| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། དྷུ་ནོཏྟ་ར་པ་ཏ་ལ་ཊཱི་ཀྵ། བོང ་སྐད་དུ། བསམ་གཏནི་ཕྱི་མ་རིམ་པར་ཕྱེ་བ་རྒྱ་ཆེར་བཤད ་པ་དཔལ་རྡོ་རྗེ་སེམས་དཔའ་རྣལ་འབྱོར་ཆེན་པོའི་རྣལ་འབྱོར་པ་ལ་ཕྱག་འཚལ་ལོ།། རྣམ་པར་སྣང་མཛད་རྒྱལ ་མཆོག་དེ་ཉིད་གསུམ་རིག་པ།། རིག་སྔགས་ཚོགས་ཀུན་ཏིང་འཛིན་དམིགས་ལ་ཕྱག་འཚལ་ནས།། ལུང་དང་བླ་མས ་ངེས་པར་བསྟན་པའི་ཚུལ་དག་གིས།། བསམ་གཏན་ཕྱི་མ་རིམ་པར་ཕྱེ་བས་ཅུང་ཟད་དགོ། དེ་ལ་རིམ་པར་ཕྱེ་བ་འདི་ལས ་དོན་རྣམ་པར་བཅུ་གཉིས་བསྟན་པ་ནི། འདི་ལྟ་སྟེ། རིག་སྔགས་དང་གསང་སྔགས་ཀྱི་བཟླས་བརྗོད་དང་། བསམ་གཏན་དང་། རྣལ་འབྱོར་གྱི་མཚན་ཉིད་རིག་སྔགས་དང་གསང་སྔགས ་ཀྱི་ཐབས་ཆེན་པོའི་བདག་ཉིད་ཆེ་བ་བསྟན་པའི་དོན་ནི་དང་པོ་སྟེ། སློབ་མ་རྣམས་དེ་ལ་ནན་ཏན་བྱེད་འདོད་པར་བྱ་བའི་ཕྱིར། དེ་ནས་ཡེ་ཤེས་ཀུན་རྫོགས་པ་ཞེས་བྱ་བ་ལ་སོགས ་པ་ཚིག་སུ་བཅད་པ་གསུམ་གྱིས་བསྟན་པར་རིག་པར་བྱའོ།། རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཆེན་པོ་དེ་ཉིད་ཀྱི་ཡུལ་རབ་ཏུ་ཕྱེ་སྟེ། རྣམ་པ་ཐཾད་བཤད་པར་ཁས་འཆི། ་པའི་དོན་ནི་གཉིས་པ་སྟེ། ཡུལ་སོ་སོར་ངེས་པ་ལ་ཀུན་རྫོགས་པར་མེ་བཤད་དུ་དོགས་པ་གསལ་བའི་ཕྱིར། ཆོ་ག་གང་དང་གང་དག་གིས།། བསམ་གཏན་ལས་ལ་གང་གནཔ ་ཞེས་བྱ་བ་ལ་སོགས་པ་ཚིགསུ་བཅད་པ་གཅིག་གིས་རིག་པར་བྱའོ།། དེ་ལ་ནན་ཏན་དུ་བྱ་བའི་དགོས་པ་བསྟན་པའི་ཕྱིར་གསུམ་པ་སྟེ། དེའི་འབྲས་བུ་མེད་པར་དོགས་བཟློག་པའི་ཕྱིར། གསང་སྔགས་བསམ་གཏན་ཞེས ་བྱ་བ་ལ་སོགས་པ་ཚིག་སུ་བཅད་པ་གསུམ་གྱིས་བསྟན་པར་རིག་པར་བྱའོ།། རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཆེན་པོ་དེ་ཉིད་ཀྱི་རང་བཞིན་བསྟན་པའི་དོན་ནི་བཞི་པ་སྟེ། དེ་ལ་མཁས་པར་བྱ་བའི་ཕྱིར། ལྷའི་སྐུ་ཡི་གནས་དེ་ལ་ཞེས་བྱ་བ་ལ་སོགས ་པོའི་ཚིགསུ་བཅད་པ་ནས། ཡན་ལག་བཅུའི་ཆོ་ག་ལུས་ཞེས་བྱ་བའི་མཐའི་བར་དུ་རིག་པར་བྱའོ།། དེ་བཞིན་དུ་སྔོན་གྱི་ལས་ཀྱི་བག་ཆགས་ལངས་པའི་དབང་ངམ། མི་མཐུན་པ་མུ་སྤངས་པས་ཉེས་པ་གྲང་འབྱུང་བ་ལས་གསང་སྔགས་གཞན་དུ ་ཕྱོགས་པར་འགྱུར་ཏེ། དེ་བསྟན་པའི་དོན་ནི་ལྟ་བ་སྟེ། དེ་དག་ཤེས་ནས་ཡོངསུ་སྤང་བའི་ཕྱིར། མ་དད་པ་དང་སྙོམས་པ་དང་། བཀྲེས་སྐོམ་ཟིལ་གནོན་དེ་བཞིན་ཏེ། ཞེས་བྱ་བ་ལ་སོགས་པའི་ཚིགསསུ་བཅད་པ་ནས། གྲསང་སྔགས ་དེ་ལས་གཞན་དུ་ཕྱོགས་ཞེས་བྱ་བའི་མཐའི་བར་དུ་རིག་པར་བྱའོ།། དེ་ནས་གཞན་ཡང་ཡོན་ཏན་གང་དག་འབྱུང་བ་ལ། གསང་སྔགས་སྤྱན་རས་ཀྱིས་འཚེ་བའི་བདག་ཉིད་མངོན་དུ་གྱུར་པ་བསྟན་པའི་དོན་ནི་དྲུག་པ་སྟེ། གང་ཞིག་ཀུན་ཏུ་ཞེན ་བ་དང་ཞེས་བྱ་བ་ལ་སོགས་པ་ཚིག་སུ་བཅད་པ་གཅིག་གིས་བསྟན་པར་རིག་པར་བྱའོ།། དེ་བཞིན་དུ་གསང་སྔགས་སྤྱན་རས་ཀྱིས་འཚོ་བའི་མཚན་ཉིད་མངོན་དུ་གྱུར་ནས་སྒྲུབ་པ་པོ་ལ་ཡོན་ཏན་གང་འབྱུང་བ་དེ་བསྟན་པའི་དོན་ནི ་བདུན་པ་སྟེ། ལྷ་དང་ལྷ་མིན་སེམས་ཅན་ནི། དབང་ཕྱུག་ཡེ་ཤེས་འཇུག་པ་རྣམས་ཞེས་བྱ་བ་ལ་སོགས་པའི་ཚིགསུ་བཅད་པ་བཞིས་བསྟན་པར་ཤེས་པར་བྱའོ།། དེ་ནས་ཡང་མངོན་དུ་གྱུར་པའི་ཚེ་ཡོན་ཏན་བྱུང་ན་ལུས་དྲང་སེམས་དྲེགས ་པ་སྐྱེ་སྟེ། བཟླས་བརྗོད་དང་བསམ་གཏན་ལ་སོགས་པ་ལ་མི་འཛིན་སྲིད་དེ། དེ་བས་ན་དེ་དགག་པའི་ཕྱིར་བརྒྱད་པ་སྟེ། གསང་སྔགས་ལྷའི་མངོན་ཕྱོགས་པའི་ཞེས་བྱ་བ་ལ་སོགས་པའི་ཚིགསུ་བཅད་པ་གཅིག་གིས་བསྟན་ཏོ།། ་དེ་བཞིན་དུ་མངོན་དུ་ཕྱོགས་པའི་ཚེ་ན་བཟླས་བརྗོད་ལ་སོགས་པའི་དགེ་བ་ལ་འབད་པའི་མཚན་ཉིད་ལ་ཞེན་པའི་ཕན་ཡོན་བསྟན་པའི་དོན་ནི་དགུ་པ་སྟེ། མངོན་དུ་ཕྱོགས་པའི་གནས་ཐོབ་ན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ ་བཅད་པ་གསུམ་གྱིས་བསྟན་ཏོ།། དེ་ནས་གཞན་ཡང་ཇི་སྐད་བཤད་པའི་མཚན་ཉིད་ལ་ཞེན་པའི་ཡུལ་བསྟན་པའི་ཕྱིར་བཅུ་པ་སྟེ། སྤྲོ་ཞིང་སྟོབས་དང་ལྡན་པ་ནི་ཞེས་བྱ་བ་ལ་སོགས་པའི་ཚིགསུ་བཅད་པ་གཅིག་གིས་བསྟན་ཏོ།། ་དེ་བཞིན་དུ་གསང་སྔགས་ཉེ་བར་གྱུར་པའི་གནས་སྐབས་ཀྱི་རྒྱུར་གྱུར་པ་བཟླས་བརྗོད་དང་བསམ་གཏན་ལ་སོགས་པོ་གོམས་པ་གོམས་པ་ལས་བྱུང་བ་སྒྲུབ་པ་པོའི་ཡོན་ཏན་བསྟན་པའི་ཕྱིར་བཅུ་གཅིག་པ་སྟེ། གནས་དང་ཟས་དང ་གྲང་བ་དང་ཞེས་བྱ་བ་ལ་སོགས་པའི་ཚིགསུ་བཅད་པ་བཞིས་བསྟན་པར་ཤེས་པར་བྱའོ།། དེ་བཞིན་དུ་གསང་སྔགས་ཉེ་བར་གྱུར་པ་དང་། གསང་སྔགས་གྲུབ་པའི་ཕན་ཡོན་དང་འབྲས་བུ་རྣམ་པར་ཕྱེ་སྟེ་བསྟན་པའི་ཕྱིར་བཅུ ་གཉིས་པ་སྟེ། ནམ་ཞིག་ཉེ་བར་གྱུར་པ་ན་ཞེས་བྱ་བ་ལ་སོགས་པ་ཚིགསུ་བཅད་པ་གསུམ་གྱིས་བསྟན་པར་ཤེས་པར་བྱ་སྟེ་དེ་དག་ནི་བསྡུས་པའི་དོན་ཏོ།། ད་ནི་དངོས་པོ་དེ་དག་གི་སོ་སོའི་དོན་གྱི་ཡན་ལག་རྣམ་པར་ཕྱེ ་སྟེ་བརྟག་པའི་སྐབས་དབྱེའོ།། དེ་ལ་བཟླས་བརྗོད་དང་། བསམ་གཏན་དང་། རྣལ་འབྱོར་གྱིས་མཚན་ཉིད་རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཀྱི་མན་ངག་མི་མཐུན་པའི་ཕྱོགས་དང་གཉེན་པོར་བཅས་ཤིང་ཕན་ཡོན་དང་བཅས ་པ་རྡོ་རྗེ་འཛིན་ལས་ཚངས་པའི་མེ་ཏོག་ཅེས་བྱ་བས་ཐོས་ནས་ཚངས་པ་མི་འཆི་བ་ཞེས་བྱ་བ་ལ་བསྟན་པར་བསམས་པའི་ཚིག་གིས་འདི་སྟེ། དེ་ནས་ཡེ་ཤེས་ཀུན་རྫོགས་པ། རིག་སྔགས་གསང་སྔགས་ཐབས་ཆེན་དེ་ཞེས་བྱ་བ་ལ ་སོགས་པའོ།། དྲི་ལ་རཱིག་སྔགས་དང་གསང་སྔགས་ཀྱི་ཐབས་ཆེན་པོ་བཤད་པར་བྱའོ།། ཞེས་ཚིགསུ་བཅུད་པ་གསུམ་བསྟན་པ་དང་། བཤད་པར་བྱའོ་ཞེས་བྱ་བ་འདི་དང་འབྲེལ་ཏོ།། དེ་ནས་ཞེས་བྱ་བའི་ཚིག་ནི་སྐབས་ཀྱི་དེ་མ་ཐག ་པ་སྟེ། གང་གི་ཕྱིར་འདི་ན་བྱ་བའི་རྒྱུད་འཕགས་པ་རྡོ་རྗེ་གཙུག་ཏོར་གྱི་ཕྱོགས་གཅིག་པ་སྟེ། དེར་འདིའི་སྔོན་རོལ་ཏུ་དོན་གཞན་ཡང་འདས་པའི་ཕྱིར་རོ།། དེ་ཞེས་བྱ་བ་འདི་ནི་རིག་སྔགས་དང་། གསང་སྔགས་ཀྱི་ཐབས་ཆེན ་བོ་ཞེས་བྱ་བ་འདི་དང་འབྲེལ་ཏོ།། སྔར་བཤད་བ་ལུ་སྟེག་ཕྱིའི་ཚིགྲ་དྲེ་ཞེས་བྱ་བ་འདྲས་ནརྀ་རིགྲྀ་སྔགས་དྲང་གསང་སྔགས་ཀྱི་ཐབས་ཆེན་པོ་བསྟན་པར་ཐོག་མྱ་ཉིད་དུ་ཉན་པ་པོས་གསོལ་བ་བཏབ་པར་སྟོན་པ་སྟེ། དེས་འདི་སྐད ་སྨྲས་པར་འགྱུར་རོ།། ཁྱོད་ཀྱིས་རིག་སྔགས་དང་གསང་སྔགས་ཀྱི་ཐབས་སྔར་གང་དྲིས་པ་དེ་བཤད་དོ་ཞེས་བྱ་བའི་དོན་ཏཽ།། ད་ནི་རླིག་སྔགས་དང་གསང་སྔགས་ཀྱི་ཐབས་དེ་དོ་ཉིད་ཡེ་ཤོས་ཀུན་རྫོགས་པ་ཞེས་བྱ་བ་ལ་སོགས་པའི ་ཚིག་གིས་བྱེ་བྲག་ཏུ་བསྟན་ཏེ། དེ་ལ་ཡེ་ཤེས་ཀུན་རྫོགས་པ་ཞེས་བྱ་བ་ཡེ་ཤེས་ནི་ཡོངསུ་དག་པའི་སེམས་ཀྱི་ཁྱད་པར་གྱི་མཚན་ཉིད་དོ།། དེ་ཀུན་ཏུ་རྣམ་པ་ཐམས་ཅད་དུ་གང་གོམས་པས་ཀུན་ཏུ་རྫོགས་པར་འགྱུར་བ་དེ་ནི། ཡེ ་ཤེས་ཀུན་རྫོགས་ཞེས་བྱའོ།། དེ་བས་ན་འདི་ལྟར་དགོངས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཡོངསུ་དགུ་པ་གང་ཡིན་པ་དེ་ཡང་མངོན་དུ་འམ། བརྒྱུད་དེ་འོག ་ནས་འཆད་པའི་མཚན་ཉིད་རིག་སྔགས་དང་གསང་སྔགས་ཀྱི་ཐབས་གོམས་པ་ལས་འགྲུབ་སྟེ། དེ་བྲིས་ན་འདིས་ཀྱང་འཁོར་བ་ལས་རྣམ་པར་གྲོལ་བའི་མཚན་ཉིད་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་ཐར་པའི ་རྒྱུ་ཡིན་པས་དེ་བསྟན་ཏོ།། འདི་ལྟར་ལྷའི་ཆོས་ཀྱི་སྐུ་གོམས་པར་བྱེད་པའི་མཚན་ཉིད་རིག་སྔགས་ཀྱི་ཐབས་ཏེ། འཁོར་བ་ལས་རྣམ་པར་ཐར་པའི་རྒྱུ་ཡིན་པར་འོགྲོ་ནས། སྒྲ་མཐར་ཐར་པོ་སྟེར་བ་ཉིད་ཅེས་དངོསུ་འཆད་དོ།། ། ་ཡང་ན་ཡེ་ཤེས་ཀྱིས་ཀུན་རྫོགས་པས་ན། ཡེ་ཤེས་ཀུན་རྫོགས་པའོ།། དེ་ལ་ཡེ་ཤེས་ཡོངསུ་དག་པའི་སེམས་གཉིསུ་མེད་པ་རྣམ་པ་མེད་པའི་དེ་ཉིད་ལས་ཡེ་ཤེས་ཞེས་བྱ་སྟེ། དེས་ཀུན་ཏུ་ཡོངསུ་རྫོགས་ཤིང་། ་ཡོངསུ་རྫོགས་པར་བྱ་བས། རྣམ་པ་ཐམས་ཅད་དུ་རྟོགས་ནས་བཤད་པ་ན་དེ་སྐད་ཅེས་བྱའོ།། འདི་རྣམ་པ་ཐམས་ཅད་དུ་ཡོངསུ་རྫོགས་པ་ཡང་བཟླས་བརྗོད་ཀྱི་ཡན་ལག་བཞི་དང་། མེ་ལ་གནས་པ་ལ་སོགས་པའི ་སྒྲའི་སྦྱོར་བའི་མཚན་ཉིད་རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཀྱི་རང་བཞིན་ཡན་ལག་ཅི་ཙམ་གྱིས་དངོས་གྲུབ་མཆོག་དང་འབྲིང་ལ་སོགས་པ་ཐོབ་པར་རིག་སྔགས་དང་གསང་སྔགས་དྲང་སྦྱར་དགོས་པ་དེ་ཙམ་ཡན་ལག་རྣམས ་བསྟན་པས་ཡོངསུ་རྫོགས་པར་རིག་པར་བྱའོ།། འདི་ལྟར་སེམས་ཡོངསུ་དག་པའི་བྱེ་བྲག་ལ་གནས་པའི་རྣལ་འབྱོར་པ་རྣམས་སྨྲ་བ་ལ་སོགས་པ་མི་སྲིད་མོད་ཀྱི། འོན་ཀྱང་དེའི་དབང་དང་། སྔོན་གྱི་སྨོན་ལམ་གྱིས་ཤུགས་ཀྱིས་འདུལ་བ ་རྣམས་ཇི་ལྟར་འདོད་པར། རིག་སྔགས་དང་གསང་སྔགས་ཀྱི་ཐབས་སྟོན་པའི་མདོ་སྔོ་དང་རྒྱུད་དང་ཆོ་ག་ཞིབ་མོ་ཉིད་ལ་སོགས་པའི་ངེས་པའི་ཚིག་རྣམས་སྣང་བ་སྲིད་པས་ན། ཡོངསུ་དག་པའི་ཡེ་ཤེས་ཀུན་ཏུ་རྫོགས་པ་ཞེས་བྱའོ།། ་ཡང་ན་འཇིག་རྟེན་ལས་འདས་པ་རྣམ་པ་མེད་པའི་ཡེ་ཤེས་ཀྱི་ཕྱི་ནས་ཐོབ་པ། དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་བཤད་པ་སྲིད་པས་ན། ཡེ་ཤེས་ཀུན་ཏུ་རྫོགས་པ་ཞེས་གསུངསོ།། འདིས་ཀྱང་སོ་སོར་རང་གི་རིག་པའི ་ཡེ་ཤེས་ཀྱིས་མཐུས། དེ་དག་བཤད་པར་བྱ་བ་ཡིན་གྱིས་རྟོག་པའི་དཔོག་པས་ཆུད་པའི་ཤེས་པས་བསྟན་པར་བྱ་བ་ནི་མ་ཡིན་ནོ་ཞེས་བསྟན་ཏོ།། དེ་བས་ན་འདིར་ཚིག་བཤད་པའི་དོན་བཅོམ་ལྡན་འདས་རྣམས ་ཀྱིས་འདི་ལྟར་བསྟན་པར་ཡང་མངོན་ཏེ། འདི་ལྟ་སྟེ་ཡེ་ཤེས་ཀྱིས་རྣམ་པ་ཐམས་ཅད་ཀུན་ཏུ་རྫོགས་ཤིང་ཡེ་ཤེས་ཀྱིས་ཐུགསུ་ཆུད་ནས་ཡོངསུ་རྫོགས་པའི་རིམ་པས་བསྟན་པའོ།། ཞེས་བྱར་མངོན་ནོ།། ཡེ་ཤེས་ཀུན་རྫོགས་པ་དེ་ཡང ་གང་ཞེ་ན། གསུངས་པ་རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཆེན་པོ་ཞེས་བྱ་བའོ།། དེ་ལ་དེ་ནི་རིག་སྔགས་དང་གསང་སྔགས་དག་གི་ཐབས་ཀྱང་དེ་ཡིན་ལ། ཐབས་ཡང་ཡིན་པས་ན། རིག་སྔགས་དང་གསང་སྔགས ་ཀྱི་ཐབས་ཆེན་པོའོ་ཞེས་བྱའོ།། དེ་ལ་རིག་སྔགས་ནི་བུད་མེད་ཀྱི་གཟུགས་དྲང་དབྱིབས་ཀྱི་ལྷ་དང་། དེ་སྟོན་པའི་སྒྲ་དང་། ཕྱག་རྒྱ་ལ་སོགས་པའོ།། དེ་ལས་བཟློག་པ་ནི་གསུང་སྔགས་ཀྱི་མཚན་ཉིད་དོ།། རིག་སྔགས་ལ་སོགས་པ ་དེ་དག་ཐམས་ཅད་ཀྱང་ཀུན་རྫོབ་དང་དྲོན་དམ་པའི་བདེན་པ་ལ་གནས་པའི་བྱེ་བྲག་གིས་གཉི་སུ་མེད་པའི་ཏིང་ངེ་འཛིན་དང་། གཟུངས་དང་ཕྱག་རྒྱ་དང་། ཚིག་དང་ཡཱི་གེ་དང་སྒྲ་དང་། རྣམ་པ་དང་བཅས་པ་དང་། རྣམ་པ་མེད ་པའི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། དེ་ལ་དེ་དག་གི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་སོ་སྔོར་རོང་གི་རིག་པ་སྟེ། བྱིན་གྱིས་བརླབས་ཀྱིས་ཀྱང་འདུལ་བའི་སྤྱོད་ཡུལ་དུ་ཉེ་བར་བསྟན ་དུ་མི་རུང་ངོ་།། གང་ཡང་དེ་དག་གི་གཟུགས་ཀྱི་སྐུ་ལ་སོགས་པར་སྣང་བའི་གཟུགས་ཀྱི་བདག་ཉིད་རང་བཞིན་དེ་དག་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་པ་རྣམས་ཀྱི་མངོན་གྱི་སྨོན་ལམ་གྱི་ཤུགས་ཀྱི་འདུལ་བའི ་འགྲོ་བ་མང་པོ་ཐམས་ཅད་ཀྱི་རྒྱུད་ལ་སྣང་བར་འགྱུར་བས། དོན་བྱེད་པར་ཤེས་པར་བྱའོ།། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ལ་གནས་པ་རྣམས། སྔོན་གྱི་སྨོན་ལམ་གྱིས་ཤུགས་ཀྱིས་སེམས ་ཅན་གྱི་དོན་མཛད་དོ།། ཞེས་བྱ་བའི་དོན་འདི་ཡང་ངེས་པར་ཁས་བླང་བར་བྱའོ།། གཞན་དུ་ན་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་མངོན་དུ་གཏང་ཞིང་བྱེད་པ་རྣམས་ནི། མི་ཕལ་པ་རྣས་ལྟར་རྣམ་པ་ཐམས་ཅད་དུ་སེམས་ཅན་གྱི ་དོན་བྱེད་པར་མི་སྲིད་པར་འགྱུར་རོ།། ཡང་ན་བསམ་གཏན་པ་རྣམས་ཀྱིས་ཡུལ་ནི་བསམ་གྱིས་མི་ཁྱབ་སྟེ། རྣམ་པར་རྟོག་པ་དང་བཅས་པའི་ཡེ་ཤེས་ལ་གནས་པ་རྣམས་ཀྱང་གདུལ་བྱ་རྣམས་ལ་དེ་བཞིན་དུ་སྣང་བ་མི་ཕུལ ་བ་བཞིན་དུ་ལྷུན་གྱིས་གྲུབ་པ་ཉིད་དུ་བསྐྱེད་དེ།། ཡོང་ཡང་འདི་བདག་ཅག་ལྟ་བུའི་ཡུལ་མ་ཡིན་ཏེ། བསྒོམ་པ་འདིས་ཅི་ཞིག་བྱ་སྟེ་བཏང་བར་བྱའོ།། རིག་སྔགས་དང་གསང་སྔགས་དག་གིས་ངེས་པའི་ཚིག་ཀྱང་བཅོམ་ལྡན་འདས་ཉིད་ཀྱིས ་མཛད་པ་ནི། འདིས་ཉོན་མོངས་པ་རྣམས་འཇོམས་པ་དང་། དོན་ཕུན་སུམ་ཚོགས་པ་ཐོབ་པ་འམ། འདིས་ཇི་ལྟར་གྱུར་པའི་དངོས་པོ་ཡང་དག་པ་ཇི་ལྟ་བ་བཞིན་རིག་པས་ན་རིག་པས་ཏེ། ཇི་ལྟར་སྲིད་པར་ལྷ་རྣམ་པ་དྲུག་གི་རང་བཞིན ་ལ་རིག་སྔགས་ཞེས་བྱའོ།། ཤེས་པ་དང་སྐྱོབ་པ་དང་ལྡན་པ་འམ། གསང་སྟེ་བརྗོད་པའི་ཕྱིར་གསང་སྔགས་ཏེ། རང་བཞིན་སྔ་མ་ཡིན་ནོ།། ཐབས་ཞེས་བྱ་བ་ནི་ཀ་ལ་ཞེས་བྱ་སྟེ། ཀ་ལ་ཞེས་བྱ་བའི་སྒྲ་ཡང་ཁ་ཅིག་ཏུ ་ནི་ཡན་ལག་ལ་བྱ་བ་ཡང་ཡོད་དེ། དཔེར་ན་ལྷའི་ཆ་ཤས་རྫོགས་པར་བྱ་བ་ལྟ་བུ་སྟེ། ལྷ་ཡན་ལག་དང་བཅས་པར་བྱ་བར་ཤེས་པར་འགྱུར་རོ།། དེ་བཞིན་དུ་ཟླ་བའི་ཆ་ཤས་ཞེས་བྱ་བ་ལྟ་བུ་སྟེ། ཁ་ཅིག་ཏུ་ནཱི་ཡན་ལག་ཉི་ཚེ་ཙམ་ལ་ཡང ་བྱའོ།། དེ་བཞིན་དུ་སྒྲ་ཆ་ཤས་དང་བཅས་པ་ཞེས་བྱ་བ་འདིར་ཡང་། སྒྲའི་ཡན་ལག་དང་། གཟུགས་ཀྱི་ཡན་ལག་རྣམས་དང་ལྡན་ནོ་ཞེས་བྱ་བར་ཤེས་པར་བྱའོ།། ཀ་ལ་ཞེས་བྱ་བའི་སྒྲ་ཁ་ཅིག་ཏུ་ནི་དངོས་པོ་འགའ་ཞིག་མངོན ་པོར་སྒྲུབ་པར་བྱེད་པ་དང་། རང་གི་བྱ་བ་ལ་སྦྱོར་བར་བྱེད་པ་ལྔ་ཡང་བྱ་སྟེ། དཔེར་ན་མདའ་གཞུའི་མཚོན་ཆ་ལ་སོགས་པའི་ཐབས་ཀྱི་སྒྲ་ལྟ་བུ་སྟེ། དེ་ཡང་གང་གྲི་མདའ་གཞུ་ལ་སོགས་པ་སྒྲུབ་ཅིང་། རང་གི་བྱ་བ་ལ་སྦྱོར་བ་དེར་མངོན་པར ་སྒྲུབ་པར་བྱེད་པ་དང་། བྱ་བ་ལྔ་སྦྱོར་བ་དག་ཡིན་ནོ།། འདི་ལྟར་མདའ་གཞུ་ཐབས་ཤེསོ།། ཞེས་སྨྲས་ན་མདའ་གཞུ་ལ་སོགས་པ་བྱེད་པའི་ཆོ་ག་དང་དེ་འཕེན་པའི་ཆོ་ག་ཤེས་སོ།། ཞེས་བྱ་བར་མངོན་ན། ཀ་ལྲྀ་ཞེས་བྱ་བའི་སྒྲ་ཁྱ ་ཅིཅི་ཏུ་ནི་ར་ག་བུབ་སྦྱོར་བར་བྱེད་པ་ཉིད་ལ་བྱ་སྟེ། དཔེར་ན་གླང་པོ་ཆེའི་ཐབས་ཤེས་ཞེས་བྱ་བ་ལྟ་བུའོ།། དེར་ཡང་ཆོ་ག་གང་གིས་གླང་པོ་ཆེ་རང་གི་བྱ་བ་ལ་སྦྱོར་བར་བྱེད་པ་དེ་ཉིད་ལ་ཐབས་ཤེས་བྱ་བའི་གླང་པོ་ཆེ་སྐྱེད་པར་བྱ་བ་ལ་ནི་མི ་བྱའོ།། དེ་ལྟར་ན་ཀ་ལ་ཞེས་བྱ་བའི་སྒྲ་ནི་དེ་ལ་སོགས་པའི་རྣམ་པ་དུ་མ་ལ་སྙེགས་པས་སྐབས་དང་སྦྱར་ཞིང་གཟུང་བར་བྱའོ།། དེ་ལ་འདིར་རིག་སྔགས་དང་གསང་སྔགས་དག་གི་ཐབས་ཆེན་པོ་ཞེས་བྱ་བ་དེ་ནི་རིག་སྔགས་དང་གསང ་སྔགས་དག་གི་ལུས་ལ་སྦྱོར་བར་བྱེད་པ་ཉིད་ལ་ཐབས་ཀྱི་ཚིག་ཏུ་གདགས་ཀྱི་ཡན་ལག་དང་སྐྱེད་པའི་བྱེད་པ་ལ་ནི་མི་བྱའོ།། འདི་ལྟར་རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཆེན་པོ་རྣམ་པར་དབྱེ་བ་ཡང་། ཡན་ལག ་བཞི་བཟླས་བརྗོད་ཀྱི་ཆོ་ག་དང་། མེ་ལ་གནས་པ་ལ་སོགས་པ་སྒྲའི་ཆོ་གས་མཛད་དོ།། བཟླས་བརྗོད་ལ་སོགས་པ་འང་དག་ཀྱང་རིག་སྔགས་དང་གསང་སྔགས་རྣམས་ཀྱི་རང་གི་ལས་ལ་སྦྱོར་བ་ཉིད་དུ་དམ་པ་རྣམས་ཀྱིས་བཤད་དེ། རིག ་སྔགས་ལ་སོགས་པ་སྐྱེད་པ་ནི་མ་ཡིན་ནོ།། ཕྲ་བ་ཞེས་བྱ་བ་ནི་དེ་ཡིད་ཀྱི་ལས་ཀྱིས་ཤེས་པར་བྱ་བས་ན་ཕྲ་བ་སྟེ། འདི་ལྟར་རང་གི་སེམས་ཡོངསུ་སྦྱང་བ་བཟླས་བརྗོད་ཀྱི་ཡན་ལག་བཞི་ལ་སོགས་པ་བྱེད་པ་ན། གསང་སྔགས་དང་དེ ་བཞིན་གཤེགས་པའི་གཞི་དང་ཟླ་བའི་དཀྱིལ་འཁོར་རྣམས་བསམ་པ་ནི་ཡིད་ཀྱི་ལས་ཉིད་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། ལྷ་ཆེན་པོ་ལ་སོགས་པས་ཀྱང་། རིག་སྔགས་དང་གསང་སྔགས་ཀྱི་ཐབས་བཤད་དེ། དེ་བས་ན་བྱེ་བྲག་ཏུ་ཕྱི ་བ་དེ་བཞིན་གཤེགས་པས་གསུངས་ཞེས་བཤད་དོ།། དེ་ལ་གསུངས་པ་ནི་བཤད་ཅེས་བྱ་བའི་ཐ་ཚིག་གོ།། ཀློག་པ་དང་ཉན་པ་དང་འདོན་པའི་སྒོ་ནས་ཀྱང་རིག་སྔགས་ལ་སོགས་པའི་ཐབས་ནན་ཏན་དུ་བྱ་བ་སྲིད་པས་ན་བྱེ་བྲག་ཏུ་བྱ་བའི་ཕྱིར། ་བསམ་གཏན་གྱིས་ཀྱང་ཤིན་ཏུ་བརྒྱན་ཅེས་གསུང་སོ།། དེ་ལ་བདག་གི་དེ་ཁོ་ན་ཉིད་ལ་སོགས་པ་ཇི་ལྟར་སྲིད་པ་བསམ་པ་ནི་བསམ་གཏན་དེ་བསམ་གཏན་དས། བདག་གི་དེ་ཁོ་ན་ཉིད་དང་བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ལ་སོགས་པའིའོ ་མཚན་ཉིད་ཀྱི་ཐབས་ཀྱིས་བརྒྱན་པ་ནི་དེ་བཞིན་གཤེགས་པའི་གཞི་ལ་སོགས་པ་སེམས་ན་གསལ་བར་སྣང་བའི་སྒོ་ནས་ཡོངསུ་རྫོགས་པར་མཛེས་བྱ་བ་ཞེས་བྱ་བའི་དོན་ཏོ།། བཟླས་བརྗོད་ཀྱི་ཡན་ལག་བཞི་ལ་སོགས་པའི ་མཚན་ཉིད་རིག་སྔགས་ལ་སོགས་པའི་ཐབས་དེ་ཡང་། སྲོག་དང་རྩོལ་བ་ལ་སོགས་པ་མེད་ན་རྫོགས་པའི་མི་ནུས་པས་ན། རྣལ་འབྱོར་ཐབས་ནི་ཀུན་བསྟན་པ་ཞེས་བྱ་བ་གསུང་སོ།། ཀུན་ནི་མ་ལུས་པ་སྟེ་ལྷ་རྣམ་པ་དྲུག་ལས་ཇི་ལྟར་སྲིད ་པ་དང་། སྦྱོར་བའི་རྣལ་འབྱོར་གྱི་ཐབས་ཀྱི་ཡན་ལག་སླར་བསྡུད་པ་དང་། སྲོག་དང་རྩོལ་བ་ལ་སོགས་པའི་མཚན་ཉིད་བསྟན་པ་ནི་བཤད་པའོ།། རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཆེན་པོ་གང་ཡིན་པ་རྣལ་འབྱོར་དེའི་ཐབས ་ཐམས་ཅད་ཀྱང་བསྟན་པ་སྟེ། རྣལ་འབྱོར་གྱི་ཡན་ལག་ཐམས་ཅད་བཤད་ཅེས་བྱ་བའི་དོན་ཏོ།། དེས་ན་འདི་སྐད་དུ་རིག་སྔགས་ཀྱི་ཐབས་དེ་ཉིད་འབའ་ཞིག་བཤད་པ་མ་ཡིན་གྱི་སླར་སྡུད་པ་ལ་སོགས་པ་བསམ་གཏན་གྱི་ཡན་ལག་དང ་བཅས་པར་བཤད་དོ་ཞེས་སྨྲས་པར་འགྱུར་རོ།། ཡང་འདྲི་གནོད་པ་སེལ་ནུས་པའི་སྒོ་ནུས་བྱེ་བྲག་ཏུ་སྡུག་བསྔལ་སྡིག་པ་སེལ་བ་སྟེ། ཞེས་གསུང་སོ།། དེ་ལ་སྡུག་བསྔལ་ནི་ལུས་དང་སེམས་ནི་གནོད་པའི་མཚན་ཉིད་བཀྲེས་པ་དང་སྐོམ་པ་དང ་བསད་པ་དང་བཅིངས་པ་དང་ཡིད་མི་བདེ་བ་ལ་སོགས་པའི་རང་བཞིན་ནོ།། སྡིག་པ་ནི་ལུས་ལ་སོགས་པ་ལས་བྱུང་བ་ལ་མི་འདོད་པའི་ལས་ཀྱི་བག་ཆགས་སེམས་ལ་ཡོད་པ་སྟེ། དེ་དག་བཟླས་བརྗོད་ལ་སོགས་པའི་མཚན་ཉིད་རིག་སྔགས ་ལ་སོགས་པའི་ཐབས་ཀྱིས་སེལ་བའི་ངང་ཚུལ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། ཕྱག་ན་རྡོ་རྗེའི་ཞལ་ནས་གསུངས་ཞེས་བྱ་བ་ནི་རྡོ་རྗེ་འཛིན་ལས་ཚངས་པས་སྔོན་དུ་ཐོས་པ་བསྟན་ཏོ།། སྐྱེ་དང་འཆི་བ་འཇིག ་བྱེད་པ་ཞེས་བྱ་བ་ནི་ངེས་པར་ལེགས་པའི་གནས་ཐོབ་པའི་རྒྱུ་ཡིན་པར་བསྟན་ཏེ། འདི་ལྟར་སྒྲ་གནས་རྣལ་འབྱོར་བསྟན་པར་དྲན། སྐུ་མཐར་ཐར་པ་སྟེར་བ་ཉིད་ཅེས་བྱ་བ་འོག་ནས་འཆད་པའི་ཕྱིར་རོ།། ཀུན་ཏུ་མི་ཚུགས་ཞེས་བྱ་བའི་ཡུལ་དང ་དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་གནོད་པ་སྦྱོར་བ་ན་བཟླས་བརྗོད་ཀྱི་ཡན་ལག་བཞི་ལ་སོགས་པའི་མཚན་ཉིད་རིག་སྔགས་ཀྱི་ཐབས་ཀྱི་འབྲས་བུའི་མཐུ་ལ་གནོད་པར་བྱེད་མི་ནུས་ཏེ། དེ་བས་ན་ཀུན་ཏུ་མི་ཚུགས་ཞེས་བྱའོ།། བསྟན་པ ་སྟེ་ཞེས་བྱ་བ་ནི་སྲོག་དང་རྩོལ་བའི་སྦྱོར་བ་ལ་སོགས་པས་གོམས་པར་བྱེད་པའི་ཚེ་སེམས་མ་ཞི་བའི་མཚན་ཉིད་མ་བསྟན་པ་མེད་པས་ན་བརྟན་པ་སྟེ། ཞི་བ་ཞེས་བྱ་བའི་དོན་ཏོ།། འདི་དང་ཕ་རོལ་བྱེད་པར་གནས་ཞེས་བྱ་བ་ནི་དེ་ལ་ཕ་རོལ ་དང་འདི་བས་ན་འདི་དང་ཕ་རོལ་དག་གོ། དེ་དག་བྱེད་པ་ནི་སྐྱེད་པ་སྟེ། ཕ་རོལ་དང་འདྲི་བྱེད་པའོ།། ཕ་རོལ་དང་འདི་བྱེད་པ་དེའི་རྒྱུའི་ངོ་བོར་གནས་པའི་འཇུག་པ་སྟེ། ཕ་རོལ་དང་འདི་བྱེད་པར་གནས་པའོ།། དེ་ལ་ཕ་རོལ་ནི་འཇིག་རྟེན་པ ་རོལ་ལོ།། འདི་ནི་འཇིག་རྟེན་འདིའོ།། འདི་ཡང་སྤྱིར་འཇིག་རྟེན་ཕ་རོལ་དང་། འཇིག་རྟེན་འདི་དག་བསྐྱེད་པ་ཙམ་དུ་བསྟན་པ་འདི་སྟོན་མོད་ཀྱི། འོན་ཀྱང་བདག་ཉིད་ཆེ་བ་སྟོན་པའི་སྐབས་ཡིན་པས་ན་འདོད་པའི་འབྲས་བུ་ཁྱད་པར ་ཅན་སྒྲུབ་པའི་སྒོ་ནས་འཇིག་རྟེན་གཉིས་ཀའི་རྒྱུར་གནས་པར་རིག་པར་བྱ་སྟེ། འདིས་ཀྱང་རིག་སྔགས་ལ་སོགས་པའི་ཐབས་ཆེན་པོ་དེ་དག་མངོན་པར་མཐོ་བའི་རྒྱུར་བསྟན་ཏོ།། དཀྱིལ་འཁོར་ཆེན་པོ་ལ་སོགས་འབྱུང་ཞེས་བྱ་བ ་དཀྱིལ་འཁོར་ཆེན་པོ་རྣམས་ནི་བྱ་བའི་རྒྱུད་ཀྱི་ཆོ་གར་གཏོགས་པའི་རིག་གསུམ་གྱི་དཀྱིལ་འཁོར་འཕགས་པ་གཞན་གྱིས་མི་ཐུབ་པ་ཞེས་བྱ་བ་དང་། རབ་ཏུ་གནས་པ་དང་། རྣམ་པར་གནོན་པ་ལ་སོགས་པ་གཟུང་ངོ་།། སོགས ་པའི་ཚིག་གིས་ནི་རིགས་སོ་སོ་དང་། ལྷ་སོ་སོའི་བྱེ་བྲག་གི་དཀྱིལ་འཁོར་རྣམས་ཀྱང་བསྡུའོ།། དེ་བས་ན་ཚིག་གི་དོན་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་གསང་བའི་ངོ་བོ ་ཉིད་རང་བཞིན་གྱི་དཀྱིལ་འཁོར་ཆེན་པོ་ལ་སོགས་པ་རྣམས་གང་གོམས་པ་ལས་བྱེ་བྲག་ཏུ་འབྱུང་བ་དེ་ནི། དཀྱིལ་འཁོར་ཆེན་པོ་ལ་སོགས་པ་འབྱུང་བ་སྟེ། བཟླས་བརྗོད་ཀྱི་ཡན་ལག་བཞི་སྟེ། མེ་ལ་གནས་པ་ལ་སོགས་པ་སྒྲའི ་བསམ་གཏན་གྱི་བདག་ཉིད་རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཆེན་པོ་ལ་བྱའོ།། འདིས་ཀྱང་རིག་སྔགས་ལ་སོགས་པའི་ཐབས་དེ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་མང་པོའི་རྒྱུ་ཡིན་པར་བསྟན་ཏོ།། རིག་སྔགས་ཀྱི་ཐབས་ལས ་ཡོན་ཏན་རིན་པོ་ཆེ་མཐའ་ཡས་པ་འབྱུང་བ་དེའི་མཐུ་ཚིག་རེ་རེ་ནས་སྒྲགས་པར་བྱ་མི་ནུས་པས་མདོར་བསྟན་པ། འདོད་པའི་དོན་ནི་རྗེ་སུ་སྒྲུབ་ཅེས་གསུངས་ཏེ། དེས་འདི་སྐད་གསུངས་པ་ཡིན་ནོ།། ངེས་པར་ལེགས་པ་དང་། མངོན་པར ་མཐོ་བའི་རྒྱུར་གྱུར་པའི་དོན་གང་འདོད་པ་དེ་དག་ཉིད་འདི་གོམས་པ་ལས་བྱུང་དེ་ཞེས་པ་སྟེ། དེ་ལྟ་བུའི་རིག་སྔགས་དང་། གསང་སྔགས་ཀྱི་ཐབས་ཆེན་པོ་བཤད་པར་བྱའོ།། ཞེས་བྱ་བ་འོག་ནས་འབྱུང་བ་དང་སྦྱར་རོ།། རིག་སྔགས ་དང་གསང་སྔགས་མཉེས་པར་བྱ་བའི་ཆོ་ག་ཐབས་ཤེས་བྱ་བ་དེ་ཡང་རྣམ་པ་གཉིས་ཏེ། གཅིག་གི་དམ་ཚིག་འཛིན་པ་དང་། དབང་བསྐུར་བ་དང་། སྦྱིན་སྲེག་དང་། མཆོད་པ་ལ་སོགས་པ་ངེས་པའི་མཚན་ཉིད་དོ།། དེ་ལས་གཞན་པ་ནི་བཟླས ་བརྗོད་ཀྱི་ཡན་ལག་བཞི་དང་། མེ་ལ་གནས་པ་ལ་སོགས་པ་སྒྲའི་བསམ་གཏན་གྱི་རང་བཞིན་ནོ།། དེ་གཉིས་ལས་འདིར་ནི་བཟླས་བརྗོད་ཀྱི་ཡན་ལག་བཞིའི་སྦྱོར་བ་ལ་སྒྲ་དང་སེམས་དང་། བཞིའི་བསམ་གཏན་དང་མེ་ལ་གནས་པ་དང་། ་སྒྲའི་བསམ་གཏན་ལ་སོགས་པའི་མཚན་ཉིད་ཀྱི་ཐབས་ཞེས་བྱ་བ་ཉིད་རྟག་པར་བྱ་སྟེ་དེ་བསྟན་པའི་ཕྱིར། ཆོ་ག་གང་དང་གང་དག་གིས།། བསམ་གཏན་ལས་ལ་གང་གནས་པ།། དེ་བཞིན་གཤེགས་ལ་ཕྱག་འཚལ་ནས།། དེ་དག་མ ་ལུས་བཤད་པར་བྱ་ཞེས་གསུངསོ།། དེ་ལ་ཆོ་ག་གང་དང་གང་གི་ཞེས་བྱ་བ་ནི་བཟླས་བརྗོད་ཀྱི་ཡན་ལག་བཞི་དང་། མེ་ལ་གནས་པ་ལ་སོགས་པ་སྒྲའི་ཆོ་གས་སོ།། གང་གནས་པ་ཞེས་བྱ་བ་ནི་རིག་སྔགས་ལ་སོགས་པའི་ཐབས་ཏེ། རིག ་སྔགས་ལ་སོགས་པ་རྣམས་སྒྲུབ་པའི་ཐབ་སོ།། ཡུལ་གང་ལ་དེ་གནས་ཞེ་ན། བསམ་གཏན་ལས་ལ་ཞེས་གསུངས་ཏེ། གསང་སྔགས་ལ་སོགས་པ་སེམས་དཔའི་མཚན་ཉིད་བསམ་གཏན་གྱི་བྱ་བ་ལ་གནས་ཞེས་བྱ་བའི ་དོན་ཏོ།། དེ་དག་བཤད་པར་བྱ་ཞེས་བྱ་བ་ནི་བཟླས་བརྗོད་ཀྱི་ཡན་ལག་བཞི་དང་མེ་ལ་གནས་པ་ལ་སོགས་པའི་རང་བཞིན་དུ་བསམ་གཏན་གྱི་ལས་ལ་གང་གནས་པ་གང་ཡིན་པ་དེ་ཉིད་བཤད་པའོ།། མ་ལུས་ཞེས་བྱ་བ་ནི་ཆོ་ག་གང་དང་གང་དག ་གིས་གནས་པའི་ཆོ་ག་དེ་མ་ལུས་པར་བཤད་དོ།། ཞེས་བྱ་བའི་ཐ་ཚིག་གོ།། དེ་བཞིན་གཤེགས་ལ་ཕྱག་འཚལ་ནས་ཞེས་བྱ་བ་ནི་ཕྱག་བྱས་ནས་དམ་པའི་སྤྱོད་པའི་རྗེ་སུ་འཇུག་པ་བསྟན་ཏོ།། དེས་ཀྱང་འདི་སྐད་བསྟན་ཏེ། བསམ་གྱི་ལྷ་ཉིད་ལ་རིག་སྤཊ་ལ་སོགས ་པའི་ཐབས་བཤད་པ་བཟླས་བརྗོད་ཀྱི་ཡན་ལག་བཞི་ལ་སོགས་པ་བསམ་གཏན་གྱི་མཚན་ཉིད་ཡིན་པ་དེ་ཉིད་བསྟན་གྱི། དམ་ཚིག་དང་། དབང་བསྐུར་བ་དང་། སྦྱིན་སྲེགས་ལ་སོགས་པའི་མཚན་ཉིད་བསྟན་པ་ན་མ་ཡིན་ཏེ། དེ་དག ་གཞན་དུ་བཤད་ཟིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ།། བཟླས་བརྗོད་ཀྱི་ཡན་ལག་བཞི་ལ་སོགས་པའི་མཚན་ཉིད་རིག་སྔགས་ལ་སོགས་པའི་བསམ་གཏན་ངོ་ཡང་ཅི་དགོས་ཤེ་ན། གསང་སྔགས་བསམ་གཏན་ཞེས་བྱ་བ།། ་མཆོག་ཏུ་གསང་བ་ཡང་དག་གསུངས།། དྲང་སྲོང་དཀའ་ཐུབ་ཆེན་པོ་ཡང་།། དེ་དག་མེད་ན་མི་འགྲུབ་བོ་ཞེས་བྱ་བ་གསུངས།། དེས་ནི་འདི་སྐད་བསྟན་ཏེ། གསང་སྔགས་ཀྱི་བསམ་གཏན་མེད་ན། གསང་སྔགས་ལ་མངོན་པར་བརྩོན་པའི་དྲང་སྲོང་རྣམ ་ཀྱང་མི་འགྲུབ་སྟེ། དེ་བས་ན་གསང་སྔགས་ཀྱི་བསམ་གཏན་བཤད་པར་བྱའོ་ཞེས་བསྟན་པའོ།། དེ་ལ་འདིར་གསང་སྔགས་རྣམས་ཀྱི་བསམ་གཏན་ནི་རྣམ་པ་གཉིས་ཏེ། བཟླས་བརྗོད་ཀྱི་ཡན་ལག་བཞི་དང་། མེ་ལ་གནས་པ་དང་། སྒྲལ ་སོགས་པའི་བསམ་གཏན་དང་། དེ་ལས་གཞན་པ་ནི་རང་གི་ལྷའི་རྣལ་འབྱོར་གྱི་བསམ་གཏན་ནོ།། དེ་ལ་ཚིགསུ་བཅད་པ་འདིས་ནི་བཟླས་བརྗོད་ཀྱི་ཡན་ལག་བཞི་དང་། མེ་ལ་གནས་པ་དང་། སྒྲ་ལ་སོགས་པཱ ་གསང་སྔགས་ཀྱི་ཕན་ཡོན་གསུངས་པ་སྟེ། དྲི་ལ་གསང་སྔགས་ཀྱི་བསམ་གཏན་མཆོག་ཏུ་གསྡང་བ་གྲོསུངས་ཞེས་བྱ་བ་དང་སྦྱར་རོ།། བསམ་གཏན་ཞེས་བྱ་བ་ནི་སེམས་དཔའ་སྟེ། ཡན་ལག་བཞི་ལ་སོགས་པར་གནས་པའི་གསང་སྔགས་ཀྱི ་བསམ་གཏན་ཡང་དང་ཡང་དུ་མངོན་དུ་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ།། བྱ་བ་ཞེས་བྱ་བའི་སྒྲ་ནི་སྲིང་བ་སྟེ། དེས་གླུ་སང་སྔགས་རྣམས་སེམས་དཔའ་མཆོག་ཏུ་གསང་བ་སྲིད་ངོ་།། ཞེས་བྱ་བའི་ཐ་ཚིག་གོ། མཆོག་ནི་དྲམ་པའོ།། གསང་བ་ནི་མ ་བསྟན་པ་སྟེ་དེས་ནི་འདི་ལྟར་དགོངས།། གསང་སྔགས་ཀྱི་བསམ་གཏན་དེ་གསང་སྔགས་ཐམས་ཅད་གྲུབ་པའི་ཡན་ལག་གི་སྙིང་པོར་གྱུར་པ་ཡིན་ཡང་རྒྱུད་སོ་སོ་དག་ཏུ་གསལ་བར་རྣམ་པར་ཕྱེ་སྟེ་མ་བསྟན་པ་ནི་སླར་སྡུད་པ་དང་། སྲོག་དང ་རྡོལ་བ་ལ་སོགས་བསམ་གཏན་གྱི་ཡན་ལག་རྣམས་ནན་ཏན་དུ་བྱེད་མི་ནུས་པའི་གདུལ་བྱའི་འགྲོ་བ་རྣམས་གཟུང་བའི་ཕྱིར་རོ།། མི་མངོན་པའི་ཚིག་ཏུ་ནི་ཐམས་ཅད་དུ་ཡང་ཕལ་ཆེར་གསུངས་ཏེ། ཕྱིས་བཤད་པར་བྱའོ།། གསང་སྔགས ་ཞེས་བྱ་བ་ནི་སྒྲ་དང་ཡི་གེའི་རང་བཞིན་དེ་བཞིན་གཤེགས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་སེམས་པ་ལ་དགོད་པ་རྣམས་ཀྱི་ཞེས་བྱ་བའི་མཆོག། དེ་དག་མེད་ན་ཞེས་བྱ་བ་ནི་སྒྲ་དང་ཡི་གེ་སེམས་དཔའི་མཚན་ཉིད་བསམ་གཏན་དང། ་རཱརྦྷ་ཊཱ་ས་ཏུ་མུ་ཌཱ་ཎུ་ནྡྷ་སྨྲ་དུ་སྨྲ་ཟླུན་མྱུ་ཤཱ་རྒྱུ་རྒྱུ་རྒྱུ་ཤཱ་མྱ་ག་ཏུ་ང་། ་xxx ་དྲང་སྤྱོད་ཧཱུ~ཾ་སྐྱེས་ཐ་རྐྱེནན་ཙྪ་གྶ། ད་འབྱུང་བ་བྱུ་སྨྱིག་སྦྱི་ན་ད་སྟེ་ང་རྒྱུ་སྨྱེསས་སྩོགས་པ་ཙྪིད་བྷྱ་དྷཱི་མ་ཀུན།། དེ་། མས་དདེ། ནྱ་ཟུགས་དང།། ན ་ཧཱུ~ཾ་རླུང་སྐྱོང་དཀའ་ཐུ་ཆེན་བློ་དང་ལྡན་པ་ཡང་། གས་སྔགས་སྐྱོབས་མོ་གཏན་མེད་རྣམོ་བསྒྲུབ་བ་ཞེས་དྡྷི་བྷཱ་གྱུར་དེ།། ད་ནི་བཟླས་བརྗོད་ཀྱི་བྱེ་བྲོག་གིས་བདག་ཉིད་ཆེ་བསྟན་པོའི་སྦྱིནམྦྷ། བད་རྩཝ་ཉིད་དུ་མྱུར་བའི་རྣལ་འབྱོར་གྱི་མ ་ཉིད་བསམ་གཏན་གྱི་ཕན་ཡོན་བསྟན་པ། གསང་སྔགས་རྣལ་འབྱོར་ཅན་རྣམས་ནི།། གསང་སྔགས་བཟླས་བརྗོད་མོ་འབར་འདྲ།། སྒྱུ་དང་འཆི་བ་འཇིག་བྱེད་པ།། རྡོ་རྗེ་ཅན་གྱིས་སྔོན་གསུངསོ།། ཞེས་བྱ་སྟེ་དེ་ལ་གསང་སྔགས་ཀྱི་རྣལ་འབྱོར ་ཅན་སྒྲུབ་པ་པོ་རྣམས་ཀྱི་གསང་སྔགས་ཀྱི་བཟླས་བརྗོད་ནི་བརྗོད་པ་སྟེ། མེ་འབར་བ་ཞེས་བྱ་བ་དང་སྦྱར་རོ།། དེ་ལ་བཟླས་བརྗོད་ཅེས་བྱ་བ་ནི་ཡིད་ལ་སྨྲ་བ་དང་། གཤིབས་ཏེ་སྨྲ་བའི་གསང་སྔགས་ཀྱི་བཟླས་བརྗོད་དོ།། གསང་སྔགས་ཞེས ་བྱ་བ་ནི་དེ་བཞིན་གཤེགས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་སྒྲ་དང་། ཡི་གེའི་རང་བཞིན་རྣམས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ།། གསང་སྔགས་རྣལ་འབྱོར་ཅན་རྣམས་ཀྱི་ཞེས་བྱ་བ་ནི་གསང་སྔགས ་ལྷའི་གཟུགས་ཀྱི་མཚན་ཉིད་ཀྱི་རྣལ་འབྱོར་དང་ལྡན་ཞིང་མི་གཉིས་པ་དབྱེར་མེད་པའི་སྒྲུབ་པ་པོ་གང་ཡིན་པ་དེ་དག་གསང་སྔགས་ཀྱི་རྣལ་འབྱོར་ནྡན་ཏེ། ལྷ་ཉིད་ཀྱི་རྣལ་འབྱོར་བྱས་པ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་དག་གི་བཟླས་བརྗོད་གང་ཡིན་པ་དེ་མི ་འབར་བ་ཞེས་བྱ་བ་དང་སྦྱར་རོ།། དེ་ལ་ལྷའི་རྣལ་འབྱོར་བྱས་པ་རྣམས་ཀྱིས།། བཟླས་བརྗོད་ནི་མེ་འབར་བ་དང་འདྲ་སྟེ། ཞེས་བྱ་བ་འདིས་ལྷའི་རྣལ་འབྱོར་གྱི་མཚན་ཉིད་བསམ་གཏན་གྱི་ཕན་ཡོན་བསྟན་ཏེ། བཟླས་བརྗོད་ཀྱི་དཔེ་མི་འབར་བ་ལས་བླངས། ་པ་ཡང་འདི་ལྟར་དགོངས་ཏེ། གང་གི་ཕྱིར་བདག་གི་དེ་ཁོ་ན་ཉིད་རྟག་ཏུ་མངོན་དུ་བྱས་པའི་ལྷའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ནི་ལྷའི་རྣལ་འབྱོར་དུ་བསྟན་ཏོ།། བདག་གི་དེ་ཁོ་ན་ཉིད་བརྟག་པ་ཡང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་གཉེན་པོ ་གོམས་པར་བྱེད་པ་སྟེ་འོག་ནས་འཆང་ངོ་།། དེ་བས་ནཱ་ལྷའི་རྣལ་འབྱོར་བྱས་པའི་བཟླས་བརྗོད་རྩོམ་པ་ཉིད་ན་ཡང་ཉོན་མོངས་པ་དང་ལུས་ཀྱི་སྒྲིབ་པ་ཐམས་ཅད་ཀྱི་བུད་ཤིང་བསྲེག་པའི་ཕྱིར་མེ་འབར་བ་དང་འདྲ་སྟེ་ཞེས་བརྟག་སོ།། རང ་བཞིན་ཡང་ཡན་ལག་བཞིའི་བསམ་གཏན་ལ་ཞེན་པའི་སྦྱོར་བས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པའི་གཉེན་པོ་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་འབྲས་བུ་ཡང་སངས་རྒྱས་པའི་མཐར་ཕྱིན་པའི་བར་དུ་མི་ཤེས་པའི ་བུད་ཤིང་ཐམས་ཅད་སྲེག་པའི་རྒྱུ་ཡིན་པའི་ཕྱིར་རོ།། དེ་བས་ན་སྐྱེ་དང་འཆི་བ་འཇིགས་བྱེད་པ་ཞེས་བྱ་བ་གསུངས་ཏེ། མངོན་དུ་དང་བརྒྱུད་པ་ལས་འགྱུརརོ།། ཞེས་བྱ་བའི་ཐ་ཚིག་གོ། ད་ནཱི་ལྷའི་རྣལ་འབྱོར་གྱི་མཚན་ཉིད་ཀྱི་བསམ་གཏན་དང ་བཟླས་བརྗོད་ཀྱི་ཡན་ལག་བཞིའི་སྒྲའི་བསམ་གཏན་དེ་དག་མཇུག་བསྡུ་བའི་སྒོ་ནས་དུས་གཅིག་ཏུ་ནན་ཏན་བྱ་བར་བསྟན་པའི་ཕྱིར་དེ་བས་དེས་འདིར་གསང་སྔགས་ཀྱི། བསམ་གཏན་ཚོམ་བྱ་མེ་དག་ལ། དངོས་གྲུབ་འདོད་པ་དག་གིས་ནི།། ་རྟག་ཏུ་རྒྱུན་ཏུ་སྦྱོར་བར་བྱ་ཞེས་བྱ་བ་གསུངསོ།། དེ་ལ་གང་གི་ཕྱིར་བཟླས་བརྗོད་ཀྱི་ཚེ་གསང་སྔགས་ཀྱི་སྒྲ་དང་། ཡི་གེའི་རང་བཞིན་གྱི་བསམ་གཏན་གསང་བ་གསུངས་པ་དང་། ལྷའི་རྣལ་འབྱོར་བྱས་པའི་སྔགས་པའི་བཟླས་བརྗོད ་ཀྱང་མོ་འབར་བཾ་ཞེས་བྱ་བ་གསུངས་པ་དེའི་བཟླས་བརྗོད་བྱེད་པ་དེས་བཟླས་བརྗོད་ཀྱི་ཚེ་དེ་བཞིན་གཤེགས་པའི་གཞི་ལ་གསང་སྔགས་ཀྱི་སྒྲ་དང་ཡི་གེའི་རང་བཞིན་བཀོད་པ་སེམས་པ་ནི་བསམ་གཏན་ནོ།། ཚིམ་པར་བྱ་བ་ནི་གསལ ་བར་སྣང་བར་བྱ་བའོ།། གང་གི་དུས་སུ་ཞེ་ན་མེ་དག་ལ་ཞེས་བྱ་བ་གསུངས་ཏེ། མེ་འབར་བ་ལ་ཞེས་བྱ་བའི་དོན་ཏོ།། མེ་འབར་བ་ཞེས་བྱ་བའི་བཟླས་བརྗོད་ཀྱིས་ཀྱང་ལྷའི་རྣལ་འབྱོར་བྱས་པའི་བཟླས་བརྗོད་བྱེད་པའི་བཟླས་བརྗོད་བསྟན་ཏཱཾ། ་གང་གི་ཕྱིར་གསང་སྔགས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་བཟླས་བརྗོད་མེ་འབར་ཞེས་གསུངས་པ་དེའི་ཕྱིར་ལྷའི་རྣལ་འབྱོར་བྱས་ནས། དེ་བཞིན་གཤེགས་པ་ལ་སོགས་པ་རྣམ་པར་བཀོད་པའི་གསང་སྔགས་ལ་དམིགས་པ་མངོན་དུ་བྱས་ཏེ། ་བཟླས་བརྗོད་བྱའོ་ཞེས་གསུངས་པ་ཡིན་ནོ།། མེ་དག་ལ་ཞེས་བྱ་བ་འདིས་མེ་ལ་གནས་པའི་གསང་སྔགས་ཀྱི་སྦྱོར་བའི་ཆོ་ག་འོག་ནས་འབྱུང་བ་བསྟན་ཏེ་ཞེས་སྨྲ་བ་གང་ཡིན་པ་དེ་ནི་སྐབས་མི་ཤེས་པས་ཟིན་གྱི་དུས་ན ་ཡང་ལན་ཚྭ་དང་ལྡན་པའི་ཚོང་མ་ལ་སོགས་པའི་སྒྲ་ཐོས་ནས། རྟ་དང་ལྷན་ཅིག་ཏུ་ཚེད་མ་ཟ་བར་ཡིད་ཆེས་ཀྱང་སྲིད་དོ།། འདི་ལྟར་གསང་སྔགས་ཀྱི་སྦྱོར་བའི་སྐབས་རྣམ་པ་གཉིས་འཆད་པ་ནི། བཟླས་བརྗོད་ཀྱི་ཡན་ལག་བཞིའི་ཚེ་གའི ་མཚན་ཉིད་དང་། མི་ལ་གནས་པ་ལ་སོགས་པ་སྒྲའི་བསམ་གཏན་གྱི་མཚན་ཉིད་དོ།། དེ་ལ་ཡན་ལག་བཞིའི་བསམ་གཏན་ལ་ནི་གསང་སྔགསོ་གཤིབས་ཏེ་བརྗོད་པ་དང་། ཡིད་ཀྱི་བརྗོད་པ་གཉིས། སྔགས་བཟླས་ཡན་ལག་མ ་ཉམས་པར་ཞེས་འོག་ནས་འཆང་ངོ་།། མེ་ལ་གནས་པ་ལ་སོགས་པ་སྒྲའི་སྦྱོར་བ་ནི་སེམས་པ་མཚན་ཉིད་བསམ་གཏན་ཉིད་དུ་འཆད་དེ། མེའི་ནང་གནས་ཞི་བ་སྟེ། ཚིག་རྣམ་དག་པ་ཡན་ལག་ལྡན།། སྲོག་དང་རྩོལ་བ་འགགས ་པའི་བདག། གཉིད་སྤངས་ནས་ནི་རྣམ་པར་བསམ། ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བསྟན་ཏོ།། བསམ་མོ་ཞེས་བྱ་བའི་ཚིག་བསྟན་པའི་ཕྱིར་རོ།། བསམ་པ་ཡང་བསམ་གཏན་གྱི་མཚན་ཉིད་དེ། རྟོགས་པ་དང་སེམས་པ་དང་། བསམ ་གཏན་ཞེས་བྱ་བ་ནི་རྣམ་གྲངས་ཡིན་པའི་ཕྱིར་རོ།། སྐབས་འདིར་ནི། རྣལ་འབྱོར་པའི་བཟླས་བརྗོད་མེ་འབར་བ་ཞེས་བྱ་བ་གསུངསོ།། ཞེས་བྱ་བ་བཤད་ནས་མཇུག་བསྡུ་བའི་ཚིག་བྱེད་པ་ན། བཟླས་བརྗོད་མེ་འབར་བ་ཞེས་བྱ་བ ་དེ་ཉིད། ལྷ་དང་གསང་སྔགས་དག་གི་བསམ་གཏན་ལ་སྦྱར་བར་རིགས་ཀྱི་སྐབསུམ་བབ་པའི་མེ་ལ་གནས་པའི་སྒྲའི་བསམ་གཏན་ལ་ནི་མི་བྱའོ།། མེ་ལ་གནས་པའི་སྒྲའི་བསམ་གཏན་དེ་ལ་ནི་ལོགས་ཤིག་ཏུ་བསམ་གཏན་ལ་སོགས་པའི་སྐབས ་འོག་ནས་འཆད་པའི་ཕྱིར་རོ།། རབ་ཏུ་འཕྲོས་པ་ནི་མི་དགོས་ཀྱི་གཏང་ངོ་།། དེ་ལ་བརྟག་པ་ཞེས་བྱ་བ་ནི་ཉམ་རེ་རེའོ།། རྒྱུན་དུ་སྦྱོར་བར་ཞེས་བྱ་བ་ནི། བཟླས་བརྗོད་མ་རྫོགས་ཀྱི་བར་དུ་སྟེ། འོག་ནས་འཆད་པའི་རིམ་གྱིས་བརྗོད་ཅིང ་གསང་སྔགས་ཀྱི་སྒྲ་ལ་དམིགས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། འདི་ཡང་གསང་སྔགས་བཟླས་བརྗོད་བྱེད་པའི་བསམ་གཏན་གྱི་ཆེ་ན་བྱ་བར་བྱ་བའི་རྒྱུད་ཐམས་ཅད་ཀྱི་སྤྱིའི་ཆོ་ག་བསྡུས་པའི་རྒྱུད་འཕགས་པ་རབ་ཏུ་གྲུབ་པར་བྱེད་པ་དང་། ་དཔུང་བཟངས་དང་། དཔལ་རྟོག་པ་བསྡུས་པ་ལ་སོགས་པ་དང་། བྱེ་བྲག་གི་རྒྱུད་འཕགས་པ་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པོའི་བྱིན་གྱིས་བརླབ་པ་དང་། འཕགས་པ་ཕྱག་ན་རྡོ་རྗེ་མངོན ་པར་དབང་བསྐུར་བ་དང་། བྱང་ཆུབ་ཀྱི་སྙིང་པོ་དང་། རིག་འཛིན་གྱི་སྡེ་སྣོད་ལ་སོགས་པ་ལས་གསུངས་ཏེ། ཁ་ཅིག་ཏུ་ནི་མི་མངོན་པའི་ཚིག་ཏུ་བཤད་། ཁ་ཅིག་ཏུ་ནི་གསལ་བར་བསྟན་ཏེ། འདི་ལྟར་རབ་ཏུ་གྲུབ་པར ་བྱེད་པ་ལས་བཟླས་བརྗོད་བྱེད་པས་བཟླས་བརྗོད་ཚེ། རིག་སྔགས་ལྷ་ཉིད་གཏང་ནས་ནི། སྒོམ་པ་མ་ཚིག་ཏུ་གཅེས་པ་ཡང་། རྟོག་པ་བཟུང་ནས་ཡོད་མི་བསམ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ།། དེ་བཞིན་དུ་དཔུང ་བ.རངས་ལས་ཀྱང་། སྒྲོམ་དང་བུད་མེད་མི་དགེ་ལྡན་པའི་སེམས། གང་དང་གང་དུ་ཀུན་ཏུ་རྩུ་བ་དག། དེ་དང་དེ་ནས་བསྒྲིམས་ཏེ་རྣམ་བཟློག་ནས། གསང་སྔགས་ཡི་གེ་མཆོད་ལྔ་སྦྱར་བར་བྱཱ་ཞེས་བྱ་བ་དང་། དེ་བཞིན་དུ། ་བསམ་གཏན་དག་དང་ལྡན་པའི་སྒྲུབ་པ་པོ།། ཤེས་ལས་བྱུང་བ་དགའ་བ་རབ་ཏུ་བསྐྱེད།། དགའ་ལས་ལུས་ནི་ཤིན་ཏུ་སྦྱངས་པ་ཐོབ།། ཤིན་ཏུ་སྦྱངས་སེམས་བདེ་བའི་སྐལ་ལྡན་འགྱུར། དགའ་བ་དེ་ཡིད་གཅིག་ཏིང་འཛིན་གྱུར་ན། དེ་ཚེ ་བཟླས་བརྗོད་དོགས་པ་མེད་པར་འགྱུར། ཞེས་བྱ་བ་ལ་སོགས་པ་གསུང་སོ།། བདག་གི་དེ་ཁོ་ན་ཉིད་བརྟག་པ་ཡང་དེ་ཉིད་ལས་གསུངས་ཏེ། འདོད་ཆགས་ལ་སོགས་ཉོན་མོངས་དྲི་མར་བཅས། དེ་བས་སེམས་ནི་འཁོར་བ་ཡིན་པར་གསུངས། ་ཉོན་མོངས་རྣམ་གྲོལ་ཤེས་དང་ཟླ་འདྲ་བ། སྲིད་པའི་རྒྱ་མཚོ་མཐར་ནི་ཀུན་ཏུ་བསྒྲགས་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བཤད་དོ།། དེ་བཞིན་དུ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས་ཀྱང་བཟླས་བརྗོད་བྱེད་པའི་ཚེ ་བཟླས་བརྗོད་ཀྱི་ཡན་ལག་བཞིའི་སྦྱོར་བས་གསང་སྔགས་ཀྱི་སྦྱོར་བ་གསལ་བ་ཉིད་དུ་བཤད་དོ།། ཕྱག་ན་རྡོ་རྗེ་མངོན་པར་དབང་བསྐུར་བ་ལས་ཀྱང་འཇམ་དཔལ་ནམ་སྔགས་པ་ལྷུན་གྱི་གྲུབ་པར་ལྷ་ཉིད་ཀྱི་ང་རྒྱལ་དུ་གྱུར་པ་དྲོའི་ཚེ། གསང ་སྔགས་ཐམས་ཅད་མངོན་དུ་ཕྱོགས་པར་གནས་པར་འགྱུར་རོ་ཞེས་གསུངསོ།། རིག་སྔགས་འཆང་གི་སྡེ་སྣོད་ལས་ཀྱང་། རི་མོ་ལ་སོགས་པ་ལ་གནས་པའི་ལྷའི་བསམ་གཏན་བྱ་བ་འདིས་ནི་སྙན་ཆ་ཀུན་ཏུ་བསྐྱོད། ནེའུ་ལ ་རྒྱལ་བུ་བསྒྲལ་པ་སྙམ། དེ་ལྟར་བ་ཟླས་བརྗོད་འབད་པའི་ཚེ། ཞབས་ལ་སོགས་པའང་རམ་གྱིས་བརྟག་ཅེས་གསུངས་པ་དང་། ངག་གི་ཁོ་ན་ཉིད་བརྟག་པ་ཡང་གནས་པ་གསུམ་དང་། རྣམ་པར་ཐར་པཊཱི་ཧཱུ~ཾ་གསུམ་ལ་གཙུལ་པར་བྱའོ།། ་ཞེས་དེ་ཉིད་ལས་གསུངས་ཏེ། གནས་པ་གསུམ་ནི་འཕགས་པའི་དང་། ལྷའི་དང་ཚངས་པའི་གནས་པའོ།། དེ་ལ་འཕགས་པའི་ནི་འཕགས་པའི་བདེན་པ་བཞིའོ།། སྒྲའི་དེ་བསམ་གཏན་བཞིའོ།། ཚངས་པའི་ནི་ཚད་མེད་པ་བཞིའོ།། སྟོང ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་མཚན་ཉིད་ནི་རྣམ་པར་ཐར་པའི་སྒོ་གསུམ་ཡིན་ནོ་ཞེས་དེ་ལས་བཤད་དོ།། དཔལ་རྟོག་པ་བསྡུས་པ་ལས་ནི། ཆོས་བདག་མེད་པ་གོམས་པར་བྱ་བ་དང་། ལྷའི་རྣལ་འབྱོར་གཞུང་རབ་ཏུ་མང་པོས ་བསྟན་པས་འདིར་མ་དྲིས་སོ།། དེ་བས་ན་དེ་ལ་སོགས་པའི་རྒྱུད་ལས། ཇི་ལྟར་སྲིད་པའི་ལྷའི་གཟུགས་དང་། གསང་སྔགས་ཀྱི་སྒྲའི་བསམ་གཏོན་དུ་བྱས་པ་ཉིད་ཀྱི་བཟླས་བརྗོད་གསུངསོ།། གང་དག་ཏུ་གདུལ་བྱའི་དབང་གྲིས་མ་བཤད་པ་དྲི ་དག་ནི་རྒྱུད་ཐམས་ཅད་ཀྱི་ཆོ་ག་བསྡུས་པའི་རྒྱུད་འཕགས་པ་དཔུང་བཟང་དང་། དཔལ་རྟོག་པ་བསྡུས་པ་ལ་སོགས་པ་ལས་གསུང་སྟེ།། དེ་དག་དུ་ཡང་གསང་སྔགས་ཀྱི་བསམ་གཏན་ནི་བསྟན་གྱི་དེའི་སྦྱོར་བ་མ་བཤད་དོ།། འདིར་ནི་ཡན་ལག་བཞི ་ལ་སོགས་པ་བཤད་པས་རབ་ཏུ་གསལ་བར་བསྟན་པར་རིག་པར་བྱའོ།། ད་ནི་རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཆེན་པོའི་ཡུལ་རབ་ཏུ་དབྱེ་བ་དང་། མཚན་ཉིད་བཤད་དོ།། དེ་ལ་རིག་སྔགས་དང་གསང་སྔགས་ནི་རྣམ་པ་དྲུག་གི་བདག ་ཉིད་དེ། བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་གཉི་སུ་མེད་པའི་ཏིང་འཛིན་དང་སྒྲ་དང་ཡི་གེ་དང་། ཕྱག་རྒྱ་དང་། གཟུགས་དང་། ཀུན་རྫོབ་ཀྱི་ཏིང་འཛིན་རྣམ་པ་དང་བཅས་པའི་བྱེ་བྲག་གོ།། དེ་དག་གི་དངོས་གྲུབ་མཆག ་ལ་སོགས་པ་དང་། ཞི་བ་ལ་སོགས་པའི་ལས་ཀྱི་མཚན་ཉིད་རང་གི་བྱ་བ་སྒྲུབ་པའི་ཐབས་ནི་ཐབསོ།། ཞེས་མདའ་གཞུའི་མཚོན་ཆ་ལ་སོགས་པའི་དཔེས་སྔར་སྟན་ཟིན་ཏོ།། ཐབས་དེ་ཡང་འདིར་རྣལ་འབྱོར་ལ་གནས་པར་འདོད་ཀྱི་བྱ་བ་ལ་གནས ་པ་ནི་མ་ཡིན་ནོ།། དེ་ལ་ཡང་བྱེ་བྲག་རྣམ་པ་གཉིས་ཏེ། གཅིག་གི་བཟླས་པ་རྗོད་ལ་བལྟོས་པ་དང་བཅས་པ། རིག་སྔགས་དང་གསང་སྔགས་ཀྱི་གཟུགས་ལ་སོགས་པ་མངོན་དུ་བྱ་བ་གོམས་པར་བྱེད་པའི་མཚན་ཉིད་དོ།། དེ་ལས་གཞན ་བནི་བཟླས་བརྗོད་ལ་མི་བལྟོས་པ་མེ་ལ་གནས་པ་ལ་སོགས་པ་སྦྲུ་ལ་མངོན་པར་བརྩོན་པའི་མཚན་ཉིད་དོ།། དེ་ཡང་ཡན། ལག་བཞི་ལྔ་སོགས་པ་རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཆེན་པོ་སྒྲུབ་པ་དང་དེ་ལས་གཞན་ཡང་སྔར ་མཆོད་ནས་བདག་གི་དེ་ཁོ་ན་ཉིད་དང་། རིག་སྔགས་ཀྱི་དེ་ཁོ་ན་ཉིད་བསྒྲུབ་པ་སྔར་བྱ་བར་འདོད་དེ། དེ་བས་དེ་བསྟན་པ། ལྷ་ཡི་སྐུ་ཡི་གནས་དེ་ལ། དང་པོ་ཁོ་ནར་མཆོད་ནས་ནི། ཞེས་བྱ་བ་ལ་སོགས་པ་ནས། སྲོག་དང་རྩོལ་བ་རབ་ཏུ ་བསྔམས་ཞེས་བྱ་བའི་བར་དུའོ།། དེའི་འོག་ཏུ་ཡང་བཟླས་བརྗོད་ལ་སྤྲོས་པའི་རོག་སྔགས་དང་། གསང་སྔགས་ཀྱི་གཟུགས་ལ་སོགས་པ་མངོན་དུ་བྱ་བ་གོམས་པར་བྱ་བའི་མཚན་ཉིད་རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཆེན་པོ ་གསུངས་པ། སྒྲ་དང་སེམས་དང་གཞོ་ས་གཞོལ།། གསང་སྔགས་མི་འགྱུར་གཞོ་ལ་གནས་ཞེས་བྱ་བ་ལ་སོགས་པ་ནས། མིས་ནི་དངོས་གྲུབ་ཐོབ་པར་འགྱུར་ཞེས་བྱ་བའི་བར་དུའོ།། དེའི་འོག་ཏུ་ཡང་བཟླས་བརྗོད་ལ་མོ་བལྟོས་པར་རིག་སྔགས ་དང་གསང་སྔགས་ཀྱི་གཟུགས་ལ་སོགས་པ་མངོན་དུ་བྱ་བ་གོམས་པར་སྦྱོར་བ་ཕན་ཡོན་དང་བཅས་པར་བསྟན་པ། གསང་སྔགས་མི་གནས་དངོས་གྲུབ་སྟེར་ཞེས་བྱ་བ་ལ་སོགས་པ་ནས། ཡན་ལག་སྤངས་པ་རྒྱལ་བས་མཁྱེན་ཞེས་བྱ ་བའི་བར་དུའོ།། དེའི་འོག་ཏུ་གསང་སྔགས་དང་རིག་སྔགས་ལ་དམིགས་པ། གོམས་པར་བྱེད་པའི་མཚན་ཉིད་ཐབས་ཞེས་བྱ་བ་རྣམ་པ་གཉིས་པོ་འདི་ཉིད་ཀྱི་ཡན་ལག་རྣམས་བསྟན་པ། སྲོག་རྩོལ་དཀའ་ཐུབ་བསམ་གཏན་དང་ཞེས ་བྱཱ་བ་ལ་སོགས་པ་ནས། ཚངས་ལ་རྟག་ཏུ་རླིག་བྱ་བས་ཞེས་བྱ་བའི་བར་དུའོ།། བྱིད་ནི་རེ་ཞིག་རིག་སྔོགས་དང་གསང་སྔགས་ཀྱི་ཐབ་སོ་ཆེན་པོ་ཡན་ལག་དང་བཅས་པ་མདོར་བསྟན་པའི་ཚིག་རྣམས་བསྡུས་པའི་དོན་ཏོ།། ཡན་ལག་གི་དོན་བརྟག་པ ་ནི་དེ་ལ། ལྷ་ཡི་སྐུ་ཡི་གནས་དེ་ལ། དང་པོ་ཁ~ཾ་ནར་མཆོད་ནས་ནི་ཞེས་པ་མཆོད་པ་སྨོས་པ་ནི་མཆེན་མ་བསྟན་པ་སྟེ། དེ་བས་ན་གཙང་སྦྲ་བྱ་བ་དང་། གནས་དང་། བདག་བསྲུང་བ་དང་། ལྷ་སྤྱན་དྲང་བ་ལ་སོགས་པ་ཡང་འདིར་བྱ་དགོས ་པར་ཤེས་པར་བྱའོ།། གང་གི་ཕྱིར་ཞེ་ན་ལྷ་སྤྱན་མ་དྲངས་ཤིང་གནས་བསྲུང་བ་མ་བྱས་པར་སྒྲུབ་པ་པོས་ལྷ་མཆོད་པའི་སྐབས་མེད་པའི་ཕྱིརརོ།། གཙང་སྦྲ་ལ་སོགས་པ་མཆོད་པའི་མོ་གོའི་བར་དེ་དག་ཀྱང་། རིག་སྔགས་ལ་སོགས་པའི་བརྟག་པ ་ཐམས་ཅད་ལས་ཤེས་པར་བྱའོ།། འདིར་ཡང་མཆོད་ནས་ཞེས་བྱ་བའི་ཚི་གི་མཚོ་སྦྱོར་བ་ཙམ་འབའ་ཞིག་བསྟན་ཏོ།། འདིར་ཡང་མཆོད་ནས་ཞེས་སྔོན་གྱི་དུས་སུ་བྱ་བའི་ཚིག་འདི་འོག་ནས་འབྱུང་བ་ཕྱིས་བྱ་བ་བཟླས ་བརྗོད་ལ་སོགས་པ་བསྟན་པའི་ཚིག་དང་འབྲེལ་ཏོ།། དེ་ལ་མཆོད་ནས་ཞེས་བྱ་བ་ནི། སྐབས་འདིར་མཆོད་པ་རྣམ་པ་བཞི་བསྟན་ཏེ། ཕྱག་རྒྱ་དང་། གསང་སྔགས་དང་། ཡིད་ཀྱི་དང་། ཟང་ཟིང་དང་། མཆོད་པ་བཞིའི་བྱེ་བྲག་གོ།། ལྔ་པ ་ནི་ནན་ཏན་གྱི་མཆོད་པ་སྟེ། ལྷའི་སྐུའི་གནས་དེ་ལ་དེ་མི་སྲིད་པའི་ཕྱིར།། དེ་སྐབས་འདིར་མི་སྦྱར་རོ།། དེ་ལ་ཞེས་བྱ་བའི་ཚིག་དེ་ལྷོའི་སྐུའི་གནས་ཞེས་བྱ་བ་དེ་དང་སྦྱར་རོ།། དེའི་དོན་འདི་སྟེ། ལྷ་གང་གི་བཟླས་བརྗོད་ལ་སོགས ་པའི་མཚན་ཉིད་རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཆེན་པོ་གོམས་པར་འདོད་པས། དྲོ་མཆོད་ནས་བཟླས་བརྗོད་ལ་སོགས་པ་གོམས་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། མཆོད་པ་དེ་ཡང་ལྷ་དེའི་གང་དུ་བྱ་ཞེ་ན། སྐུའི་གནས ་ཞེས་བྱ་བ་སྟེ། དེ་ལ་སྐུ་ཉིད་གནས་པས་ན་སྐུའི་གནསོ།། སྐུ་དང་གཟུགས་དང་ལུས་ཤེས་བྱ་བ་ནི་རྣམ་གྲངསོ།། དེས་ནི་དོན་འདི་ལྟར་འགྱུར་ཏེ། རི་མོ་དང་སྐུ་གཟུགས་ལ་སོགས་པའི་ལྷའི་གཟུགས་ཀྱི་མཚན་ཉིད་སྐུའི་གནས་ལ་མཆོད་པ ་བྱས་ནས། བཟླས་བརྗོད་ལ་སོགས་པ་བྱའོ་ཞེས་བསྟན་ཏོ།། རྣལ་འབྱོར་གནས་བཅས་པ་ཞེས་བྱ་བ་ནི། རྣལ་འབྱོར་གྱི་ཕྱིར་འདུག་པས་ན་རྣལ་འབྱོར་གནསོ།། དེ་ལ་རྣལ་འབྱོར་ནི་སྦྱོར་བ་སྟེ། ཇི་ལྟར་སྲིད་པའི་ལྷ་པ་དྲུག་ལ་ཀུན་ཏུ་སྦྱར ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་དང་རྗེ་སུ་མཐུན་པར་གནས་པ་ནི་རྡོ་རྗེ་དང་བཀྲ་ཤིས་དང་སེམས་དཔའི་སྐྱིལ་མོ་ཀྲུང་ལ་སོགས་པའི་མཚན་ཉིད་དོ།། བདེ་གཤེགས་མདུན་དུ་བསྣམས་ནས་ནི། ཞེས་བྱ་བ་འདིས་བཟླས་བརྗོད་ལ་སོགས་པའི ་སྦྱོར་བ་ཐམས་ཅད། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བྱ་བ་བསྟན་ཏོ།། དེ་ལྟར་ཅི་མངོན་ཞེ་ན། ལྷའི་རྣལ་འབྱོར་གྱི་མཚན་ཉིད་རིག་སྔགས་ཀྱི་བརྟུལ་ཞུགས་ཀྱི་གནས་བསྟན་པའི་སྒོ་ནས་དོན་དམ་པ་བཟླས་བརྗོད་ཀྱི་གནས་འོག་ནས། གསང་སྔགས་ལ ་སོགས་ལྡན་པ་ཡི།། རིག་སྔགས་ཁྲོ་བོ་མང་པོ་ཀུན།། རྒྱལ་བའི་སྐུ་ལ་མངོན་ཕྱོགས་ནས།། བསམ་གཏན་ངོམས་ཕྱིར་རྟག་ཏུ་གནས་ཞེས་བསྟན་ཏོ།། ད་ནི་བདག་གི་དེ་ཁོ་ན་ཉིད་བརྟག་པར་བྱ་སྟེ། དེ་ལ་གཏན་གྱིས་ཡོངསུ་བརྟག་པའི་བདག་ནི་ཀུན ་རྫོབ་ཀྱི་བདེན་པའི་ཐ་སྙད་དུ་ཡང་མི་བཟོད་པས་ན་རྣལ་འབྱོར་པའི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་རྣམ་པར་མ་བཤིག་པའི་རང་བཞིན་འདི་ཉིད་ལ་བདག་ཅེས་བརྗོད་པར་ཤེས་པར་བྱའོ།། རྣལ་འབྱོར་པའི་བདག་དེ་ལྟ་བུའི་ཕྱིན་ཅི་མ་ལོག ་བའི་རང་བཞིན་ནི་བདག་གི་དེ་ཁོ་ན་ཉིད་དེ། དེ་ཡང་འདི་ལྟར་དགོངསོ།། རིགས་པ་དང་ལུང་དག་གིས་བརྟགས་ན། དེའི་ཕུང་པོ་ལྔའི་མཚན་ཉིད་ཀྱི་བདག་ཕྱིན་ཅི་མ་ལོག་པའི་ངོ་བོ་ཉིད་ཙམ་ཞིག་ལྷག་མ་ལུས་པ་མེད་པར་སྐུར་པ་གདབ་མི་ནུས ་པ་གང་ཡིན་པ་དེ་ནི་བདག་གི་དེ་ཁོ་ན་ཉིད་དོ།། དེ་ཡང་དོན་དམ་པའི་བདེན་པའི་ཡུལ་སྤྲོས་པ་ཐམས་ཅད་ཀྱི་བག་ཆགས་ཀྱི་གཞི་དང་བྲལ་བ་རྣམ་པ་མེད་པ་རང་གིས་རིག་པའི་ངོ་བོ་ཉིད་གཉིསུ་མེད་ཡེ་ཤེས་ཀྱི་མཚན་ཉིད་ཡིན་པར་འདིར་འདོད ་།། དེ་ལྟ་བུའི་བདག་གི་དེ་ཁོ་ན་ཉིད་རྟོགས་པར་བྱ་བའི་ཐབས་གསུངས་པ། ཕྱི་ནས་ཡན་ལག་རྣམ་གྲོལ་བ།། མི་འབྱེད་འབྱེད་པ་རྣམ་པར་སྤངས།། ཕྲ་བ་མི་གཡོ་གསལ་བ་སྟེ།། བློའི་སྤྱོད་ཡུལ་མདུན་དུ་གནས།། བདག ་ཉིད་འདི་འདྲར་བཞགས་ནས་ནི།། ཞེས་བྱ་བའོ།། དེ་ལ་ཡན་ལག་ལ་སོགས་པ་ལས་རྣམ་པར་གྲོལ་བའི་ཚིག་རྣམས་དང་། བདག་ཉིད་འདི་འདྲར་གཞག་ནས་ཞེས་བྱ་བ་འདི་དང་སྦྱར་རོ།། དེ་ལ་མིག་ལ་སོགས་པའི་ཡན་ལག་ལས་རྣམ ་པར་གྲོལ་ཞིང་བྲལ་བ་ནི། ཡན་ལག་ལས་རྣམ་པར་གྲོལ་བའོ།། ཡན་ལག་ལས་རྣམ་པར་གྲོལ་བའི་བདག་དེ་བཞག་ནས་ཞེས་བྱ་བའི་ཚིག་འོག་མ་རྣམས་དང་ཡང་དེ་བཞིན་དུ་སྦྱོར་རོ།། ཡན་ལག་ལས་རྣམ་པར་གྲོལ་བའི་བདག་དེ་ཡང ་ཅི་འདྲ་བ་ཞིག་ཙཱ་ན། མི་འབྱེད་ཅེས་བྱ་བ་གསུངས་ཏེ། དེ་ལ་ཡན་ལག་ཡོངསུ་སྤངས་པའི་སྒོ་ནས་གཞན་གྱི་རྒྱུད་ལ་གནས་པའི་མིག་དང་རྣ་བ་ལ་སོགས་པའི་རྣམ་པར་ཤེས་པས་ཀྱང་མི་འབྱེད་ཅིང་མི་འཛིན་པས་ན་མི་འབྱེད་པ་སྟེ། གཟུ་མེད་ཅེས ་བྱ་བའི་ཐ་ཚིགྲོ།། ད་ནི་གཟུན་མེད་པ་ལ་སོ་ཌཱི་པའི་ངོ་ཉིད་ཀྱི་བདག་སྟེ་གཟུཊ་ལ་སོ&་པ་ལ་དམིགས་པ་དགག་པའི་ཕྱིར། འབྱེད་པ་རྣམ་པར་སྤངས་ཞེས་བྱ་བ་གསུངསོ།། དེའི་དོན་འདི་ལྟ་སྟེ། མིག་ལ་སོགས་པའི་ཡན་ལག་ཡོངསུ་སྤངས་པ་ཉིད ་ཀྱིས། མིག་ལ་སོགས་པས་བསྐྱེད་པའི་རྣམ་པར་ཤེས་པ་དམིགས་པར་བྱེད་པ་རྣམས་མེད་དོ།། མེད་པས་ན་གཟུགས་ལ་སོགས་པ་དབྱེ་བ་རྣམས་ལ་འདིས་དམིགས་པ་སྤངས་པའི་ཕྱིར། འབྱེད་པ་རྣམ་པར་སྤངས་པ་སྟེ། ་དེ་ལ་འབྱེད་པ་རྣམ་པར་སྤངས་ཞེས་བྱ་བ་སྔ་མ་བཞིན་དུ་སྦྱར་རོ།། དེས་ནི་ཡན་ལག་རྣམ་པར་གྲོལ་བས་ན། བདག་གཟུགས་ལ་སོགས་པའི་རང་བཞིན་ཡང་མ་ཡིན། གཟུགས་དང་སྒྲ་ལ་སོགས་པ་ལ་དམིགས་པར་བྱེད་པའི ་རང་བཞིན་ཡང་མ་ཡིན་ཞེས་བཤད་པར་འགྱུརརོ།། དེ་ལྟ་བུའི་བདག་གི་རང་བཞིན་འང་བཅོམ་ལྡན་འདས་ཀྱིས་ཁ་ཅིག་ཏུ་ནི་གཉི་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་དེ་བཤད་པ་ལ། མོས་པའི་སེམས་ཅན་རྣམས་ལ་བསྟན་ཏོ།། འདིར ་ནི་བདག་གི་དེ་ཁོ་ན་ཉིད་ཀྱི་རང་བཞིན་དུ་བསྟན་ཏེ། དེ་ལྟ་བུའི་སྒྲ་ཐོས་པ་ཙམ་གྱིས་འདུལ་བའི་འགྲོ་བ་བསྡུ་བའི་སྒོ་ནས་བཤད་པར་མངོན་ནོ།། དེ་ལ་འདི་སྙམ་དུ་སེམས་པ་དག་ཀྱང་ཡོད་དེ། གལ་ཏེ་བདག་གི་དེ་ཁོ་ན་ཉིད་པོ ་འདི་བདག་རང་ཕྱི་རོལ་གྱི་གཟུགས་ཀྱི་རང་བཞིན་ཡང་མ་ཡིན་ཕྱི་རོལ་གྱི་གཟུགས་ལ་དམིགས་པའི་རང་བཞིན་ཡང་མ་ཡིན་དུ་ཟིན་ཀྱང་། གང་རྨི་ལམ་གྱི་རྣམ་པར་ཤེས་པ་དང་འདྲ་བར་ནང་གི་འཁྲུལ་པ་ལས་ཕྱི་རོལ་གྱི ་དོན་སྣང་བ་སྟེ། འདིར་སུས་བཀླག་ཅེས་གང་རྒོལ་བ་དེའི་ལན་དུ་ཕྲ་བ་ཞེས་གསུངསོ།། དེ་འདི་ལྟར་དགོངས་ཏེ། ཙྭི་ཙམ་དུ་ནང་གི་རྒྱུད་འཁྲུལ་པ་འམ། ཕྱི་རོལ་གྱི་དོན་གྱི་དབང་གིས་དྲོན་གྱིས་རྣམ་པར་སྣང་བ་དེ་ཙམྦ་དུ ་བདག་ཅེས་བྱ་བ་ཤེས་པའི་རང་བཞིན་དེ་རག་སོ།། དེ་མེད་པ་ནི་རྣམ་པ་ཐམས་ཅད་དུ་རྣམ་པར་གྲོལ་བ་ཕྲ་བའི་དངོས་པོ་ཉིད་ཡིན་པར་མངོན་ནོ།། ད་ནི་བདག་གི་དེ་ཁོ་ན་ཉིད་ཡེ་ཤེས་ཀྱི་རང་བཞིན་ཏེ། ཞུམ་པ་དང་རྒོད་པ་མེད ་པར་བསྟན་པ། མི་གཡོ་གསལ་བ་སྟེ་ཞེས་བྱ་བ་གསུང་ས།། དེ་ལ་མི་གཡོ་བ་ནི་མི་འགུལ་བ་མི་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ།། འདིས་ཀྱང་ཤེས་རབ་རྒོད་པའི་རྣལ་འབྱོར་པ་ཆོས་རྣམ་པར་འབྱེད་པའི་རྣམ་པར ་རྟོག་པ་གོམས་པར་བྱས་པའི་སེམས་གཡོ་བ་མ་ཞི་བའི་མཚན་ཉིད་རྒོད་པ་དགག་པ་གསུངསོ།། དེ་བས་ན་སེམས་མི་གཡོ་བ་ནི་ལམ་ལ་ཉེ་བར་ཞི་བ་ཡིནོ།། ཞེས་བཤད་དོ།། དེ་བཞིན་དུ་གསལ་བ་ཞེས་བྱ་བ་ནི་དང་བ་སྟེ། རྨུགས་པ ་ལ་སོགས་པའི་ཉེས་པ་དང་བྲལ་ཞེས་བྱ་བའི་ཐ་ཚིག་གོ། འདིས་ཀྱང་ཞི་གནས་གཅིག་པོར་སོང་བའི་རྣལ་འབྱོར་པ་ཆོས་རྣམ་པར་དབྱེ་བའི་དུས་ན་ཡང་གང་ཧ་ཅང་མཉམ་པར་བཞག་ཅེས་པ། སེམས་ཞུམ་པའི་མཚན་ཉིད་རྨུག་པ ་ཆོས་རྣམ་པར་འབྱེད་པའི་མི་མཐུན་པའི་ཕྱོགསུ་འགྱུར་བ་དེ་བཀག་གོ།། དེ་ལྟར་བདག་གི་དེ་ཁོ་ན་ཉིད་ཡན་ལག་མེད་པ། དམིགས་པ་མེད་པ། གཟུགས་མེད་པ། རྣམ་པ་མེད་པ་མི་གཡོ་བ་གསལ་བར་རྗེ་སུ་མྱོང་བ་མཚན་ཉིད་ཡིན་ཡང ་རྣམ་པར་དབྱེད་པའི་ལམ་མ་སྤངས་པ་ཉིད་དུ་འདོད་པས། བློ་ཡི་དཔྱོད་པ་མདུན་ན་གནས་ཞེས་བྱ་བ་གསུངསོ།། བློ་ན་ཤེས་རབ་པོའི་དེའི་རང་གི་ཡུལ་ལ་འཇུག་པ་ནི་དཔྱོད་པ་སྟེ། བློའི་དཔྱོད་པའོ།། བློའི་དཔྱོད་པ་དེ་ཤེས་རབ་ཀྱི ་སྣང་བའི་མཚན་ཉིད་དེ། བདག་གི་དེ་ཁོ་ན་ཉིད་གང་ཡིན་པའི་མདུན་ན་གནས་པ་དེ་ནི་བློའི་དཔྱོད་པ་མདུན་ན་གནས་པའོ།། དེས་འདི་སྐད་གསུངས་པར་འགྱུར་ཏེ། རང་གིས་རིག་པའི་རང་བཞིན་དེ་རྣམ་པར་མི་རྟོག་པ་ཡིན་ཡང་ཤེས ་རབ་ཀྱི་སྣང་བ་བདུན་ན་སྤྱོད་པ་ཉིད་དུ་འཇུག་གོ།། ཞེས་བཤད་དོ།། ཤེས་རབ་དེ་བདག་གིས་དེ་ཁོན་ཉིད་དང་ཐ་མི་དད་དུ་བྱིན་ཀྱང་། བདག་གི་དེ་ཁོ་ན་ཉིད་ཀྱི་མདུན་ན་གནས་ཞེས་གསུངས་ཏེ། སྡུང་བའི་དཔེ་བཞིན་ནོ།། དེ་ལྟར་ཅི་མངོན་ཞེ་ན། ་སྣང་བ་མངོན་དུ་བྱས་ནས་མིག་ཅན་གྱི་དངོས་པོ་སྣང་བ་རྣམ་མཐོང་ངོ་ཞེས་བྱ་བ་ལྟ་བུའོ།། དེ་ལྟར་གཟུང་བ་དང་འཛིན་པའི་ཡོངསུ་རྟོག་པའི་རང་བཞིན་ལས་རྣམ་པར་གྲོལ་བ་གཟུགས་མེད་པ་རྣམ་པ་མི་གཡོ་བ་རབ་ཏུ་འོད་གསལ་བ། ་རང་གི་རིག་པའི་རང་བཞིན་བདག་གིས་དེ་ཁོ་ན་ཉིད་བསྟན་ནས་མཇུག་བསྡུ་བའི་ཕྱིར་རོ།། བདག་ཉིད་འདི་འདྲར་བཞག་ནས་ནི། ཞེས་བྱ་བ་གསུངས་ཏེ། འདི་འདྲར་ཞེས་བྱ་བ་ནི་གོང་དུ་སྨོས་པའི་མཚན་ཉིད་ལྟར་རོ།། བཞག་ནས ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་གསལ་བའི་རིགས་པས་བསམས་ནས་ཞེས་བྱ་སྟེ། གསང་སྔགས་ཀྱི་བཟླས་བརྗོད་བྱའོ་ཞེས་འོག་ནས་འཆད་དོ།། ད་ནི་བདག་གི་དེ་ཁོ་ན་ཉིད་དེ་ལྟ་བུ་མངོན་དུ་བྱས ་པའི་སྣང་བ་ལས་ལངས་ནས་ལྷའི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། གསང་སྔགས་རྣམ་པར་ཤེས་པས་བསྒོམ།། བསྡམས་ནས་ཏིང་འཛིན་ལ་གནས།། སྲོག་དང་རྩོལ་བ་རབ་ཏུ་བསྡམས་ཞེས་བྱ་བ་གསུངསོ།། དེ་ལ་གསང ་སྔགས་ཀྱི་རྣམ་པར་རྟོག་པ་དང་བཅས་པ་དང་། རྣམ་པོར་མི་རྟོག་པའི་ཡེ་ཤེས་དང་། སྒྲ་དང་། ཡི་གེ་དང་། ཕྱག་རྒྱ་དང་། གཟུགས་ཀྱི་བྱེ་བྲག་ལས་ལྷ་རྣམ་པ་དྲུག་གོ། དེ་ལྟ་བུའི་གསང་སྔགས་ལ་དམིགས་པའི ་རྣམ་པར་ཤེས་པ་དེ་ནི་གསང་སྔགས་ཀྱི་རྣམ་པར་ཤེས་པ་སྟེ། གསང་སྔགས་ཀྱི་རྣམ་པའི་རྣམ་པར་ཤེས་པ་དེས་སྒོམ་ཞིང་བསྒོམས་པ་ནི་གསང་སྔགས་ཀྱི་རྣམ་པར་ཤེས་པས་བསྒོས་པ་སྟེ། བདག་ཉིད ་ཅེས་བྱ་བའི་སྐབས་དང་འབྲེལ་ཏོ།། དེས་ན་འདི་ལྟར་དགོངས་ཏེ། ནམ་རྣམ་པར་མྱི་རྟོག་པའི་རང་བཞིན་བདག་གི་དེ་ཁོ་ན་ཉིད་དེ་ལས་ལྡང་བར་འདོད་པར་གྱུར་པ་དྲ་ན། ལྷའི་རང་བཞིན་རྣམ་པ་དྲུག་པོ་དེ་བདག་བསྒོས་ནསྭ། ལྷའི་དེ ་ཁོ་ན་ཉིད་ཀྱི་གཟུགསུ་བྱའོ་ཞེས་དགོངས་པའོ།། དེ་ལ་ལྷའི་ངོ་བོ་ཉིད་ཀྱིས་བསྒོ་བའི་ཚུལ་ཡང་འདི་ལྟ་སྟེ། ཇི་ལྟར་བདག་གི་དེ་ཁོ་ན་ཉི་དྲི་འདི་རྣམ་པར་མི་རྟོག་ཅིང་རྣམ་པ་མེད་པ། ཕྱོགས་ཐམས་ཅད་དུ་ཁྱབ་པ་དེ་བཞིན་དུ། བདག ་འདོད་པའི་གསང་སྔགས་ཀྱང་དེ་བཞིན་ཏེ། དེ་བས་ན་འདི་གཉིས་རྣམ་པ་ཐམས་ཅད་དུ་མཚུངས་པས། ལྷའི་རྣམ་པར་མི་རྟོག་པའི་ཡེ་ཤེས་སྣང་བ་དེ་དག་གི་རྣམ་པར་མི་རྟོག་པའི་བདག་གི་དེ་ཁོ་ན་ཉིད་ཡེ་ཤེས་སྣང་བའི་ནང་དུ ་འདུས། བདག་གི་ཡང་ཆུ་དང་འོ་མ་བཞིན་དུ་འདུས་པས་ན། བདག་ཅག་གཉིས་གཅིག་གོ་ཞེས་ཡོངསུ་བརྟགས་ཏེ། ཡང་རྣམ་པར་མི་རྟོག་པའི་སྣང་བའི་སྒོ་དེ་ཉིད་དུ་བདག་དང་། ལྷ་གཉིས་གཅིག་པར་ང་རྒྱལ་མངོན་དུ་བྱས་ཏེ། ་སྣང་བ་མེད་པར་གང་གིས་རིག་པ་ཤིན་ཏུ་མངོན་སུམ་དུ་གྱུར་པར་བསམ་གཏན་བྱའོ།། དེ་ལས་ལངས་ནས་གསང་སྔགས་ཀྱི་སྒྲར་རྣམ་པར་བརྟག། དེ་ལས་ཀྱང་གསང་སྔགས་ཀྱི་ཡི་གེའི་རྣམ་པ་ན་མཁའི་ནང་ན་གནས་པ་སྣང་བར ་བསམ་པར་བྱའོ།། དེ་དག་ཀྱང་བདག་གི་དེ་ཁོ་ན་ཉིད་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་མངོན་པར་གྱུར་པ་ལ་ཤིན་ཏུ་དག་པའི་དངུལ་ཆུ་གསེར་གྷི་བྱེ་མཱ་ལ་ཞེན་པ་ལྟར་ནང་དུ་འདུས་པར་བསམ་མོ།། དེ་ནས་ཡང་ལྷ་དང་བདག་གི་དེ་ཁོ་ན ་ཉིད་གཅིག་ཏུ་གྱུར་པའི་རང་བཞིན་ཟླ་བའི་བདུད་རྩི་ལས་འོད་ཟེར་རབ་ཏུ་འཕྲོས་པའི་སྒོ་ནས། ལྷག་པའི་ལྷའི་གཟུགས་དང་། བདག་དང་མི་གཉིས་པའི་རྣལ་འབྱོར་གྱི་རབ་ཏུ་གསལ་བར་སྣང་ཞིང་། དེའི་ང་རྒྱལ་དུ་མངོན་པར ་བསྒོམ་མོ།། བསམ་གཏན་གྱི་རྣམ་པར་རྟོག་པ་དེ་ལས་ཀྱང་ལངས་ནས། འཚོགས་མ་དང་སྤྱི་གཙུག་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས་ཡན་ལག་དང་བཅས་པར་བྱས་ལ། རྣམ་པར་རྟོག་པ་དང་བཅས་པའི་ལྷར་བསྒོམ་མོ།། འདི ་ནི་རེ་ཞིག་སྤྱིའི་གསང་སྔགས་ཀྱི་རྣམ་པར་ཤེས་པ་བསྒོམ་པའི་རིམ་པའོ།། གང་ཁ་ཅིག་ཏུ་རྣམ་པ་གཞན་དུ་གསུངས་པ་དེ་དག་དུ་ཡང་དེ་བཞིན་དུ་སྦྱར་བར་བྱའོ།། ད་ནི་གསང་སྔགས་རྣམ་པ་དྲུག་པོ་དེ་དག་ཉིད་ཀྱི་རྣམ་པར་ཤེས་པས ་བསྒོ་བ་ནི་སེམས་དཔའི་མཚན་ཉིད། བསམ་གཏན་གྱི་ལྷའི་གཟུགས་དང་བདག་མི་གཉིས་པར་ཇི་ལྟར་བསམ་པའི་ཏིང་ངེ་འཛིན་མངོན་དུ་བྱས་པས། ཡུན་རིང་དུ་དམིགས་ཤིང་གསལ་བར་སྣང་བར་བྱ་བ་བསྟན་པ། བསྡམས་ནས ་ཏིང་འཛིན་ལ་གནས་ཞེས་བྱ་བ་གསུངས་ཏེ། འདིར་ཡང་བདག་ཅེས་བྱ་བ་དང་འབྲེལ་ཏེ། དེ་བས་ན་བདག་བསྡམས་ནས་ཏིང་འཛིན་ལ་གནས་པར་བྱའོ།། ཞེས་བྱ་བར་འགྱུར་རོ།། དེ་ལ་བདག་བསྡམས་པ་ནི་དྲན་པ་སྲོག་དང་རྩོལ་བར་ལྡན ་པར་ཇི་ལྟར་ཏིང་འཛིན་དུ་བྱ་བའི་ལྷའི་གཟུགས་ལས་གཞན་དུ་མེ་འཕྲོ་བའོ།། ཏིངངེ་འཛིན་ལ་གནས་ཞེས་བྱ་བ་ནི། ཏིང་ངེ་འཛིན་རྩེ་གཅིག་ཏུ་དམིགས་པའི་མཚན་ཉིད་ལ་མཉམ་པར་ལྡན་པའི་སྒོ་ནས་གནས ་པས་ན་ཏིང་འཛིན་ལ་གནས་ཏེ། བདག་གིས་བྱེ་བྲག་ལ་བྱའོ།། དེ་ནས་འདི་ལྟར་དགོངས་ཏེ། རྣམ་པ་གཉིས་ཀྱི་ལྷའི་གཟུགས་བདག་དང་མི་གཉིས་པའི་རྣལ་འབྱོར་བསྐྱེད་པ་ནི་འདི་ལྟ་སྟེ་བསམ་གཏན་དང་ཏིང་འཛིན ་གྱིསོ།། དེ་ལ་བསམ་གཏན་ནི་སེམས་པའི་མཚན་ཉིད་དེ་དང་པོར་བསམ་པར་བྱ་བའི་དངོས་པོའི་རང་གི་གཟུགས་ལ་རྟོག་པའི་རང་བཞིན་ནོ།། ཏིང་འཛིན་ནི་བསམ་གཏན་གྱིས་བརྟགས་པའི་དངོས་པོའི་རིང་བཞིན་ཡུལ་དུ་གྱུར་པ་ལས་རྣམ ་པར་རྟོག་པའི་རབ་ཏུ་སྤྲོས་པ་དང་བྲལ་བ་རྩེ་གཅིག་ཏུ་དམིགས་པ་རྣམ་པར་མི་རྟོག་པའི་རང་བཞིན་བརྗོད་པ་མེད་པ་དོན་ཙམ་དུ་ཡུལ་དུ་གྱུར་པའི་རང་བཞིན་ནོ།། དེ་བས་ན་དང་པོ་ཁོ་ནར་གསང་སྔགས་རྣམ་པ་དྲུག་གི་ཡི་གོས་རྣམ་པར ་ཤེས་པ་བསྒོམས་པ་སེམས་པའི་མཚན་ཉིད་བསམ་གཏན་གྱིས་བདག་གི་དེ་ཁོ་ན་ཉིད་པོ་དེ་ལྷའི་གཟུགསུ་རྣམ་པར་བརྟག་ནས། ཡང་ཇི་ལྟར་ལྷའི་གཟུགསུ་བསམས་པའི་བདག་ཉིད་དེ་དང་། རྣམ་པ་གཅིག་པར་ཏིང་འཛིན་གྱིས་ཤིན ་ཏུ་བསྒོམས་པས། གསལ་བར་བྱ་བར་ཏིང་འཛིན་ལ་གནས། ཞེས་བྱ་བའི་ཚིག་གི་བསྟན་ནོ།། ཏིང་འཛིན་ལ་གནས་པའི་ཚེ། བདག་ཉིད་བསྡམས་པའི་ཚིགས་བཅད་དགོད་པར་མངོན་ཏེ། བསམ་གཏན་དུ་འཇུག་པ་ན་ཡང་དག་བསྡམས ་དགོས་མེད་ཀྱི་འོན་ཀྱང་ཇི་ལྟར་ཏིང་འཛིན་མངོན་དུ་བྱེད་པའི་ཚེ། བདག་བསྡམས་པར་འདོད་པ་དེ་ལྟར་བསམ་གཏན་མངོན་དུ་བྱེད་པའི་ཚན་མ་ཡིན་ན།། དེ་ཅིའི་ཕྱིར་ཞེ་ན། བསམ་གཏན་གྱི་མཚན་ཉིད་ནི་བསམ་པའི་དངོས་པོ་ལ་ཐོག་མ་ཉིད་དུ ་རྟོག་པའི་སེམས་པའི་རྣམ་པ་ཅན་དུ་འདོད་དེ། དེ་བས་ན་བསམ་གཏན་ནི་བདག་ཉིད་སྣ་ཚོག་སུ་རྣམ་པར་རྟོག་པའི་རང་བཞིན་ཡིན་པས་དེ་ལ་བདག་བསྡམ་པར་མ་བྱས་ཀྱང་། སྣ་ཚོག་སུ་རྟོག་པ་སེམས་པའི་རང་བཞིན་གྱི་བསམ་གཏན་ནི ་ཐམས་ཅད་དུ་མེད་པར་མི་འགྱུར་རོ།། ཏི་འཛིན་ནི་བསམ་གཏན་གྱིས་རྣམ་པར་རྟགས་ནས་ངེས་པའི་དངོས་པོ་ལ་དམིགས་པ་སྟེ། ཏིང་འཛིན་ནི་སེམས་རྩེ་གཅིག་པ་ཞེས་བཤད་པའི་ཕྱིར། དེ་རྣམ་པ་གཅིག་པ་ཉིད་དོ།། དེ་བས་ན་བདག་གི་དེ ་ཁོ་ན་ཉིད་ལ་བསྡམས་ནཱ། ཇི་ལྟར་ཏིང་འཛིན་དུ་བྱ་བའི་ལྷའི་དེ་ཁོ་ན་ཉིད་བདག་ཏུ་གྱུར་པ་ལས་གཞན་པ་གུང་དུ་ཡིད་འགྲོ་བས་རྩེ་གཅིག་ཏུ་མི་འགྱུར་ཏེ། དེ་བས་ན་བསྡམས་ནས་ཏིང་འཛིན་ལ་གནས་ཞེས་གསུངསོ།། བསྡམས ་ཞེས་སྨྲས་པ་དེ་ཡང་ཇི་ལྟར་བསྡམས་པར་བྱ་བ་མི་ཤེས་ཏེ། དེ་བས་ན། སྲེག་དང་རྩོལ་བ་རབ་ཏུ་བསྣམས་ཞེས་གསུངསོ།། དེ་ལ་སྲོག་དང་རྩོལ་བ་ནི་དེ་ལ་སྲོག་དང་རྩོལ་བ་སྟེ། ལྷའི་དེ་ཁོ་ན་ཉི་ལ་བདག་ཉིད་ཏིང་འཛིན་དུ ་གནས་པས་ན། དེ་གཉིས་བསྡ་མས་དེ་ལ། སྲོག་རྩོལ་བ་རབ་ཏུ་བསྡམས་པའི་བདག་ཅེས་བྱའོ།། དེ་ལ་སྲོག་ཅེས་བྱ་བ་ནི་མིག་དང་རྣ་བ་དང་སྣ་དང་ཁ་དང་ལྟེ་བ་དང་། སྐྱེས་པ་དང་། བུད་མེད་ཀྱི་དབང་པོ་དང་། མི་གཙང་བའི ་ཁུང་བུ་དང་། སྐྲ་དང་བ་སྤུའི་བུ་ག་ནས་འབྱུང་བ་དང་། འཇུག་པའི་མཚན་ཉིད་ཀྱི་རླུང་སྟེ། དེ་བསྡམས་པ་ཡང་སྐབས་འདིར་འབྱུང་བ་དང་འཇུག་པ་དགག་པའོ།། དེ་ནི་བདག་གི་ལུས་ལྷའི་སྐུའི་དེ་ཁོ་ན ་ཉིད་གཉིསུ་མེད་པ་ཇི་ལྟར་བསམས་པའི་གནས་ཇི་ལྟ་བ་བཞིན་དུ། རླུང་འཇུག་པ་དང་འབྱུང་བ་རྣམ་པར་དགག་པ་གྱེན་དུ་འདྲན་པའི་རླུང་གིས། རུ་སྦལ་གྱི་ལུས་བསྐུམ་པ་དང་། ལྕེ་ཡིས་ཆུ་བཏུང་བའི་ཚུལ་དུ་བསྡུས་ཏེ། ཇི་ལྟར་བསམས ་པའི་ལྷའི་སྐུ་དེ་ཁོ་ན་ཉིད་དང་། བདག་གི་ལུས་གཉིསུ་མེད་པར་གྱུར་པའི་ནང་དུ་ཏིང་འཛིན་ནམ། བཟླས་བརྗོད་མ་རྫོགས་ཀྱི་བར་དུ་འམ། ཅི་ནུས་པར་གཟུང་།། ཞེས་དེ་སྐད་བཤད་པ་ཡིན་ནོ།། རྩོལ་བར་ནི་དྲན་པར་གསུངས་ཏེ། ་དེ་བསྡམས་པ་ཡང་བཟླས་བརྗོད་ཀྱི་དུས་མ་རྫོགས་ཀྱི་བར་དུ་འམ། ཅི་ནུས་པར་ཇི་ལྟར་བསམ་པའི་ལྷ་ཉིད་ཀྱི་གཟུགས་ལས་གཞན་པ་གུང་དུ་དམིགས་དགག་པ་སྟེ། འདི་དེ་ལྟར་ཅི་མངོན་ཞེ་ན་སྲོག་ཅེས་བྱ་བ་རླུང་དུ་བཤད། རྩོལ ་བས་དྲིན་པ་ཞེས་བྱའོ།། ཞེས་གཞན་དག་ལས་གསུངསོ།། ཡང་ན་ཇི་སྐད་སྨོས་པའི་མཚན་ཉིད་ཀྱི་སྲོག་སྔ་མའི་རིམ་པ་ཉིད་ཀྱིས་ཀུན་ཏུ་བསྡམས་པ་རྒྱུན་བཅད་ཅིང་། འགོག་པ་ནི་སྲོག་རྩོལ་བ་ཞེས་བྱ་སྟེ། སྲོག་རྩོལ་བ་དེས་བདག་ཤིན ་དུ་བསྡམས་པ་ནི་སྲོག་རྩོལ་བ་རབ་ཏུ་བསྡམས་པའོ།། ཕྱོགས་འདིར་ཡང་བདག་ཅེས་བྱ་བའི་སེམས་བསྡམས་པ་ཉིད་ཀྱིས། དྲན་པ་བསྡམས་པར་རིག་པར་བྱའོ།། དེ་ལྟར་ཅི་མངོན་ཞེ་ན། སེམས་རྒྱལ་པོ་དྲན་པ་དང་ཏིང་འཛིན་དང ་ཡིད་ལ་བྱེད་པ་ལ་སོགས་པའི་འཁོར་གྱིས་བསྐོར་བ་སྲོག་གི་རྟ་ཞོན་པ་ཉིད་དུ་འདོད་དེ། སྲོག་གི་རྟ་དེ་བཟུང་ནི། སེམས་རྒྱལ་པོ་འཁོར་དང་བཅས་པ་ངེས་པར་བཟུང་བར་འགྱུརརོ།། འདི་ལྟར་གཞན་དག་ལས་ཀྱང་། སྲོག་འགོག་པ་སྟེ། ་དེ་བཀག་པས་དྲན་པ་དང་། བློ་དང་ཡིད་ལ་བྱེད་པ་ལ་སོགས་པ་དང་བཅས་པའི་བདག་གི་སེམས་ངེས་པར་བཟུང་བར་འགྱུ་རོ་ཞེས་གསུང་སོ།། དེ་བས་ན་དེ་ལྟར་རྣམ་པར་ཤེས་པ་གསང་སྔགས་པ་དྲུག་གི་རྣམ་པ་བསྒོམས་པས་ལྷའི་དེ་ཁོ་ན་ཉིད་ཅེས ་བྱ་བ། ལྷའི་གཟུགསུ་བདག་མངོན་པར་བསྒྱུར་ལ། སྲོག་དང་རྩོལ་བ་འགོག་པ་སྔར་བྱས་ཏེ། ཏིང་འཛིན་དུ་གནས་པར་བྱས་ནས། བཟླས་བརྗོད་ཀྱི་ཡན་ལག་བཞི་ལ་སོགས་པ་འོག་ནས་འཆད་པ་ཐམས་ཅད་འདིར་བྱའོ།། ཞེས་བསྟན་པ་ཐ ་ཚིག་གོ།། དེ་བཞིན་གཤེགས་པ་ལ་སོགས་པ་བཟླས་བརྗོད་ཀྱི་ཡན་ལག་བརྟག་པ་ཡང་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་འདི་ཉིད་དུ་སྔར་བསྟན་ཏེ། དེ་བས་ན་གཞུང་འདི་ནི་བསམ་གཏན་ཕྱི་མ་རིམ་པར་ཕྱེ་བ་ཞེས་བསྒྲག་སྷོ།། འདི་ལྟར་མིང་བཤད་པ་ནི ་ཡན་ལག་བཞིའི་འོག་ཏུ་བསམ་གཏན་གྱི་ཕྱིར་བཤད་པས་ན་བསམ་གཏན་ཕྱི་མའི་རིམ་པར་ཕྱེ་བ་ཞེས་བྱའོ།། དེར་གང་གསུངས་པའི་ལྷག་མ་བཟླས་བརྗོད་དང་མེ་ལ་གནས་པ་ལྀ་སོགས་པའི་སྒྲའི་བསམ་གཏན་རིག་སྔགས་དང་གསང་སྔགས ་ཀྱི་ཐབས་ཞེས་བྱ་བ་ཡན་ལག་དང་བཅས་པ་དེ་འདིར་བཤད། དེ་བས་ན་སྒྲ་དང་སེམས་དང་གཞི་ལ་སོཌ་པ~ཾ་བཟླས་བརྗོད་ལ་སོ། པཱི་ཡན་ལག་རྣམས་ཀྱི་མཚན་ཉིད་ཀྱི་ཚིག་འདིར་མ་བཤད་པ་ནི་འདི་ལྟར་སྒྲ་དང་སེམས་ལ་སོགས་པ་བཤད་པ་ཐོག་མ་ཉིད་དུ་རྒྱུད ་འདིར་བཤད་ཟིན་པའི་ཕྱིར་རོ།། ཞེས་བྱ་བའི་ཐ་ཚི་གོ། དེར་འདི་དག་གི་མཚན་ཉིད་བཤད་པ་ཡང་སྒྲ་ནི་སྔགས་ཀྱི་ཡི་གེའོ།། སེམས་ནི་སྔགས་ཀྱི་གཞི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་པའོ།། གཞི་ནི་དེ་བཞིན ་གཤེགས་པའི་སྐུའི་རང་བཞིན་ནོ།། གཞི་གཉིས་པ་ནི་རང་གི་ལྷའི་གཟུགསོ།། གཞན་ཡང་སྲོག་དང་རྩོལ་བ་དང་། སླར་སྡུད་པ་ལ་སོགས་པའི་མཚན་ཉིད་གང་ཡིན་པ་དེ་དག་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་འདི་ཉིད་དུ་སྔར་བཤད་ཟིན་པས་དེ་དང་འབྲེལ་པ ་བསམ་གཏན་ཕྱི་མོ་ཞེས་བྱ་བ་རིམ་པར་ཕྱེ་བ་འདར་དེ་དག་གི་མཚན་ཉིད་མ་གསུངས་པར་ཤེས་པར་བྱའོ།། ཇི་ལྟར་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ལས་བཤད་པ་ཡི་གེ་བྱང་ཆུབ་སེམས་ཡིན་ཏེ། གཉིས་པ་ལ་ནི་སྨྲ ་ཞེས་བྱ།། གཞི་ནི་རང་གི་ལྷ་བཞག་པར།། རང་གི་ལུས་ལ་བྱ་བ་ཡིན།། གཉིས་པའི་གཞི་ནི་ཞེས་བྱ་བ།། རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག། སྲོག་ཅེས་བྱ་བ་རླུང་དུ་བཤད།། རྩོལ་བ་དྲན་པ་ཞེས་བྱའོ།། ཞེས་བྱ་བ་ལ་སོགས་པ་ལྟ ་།། དེ་བཞིན་དུ་འདིར་ཡང་གཞི་ལ་སོགས་པ་དེ་དག་གི་མཚན་ཉིད་སྔར་བཤད་ཟིན་པར་བལྟའོ།། དེར་ཡང་ལྷ་ཉིད་ཀྱི་རྣལ་འབྱོར་བྱས་པའི་སྔགས་པས། མདུན་དུ་དེ་བཞིན་གཤེགས་པའི་སྐུའི་ནང་དུ་བཞུགས་པའི་ཟླ་བའི་དཀྱིལ་འཁོར་ལ་གསང ་སྔགས་ཀྱི་ཡི་གེ་བཞག་པ། སྔར་བྱས་པའི་བཟླས་བརྗོད་ཀྱི་ཆོ་ག་ནི་གསུངས་ན། ཡིད་ཀྱིས་བརྗོད་དམ་གཤིབས་ཏེ་བརྗོད་པ་ན་ཡན་ལག་བཞི་རྣམས་ལས། ཡན་ལག་གང་ལ་དམིགས་ཤིང་གསང་སྔགས་བརྗོད་པར་བྱ་བ་དག་བྱེ་བྲག་ཏུ ་མ་ཕྱེའོ།། དེ་བཞིན་དུ་བཟླས་བརྗོད་མེད་པར་ཡང་བསམ་གཏན་ཉིད་ཀྱིས་གསང་སྔགས་འགྲུབ་པ་དང་། རྣལ་འབྱོར་དང་ཐར་པ་ཐོབ་བོ།། ཞེས་བྱ་བ་འདི་ཡང་དེར་གསུངས་ན། ཇི་ལྟར་ན་དེ་རྣམས་བསམ་གཏན་ཉིད་ཀྱིས་བཟླས་བརྗོད་ལ་མི ་བལྟོས་པར་དངོས་གྲུབ་ལ་སོགས་པ་སྟེར་བར་མ་གསུངས་པས། དེ་ལ་ཇི་ལྟར་ཡན་ལག་བཞིའི་གསང་སྔགས་བརྗོད་པའི་ཚེ། སོ་སོར་ངེས་པོའི་ཡན་ལག་ལ་དམིགས་པ་དང་། ཇི་ལྟར་བསམ་གཏན་ཉིད་ཀྱིས་གསང་སྔགས་རྣམས་དངོས ་གྲུབ་དང་། རྣལ་འབྱོར་དང་ཐར་པ་སྟེར་བར་འགྱུར་བ་དེ་བཤད་པར་བྱའོ།། དེ་ལ་ཡང་རེ་ཞིག་བཟླས་བརྗོད་ཀྱི་ཡན་ལག་བཞི་རྣམས་ཀྱི་གསང་སྔགས་བརྗོད་པའི་ཚེ། བཟླས་བརྗོད་བྱེད་པས་རྣམ་པ་གསུམ་གྱིས་དམིགས་པ་ངེས་པར་བསྟན་པ་ནི། ་དེ་ལ་ལྷ་ཉིད་དུ་བདག་རྣལ་འབྱོར་བྱས་པའི་ཟློས་པ་པོས་མདུན་ན་བཞུགས་པའི་དེ་བཞིན་གཤེགས་པའི་ཐུག་ཀ་ན་གནས་པའི་ཟླ་བ་ལ་བཀོད་པའི་གསང་སྔགས་ཀྱི་ཡི་གེ་ལ་ངེས་པར་དམིགས་ནས། གསང་སྔགས་བརྗོད་པ་དེ་བསྟན་པའི་ཕྱིར། ་སྒྲ་དང་སེམས་དང་གཞི་ལ་གཞོལ།། གསང་སྔགས་མི་འགྱུར་གཞི་ལ་གནས།། ཡན་ལག་མ་ཉམས་གསང་སྔགས་བཟླས།། ངལ་ན་བདག་ལ་ངལ་སོས་ཤིག། ཅེས་གསུངསོ།། དེ་བཞིན་དུ་གཞི་སྔ་མ་བཞིན་ཡན་ལག་བཞི་བཀོད་པ་དེ ་བཞིན་གཤེགས་པའི་གཞིའི་ཐུགྶ་ཀཱ་ན་གནས་པའི་གསང་སྔགས་ཀྱི་ཡི་གེ་དང་བཅས་པའི་ཟླ་བའི་དཀྱིལ་འཁོར་ལ་སེམས་པ་ལས། ཡིད་ཀྱིས་སླར་བསྡུད་པའི་སྦྱོར་བས་བདག་རང་གི་ལྷའི་སྐུའི་ཐུགས་ཀ་ན་འདུག་པའི་ཟླ་བ་ལ་གནས་པའི་གསང ་སྔགས་ཀྱི་ཡི་གེ་ལ་དམིགས་ཤིང་སྔགས་བརྗོད་པ་ངེས་པ། མི་འགྱུར་བ་དང་ཡི་གེར་ལྡན།། གཞི་ལ་གཞིར་གྱུར་དེ་བཞིན་ཏེ།། རང་སྔགས་ཕྱིར་ནི་གང་བརྟགས་པ།། ཡིད་ཀྱི་དག་པ་བསམ་པར་བྱ།། ཞེས་བྱ་བ ་གསུངསོ།། དེ་བཞིན་དུ་ཡན་ལག་བཞིའི་དགོངས་པ་བྱས་པ་ཉིད་ཀྱིས་གསང་སྔགས་ཀྱི་སྒྲ་ལ་དམིགས་ཤིང་།། གསང་སྔགས་བརྗོད་པའི་ཆོ་ག་ཡང་།། སླར་སྡོད་པ་ཡིས་བསྡམས་ནས་ནི།། སྲོག་དང་རྩོལ་བ་བསྡམས་པའི་ཡིང་།། ་སྔགས་རིག་པས་ནི་སྔགས་ལ་སྦྱར།། ཡིད་ཀྱི་བཟླས་བརྗོད་བརྩམ་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུངསོ།། འདི་ནི་རེ་ཞིག་ཡན་ལག་བཞི་རྣམས་ལ་དམིགས་པ་རབ་ཏུ་དབྱེ་བའི་ཚིགསུ་བཅད་པ་རྣམས་བསྡུས་པའི་དོན་ཏོ།། ཡན་ལག ་གི་དོན་བསྟན་པ་ནི་སྒྲ་དང་སེམས་དང་གཞི་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་གཞོལ་བར་གསང་སྔགས་བཟླས་བརྗོད་བྱའོ།། ཞེས་བྱ་བ་དང་འབྲེལ་ཏེ། གང་དུ་གཞོལ་ཞེ་ན། སྒྲ་དང་སེམས་དང་གཞི་ལ་གཞོལ་ཞེས་སྨྲས་པའོ།། དེ་ལ ་སྒྲ་ཞེས་བྱ་བ་ནི་གསང་སྔགས་ཀྱི་ཡི་གེའི་འཕྲེང་བའོ།། སེམས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པའོ།། གཞི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་གཞིའོ།། གཞོལ་ཞེས་བྱ་བ་ནི་ཟློས་པ་པོའི་ཕྱེ ་བྲེག་སྟེ། དེ་བས་ན་ཟློས་པ་པོ་སྒྲ་ལ་སོགས་པ་ལ་གཞོལ་བ་ནི་རྒྱུན་མ་ཆད་པར་དམིགས་པའི་སྒོ་ནས་ཞེན་པའོ།། འདིས་ནི་མདུན་དུ་བསམས་པའི་དེ་བཞིན་གཤེགས་པ་གཞིའི་ཐུགས་ཀ་ན་གནས་པའི་གསང་སྔགས་ཀྱི་ཕྲེང་བ་དང་བཅས ་པའི་ཟླ་བའི་གཟུགས་བརྙན་ལ་དམིགས་ཤིང་གསང་སྔགས་བཟླས་བརྗོད་བྱ་བར་བསྟན་ཏེ། སྒྲ་དང་སེམས་དང་གཞི་སྨོས་པ་ནི་ཚིག་གི་རིམ་པའི་གོ་རིམས་བཞིན་ནོ།། དེ་བས་ན་དུས་གཅིག་ཏུ་ཡང་དམིགས་པ་འདི་སུམ་རིམ་པ་འདི་ཉིད་ཀྱི། ་དམིགས་པར་བྱའོ།། ཞེས་བྱ་བའི་ཐ་ཚིག་གོ།། གསང་སྔགས་མི་འགྱུར་གཞི་ལ་གནས་ཞེས་བྱ་བ་ནི་དེ་ལ་ཤིན་ཏུ་བསྒོམས་པའི་ཕྱིར་རང་གི་སྣང་བའི་རང་བཞིན་ལས་མི་ཉམས་ཤིང་མི་གཡོ་བས་ནཱི་མི་འགྱུར་བ་སྟེ། བདག་གིས་ཤིན་ཏུ ་བསྒོམས་པའི་རང་གི་ལྷ་ཉིད་ཀྱི་གཞི་ལ་བྱའོ།། མི་འགྱུར་བ་དང་གཞི་ཡང་དེ་ཡིན་པས་ནི་མི་འགྱུར་བའི་གཞིའོ།། སྒྲ་དང་ཡི་གེ་ལ་སོགས་པ་རང་བཞིན་གྱི་གསང་སྔགས་མི་འགྱུར་བའི་གཞི་ཏི་ངེ་འཛིན་གྱིས་རྟོགས་པའི་གཟུགས ་ཀྱི་སྐུ་ལ་གསང་སྔགས་མི་འགྱུར་བའི་གཞི་ཞེས་བྱའོ།། གཞུ་ཞེས་བྱ་བ་ནི་བདག་དང་གཞན་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་གཞི་དང་དམིགས་པ་དང་། རྟེན་གྱི་སྒོ་ནས་གཞིར་གྱུར་པ་འམ། སྐྱེས་པ་ལ་སོགས་པའི ་གཟུགསུ་ཤེས་ཤིང་རྟོགས་པར་འགྱུར་པའི་སྣོང་བའི་གཞི་ཡིན་པས་ན་གཞིའོ།། གསང་སྔགས་མི་འགྱུར་བའི་གཞི་དེ་ལ་གནས་པའི་རང་གི་ལྷའི་ང་རྒྱལ་དང་ལྡན་པ་ཞེས་བྱ་བ་ནི་ཐ་ཚིག་གོ། གསང་སྔགས་བཟླས་བརྗོད་བྱ། ་ཞེས་བྱ་བ་ནི་གསང་སྔགས་བརྗོད་པ་སྟེ། ཡིད་ཀྱིས་སམ་ཤུབ་བུར་བྱའོ།། ཞེས་བསྟན་ཏོ།། ཡན་ལག་མ་ཉམས་ཞེས་བྱ་བ་ནི་ཟློས་པ་གང་གི་སྒྲ་ལ་སོགས་པའི་ཡན་ལག་ཇི་ལྟར་སྲིད་པའི་ང་རྒྱལ་དང་། དམིགས་པ་གསུམ་མོ ་ཉམས་ཤིང་ཡོངསུ་མ་གཏང་བ་དེ་ཡན་ལག་མ་ཉམས་པ་སྟེ། བཟླས་བརྗོད་ཀྱི་ཡན་ལག་བཞི་ཡོངསུ་མ་བཏང་བ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལ་གསང་སྔགས་ཀྱི་ཡི་གེ་དང་། ཟླ་བའི་དཀྱིལ་འཁོར་དང་། ་དེ་བཞིན་གཤེགས་པའི་སྐུའི་མཚན་ཉིད་ཀྱི་ཡན་ལག་གསུམ་ནི་དམིགས་པའི་ཡོངསུ་མ་བཏང་བའོ།། བཞི་པ་ནི་བདག་གི་ལྷ་ཉིད་ཀྱི་གཞིའི་ཡན་ལག་གང་ཡིན་པ་སྟེ། དེ་ནི་ང་རྒྱལ་དུ་བྱ་བ་ཡོངསུ་མ་བཏང་བ་ཞེས་བྱ་བའི ་ཐ་ཚིག་གོ། བཟླས་བརྗོད་ཀྱི་ཡིན་ལག་བཞི་ལས་དེ་བཞིན་གཤེགས་པའི་གཞི་ལ་སོགས་པའི་ཡན་ལག་གསུམ་ལ་དམིགས་པའི་ཏིང་འཛིན་ལས་ལྡང་བར་བྱ་བའི་ཕྱིར། ངལ་ན་བདག་ལ་ངལ་སོས་ཤིག་ཅེས་བྱ་བ་གསུངས་སོ།། ་དེ་ལ་ངལ་བ་ནི་སྲོག་དང་རྩོལ་བ་བསྣམས་པ་དང་། ཡན་ལག་གསུམ་ལ་དམིགས་ཤིང་གསང་སྔགས་འདོན་པས། ངལ་ན་བདག་གི་རང་བཞིན་ལ་ངལ་སོས་ཤིག་ཅེས་བསྟན་པའོ།། དེ་ལ་བདག་ནི་རྣམ་པར་སྨིན་པའི་རང་བཞིན་གྱི ་ལུས་སུ་འདོད་དོ།། དེ་ལ་ངལ་བས་བ་ནི་གཡེང་བ་སྤུང་པའི་ཕྱིར་ཏེ། རང་གི་ལུས་ལྷའི་སྐུར་བསམ་པ་བཏང་ལ་རང་གི་ལུས་སུ་བསམས་ཏེ། སྡང་ངོ་ཞེས་བྱ་བའི་ཐ་ཚིག་གོ། བཏང་བའི་རིམ་པ་ཡང་འདི་སྟེ། གསང་སྔགས་ཀྱི་ཡི་གེའི ་སྒྲ་ནི་དེའི་ཡིག་འབྲུ་ལ་སེམས་པས་བཏང་ངོ་།། ཡི་གེ་ཡང་དེ་མེད་པའི་ཟླ་བ་ལ་སེམས་པས་སོ།། ཟླ་བའི་དཀྱིལ་འཁོར་ནི་དེ་བཞིན་གཤེགས་པའི་སྐུ་འབའ་ཞིག་ལ་སེམས་པས་སོ།། དེ་ཡང་རང་གི་ལྷའི་སྐུ་འབའ་ཞིག་ཏུ་སེམས ་པས་སོ།། དེ་ཡང་དེའི་ཡི་གེའི་འབྲུ་ལ་སེམས་པས་སོ།། དེ་ཡང་དེའི་སྒྲ་ལ་སེམས་པས་སོ།། དེའི་སྒྲ་ལ་ལྷའི་ཡེ་ཤེས་ཀྱི་སྐུ་ལ་སེམས་པས་སོ།། ཡེ་ཤེས་ཀྱི་སྐུ་ལ་སེམས་པ་དེ་ཡང་། ཆོས་ཀྱི་སྐུ་ལ་སེམས་པས་སོ།། དེ་ཡང་མི་དམིགས ་པའི་བདག་གི་དེ་ཁོ་ན་ཉིད་ལ་བྱའོ།། དེ་ཡང་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པར་སྣང་བ་རྣམ་པར་སྨིན་པའི་ལུས་སུ་སེམས་པ་སྟེ། འདི་ནི་བདག་ལ་ངལ་སོས་ཤིག་ཅེས་བྱ་བའི་ཚིག་གི་དོན་ཏོ།། དེ་ལ་བདག་གི་དེ་ཁོ་ན་ཉིད་ལ་སོགས་པ་དེ་དག ་ཐམས་ཅད་ནན་ཏན་དུ་བྱ་བའི་རིམ་པ་ནི། འདི་སྟེ་བདག་གི་དེ་ཁོ་ན་ཉིད་བསྒོམས་པ་སྔར་བྱས་ཏེ། ལྷ་ཉིད་ཀྱི་ང་རྒྱལ་དུ་བྱས་པའི་ཟློས་པ་པོས་སྔ་མ་བཞིན་དུ་རུས་སྦལ་གྱི་ཡན་ལག་བསྐུམ་པ་དང་། ལྕེ་ཡིས་ཆུ་བཏུང་བ་ལྟར་ལུས ་ཐམས་ཅད་ཀྱི་དབུགས་རྒྱུ་བ་དང་། དབང་པོའི་གྲོང་ནང་དུ་ཕྱོགས་པར་བྱས་ཀྱང་། ཕུག་གི་ནང་ན་གནས་པའི་མི་ཕྱི་རོལ་དུ་བལྟ་བའི་ཚུལ་དུ་མིག་ཟམ་ཟིམ་དུ་བྱས་ཤིང་། གདོང་ཅུང་ཟད་བསྟོད་དེ། རང་གི་གསང་སྔགས་ཀྱི་ཡི་གེ ་འཕྲེང་བ་དང་། ཟླ་བའི་དཀྱིལ་འཁོར་དང་། དེ་བཞིན་གཤེགས་པའི་གཞི་རྣམས་རིམྦི་པ་འདི་ཉིད་ཀྱི་རཱི་མོ་བཏིང་བ་ལ་ཅིག་ཅར་དམིགས་པའི་ཚུལ་དུ་ཡིད་ཀྱི་འོ་མོ་ཤུ་བུར་གསང་སྔགས་བརྗོད་པར་བྱའོ།། བར་བར་དུ་ཡང་ལུས་ཐམས ་ཅད་ཀྱི་རླུང་སྐད་ཅིག་ཙམ་བག་ཡང་སུ་བྱས་ཏེ། དབུགས་དབྱུང་བ་ན། དེ་བཞིན་དུ་རང་གི་ལུས་རང་གི་ལྷ་ཉིད་ཀྱི་རང་བཞིན་དུ་གྱུར་པ་ལ་བལྟས་ནས་ཡང་སྔ་མ་བཞིན་དུ་ཕྱི་རོལ་ཏུ་བཞུགས་པའི་དེ་བཞིན་གཤེགས་པ་ལ་སོགས་པའི ་གླུ་སུམ་ལྔ་དམིགས་ཤིང་དབུགས་དབྱུང་བའི་ལྷའི་མ་ཐོག་ཏྟཱར་དུ་སྒྲོག་དང་རྩོལ་བ་སྟིམ་ཞིང་བཟླས་བརྗོད་དེ་བཞིན་དུ་བྱའོ།། རིམ་བཱ་འདིས་བཟླས་བརྗོད་བཏང་བའི་བར་བཟླས་བརྗོད་བྱས་ལ། སྔར་སྨོས་པའི་རིམ ་པས་རྣམ་པར་སྨིན་པའི་བདག་གི་ལུས་ལ་ངལ་བསོའོ།། དེ་ནི་ཡན་ལག་བཞི་དགོད་པའོ་གོ་རིམས་བྱས་པའི་ཟློས་པ་པོ།། དེ་ཉིད་ཀྱི་གསང་སྔགས་འདོན་པའི་ཚེ། དམིགས་པའི་བྱེ་བྲག་གཞན་བསྟན་ཏེ། དེ་ཡང་གསང་སྔགས་ཀྱི་ཡི་གེ ་བཀོད་པའི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པའི་རིམ་པས་དེ་བཞིན་གཤེགས་པའི་གཞི་ལས། རང་གི་ལྷ་དང་བདག་གཉིསུ་མེད་པའི་གཞི་ལ་སྤྲོའོ།། དེ་ལས་ཀྱང་དེ་བཞིན་གཤེགས་པའི་གཞི་ལ་སྤོ་སྟེ། གསང་སྔགས་ཀྱི་མཐའ་འམ། ་དབུགས་འབྱུང་བའི་མཐའ་ཕྱིར་འབྱུང་བ་དང་སླར་སྡུད་པའི་སྦྱོར་བས་བྱ་བ་སྟེ་བསྟན་པའི་ཕྱིར། མི་འགྱུར་བ་དང་ཡི་གེར་ལྡན།། གཞི་ལས་གཞིར་གྱུར་དེ་བཞིན་ཏེ།། རང་སྔགས་ཕྱིར་ནི་གང་བརྟགས་པ།། ཡིད་ཀྱི་དག་པ་བསམ་པར་བྱ ་ཞེས་བྱ་བ་གསུངས་ཏེ། དེ་ལྔ་ཡིད་ཀྱི་ཞེས་བྱ་བ་ནི། ཡིད་ལོས་བྱུང་བས་ན། ཡིད་ཀྱིས་ཏེ་ཡིད་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་པའི་གནས་སྐབསོ།། ཡིད་ཇི་ལྟ་བུ་ཞིག་ཡིན་ཞེས་ཁྱད་པར་དུ་བསྟན་པའི་ཕྱིར་མི་འགྱུར་བ་དང ་ཡི་གེར་ལྡན་ཞེས་བྱ་སྟེ། དེ་ལ་ཤིན་དུ་བསྒོམས་པའི་ཕྱིར་གསལ་བར་སྣང་བ་ལས་མི་འགྱུར་བས་ན་མི་འགྱུར་བ་སྟེ། ཟླ་བའི་དཀྱིལ་འཁོར་ལ་བཀོད་པའི་གསང་སྔགས་ཀྱི་ཡི་གེ་རྣམས་ལ་བྱའོ།། ཡི་གེ་དེ་རྣམས་ཀྱང་མི་འགྱུར་བ ་ནི་མི་འབྲལ་བ་དང་རྒྱུན་མི་འཆད་པར། རབ་ཏུ་སྣང་བར་ཡིད་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་པ་གང་ཡིན་པ་ལ། སྦྱར་བ་དེ་ནི་མི་འགྱུར་བ་དང་ཡི་གེར་ལྡན་པའི་ཡིད་དོ།། ཡང་དེ་ཉིད་བྱེ་བྲག་དུ་དབྱེ་བའི་ཕྱིར། གཞི་ལས་གཞིར་གྱུར ་ཞེས་བྱ་བ་གསུངས་ཏེ། གཞི་ལས་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཞི་ལས་སོ།། གཞིར་གྱུར་ཞེས་བྱ་བ་ནི་རང་གི་ལྷའི་སྐུ་བདག་གི་བཞིར་གྱུར་པ་སྟེ། ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་པའི་ཡིད་དེ། ་གསང་སྔགས་ཀྱི་ཡི་གེ་དང་བཅས་པར་བདག་གི་གཟུགས་རང་གི་ལྷར་གྱུར་པ་དེའི་སྙིང་གར་བལྟ་ཞིང་དབུགས་དབྱུང་བའི་མཐའི་བར་དུ་བཟླས་བརྗོད་བྱའོ།། དེ་ལས་དེ་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཞི ་ལཱ་བཱལྟའོ།། དེ་ལྔས་ཀྱང་ཡིད་ཀྱི་དེ་སླར་བསྡུས་ཏེ། སྔ་མ་བཞིན་དུ་རང་གི་ལྷའི་སྐུའི་གཞི་ལ་གནས་པར་བྱས་ལྔ་བཟླས་བརྗོད་བྱ་སྟེ། ད་ལྟ་བུར་སེམས་ཤིང་གསང་སྔགས་གདོན་པར་བྱའོ།། ཞེས་བྱ་བའི་ཐ་ཚིག་གོ། ་དེ་བཞིན་ཞེས་བྱ་བའི་སྒྲས་ནི་བཟླས་བརྗོད་ཀྱི་དམིགས་པའི་ཁྱད་པར་གཞན་ཉེ་བར་བསྡུད་པ་བསྟན་ཏོ།། ཡང་ཡིད་ཀྱི་དག་པ་ཞེས་བྱ་བ་དེ་ཉིད་ཀྱི་ཁྱད་པར་བསྟན་ཏེ། དེ་ལ་ཡིད་ཀྱི་དག་པ་ནི་རྣམ་པ་གཉིས་ཏེ། འདོད་ཆགས ་ལ་སོགས་པའི་ཉོན་མོངས་པའི་དྲི་མ་གཡེང་བ་དང་བཙས་པ་རྣམས་ཀུན་ནས་མ་ལངས་པ་དང་། ཟླ་བའི་གཟུགས་བརྙན་གྱི་རྣམ་པར་གྱུར་པའི་གནས་སྐབས་ན་ཡང་། ཀུན་རྫོགས་ཤིང་དྲི་མ་མེད་པར་རབ་ཏུ་སྣང་ངོ་།། གང ་བརྟགས་ཞེས་བྱ་བ་ནི། ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསྒྱུར་ཞེས་བྱ་བའི་ཐ་ཚིག་གོ། རང་སྔགས་ཕྱིར་ཞེས་བྱ་བ་ནི་ཡིད་ཟླ་བའི་གཟུགསུ་བརྟག་པའི་དགོས་པ་བསྟན་ཏེ། རང་གི་གསང་སྔགས་ཀྱི་ཡི་གེའི ་གནས་ཀྱི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། འདི་བསྡུས་པའི་དོན་སྔ་མ་བཞིན་དུ་ལྷའི་དེ་ཁོ་ན་ཉིད་ཀྱི་སྐུ་བདག་གི་གཟུགསུ་གྱུར་པར་བདག་ཉིད་རབ་ཏུ་གོམས་པར་བྱས་ཤིང་དེ་བཞིན་དུ་སྲོག་དང་རྩོལ་པ་བསྡམས་པ་སྔར་བྱས་ཏེ། ཅུང་ཟད་ཅིག ་ཏིང་འཛིན་གྱིས་གསལ་བར་རབ་ཏུ་སྣང་བར་བྱས་ནས་སྲོག་དང་རྩོལ་བ་སྡམས་པ་ཉིད་ཀྱིས་མིག་ཅུང་ཟད་བཙུམས་ཀྱང་ཡིད་སྣང་བ་དང་བཅས་པར་མདུན་དུ་བཏང་ལ་ཧ་ཅང་མི་རིང་བར་བདག་གི་ཚད་ལས་ཅུང་ཟད་མཐོ་བར་དེ་བཞིན་གཤེགས ་པའི་སྐུ་གཟུགས་བརྟགས་དེ་དེའི་ཐུགས་ཀར་གསང་སྔགས་ཀྱི་འཕྲང་བ་ཟླས་བརྗོད་བྱ་བ་ནང་ན་གནས་པས་བརྒྱན་པའི་ཟླ་བའི་དཀྱིལ་འཁོར་རབ་ཏུ་བརྟག་གོ། དེ་ནས་ཟླ་བའི་དཀྱིལ་འཁོར་གྱི་གསང་སྔགས་དང་བཅས་པར་སྔ་མ་བཞིན་དུ་ལུས ་ཐམས་ཅད་ཀྱི་རླུང་སླར་བསྡུ་བའི་ཚུལ་གྱིས་བདག་གི་སྙིང་གའི་ནང་ན་གནས་པར་དབུགས་དབྱུང་བའི་མཐའི་བར་དུ་གསང་སྔགས་འདོན་རེ་རེ་ནས་བརྗོད་པས་བལྟ་ཞིང་བདག་གི་གསང་སྔགས་པར་བྱས་ནས་ཡང་ལུས་ཐམས་ཅད་ནས་རླུང་འབྱུང་བའི ་ཚུལ་དུ་རླུང་དང་བཅས་པས་ཡིད་ཀྱིས་དེ་བཞིན་གཤེགས་པའི་ཐུགས་ཀའི་ཕྱོགསུ་བཏང་ངོ་།། ཟླ་བའི་དཀྱིལ་འཁོར་དེའི་ནང་ན་གནས་པའི་གསང་སྔགས་ཀྱི་ཕྲེང་བ་ལ་བལྟ་ཞིང་སྔ་མ་བཞིན་དུ་རང་གི་སྙིང་གའི་ནང་ན་གནས་པ་ལ་དམིགས ་པའི་ཚུལ་གྱིས་དབུགས་དབྱུང་བའི་མཐའི་བར་དུ། གསང་སྔགས་འདོན་པ་སྔ་མ་བཞིན་དུ་བྱས་ལ། རིམ་པ་འདྲིས་བཟླས་བརྗོད་བཏང་བའི་བར་དུ་བཟླས་བརྗོད་བྱའོ།། བཏང་བའི་དུས་ན་ཡང་ཡན་ལག་བཞི་ཆར་ཡང་ཐབ་ཅིག་ཏུ ་དམིགས་པར་བྱའོ།། ད་ནི་དེ་བཞིན་དུ་བཟླས་བརྗོད་ཀྱི་ཡན་ལག་བཞི་པོ་ཤིན་ཏུ་བསྒོམས་པས་ལུས་ཐམས་ཅད་ཀྱི་རླུང་བསྡུས་ནས་དབང་པོའི་གྲོང་སླར་བསྡུད་པའི་ཚུལ་གྱིས་གསང་སྔགས་ཀྱི་སྒྲ་འདོན་པ་ལ་དམིགས་ཤིང་བཟླས ་བརྗོད་བྱ་བ་བསྟན་པའི་ཕྱིར། སླར་བསྡུས་པ་ཡིས་བསྡམས་ནསུ།། སྲོག་དང་རྩོལ་བ་བསྡམས་པ་ཡིས།། གསང་སྔགས་རིག་པས་སྔགས་དང་སྦྱར།། ཡིད་ཀྱི་བཟླས་བརྗོད་བརྩམས་པར་བྱ།། འདི་ཉིད་ཀྱིས་ནི་ཆོ་ག་ཡིས།། ་ཡཱང་ནཽ་ཤུ་བུར་བྱ་ཡ་རུང་།། སྔགས་རིག་དངོས་གྲུབ་འདོད་པ་ཡིས།། བཟླས་བརྗོད་གཞན་དུ་མི་བྱའོ་ཞེས་གསུངསོ།། དེ་ལ་ཡིད་གསང་སྔགས་ལ་སྦྱར་ནས།། ཡིད་བཟླས་བརྗོད་རྩོམ་མོ་ཞེས་བྱ་བ་དང་སྦྱར་རོ།། ་ཡིད་དེ་ཡང་ཇི་ལྟ་བུ་ཞིག་ཏུ་བྱས་ཏེ། གསང་སྔགས་ལ་སྦྱར་ཞེས། སླར་བསྡུས་པ་ཡིས་བསྡམས་ནས་ནི། ཞེས་བྱ་བ་གསུངས་ཏེ། མཉམ་པར་མ་བཞག་པའི་ཡིད་རང་དགར་འབྱུང་བ་མིག་ལྀ་སོགས་པོའི་སྒོ་ནས ་ཇི་ལྟར་སྐྱིད་པར་ཕན་ཚུན་ཏུ་རབ་ཏུ་སྨྲ་བ་ལུས་ཐམས་ཅད་ཀྱི་རླུང་བ་སྤྲོ་བའི་ཚུལ་གྱིས་སླར་བཀུག་ལ་རང་བཞིན་གྱི་ནང་དུ་འཇུག་པ་ནི་སླར་སྡུད་པ་སྟེ། སླར་བསྡུས་པ་དེས་བསྡམས་ཤིང་བཅུམ་ལ་ནང་དུ་ཕྱོགས་པར་བྱས་ནས་ཞེས་བྱ་བའི ་ཐ་ཚིག་སྟེ། དེ་ལྟ་བུའི་ཡིད་དེ་གསང་སྔགས་ལ་སྦྱར་རོ།། ཞེས་བྱ་བ་དང་འབྲེལ་ཏོ།། ཡང་དེ་ཉིད་ཀྱི་ཁྱད་པར་བསྟན་པ་ནི། སྲོག་དང་རྩོལ་བ་བསྣམས་ཞེས་བྱ་བ་སྟེ། གོང་དུ་མོས་པའི་མཚན་ཉིད་ཀྱི་སྲོག ་དང་རྩོལ་བ་དག་ཡིད་གང་གིས་བཅུམ་ཞིང་བསྡམས་པའམ། སྲོག་དང་རྩོལ་བ་བདག་གིས་བསྡམས་པ་སྟེ། དེ་དག་ཉིད་ཀྱིས་བསྡམས་ཤིང་མི་གཡོ་བར་བྱས་པ་ལ། སྲེག་དང་བརྩོལ་བ་བསྡམས་པ་ཞེས་ཀྱང་བྱའོ།། དེ་ནི་སྲོག ་དང་རྩོལ་བ་བསྡམས་པའི་ཡིད་ཡིན་ཏེ། རླུང་གི་ལམ་དང་དྲན་པ་བཏུལ་ཞེས་བྱ་བའི་དོན་ཏོ།། གསང་སྔགས་རིག་པ་སྔགས་ལ་སྦྱར་ཞེས་བྱ་བ་ནི་གསོང་སྔགས་ཀྱི་སྒྲ་ལ་དམིགས་པའི་ཡིད་དེ་གསང་སྔགས་ཀྱི་ཡུལ་ལོ་སྦྱར ་བཱ་སྟེ། མངོན་པར་འདོད་ཅེས་བྱ་བའི་ཐ་ཚིག་གོ། ཡིད་ཀྱིས་མངོན་དུ་སྨྲ་ཞིང་རྣམ་པར་རྟོག་པའི་ཕྱིར་ཡིད་ཀྱིས་བཟླས་བརྗོད་དོ།། འདི་ཉིད་ཀྱི་ནི་ཆོ་ག་ཡིས་ཞེས་བྱ་བ་ནི། གསང་སྔགས་ཀྱི་སྒྲ་ལ་དམིགས་པའི་ཚོ་གས་སོ།། ་ཞེས་བྱ་བའི་ཐ་ཚིག་གོ། ཤུ་བོ་བུར་ཡང་རུང་ཞེས་བྱ་བི་ནི་གསང་སྔགས་ཤུབ་བུར་སྨྲ་ཞིང་འདོན་པོའི་བཟླས་བརྗོད་དོ།། ཤུབ་བུ་ནི་འབད་མི་དགོས་པར་གསང་སྔགས་འདོན་པའི་སྦྱོར་བའོ།། དེའི་དགོས་པ་འདི་ལྟ་སྟེ། སྐར ་སྡུད་པ་སྲོག་དང་རྩོལ་བ་ཤིན་ཏུ་བསྡམས་པས་དབང་པོའི་བྱེད་པ་མང་པོ་རང་དབང་མེད་པར་ནང་དུ་ཕྱོགས་པར་བྱས་པའི་ཟློས་པ་པོ་སྒྲ་ཆེན་པོར་འདོན་པར་མི་སྲིད་པས་ན་གསང་སྔགས་སྒྲ་ཆུང་ངུར་འདོན་པ་ནི་ཤུབ་བུའི་མཚན ་ཉིད་དུ་ཞར་ལ་ཞེས་པར་བྱའོ།། ཤུབ་བུར་ཡང་རླུང་ཞེས་བྱ་བ་དེ་ཉིད་ཀྱིས་བཟླས་བརྗོད་ལས་ཤུབ་བུའི་བཟླས་བརྗོད་ཀྱི་ཕྱོགས་གཞན་བསྟན་པར་མངོན་མོད་ཀྱི་ཡང་ན་ཞེས་བྱ་བའི་སྒྲ་སྨྱོས་པས་ནི་གཙུག་ལག་མཛད་པས་ཡིད་ཀྱིས ་བཟླས་བརྗོད་ཉིད་བསྔགས་པར་མངོན་ནོ།། དེའི་དོན་འང་སྟེ། ཡིད་ཀྱིས་བཟླས་བརྗོད་ཉིད་ཏིང་འཛིན་ཕྲ་བའི་རྒྱུ་ཡིན་པོས་རྟག་ཏུ་འདི་ཉིད་བྱའོ།། གལ་ཏེ་རྒྱལ་ཤུབ་བུར་བཟླས་བརྗོད་བྱེད་འདོད་ན་དེ་ཡང་དེའི་ཚེ་དེ་ཉིད་ཀྱི་སྦྱར་ཧཱས ་ཙྪི་ཞེས་བསྟནྟ་ཏོ།། ལོང་ནི་སྐུར་བསྡུད་པ་དང་སྒྲོག་དང་རྩོལ་བུ་བསྣམས་པས་ཡིད་དང་རླུང་དང་། དབང་པོའི་བྱེད་པའི་ཚོགས་ནང་དུ་ཕྱོགས་པར་བྱས་པས་ཤུབ་བུར་བརྗོད་པར་དཀའ་སྟེ། དེ་བས་ན་ཡིད་ལ་བྱེང་པོ་ཉིད ་རིགས་སོ།། ཏིང་འཛིན་དབང་དུ་མ་གྱུ་རོ་པ་རྣམས་ཚིག་བརྗོད་ན་ཏིང་འཛིན་ཉམས་པར་འགྱུར་བ་ཡང་སྲིད་དེ། རིག་པས་དེ་དང་སྦྱར་ན་ཡང་ཡོད་ཀྱི་བཟླས་བརྗོད་ཉིད་མཆོག་ཡིན་ནོ།། དངོས་གྲུབ་འདོད་པས་ཞེས་བྱ་བ་ནི་དངོས་གྲུབ ་འདོད་པའི་ཕྱིར་གསང་སྔགས་ཀྱི་བཟླས་བརྗོད་བྱེད་པ་གང་ཡིན་པ་དེ་དག་གིས་བཟླས་བརྗོད་ཀྱི་ཆོ་ག་འདི་ངེས་པར་ནན་ཏཱན་བྱའོ།། ཞེས་དགོངས་པའོ།། འཇིག་རྟེན་ཕ་རོལ་གྱི་བསོད་ནམས་ལ་སོགས་པའི་ཕྱིར་བྱེད་པ་ནི་འདི ་སྐད་དུ་གསུངས་པའི་ཆོ་ག་ལས་ཉམས་ཤིང་ཅི་ནུས་པར་བཟླས་བརྗོད་བྱས་ནས་ཡང་ཉེས་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ།། སྒྲ་ལ་དམིགས་པའི་བཟླས་བརྗོད་ལ་ཡིད་ཀྱི་དང་ཤུབ་བུར་བཟླས་བརྗོད་བྱ་བ་སྨོས་པ་ནི ་འདིར་ཉེ་བར་བསྟན་པའི་མཚན་ཉིད་དུ་བལྟ་སྟེ། དེ་བས་ན་སྔ་མའི་བཟླས་བརྗོད་དག་ལ་ཡང་སྦྱར་བར་བྱའོ།། འདིའི་བསྡུས་པའི་དོན་ཀྱང་སྔ་མ་བཞིན་དུ་ཡན་ལག་བཞིའི་ཆོ་ག་བྱས་ཤིང་དེ་བཞིན་གཤེགས་པའི ་གཞི་ལ་བལྟས་ནས། ལུས་ཐམས་ཅད་ཀྱི་རླུང་གིས་ལམ་གྱིས་རྗེ་སུ་འབྲང་བའི་སེམས་ཀྱི་རྟ་མངོན་དུ་ཕྱོགས་པར་བྱས་ལ་རུ་སྦལ་གྱི་ལུས་བསྐུམ་པ་དང་ལྕེ་ཡིས་ཆུ་བཏུང་བའི་ཚུལ་དུ་རླུང་སླར་བསྡུད་པའི་སྦྱོར་བས་ཡིད་ནང་དུ་ཕྱོགས ་པར་བྱ་སྟེ། རང་གི་ལྷ་དང་། གཉིསུ་མེད་པར་ཤིན་ཏུ་བསྒོམས་པའི་གཟུགས་ཀྱི་བདག་ཁྱབ་པར་བྱས་ལ་དྲན་པ་དང་རླུང་འབྱུང་བའི་ལམ་བཀླག་སྟེ། བརྗོད་པར་བྱ་བའི་སྒྲ་ལ་དམིགས་ཤིང་སེམས་གཟུང་ནས་དབུགས་དབྱུང ་བའི་མཐའ་འམ། གསང་སྔགས་ཀྱི་མཐའི་བར་དུ་གསང་སྔགས་འདོན་པ་བྱས་ལ། ཡང་དེ་བཞིན་དུ་རླུང་གི་ལམ་གྱི་རྗེསུ་འབྲང་བའི་སེམས་ཕྱིར་ཕྱོགས་པར་བྱས་ལ། དེ་བཞིན་གཤེགས་པ་ལ་སོགས་པ་གསུམ་ལ་བལྟས་ནས ་སླར་བསྡུས་ཏེ། དེ་བཞིན་དུ་གསང་སྔགས་ཀྱི་སྒྲ་ལ་དམིགས་པའི་བཟླས་བརྗོད་བྱས་ལ་ཡང་དེ་བཞིན་དུ་དབྱུང་བ་དང་སླར་བསྡུས་པའི་ཚུལ་གྱིས་ཇི་ཙམ་འདོད་པའི་བར་དུ་བཟླས་བརྗོད་བྱའོ།། དེ་ལྟར་གསང་སྔགས་བརྗོད་པའི་ཆོ་ག ་གང་དང་པོ་ལ་དམིགས་པ་གསུམ་གསུངས་པ་ན་དེ་བཞིན་གཤེགས་པ་དང་དེའི་ནང་ན་གནས་པའི་གསང་སྔགས་དང་བཅས་པའི་ཟླ་བའི་དཀྱིལ་འཁོར་ལ་དམིགས་པའི་བྱེ་བྲག་གོ། གསང་སྔགས་ཟློས་པའི་ཆོ་ག་གཉིས་པ་ལ ་ནི་དམིགས་པ་གཉིས་ཏེ། བདག་གི་སྙིང་གཱའི་ཟླ་བའི་དཀྱིལ་འཁོར་དང་། དེའི་ནང་ན་གནས་པའི་གསུང་སྔགས་ཀྱི་ཡི་གེའི་ཕྲེང་བའོ།། རིམ་པ་གསུམ་པ་ལ་ནི་བཟླས་བརྗོད་བྱ་བའི་གསང་སྔགས་ཀྱི་སྒྲ་ལ་དམིགས་པ་སྟེ། བཟླས་བརྗོད ་གསུམ་གྱི་བྱེ་བྲག་གོ། བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་དྲང་བདག་གིས་དེ་ཁོ་ན་ཉིད་རིག་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཆེན་པོ་བཤད་ཟིན་ཏོ།། ད་ནི་རིག་སྔགས་དང་གསང་སྔགས ་ཀྱི་དངོས་གྲུབ་ཀྱི་ལམ་འདི་ཉིད་ཡིན་གྱི་གཞན་ན་མ་ཡིན་ཏེ། ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པར་བསྟན་པས་ཇི་སྐད་སྨོས་པའི་མཚན་ཉིད་རིག་སྔགས་དང་གསང་སྔགས་ཀྱི་ཐབས་འདི་ལ་ནན་ཏན་བསྟན་པར་བྱ་བའི་ཕྱིར་རོ།། ་རིག་སྔགས་དེ་ཉིད་མ་ལུས་དང་།། བདག་གི་དེ་ཉིད་ཆོ་ག་དང་།། བཟླས་བརྗོད་དེ་ཉིད་ཚིག་ཤེས་ན།། མིས་ནི་དངོས་གྲུབ་ཐོབ་པར་འགྱུར།། དེ་ལ་བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་མཆོག་ཅེས་བྱ་བ་ནི་བཟླས་བརྗོད་ཀྱི་ཡན་ལ ་ལ་དམིགས་པའི་མཚན་ཉིད་གོང་དུ་སྨོས་པ་གང་ཡིན་པ་དེ་ལ་བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་བ་སྟེ། བཟླས་བརྗོད་ཀྱི་ཡན་ལག་བཞི་མ་ཡིན་པ་ལས་དམ་པར་གྱུར་པས་ན་མཆོག་གོ། དེ་བྱས་ན་དེ་ཤེས་ན་དངོས་གྲུབ་ཐོབ ་ཞེས་བྱ་བ་དང་འབྲེལ་ཏོ།། འོ་ན་བཟློས་བརྗོད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་ནན་ཏན་བྱས་ནས་ཞེས་སྨྲ་བར་རིགས།། གང་གི་ཕྱིར་ན་ན་ནན་ཏན་མ་བྱས་པར་ཤེས་པ་ཙམ་གྱིས་འབྲས་བུ་ཡོད་པ་མི་སྣང་ངོ་།། དཔེར་ན་འཇིག་རྟེན་ན་སྨོས་པ ་ཚོང་གི་ཆོ་ག་ཤེས་ཀྱང་ནན་ཏན་མ་བྱས་ན་དེའི་འབྲས་བུ་དང་ལྡན་པ་མི་སྣང་སྟེ། དེ་ནི་མི་རིགས་དེ་ལ་ཉེས་པ་མེད་དེ་འབྲས་བུ་ལ་རྒྱུ་བཏགས་ཏེ། བསྟན་པར་དགོངས་པ་འམ། ནན་ཏན་ལ་སོགས་པའི་མཚན ་ཉིད་དུ་བརྗོད་པར་དགོངས་པའོ།། རིག་སྔགས་དེ་ཉིད་མ་ལུས་དང་ཞེས་བྱ་བས་མ་ལུས་དང་ཞེས་སྨོས་པ་ནི་རིག་སྔགས་རྣམ་པ་དྲུག་གི་དེ་ཁོ་ན་ཉིད་ཡོང་སུ་ཤེས་པར་བསྟན་ཏོ།། བདག་གི་དེ་ཁོ་ན་ཉིད་ཆོ་ག་ཡང་ཞེས་བྱ་བ་ནི་ཆོ་གའི ་ཚིག་སྨོས་པས་འདི་སྐད་བསྟན་ཏེ། བདག་གི་དེ་ཁོ་ན་ཉིད་ཀྱི་ཆོ་ག་མོས་པས་རྣམ་པར་སྤྱད་ཀྱི་བདག་གི་དེ་ཁོ་ན་ཉིད་དེས་ཐོབ་པར་གྱུར་པ་ལ་ནི་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བདག་གི་དེ་ཁོ་ན་ཉིད་གཉི་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་སྔར ་སྨོས་པ་དེ་ཉིད་ཐོབ་ན་སངས་རྒྱ་སུ་གྱུར་པ་ཉིད་ཡིན་པས། དྲི་ལ་བཟླས་བརྗོད་བཤད་ཅིང་དགོས་ཞེས་དགོས་པའོ།། ད་ནི་བཟླས་བརྗོད་ལ་མི་བལྟོས་པར་བསམ་གཏན་འབའ་ཞིག་ལས་ཇི་ལྟར་འདོད་པའི་དངོས་གྲུབ་དང་། རྣལ ་འབྱོར་དང་ཐར་པ་ཐོབ་པའི་ཆོ་ག་བྱ་བ་བསྟན་པར་བྱ་སྟེ། དེའི་ཕྱིར་གསང་སྔགས་ཀྱི་བསམ་གཏན་གྱི་གནས་བསྟན་པའི་ཕྱིར། དབེན་པའི་སྐྱེད་མེས་ཚལ་དང་དོགས།། ཕུག་དང་རི་བོ་ནག་ཚལ་དུ།། བརྟུལ་ཞུགས་གནས་སམ ་སྡོམ་པ་ཡིས།། སྔགས་པ་བསམ་གཏན་བྱེད་ཅིང་གནས་ཤེས་བྱ་བ་གསུང་སོ།། དེ་ལ་བསམ་གཏན་གྱི་གནས་བསྟན་པའི་དགོངས་པ་ནི། འདི་ལྟར་གནས་རྣམ་པ་གཉིས་ཏེ། ལུས་དབེན་པ་དང་། སེམས་དབེན་པའི་རྒྱུའི་བྱེ་བྲག་གོ།། དེ ་ལ་བཟླས་བརྗོད་ལ་ནི་པདྨའི་མཚོ་དང་། རི་དང་ཕུག་ལ་སོགས་པའི་མཚན་ཉིད་ཡོན་ཏན་གང་ཡང་རུང་བ་དང་ལྡན་པའི་གནས་ཀྱི་བྱེ་བྲག་ཏུ་ཡང་ལུས་དང་དངོས་གྲུབ་ཀྱི་རྗེ་སུ་མཐུན་པར་བྱ་བའི་ཕྱིར་གནས་འཆའོ།། བསམ་གཏན་ལ་ནི ་ལུས་དབེན་དང་། སེམས་དབེན་པའི་རྒྱུ་གཉིས་ཀ་དང་ལྡན་པ་ཉིད་ཀྱིས་གནསུ་གནས་པར་རིགས་ཏེ། དེ་བས་ན་དེ་གཉིས་ཀའི་ཡོན་ཏན་གྱི་རྒྱུ་དང་ལྡན་པ་ཉིད། དབེན་པའི་སྐྱེད་མོས་ཚལ་ལ་སོགས་པ་བསམ་གཏན་གྱི་སྐབསུ ་བསྟན་ཏོ།། བླཟླས་བརྗོད་ཀྱི་གནས་ནི་དེ་དག་ཉིད་དང་གཞན་དང་གཞན་དག་ཀྱང་རྒྱུད་འདིའི་སྔོན་རོལ་དུ་གསུངས་པར་བལྟའོ།། བསྣམ་གཏན་བྱེད་ཅིང་ཅེས་བྱ་བ་ནི་ཉེ་བའི་མཚན་ཉིད་དེ་ཏིང་འཛིན་བསྒོམས་པ་ལ་ཡང་བལྟ་བར་བྱའོ།། ་བརྟུལ་ཞུགས་ནི་རབ་ཏུ་བྱུང་བ་དང་། རིག་སྔགས་ཀྱི་བརྟུལ་ཞུགས་ལ་སོགས་པ་མོ།། བསྡམས་པོ་ནི་གསོ་སྦྱོང་ལ་སོགས་པའི་མཚན་ཉིད་དོ།། བསམ་གཏན་བྱེད་ཅིང་ཞེས་གསུངས་པ་དེ་ཡང་། བསམ་པར་བྱ་བ་ནི་འདོར་ལྷ ་རང་བཞིན་དེ་དེ་བས་ན་དེ་ཉིད་བརྟག་པར་བྱའོ།། དེ་ལ་ལྷའི་རབ་བཞིནྡྲ་རྣམ་པ་གུསྱཱ་མཱ་སྟེ། འདི་ལྟར་གཟུགས་ཀྱི་སྐུའི་བདག་ཉིད་ཀྱི་ལྷའི་རང་བཞིན་དང་། སྒྲའི་བདག་ཉིད་ཀྱི་ལྷའི་རང་བཞིན་དང་། དོན་དམྦྷ་པའི་ལྷའི་རང་བཞིན་ནོ།། ་དེའི་གཟུགས་ཀྱི་བདག་ཉིད་ཀྱི་ལྷའི་རང་བཞིན་ཡང་རྣམ་པ་གཉིས་ཏེ། གཅིག་ནི་མིག་ལ་སོགས་པའི་ཡན་ལག་གི་དབྱིབས་ཀྱི་རང་བཞིན་ནོ།། གཉིས་པ་ནི་ཕྱག་རྒྱའི་རང་བཞིན་ནོ།། སྒྲའི་རང་བཞིན་གྱི་ལྷ་བདག་ཉིད་ལ་ཡང་རྣམ ་པ་གཉིས་ཏེ། གཅིག་ནི་ཡི་གེའི་མཚན་ཉིད་དོ།། གཉིས་པ་ནི་སྦྱར་བརྗོད་པའི་རང་བཞིན་ནོ།། སྒྲར་བརྗོད་པའི་རང་བཞིན་དེ་ཡང་རྣམ་པ་གསུམ་སྟེ། གཅིག་ནི་རྐན་དང་མཆུ་ལ་སོགས་པའི་རྩོལ་བས ་བསྐྱེད་པ་ཤུབ་བུ་ལ་སོགས་པར་བཟླས་བརྗོད་བྱེད་པའི་སྒྲའི་རང་བཞིན་ནོ།། གཉིས་པ་ནི་ཡིད་ཀྱི་སྤྱིར་གསང་སྔགས་འདོན་པའི་རང་བཞིན་ནོ།། གསུམ་པ་ཡང་གསང་སྔགས་ཀྱི་ཡི་གེ་རེ་རེ་ནས་སེམས་པའི་བདག་ཉིད་རྣམ་པར་རྟོག་པའི ་རང་བཞིན་ནོ།། དོན་དམ་པའི་ལྷའི་རང་བཞིན་ཡང་རྣམ་པ་གཉིས་ཏེ། དེ་དེ་ལ་གཅིག་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ།། དེ་ལས་གཞན་པ་ནི་དེ་ལ་བསོགས་པ་སྣང་བ་མེད་པར་རྣམ་པར་མི་རྡོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ།། དེ་ལྟར་ལྷའི ་རང་བཞིན་ཐམས་ཅད་ཀྱི་བྱེ་བྲག་འདི་དག་གིས་བཟླས་བརྗོད་ཀྱི་ཡན་ལག་བཞིའི་ཆོ་ག་ལ་ལྷའི་དེ་ཁོ་ན་ཉིད་དང་། བཟླས་བརྗོད་ཀྱི་མཐའི་བར་དུ་ཇི་ལྟར་དཔྱད་པར་བྱ་བ་དེ་དག་ནི་བཤད་ཟིན་ཏོ་བཟླས་བརྗོད་ལ་མི་བལྟོས་པར་བསམ་གཏན ་ལྔས་གསང་སྔགས་ཀྱི་འབྲས་བུ་འདོད་པས་ནི། རང་བཞིན་གསུམ་འོག་ནས་འཆད་པའི་རིམ་པས་ཇི་ལྟར་སྲིད་པར་བསམ་གཏན་དུ་བྱའོ།། དེ་ལ་གཅིག་ནི་ཇི་སྐད་སྨོས་པ་སྒྲ་ཞེས་བྱ་བ་ལྷའི་བྱེ་བྲག་གི་བདག་ཉིད་གསང་སྔགས ་ཀྱི་ཡན་ལག་གི་ཡི་གེ་རྣམ་སོ་སོར་ཡིད་ཀྱིས་རྣམ་པར་བརྟགས་པའི་བསམ་གཏན་གྱི་རང་བཞིན་ནོ།། གཉིས་པ་ནི་རིག་སྔགས་དེ་ཉིད་ཀྱི་ཚིག་ཏུ་སྨྲ་བའི་ཡི་གེ་སྒྲའི་རང་བཞིན་ནི།། གསུམ་པ་ནི་ཡོངསུ་དག་པ་གཉིསུ་མེད ་པའི་ཡེ་ཤེས་ཀྱི་ཡུལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ།། དེ་ལ་རང་བཞིན་གསུམ་པོ་ཇི་ལྟར་སྲིད་པ་དེའི་བསམ་གཏན་གྱི་སྦྱོར་བ་དང་། བསམ་གཏན་གྱི་འབྲས་བུ་བསྟན་པའི་ཕྱིར། གསང་སྔགས་མེ་གནས་དངོས་གྲུབ་སྟེར ་སྒྲ་གནས་རྣལ་འབྱོར་སྟེར་བ་དྲན།། སྐུ་མཐར་ཐར་པ་སྟེར་བ་ཉིད།། འདི་དག་དེ་ཉིད་གསུམ་པ་ཡིན་ཞེས་གསུངསོ།། དེ་ལ་གསང་སྔགས་མེ་གནས་དངོས་གྲུབ་སྟེར།། སྒྲ་གནས་རྣལ་འབྱོར་སྟེར་བ་དཱན་ཞེས་བྱ་བའི་ཚིག་གཉིས་ཀྱིས་ཇི ་སྟེར་སྲིད་པའི་ལྷའི་རང་བཞིན་གཉིས་ཀྱི་བསམ་གཏན་གྱི་སྦྱོར་བ་ལས་དངོས་གྲུབ་མཆོག་དང་། སེམས་མཉམ་པར་གནས་པའི་མཚན་ཉིད་རྣལ་འབྱོར་འགྲུབ་པ་བསྟན་ཏོ།། སྒྲ་མཐར་ཐར་པ་སྟེར་བ་ཉིད་ཅེས་བྱ་བ་དེས་ཀྱང་ཆོས་ཀྱི ་དབྱིངས་ཀྱི་རང་བཞིན་གྱི་བསམ་གཏན་གྱི་ཐར་པ་ཐོབ་པ་བསྟོན་ཏོ།། སྦྱོར་བ་གསུམ་གྱི་བསམ་གཏན་དེ་དག་ནི་ཀུན་རྫོབ་ཡིན་ཡང་ཇི་སྐད་དུ་སྨོས་པའི་འབྲས་བུ་ཐོབ་པ་ལས་གཞན་དུ་མི་འགྱུར་བས་ན། འདི་སུམ་ཆར་ཡང་དེ་ཁོ་ན ་ཉིད་གསུམ་དུ་གསུངསོ།། བཟླས་བརྗོད་ལ་སོགས་པའི་དེ་ཁོ་ན་ཉིད་བསྟོན་པ་ལ་ཡང་དགོངས་པ་འདི་ཉིད་ཡིན་པར་ཤེས་པར་བྱའོ།། དེ་དག་གིས་དོན་འདི་དག་ཇི་ལྟར་བསྟན་པ་དེ་ཡང་གླེང་བ་ལ་འགྲེལ་པའི་ཚིགས་བཅས་བཤད ་པས་དེ་མ་ཐག་ཏུ་འོག་ནས་བསྟན་པར་བྱའོ།། དེ་ལ་ཡང་བཟླས་བརྗོད་ཀྱི་ཚིག་གོང་དུ་སྤྲོས་པ་བཞིན་དུ་གསང་སྔགས་ཀྱི་བསམ་གཏན་གྱི་ཆོ་ག་ལ་ཡང་བདག་གིས། དེ་ཁོ་ན་ཉིད་ཤིན་ཏུ་བསྒོམས་ཤིང་སྒྲ་ཞེས་བྱ་བ་ལྷའི་སྒྲ་སྣང་བ་དང་། ་གཉིསུ་མེད་པར་བྱས་ལ་དེ་བསྒོམས་པར་འདོད་དེ། དེ་བས་ན་ཐོག་མ་ཉིད་དུ་བདག་གི་དེ་ཁོ་ན་ཉིད་སྔར་གསུངས་པའི་མཚན་ཉིད་ཚིག་སུ་བཅད་པ་འདིས་བཤད་པ། མི་འབྱེད་ལས་བྱུང་དངོས་པོ་རྣམས། ་བློ་ཅན་གྱི་ནི་བདག་ལ་བསྡམས།། སྔགས་པ་ཡན་ལག་འདས་ལ་གནས།། ཞེན་པ་མེད་པར་བསམ་ག་ཏཱནཱཾ་བྱའོ།། ཞེས་གསུང་སྷོ།། དེ་ལ་སྔགས་པས་བསམ་གཏན་བྱའོ།། བསམ་མོ་ཞེས་བཤད་པ་ཅི་ཞིག་བསྡམ་པར་ཞེ་ན། མི ་འབྱེད་ལས་བྱུང་དངོས་པོ་རྣམས། བསྡམས་ནས་ཞེས་བྱ་བ་གསུངསོ།། དེ་ལ་མིག་ལ་སོགས་པའི་དབང་པོའི་རྣམ་པར་ཤེས་པས་མི་འབྱེད་པས་ན་མི་འབྱེད་པ་སྟེ་ཡིད་དོ།། དེ་ལ་མཚུངས་པར་ལྡན་པ་འམ། དེའི་རྒྱུད་གང་འབྱུང་ཞིང ་སྐྱེ་བ་དེ་རྣམས་མི་འབྱེད་པ་ལས་བྱུང་བ་སྟེ། སེམས་དང་སེམས་ལས་བྱུང་བའི་མཚན་ཉིད་དེ་རྣམས་བསྡམས་ནས་ཞེས་བྱ་བ་དང་འབྲེལ་ཏོ།། དེ་དག་བསྡམས་པ་ཡང་ཀུན་ནས་བཀྲིས་པའི་ངོ་བོར་མི་སྐྱེ་བ་སྟེ། ཇི་སྐད་སྨོས་པའི་མཚན་ཉིད ་བསྡམས་པ་ཡང་གང་དུ་བསྡམ་ཞེ་ན། བདག་ལ་ཞེས་བྱ་བ་གསུངས་ཏེ། ཡིད་ལ་ཞེས་བྱ་བའི་དོན་ཏེ། དེས་འདི་སྐད་དུ་གསུངས་པར་འགྱུར་ཏེ། ཇི་སྐད་དུ་གསུངས་པའི་མཚན་ཉིད་སྣང་བ་མེད་པོ་གཉི་སུ་མེད་པའི་བདག་གི་དེ་ཁོ་ན ་ཉིད་མངོན་དུ་བྱེད་པས་ཀུ་ན་ནས་དཀྲིས་པ་དེ་དག་མི་འབྱུང་ཞིང་། བག་ཆགསུ་གནས་པའི་མཚན་ཉིད་ནི་བསྡམས་པའོ།། དེའི་གཞི་ཡང་ཡིད་རང་བཞིན་བདག་གི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར། བདག་ལ་ཞེས་བྱ་བ ་གསུང་སོ།། བློ་དང་ལྡན་པ་ཞེས་པ་ནི་ཤེས་རབ་དང་ལྡན་ན་དེ་ཁོ་ན་ཉིད་བརྟག་ནུས་པར་འགྱུརརོ།། ཞེས་བྱ་བའི་ཐ་ཚིག་གོ། ཡན་ལག་འདས་ལ་གནས་ཞེས་བྱ་བ་ནི་འདི་སྙེད་གཅིག་གོ།། ཞེས་ཡོངསུ་ཆད་པར་ཡན་ལག་ཏུ་དབྱེ་ཞིང་བགླང་དུ་ཡོད་པ་ནི ་ཡན་ལག་སྟེ། མིག་དང་རྣ་བ་ལ་སོགས་པའི་ཡན་ལག་རྣམས་ལ་བྱའོ།། སྦགས་པ་གུང་གི་སྒོ་ཡིད་ལ་མི་བྱེད་པའི་སྒོ་ནས་སམ། ཆོས་བདག་མེད་པར་སྒྲུབ་པའི་རིག་པས་སུན་ཕྱུང་སྟེ། ཡན་ལག་དེ་དག་ལས་འདུས་ཤིང་བརྒལ་བ་དང་། ་ཡོངསུ་བཏང་བ་དེ་ནི་ཡན་ལག་ལ་མ་འདས་པ་སྟེ། ཡན་ལག་ལས་འོདས་པ་ཞེས་བྱ་བའི་དོན་འདི་ལ་ཡན་ལག་ལས་འདས་པར་གྱུར་ནས་གནས་པ་ནི། ཡན་ལག་འདས་ལ་གནས་པ་སྟེ། སྣང་བ་མེད་པའི་ཡེ་ཤེས་གསལ་བ་ལས ་མ་ལངས་ཞེས་བྱ་བའི་དོན་ཏོ།། དེ་ལྟར་བདག་གི་དེ་ཁོ་ན་ཉིད་ལ་གནས་པས་སྒྲ་ཞེས་བྱ་བའི་ལྷའི་རང་བཞིན་དང་། ཆོས་ཀྱི་དབྱིངས་ཀྱི་ལྷའི་རང་བཞིན་བསམ་པར་བྱའོ་ཞེས་བསྟན་པའི་ཕྱིར། བསམ་གཏན་བྱའོ་ཞེས་གསུངསོ།། ཇི ་ལྟར་བསམ་བཏོན་བྱ་ཞེ་ན། ཞེན་པ་མེད་པར་ཞེས་གསུངས་ཏེ། ཞེན་ཅིང་ཆགས་པ་དང་བྲལ་བ་གང་ཡིན་པ་ད་ནི་ཞེན་པ་མེད་པ་སྟེ། འདིས་ཀྱང་དར་མཱ་གཏན་དུ་བྱ་བའི་དངོས་པོ་ལ་མངོན་པར་ཆགས་པ་དགག་པ་གསུངས་ཏེ།། མངོན ་བར་ཆགས་པ་དགག་པ་དེ་ཡང་ཤེས་རབ་ཀྱི་སྣང་བའི་སྒོ་ནས་བདག་གི་དེ་ཁོ་ན་ཉིད་རྣམ་པར་བཅས་པ་ཉིད་ལ་དགག་པར་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ནོ། བསམ་གཏན་དུ་བྱ་བ་ལ་ཆགས་ན་གོང་ནས་གོང་དུ་ཆོས་རྣམ་པར་མི་འགྱུར། ་པས། ཁྱད་པར་མི་ཐོབ་པར་འགྱུར་བའི་ཕྱིར་རོ།། ཀུན་རྫོབ་ཀྱི་ལྷའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ལ་བསམ་གཏན་དུ་བྱ་བ་ལ་ནི་དེ་ལ་མངོན་པར་ཆགས་པར་འདོད་པ་ཉིད་པས་ཞེན་པ་མེད་པར་བྱ་ཞེས་བྱ་བའི་དགག་དེ་ལ ་དགོངས་པར་ནི་དེ་ལ་མཁས་པ་རྣམས་ཀྱི་མི་ལྟའོ།། དེ་ལ་དེ་ལྟ་བུའི་བདག་གི་དེ་ཁོ་ན་ཉིད་ལ་གནས་ནས་ལྷའི་དེ་ཁོ་ན་ཉིད་མངོན་དུ་བྱ་སྟེ། སྒྲ་ཞེས་བྱ་བའི་ལྷའི་དེ་ཁོ་ན་ཉིད་མངོན་དུ་བྱ་བའི་ཕྱིར། སྒྲ་ཞེས་བྱ་བ་ཕྲེང་བར་སྦྱར། ་ཡི་གེ་བརྒྱུས་པ་མི་འགྱུར་རྣམས།། དྲིལ་བུའི་སྒྲ་བཞིན་མ་ཆད་པར།། ཡིད་ལ་ཞན་པར་སེམས་པ་ན།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།། འདས་ཀྱང་སྣང་བ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་བདག་གི་དེ་ཁོ་ན་ལས ་ལྡང་བ་དང་། གསང་སྔགས་ཀྱི་སྒྲའི་རྣམ་པའི་ལྔའི་རྣལ་འབྱོར་བསྟན་ཏེ། འདིར་ཡང་བདག་གི་དེ་ཁོ་ན་ཉིད་རྣམ་པོར་མི་རྟོག་པ་སྣང་བ་མེད་པའི་མཚན་ཉིད་ཀྱི་ཕྱི་ནས་ཐོབ་པའི་སྒྲའི་བདག་ཉིད་ཀྱི་ལྷའི་དེ་ཁོ་ན་སྒྲའི་རྣམ་པར ་རྟོག་པ་ལྷུན་གཅིག་ཏུ་སྐྱེས་པ་ཉམས་པ་དང་ཆུ་དང་འོ་མ་བཞིན་དུ་སྒྲ་དང་གཅིག་ཏུ་གྱུར་པར་སེམས་པའི་རྣལ་འབྱོར་གྱི་གསོལ་བར་ནམ་གྱུར་པ་དེ་ན། སྔགས་པ་དེ་སྒྲའི་བདག་ཉིད་ཀྱི་ལྷའི་སྦྱོར་བ་ལ་གནས་པར་གྱུར་པ་དེ ་བསྟན་ཏོ།། དེ་ལ་སྒྲ་ཞེས་བྱ་བ་ཡི་གེ་རྣམས་ཕྲེང་བར་སྦྱར་བ་སེམས་པ་ན་ཞེས་བྱ་བ་དང་སྦྱར་ཏེ། དེ་བས་ན་ཡི་གེ་རྣམས་ཕྲེང་བར་སྦྱར་ཞེས་བྱ་བ་ནི་གསང་སྔགས་ཀྱི་ཡི་གེའི་རྒྱུད་པར་མ་ཆད་པའི་མཚན་ཉིད་བསམ ་གཏན་དུ་བྱ་བ་ལ་སྦྱར་ནས་ཞེས་བྱ་བ་སྟེ། བཀོད་ནས་ཞེས་བྱ་བའི་ཐ་ཚིག་གོ། ཕྲེང་བར་སྦྱར་བར་ཞེས་སྤྱིར་གསུངས་ཏེ། དྲེ་བས་ན་སྒྲ་ཞེས་བྱ་བ་བྱེ་བྲག་ཏུ་བསྟན་ཏོ།། སྒྲར་སྣང་བ་གསང་སྔགས་ཀྱི་ཡི་གེའི་སྒྲ་གཅིག་ནས་གཅིག་ཏུ་བརྒྱུད་པ། ་མཚན་ཉིད་ཅེས་བྱ་བའི་ཐ་ཚིག་གོ། ཁ་ཅིག་ཏུ་སྒྲའི་ཚིག་ནི་ཡི་གེ་ལ་ཡང་སྦྱར་མོད་ཀྱི་འོན་ཀྱང་འདིར་གསང་སྔགས་ཀྱི་སྒྲ་ཉིད་དུ་རིག་པར་བྱ་སྟྭ~ཾ། དྲིལ་བུའི་སྒྲ་བཞིན་རྒྱུན་མི་འཆད་པར་ཞེས་འོག་ནས་འཆད་པའི་ཕྱིར་ཏེ། དྲིལ ་བུའི་སྒྲ་ལྟར་སྒྲོ་འབྱུང་བ་ཡི་གེའི་མཚན་ཉིད་ཀྱི་སྒྲ་ལ་མི་སྲིད་པའི་ཕྱིར།། ཞེས་དགོངས་པའོ།། བསམ་གཏན་དུ་བྱ་བའི་གསང་སྔགས་ཀྱི་ཡི་གེའི་སྒྲ་གཅིག་ནས་གཅིག་ཏུ་འབྱུང་བའི་མཚན་ཉིད་སྒྲ་ཞེས་བྱ་བའི་ཕྲད་པ་སྦྱར་བ་ནི ་གསང་སྔགས་ཀྱི་ཡན་ལག་ཡི་གེའི་སྐུ་རྒྱུན་མི་འཆད་པར་རབ་ཏུ་སྣང་བར་འདོད་པས་ནཱ། ཡི་གེའི་རྒྱུད་པ་ཞེས་གསུང་སོ།། དེ་ལ་ཡི་གེ་རྣམས་བརྒྱུས་པས་ན་ཡི་གེ་བརྒྱུས་པ་སྟེ། ཕྲེང་བ་ཞེས་བྱ་བ་དང་སྦྱར་རོ།། དེས་ཀྱང་ཡི་ག ་བརྒྱུད་པའི་ཕྲེང་བ་བཀོད་པའི་མཚན་ཉིད་དེ་ཉིད་སྦྱར་ནས་ཞེས་བྱ་བ་འདིས་བསྟན་མོད་ཀྱིས་ངེས་པར་བྱ་བའི་ཕྱིར་ཡང་བརྗོད་པར་བྱ་སྟེ། དེ་བས་ན་མི་འགྱུར་ཞེས་བྱ་བས་བྱེ་བྲག་ཏུ་བསྟན་ཏེ། བརྒྱུས་པ་དེ་མི་འགྱུར་བ་ནི་རང་བཞིན་མི ་འགྱུར་ཞིང་མི་གཡོ་བའི་ངང་ཚུལ་ཅན་གསང་སྔགས་ཀྱི་ཡི་གེའི་སྒྲ་རྒྱུན་མ་ཆད་པར་རབ་ཏུ་སྣང་བ་ཞེས་བྱ་བའི་ཐ་ཚིག་གོ།། ཡང་ཡི་གེའི་སྒྲ་དེ་དག་ཉིད་གཅིག་ནས་གཅིག་ཏུ་བྱུང་བའི་མཚན་ཉིད་ཀྱི་ཕྲེང་བ་བྱེ་བྲག་ཏུ་བསྟན་པའི་ཕྱིར། དྲིས ་བུའི་སྒྲ་བཞིན་མ་ཆད་པར་ཞེས་བྱ་བ་གསུངསོ།། དེ་ལ་དྲིལ་བུའི་སྒྲ་ནི་གྲང་རྣ་ཡམྲ་དུ་སྒྲ་སྒྲགས་པའི་ཕྱི་རོལ་གྱི་དྲིལ་བུའི་སྒྲ་འདྲ་བར་ལྷན་ཅིག་སྐྱེས་པ་རྒྱུན་མི་འཆད་པར་ཡི་གེའི་སྒྲའི་རྒྱུན་མངོན ་པར་མི་གསལ་བ་དེ་འདིར་འདོད་དོ།། དེ་བས་ན་དེ་ལྟ་བུའི་དྲིལ་བུའི་སྒྲ་བཞིན་མ་ཆད་པ་དང་། འབྲེལ་པའི་ཡི་གའི་སྒྲ་གཅོག་ནས་གཅིག་ཏུ་འབྱུང་བའི་འཕྲེང་བ་ལ་ཞེས་པ་མེད་པོར་བསམ་གཏན་དུ་བྱའོ།། ཞེས་བྱ་བའི་སྐབས་དང ་སྦྱར་རོ།། དེ་དག་གིས་ནི་སྒྲའི་བདག་ཉིད་ཀྱི་ལྷ་དང་། མི་གཉིས་པའི་རྣལ་འབྱོར་དུ་དེའི་རྣ་བ་ལ་རྣམ་པར་རྟོག་པར་གནས་པར་བསྟན་ཏོ།། དེ་ནི་དེ་ལྟ་བུའི་སྒྲའི་བདག་ཉིད་ཀྱི་ལྷར་སྣང་བ་ཏིང་འཛིན་གྱིས་སྦྱོར་བས་ཤིན་ཏུ་གསལ་བར ་བྱོས་ནས་བཟླས་བརྗོད་ལ་མི་བལྟོས་པའི་བསམ་གཏན་ཉིད་ཀྱིས་དངོས་གྲུབ་ཐོབ་པར་འདོད་པས་རང་གི་སྙིང་གར་མེ་ལྕེ་འདྲ་བའི་མེ་འབར་བའི་ནང་དུ། དེའི་ཚིག་གི་ཡིག་འབྲུ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རང་བཞིན་བསམས་ཏེ ་བསྒོམ་མོ་ཞེས་བསྟན་པའི་ཕྱིར། ཡིད་ལ་ཞེན་པར་སེམས་པ་ན།། མ་ཡི་ནང་གནས་ཞི་བ་སྟེ།། ཚིག་རྣམས་དག་པ་ཡན་ལག་ལྡན།། སྲོག་དང་རྩོལ་བ་དཀག་པའི་བདག། གཉིས་སྤངས་ནས་ནི་རྣམ་པར་བསམ་ཞེས་བྱ་བ ་གསུངསོ།། དེ་ལ་སེམས་པོ་ན་ཞེས་བྱ་བ་ནི་དེ་ལྟའི་ཕྲེང་བ་ལྟ་བུའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ད། བསམ་གཏན་བྱེད་པའི་ཚེ་ཉིད་ན་མེ་ལ་སོགས་པའི་རྣམ་པར་རྟོག་པར་བྱའོ།། ཞེས་བྱ་བའི་ཐ་ཚིག་གོ།། དེས་ནི་ཡི་གེར་བཀོད ་པའི་སྒྲའི་བདག་ཉིད་ཀྱི་ལྷ་སྒྲར་རྣམ་པར་རྟོག་པ་གཅིག་ནས་གཅིག་ཏུ་འབྱུང་བ་སྟེ། སྙིང་ག་དང་ཉེ་བ་ཉིད་དུ་བསམ་མོ་ཞེས་དེ་སྐད་གསུངས་པ་ཡིན་ནོ།། མེའི་ནང་ན་གནས་ཞེས་བྱ་བ་ནི་སྙིང་གའི་ཕྱོགས་དེར་ཡང་མར་མེའི་མེ་ལྕེ ་དང་འདྲ་བ་མེ་འབར་བའི་ནང་ན་འདུག་པ་རྣམ་པར་བརྟགོ་ཞེས་པའོ།། ཞི་བ་ཞེས་བྱ་བ་ནི་མི་གནོད་པའི་རང་བཞིན་ཞེས་བྱ་བའི་དོན་ཏེ།། དེས་འདི་སྐད་དུ་གསུངས་པར་འགྱུརརོ།། དེའི་གནས་མེ་འབར་བའི་ཡི་གེའི་འབྲུ་གཅིག་ནས ་གཅིག་ཏུ་བརྒྱུད་པ་དང་བཅས་པ་དེ་ཚ་བ་ལ་སོགས་པ་རེག་པའི་སྒོ་ནས་གནོད་པའི་རང་བཞིན་མ་ཡིན་པས་གསུང་སྔགས་ཀྱི་སྒྲར་སྣང་བའི་རྣམ་པར་རྟོག་པ་གཅིག་ནས་གཅིག་ཏུ་འབྱུང་བ་ལ་ཞི་བ་ཞེས་གསུངསོ།། ཚིག་རྣམ་པར ་དག་པ་ཞེས་བྱ་བ་ནི།། གང་ལ་རྐན་དང་མཆུ་ལ་སོགས་པ་སྦྱར་བས་བསྐྱེད་པའི་ཚིག་དང་ཡིད་ལྔ་གསང་སྔགས་ཟློས་པའི་མཚན་ཉིད་ཀྱི་ཚིག་རྣམ་པར་དག་ཅིང་མེད་པར་གྱུར་པ་དེ་ནི་ཚིག་རྣམ་པར་དག་པའོ།། དེས་འདི་སྐད་དུ་གསུངས ་པར་འགྱུར་ཏེ། དེ་ཤུབ་བུ་ལ་སོགས་པར་བཟླས་བརྗོད་བྱ་བའི་སྒྲའི་རང་བཞིན་ཡང་མ་ཡིན་ཡིད་ཀྱི་བཟླས་བརྗོད་བྱ་བའི་རང་བཞིན་ཡང་མ་ཡིན་གྱི་གསང་སྔགས་ཀྱི་ཡི་གེའི་སྒྲ་རིང་པོར་སེམས་པའི་རྣམ་པར་རྟོག་པའི ་རང་བཞིན་ནོ།། མེད་པ་ལ་གང་རྣམ་པར་རྟོག་པའི་སྒྲར་འདོགས་པར་སྣང་སྟེ། ཇི་ལྟར་ལྷོའི་དྲི་མ་རྣམ་པར་དག་པ་ཅེས་བྱ་བ་ལྟ་བུའོ།། དེ་བས་ན་ཚིག་རྣམ་པར་དག་པ་ཞེས་བྱ་བ་ཚིག་གི་མཚན་ཉིད་རྣམ་པ་གཉིསུ་མེད ་ཅེས་བྱ་བའི་ཐ་ཚིག་གོ།། ཡན་ལག་ལྡན་ཞེས་བྱ་བ་དེ་ལ་ཡན་ལག་གི་སྒྲ་དེའི་ཚིག་དུ་བརྗོད་པའི་ཡིག་འབྲུའི་ཕྲེང་བའི་རང་བཞིན་ཏེ། ཡན་ལག་དེ་དང་ལྡན་པ་ནི་ཡན་ལག་དང་ལྡན་ཞིང་བཅས་པ་སྟེ། ་ཚིག་ཅེས་བྱ་བའི་སྒྲར་རྣམ་པར་རྟོག་པའི་ཕྲེང་བ་གང་ཡིན་པ་དེ་ཡན་ལག་དང་ལྡན་པའོ།། དེས་ནི་སྒྲ་དེའི་ཚིག་གི་ཡི་གེའི་འབྲུའི་ཕྲེང་བ་མེ་འབར་བའི་ནང་ན་གནས་པ་དེ་མངོན་པར་གྲགས་པར་རྣམ་པར་བརྟགོ་ཞེས་བྱ་བའི་ཐ་ཚིག།། ་ད་ནི་དེ་ལྟ་བུའི་གསང་སྔགས་ཀྱི་སྒྲས་སེམས་པ་ལ་ཞུམ་པ་དང་རྒོད་པ་སྤང་བར་བསྟན་པ། སྲོག་དང་རྩོལ་བ་བཀག་པའི་བདག། གཉིད་སྤངས་ནས་ནི་རྣམ་པར་བསམ་ཞེས་བྱ་བ་གསུང་སོ།། དེ་ལ་གོང་དུ་གསུངས་པའི་སྲོག ་དང་རྩོལ་བ་བདག་གི་མཚན་ཉིད་སྔར་གསུངས་པའི་རིམ་པ་ཉིད་ཀྱི་རྣལ་འབྱོར་པའི་རང་བཞིན་གྱི་བདག་གང་ཡིན་ལ། བསམ་གཏན་བྱེད་པའི་ཚེ་བཀག་པ་དེ་ནི། སྲོག་དང་རྩོལ་བ་བཀག་པའི་བདག་ཅེས་བྱའོ།། འདིས ་ཀྱང་རྣལ་འབྱོར་པའི་རྒོད་པ་དགག་པ་གསུངས་ཏེ། ཅིའི་ཕྱིར་ཞེ་ན། དྲན་པ་དང་སྲོག་གི་སྐྱོན་མ་བཀག་པ་ནི་ཕྱུགས་དང་འདྲ་བར་སེམས་མཉམ་པར་བཞག་པ་མེད་པར་ཉེ་བར་ཞི་བའི་སེམ་སུ་མི་འགྱུར་རོ།། ཞེས ་བྱ་བའི་དོན་ཏོ།། གཉིད་སྤངས་ནས་ཞེས་བྱ་བ་འདིས་ཞུམ་པའི་ཕྱོགསུ་གཏོགས་པའི་གཉིད་ཡོངསུ་སྤངས་པ་བཤད་པ་ཞུམ་པ་མེད་པ་བསྟན་ཏོ།། དེས་ན་གསང་སྔགས་མེ་གནས་དངོས་གྲུབ་སྟེར་ཅེས་གང་གསུང ་དདེ་ཊ་ཤར་ཟིན་ཏོ།། གང་གི་ཕྱིར་ཞེ་ན། ཡིད་ཀྱི་བསམ་པ་མེར་རྣམ་པར་རྟོག་པ་ནི་མེ་སྟེ། དེར་ཚིག་གི་ཡི་གེའི་ཕྲེང་བ་དང་བཅས་པ་ཇི་སྐད་གསུངས་པའི་མཚན་ཉིད་ཀྱི་གསང་སྔགས་ཀྱི་སྒྲ་བསམ་པར་བྱ་བའི་བསམ་གཏན་ཞེས་བྱ ་ཡི་གེ་དང་བཅས་པའི་གསང་སྔགས་ཀྱི་སྒྲའི་མཚན་ཉིད་ཀྱི་གསང་སྔགས་དེ་ལ་གནས་པས་ན། མེ་ལ་གནས་ཞེས་བསྟན་ཏོ།། བསམ་གཏན་འདིའི་འབྲས་བུ་ཡང་།། སྒྲ་ལ་དམིགས་པའི་བསམ་གཏན་ནི།། འབའ་ཞིག ་བྱས་པ