས ་པ་ཡི།། གུ་གུལ་དང་ནི་བསྲིས་ཏེ་བཏོག། ཡི་དགས་མེ་ནི་རབ་བླངས་ལ།། དེ་ལ་པདྨའི་སྣོད་བཞག་བྱས།། དེར་ནི་དེ་དག་ཐམས་ཅད་དེ།། རྐང་པ་གཡོན་བརྐྱང་ལ་གནས་པས།། འཁོར་ལོ་གསུམ་བདག་ཁྲོ་བོ་འབབས།། འཁོར་ལོ་གསུམ ་བདག་དེ་མདུན་དུ།། རྡོ་རྗེ་ལྡན་པས་བསྲེག་དེ་ནས།། བདུགས་དེ་འབབ་པར་ཐེ་ཚོམ་མོད།། ཏཱིཥྛ་མ་ཧཱ་ཀྲྀ་དྷ་ཨཱ་བེ་ཤ་ཡ་ཧཱུཾ། ཤྲཱི་ཧེ་རུ་ཀཱ་ཡ་བིདྨེ་ཧཾ་བིདྱཱ་རཱ་ཛྙཱ་ཡ། དྷི་མ་ཧཱ་སྭཱ་ཧཱ།། ཞེས་བྱ་བའི་སྔགས་འདིས་དཔའ་བོ་བསྐུལ་བར་བྱའོ།། དེ་ནས ་དཀྱིལ་འཁོར་ཉེ་བར་བསྟན་པར་བྱ་སྟེ།། རང་བཞིན་གྱིས་ནི་དག་པའི་བདག། ལུས་ཀྱི་རང་བཞིན་དྲི་མ་མང་།། དཔའ་བོ་དཔའ་མོ་དབང་པོའི་གནས།། དཀྱིལ་འཁོར་ལ་ནི་བུ་ཁྱེད་ལྟོས།། དེ་ནས་གནས་དང་ཉེ་གནས་སོགས།། བདག་ཉིད་དཀྱིལ ་འཁོར་ལུས་དཀྱིལ་འཁོར།། ལྀ་གནས་བྱང་ཆུབ་ཕྱོགས་ཀྱི་ཆོས།། སུམ་ཅུ་རྩ་བདུན་རང་བཞིན་ཏེ།། རྩ་ནི་སུམ་ཅུ་རྩ་བདུན་པོ།། ལྷ་ཡི་འཁོར་ལོ་དཀྱིལ་འཁོར་བའོ།། དཔལ་ནི་ཧེ་རུ་ཀ་ཡི་ནི།། ཡན་ལག་ཉིང་ལག་ཉེར་བསྟན་བྱ།། དེ་ནས ་བདག་ཉིད་ཀུན་བཏུད་དེ།། རྩཝ་མ་མགོན་ལ་གསོལ་བ་གད་བྱ།། ཆོསྣ་བདེན་བདག་ཉིད་བསམ་མི་ཁྱབ།། བདག་ལ་དབང་ནི་བསྐུར་བར་མཛོད།། སློབ་མས་གསོལ་བྱ་བཏབ་མ་ཐག། རྣམ་རྒྱལ་སོགས་པའི་བུམ་པ་དང་།། པདྨའི་སྣོད་ལས ་གནས་པའི་ཆུ།། ཧཱུ~ཾ་ཡིག་རྡོ་རྗེ་ལས་བྱུང་བ།། མི་བསྐྱོད་པ་ནི་རྡོ་རྗེ་ཡི།། སློབ་དཔོན་གྱིས་རབ་བསྒོམ་པར་བྱ།། ཡེ་ཤེས་སེམས་དཔའི་རང་བཞིན་གྱི།། ས་བོན་འོད་ཟེར་གྱིས་བསྐུལ་བརྩོན།། ཡེ་ཤེས་དེ་ཉིད་གཞུག་པར་བྱ།། དེ་བཞིན ་རབ་མཆོག་ཆུ་བླང་བྱ།། དེ་ཉིད་མི་བསྐྱོད་གཟུགས་ཀྱིས་ནི།། རྣམ་ཤེས་ཕུང་པོའི་ངོ་བོ་སྟེ།། བརྩེ་ཆེན་སྟོན་པ་དཔའ་བོ་ཡི།། དབང་བསྐུར་འདི་ནི་སྤྱི་བོར་སྦྱིན།། ཨོཾ་ཙཀྲ་བཱི་ར་ཏཱཾ་ཨ་བྷི་ཥོཉྩི་ཡ་མི་ཞེས་པ་སྟེ་ཆུའི་འོ།། ཐོས་པ་ལ་སོགས་དབུ ་རྒྱུན་ཡང་།། འོད་ལྷུར་རིན་ཆེན་འཛིན་མོ་བོན།། ཨཱཾ་ལཱ.ཱ་རྡོ་རྗེ་ཉི་མ་ཞེས།། བཤད་པར་བསྒྲུབ་ཅིང་ཡང་དུག་མཆོད།། དེ་ནི་སྔ་མ་བཞིན་དུའོ།། དེ་ཉིད་དབུ་རྒྱུན་རྣམ་པ་སྟེ།། འདི་ནི་ཚོར་བའི་བདག་ཉིད་དོ།། བསམས་ཤིང་བསྒྲུབ་ཏེ་རྡོ་རྗེ་ཅན ་རྡོ་རྗེ་མཁའ་འགྲོ་སྤྱི་བོར་ཏེ།། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ།། བཛྲ་ཝརྞྞ་ནི་ཡེ་ཧུ~ཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་དང་། དེ་བཞིན་དུ་སྔགས་གཞོན་ཡང་བརྗོད་དོ།། དབུ་རྒྱན་ནོ།། ཇི་པང་རྡོ་རྗེ་ལས་བྱུང་བ།། འདུ་ཤེས་དེ་བཞིན་གཤེགས་པ་ནི།། ་སྣང་བ་མཐའ་ཡས་རྡོ་རྗེར་བསྒྲུབས།། ཡང་རིག་གཟུངས་པས་སྦྱིན་པར་བྱ།། ལོག་པ་གཡས་དང་སྙིང་གར་རོ། ཨ་དྷི་པ་ཏི་ཏྲཾ་ཨ་བྷི་ཥཉྩི་པྲ་ཏཱཾ་བཱི་ར་ཤྲཱི་ཧེ་རུ་ཀ་དྷི་བི། ཨོཾ་དྷ་རུང་སརྦ་བུདྡྷ་ཏྲཱཾ་གྲྀཧྞ་བཛྲི་སུ་བི་དྷ་ཡེ་རྡོ་རྗེའོ།། ཁཾ་ཡིག་རལ་གྲི་ཡང ་དག་འབྱུང་།། དོན་ཡོད་གྲུབ་པའི་གཟུགས་ཅན་ཏེ།། འདུ་བྱེད་ངོ་བོ་དྲིལ་བུ་ནི།། ལག་པ་གཡོན་པར་སྦྱིན་པར་བྱ།། འདི་ནི་རྣལ་འབྱོར་མ་ཀུན་གྱི།། དྲིལ་བུའི་སྒྲ་ཀུན་རྗེས་འགྲོར་བཤད།། ཁྱོད ་ཉིད་ཀྱིས་ནི་རྟག་ཏུ་བཅང་།། བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད།། དཔའ་བོ་ལག་ཏུ་རྡོ་རྗེ་དྲིལ།། གཟུང་དེ་འཁོར་ལོ་གསུམ་གྱི་བདག། རང་བཞིན་གྱིས་མཛེས་དགའ་བ་ནི།། ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ།། བདག་པོའོ།། སློབ ་མའི་སྤྱི་བོར་ལག་པ་སྦྱིན།། འབྲུམ་ལས་རྣམ་སྣང་མཛད་ཀྱི་གཟུགས།། རྡོ་རྗེ་ཅན་གཟུགས་ཕུང་ངོ་བོ།། མིང་གི་དབང་ནི་བསྐུར་བར་བྱ།། ཨོཾ་ཤྲཱི་ཙཀྲ་ཨ་དྷི་པ་ཏི་ཤྲཱི་ཧེ་རུ་ཀ་བཱི་ར་ཧཱ་ཨ་བྷི་ཥོཉྩི་ཡཱ་མི།། ཁྱེད་ནི་རྡོ་རྗེ་ཆེ་གེ་མོ་ཞེས ་བྱའོ། མིང་ངོས་དབང་བསྐུར་ལྔ་ཐོབ་རྒྱུད་ལས་ནི།། སངས་རྒྱས་ལྔ་པོ་འདི་རྣམས་དག། མ་རིག་པ་དང་བྲལ་བ་ལས།། ཡེ་ཤེས་ལྔ་ནི་ཐོབ་པར་བྱེད།། ཡི་གེ་ཉི་སུ་གཉིས་སྔགས་ཀྱིསོ།། སྔགས་ཀྱི་དབང་བསྐུར་དེ་ནས་སྦྱིན།། འདི ་དོ་སངས་རྒྱས་ཐམས་ཅད་ཀྱི།། དཔལ་ཧེ་རུ་ཀའི་ཕྱག་ན་བསྣམས།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་།། དཔལ་ཧེ་རུ་ཀའི་བརྟུལ་ཞུགས་བརྟན།། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷ་བཛྲེ་སཱ་མ་ཡ་ཏིཥྛ་ཨེ་ཥ་ཏྲཻ་དྷ་རཱ་ཡ་མི་ཨཾ་ཧ་ཧ་ཧ་ཧཱི། རྡོ་རྗེ ་བརྟུལ་ཞུགས་སོ།། ཁ་ཊྭཱཾ་ཅང་ཏེའུ་ལྷུང་བཟེད་དག། དཔའ་ངེས་བྱིན་པ་བླངས་ནས་ནི།། དཔལ་ཧེ་རུ་ཀའི་ཕྱག་རྒྱ་འདི།། ཕྱི་དང་ནང་དུ་ཡང་དག་པ།། རྡོར་བཅས་ལག་པ་གཡོན་པ་ཡིས།། ཆོས་གོས་གྲཝ་ནས་བཟུང་ནས་སུ།། གཡས་པས ་མི་འཇིགས་སྦྱིན་བྱས་ལ།། སློབ་མ་དབུགས་དབྱུང་སྦྱིན་པར་བྱ།། འདི་ལྟར་ང་ཡིས་ལུང་བསྟན་ཏེ།། འཁོར་ལོ་གསུམ་གྱི་བདག་ཉིད་ཁྱོད།། རང་ཉིད་སངས་རྒྱས་ཀུན་རང་བཞིན།། ཧེ་རུ་ཀ་དཔལ་ཞེས་བྱ་བའི།། དེ་བཞིན་གཤེགས་པ་ཉིད ་ཡིན་ནོ།། ཤྲཱི་ཧ~ཾ་རུ་ཀཱ་ཌཱ་ཀི་ནཱི་ན་མཿསརྦ་ཏི་ཐཱ་ག་ཏ~ཾ་སིདྡྷོཿསཱ་མ་ཡ་ཏྲཱཾ་བྷཱུརྞྞ་བ་ས་ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ།། དཔལ་ལྡན་ཡོན་ཏན་འབྱུང་བའི་གནས།། བདུད་སོགས་ཀུན་ལས་རྣམ་རྒྱལ་ཞིང་།། གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། ་ལུང་བསྟན་པའོ།། དེ་ནས་ཡང་གསོལ་བ་གདབ་པར་བྱ་སྟེ།། ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ།། དཔའ་བོ་ཆེན་པོ་བདག་ལ་སྩོལ།། འགྲོ་བ་མཚན་མ་མེད་བྱེད་པ།། དེ་ནི་དེ་འདིར་མཛད་དུ་གསོལ།། དེ་ནས་འཁོར་ལོ་གསུམ་བདག་པོ།། སྟོན་པ་ཡེ ་ཤེས་སེམས་དཔའ་ཡི།། རང་གི་སྙིང་གའི་ས་བོན་གྱིས།། ཡང་དག་བསྐུལ་བར་རིམ་གྱིས་ནི།། བཀུག་སྟེ་དཔའ་བོ་དཔའ་མོ་རྣམས།། མཆོད་དང་བསྙེན་བཀུར་བཟང་པོ་ཡིས།། དེ་བཞིན་ཡེ་ཤེས་ཆུས་གང་བའི།། བུམ་གནས་དེ་བཞིན་གཤེགས ་དེ་དག། རྡོ་རྗེ་འཆང་དབང་དབང་བསྐུར་བར།། དཔའ་བོ་རྣམ་པར་བསམ་པར་བྱ།། དབང་བསྐུར་རྡོ་རྗེ་ཆེན་པོ་ལ།། ཁམས་གསུམ་པ་ཡི་ཕྱག་བྱས་པ།། སངས་རྒྱས་ཀུན་གྱི་གསང་གསུམ་གྱི།། དཔའ་བོ་དག་ནི་རྣལ་འབྱོར་གནས།། ཇི་ལྟར་འདོད ་པས་མཆོད་པར་བྱ།། གནས་ལས་བྱུང་བ་སྦྱིན་པར་བྱ།། སྔགས་ཀྱང་བཟླས་སོ།། དེ་ནས་མི་བསྐྱོད་པ་དབུ་རྒྱན་དུ་བྱས་ཏེ།། དཔའ་བོ་དང་ལྷ་མོ་རྣམས་དེ་ལ་ལྷག་པར་གནས་པར་བྱའོ།། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ།། ཞེས་བཟླས་སོ།། དེ་ནས་མེ ་ཏོག་ལ་སོགས་པའི་མཆོད་པ་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་ཀུན་ནུས་མཆོད་དེ།། དཔའ་བོ་ཆེན་པོ་དང་རྣལ་འབྱོར་མ་རྣམས་ཀྱི་ཇི་ལྟར་འདོད་པར་འགྱུར་རོ།། དེ་ནས་རྡོ་རྗེ་ཅན་གྱི་བཀའ་ནོད་པར་བྱ ་སྟེ་ར་དེ་ཉིད་རིག་པལ་རྣལ་འབྱོར་པས།། མི་བྱ་བ་ནི་ཅུང་ཟད་མེད། དེ་ཉིད་ཤེས་ནཱ་དེ་ནས་ནི་དཔའ་བོས་འདོད་པ་ལྔ་སྤྱོད།། བདག་ཉིད་དང་པོ་ཀུན་གྱི་དངོས།། བདག་ཉིད་ལྷ་མོ་ཀུན་གྱིས་དངོས།། དེ་ཕྱིར་བདག་གིས་ཐམས་ཅད་བྱ།། བདག་ཉིད་ཧེ་རུ་ཀ་མཆོད་བྱ། ་རྟེན་ཅིང་འབྲེལ་པར་འབྱུང་ཆོསོ་ཅན།། སེམས་ཅན་སྒྲ་མའི་རང་བཞིན་ནོ།། ཁམས་གསུམ་ད་ལྟར་ཤེས་ནས་ནི།། སེམས་ཅན་དོན་ནི་མཉམ་མེད་བྱོས།། བྱ་བ་བྱས་པའི་སློབ་མ་ཡིས།། དེ་ནས་གཙོ་ལ་ཡོན་ཕུལ་ཏེ།། སྐྱེ་བོ་དམ་པ ་འདུས་པ་ལ།། བདག་ཉིད་ཀུན་གྱིས་བསྟོད་ཕྱག་བྱ།། ཕྱིར་མི་ལྡོག་པའོ།། འཁོར་ལོ་མདུན་དུ་བྱ་བ་བྱས།། འཁོར་ལོའི་སྤྱན་ནི་བླ་མ་ཆེ།། དཔའ་བོ་དེ་ཉིད་ལ་ཕྱོག་འཚལོ།། དེ་ནས་གསང་སྟོན་དོན་གཉེར་བྱ།། སྐྱོབ་མེད་སྐྱོབ་པ་སྐྱབས ་མེད་སྐྱབས།། དཔལ་ནི་འཁོར་ལོ་བདེ་བའི་མཆོག། རྒྱུ་མེད་པར་ནི་ཐུགས་རྗེ་ཆེ།། མགོན་མེད་བདག་གི་མགོན་མཛོད་ཅིག། བདག་ཉིད་ཆེ་ཁྱོད་ཇི་ལྟ་བར།། གཙོ་བོས་བདག་ཀྱང་དེ་འདྲར་མཛོད།། འཁོར་བའི་འདམ་གྱི་ཚོགས་སུ་ནི།། བྱིང་བ ་བདག་ལ་སྐྱབས་མཛོད་ཅིག། དེ་ལ་འདིར་ཕྱག་རྒྱའི་རིམ་པ་ནི་ས་བོན་ལྔའི་རིགས་ཀྱི་རང་བཞིན་དག་པའི་ཕྱག་རྒྱ་ལས་དང་ཆོས་དང་ཆེན་པོ་དང་།། དམ་ཚིག་རྣམས་ཐམས་ཅད་ནི་བུད་མེད་དུ་འདོད་པའོ།། འདི་ལྟར་རྡོ་རྗེ་སློབ་དཔོན་དཔལ་སྙིང་རྗེ་ཆེན ་པོའི་སྟོབས་ཀྱིས།། མཚན་མོ་ཆེན་མོ་ལ་གནས་ཁང་དབེན་པར་གང་ཡང་རུང་བའི་མངོན་པར་གསང་བའི་ལྷ་མོ་དམ་ཚིག་དང་ལྡན་པའི་ཕྱག་རྒྱ་རྙེད་པ་ནི།། སྙོམས་པར་ཞུགས་པ་ལས་གང་ཡང་རུང་བ་སྐྱེ་བ་མེད་པའི་རང་བཞིན་ཏེ།། དཔའ་བོ ་ཐམས་ཅད་ཡང་དག་འདུས།། ལྷ་མོ་ཐམས་ཅད་མཉམ་པར་ཕྲད།། ཀུན་རྫོབ་པ་ཡི་བྱང་ཆུབ་སེམས།། གསང་བ་གང་ཡིན་དེ་དབང་བསྐུ་རོ།། འདི་དེའི་དཔའ་བོ་ལྷ་མོ་རྣམས།། དམ་ཚིག་རྨད་བྱུང་ཆེན་པོ་སྟེ།། ཁམས་ལྔ་ལྡན་པ་རོ་རྟོགས་བྱེད།། ་བདེ་བ་དེ་གང་མྱང་བར་བྱ།། པདྨར་གནས་ཏེ་ཡང་དག་སྤྱད་།། ཀྱེ་མ་བདེ་བ་ཆེན་པོ་ཞེས།། སྟོན་པ་ལ་ནི་ཞུ་ཞིང་བརྗོད།། སློབ་མས་ཀྱང་ནི་རྟོག་པ་བཅོམ།། ཇི་ལྟར་རྡོ་རྗེ་འཆང་སོགས་ཀྱིས།། སྔོན་ཆད་སྲས་ནི་དབང་བསྐུར་བ།། དེ་བཞིན་དུ་ནི ་བྱང་ཆུབ་སེམས།། བཟང་པོས་བུ་ཁྱོད་དབང་བསྐུརརོ།། གསང་བའོ།། དེའི་རྗེས་ལ་རང་བྱིན་གྱིས་བརླབ་པའི་རིག་པ་འམ།། གཞན་གྱི་གཞུང་ལྟར་གཞན་ཡང་དང་ཞེས་བྱ་སྟེ།། སྟོན་པས་བྱིན་ཏེ། དེ་ཡིས་དམ་པ་སྒྲུབ་པར་བྱེད་དོ།། ལྷ་མོ་འདི ་ནི་ཕྱག་རྒྱ་ཆེ་མཐའ་ཡས་བདེ་བ་སྦྱིན་པ་མོ།། རྣམ་པ་ཀུན་ཏུ་ཕྱག་རྒྱ་ལོང་།། བུ་ཡིསཽ་བླ་མེད་མཆོད་པ་གྱིས།། ཤེས་རབ་པོ།། དེ་ནས་ལྷ་མོ་ངེས།། དཔའ་བོ་བླ་ན་མོང་པ་ལ་བཀའ་གསོལ་བར་བྱེད་དེ།། དཔའ་བོ་བྱང་ཆུབ་སེམས་བཟའ་བར ་ཁྱོད་ནི་སྤྲོ་བ་ཡིན་ནམ་ཅི།། རིགས་ལྔ་ལས་ནི་རབ་འབྱུང་པོ།། རིག་མ་མཆོད་པ་ལ་གུས་སམ།། དྲི་ཆེན་དྲི་ཆུ་སྟོབས་དང་ཁྲག། སོགས་བཟའ་ད་ལྟ་ཡིད་ཆེས་སམ།། རྗེས་སུ་མཐུན་སྨྲ་ངམ་ཚིག་བཟང་།། ཇི་ལྟར་དགའ་བ་སྨྲོས་ཤིག་བུ། ་འདི་ལྟར་གསུངས་པའི་དམ་ཚིགས་སྔགས།། ལྷ་མོ་བདག་ནི་ཅེས་མི་སྒྲ།། བུང་མང་རྟག་གུས་ཅེས་མི་བྱ།། པདྨ་མཆོད་པར་ཆེས་མ་བསྐྱེད།། དེ་ནས་ལྷ་མ་དེ་དགའ་།། སྒྲ་ནི་གྲོལ་ཞིང་གིས་དང་བྲལ།། ་པདྨ་རྒྱས་པར་བྱས་ནས་ནི།། བསྟན་ཏེ་བྷཉྩ་པདྨ་ཧོ།། པདྨའི་དབུས་ན་གནས་པའི་རྩ།། བདེ་བ་འབབ་པ་བསྟན་བྱ་སྟེ།། སོར་མོས་སོ་སོར་བསྐྱལ་བ་དང་།། ལྕེ་ཡི་རོ་མྱང་ལ་གནས་ཏེ།། དེ་ནས་གྲུབ་པར་སྨྲ་བ་ནི།། ལྷན་ཅིག་སྐྱེས་པའི་བདེ་བ་བྱེད། ་ཉམས་སུ་མྱོང་བ་མཆོག་དགའ་བ།། འབྱུང་སྟེ་དེ་ཡི་བདེ་བ་མྱོང་།། དེ་ནས་བཅོམ་ལྡན་འདས་མ་དེ་དགའ་བ་སྟོན་ཅིང་ཟབ་པ་བསྔགས་སྨྲ་བའོ།། ལག་པ་གཡོན་པ་སྤྱི་བོར་བཞག་ལ།། རྗེས་སུ་གནང་བར་ལུང་བསྟན་པར་བྱའོ།། དེ་ནས་བཟུང་སྟེ། ་བུ་ཁྱོད་ཀྱིས།། ཇི་སྲིད་བྱང་ཆུབ་སྙིང་པོའི་བར།། རྨི་འདྲར་སེམས་ཅན་ཐམས་ཅད་ཀྱི།། དོན་ནི་བདག་ཉིད་ཀུན་གྱིས་ཀྱིས།། ཤེས་རབ་ཡེ་ཤེས་སོ།། རིམ་པ་གསུམ་པ་དེའི་བླ་མ།། མན་ངག་གིས་ནི་འདིར་ཤེས་བྱ།། འདི་ནི་རང་ཉིད ་མཛེས་པ་སྟེ།། ཕྱི་རོལ་ཡུལ་ནི་སྤངས་པའོ།། རིག་འདི་བོར་ནས་དེ་ནས་ནི།། གཞན་པའི་ཐབས་ཀྱིས་སངས་རྒྱས་མེད།། རིག་མ་བརྟུལ་ཞུགས་སྤྱོད་ཅིག་པུ།། བརྟུལ་ཞུགས་རྣམས་ཀྱིས་བླ་མའི་བླ།། རིག་མ་ཡི་ནི་བརྟུལ་ཞུགས་སོ།། ཆུ ་སོགས་ཕྱིར་མི་ལྡོག་པའི་མཐའ།། སློབ་དཔོན་དབང་དུ་བཤད་པ་སྟེ།། འོད་དག་ཕྱི་རོལ་བསྟན་པ་གང་།། ཐམས་ཅད་ནང་དུ་གནས་པའོ།། དཔའ་བོ་ཀུན་སྤྱོད་རིམ་ཕྱེ་བ།། མན་ངག་ཉིད་ཀྱིས་ཤེས་པར་བྱ།། དབང་བསྐུར་བཞི་པོ་བསྟན་པ་རྣམས ་གང་ཚེ་བརྟུལ་ཞུགས་དབང་བསྐུར་འགྱུར།། བསམ་མེད་ཆོས་ནི་ཐོབ་ཕྱིར་ཏེ།། དེ་ཚེ་དེ་ཉིད་ཅེས་བྱ་འདི།། ཕྱི་དང་ནང་དུ་ཡང་དག་བཤད།། ཕྱི་དང་ནང་གི་ནང་བཞིན་བཤད།། ཆོས་རྣམས་ཀུན་གྱི་ངོ་བོ་སྟེ།། བསམ་གྱིས་མི་ཁྱབ་ཅེས ་བཤད་དོ།། སྣང་མེད་རབ་རྫོགས་གནས་མེད་པ།། དེ་ཉིད་ལྔ་པ་རྫོགས་པའི་རིམ།། ལྷོན་ཅིག་སྨྱོས་པ་མི་བཟད་པས།། བསམ་གྱི་མི་ཁྱབ་མཐའ་ཡས་སོགས།། དེ་ནི་བརྟན་གཡོ་འགྲོ་བདག་ཉིད།། བདག་མཽད་ཀྱིས ་ནི་བདག་ཏུ་གནས།། དཔའ་བོ་བདེ་བ་ཆེན་པོ་རྫོགས།། འདི་ནི་དེ་ཁོ་ནའི་མན་ངག་གོ།། དཔལ་འཁོར་ལོ་བདེ་མཆོག་གི་དབང་བསྐུར་བར་བྱ་བའི་རིམ་པ་མདོར་བསྡུས་པ། སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་ཞབས་ཀྱིས་མཛད ་བ་རྫོགས་སོ།། ། ཤྲཱི་ཕན་ཕི་གུ་པིའི་བརྒྱུད་པ་མནོར་བའི་བཤད་པའོ།། ། རྒྱ་གར་གྱི་མཁན་པོ་པརྞྞ་ཏ་ཀྲྀཥྞ་དང་། བོང་གྱི ་ལོ་རྩ་བནྡེ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའོ།། སརྦ་མན ་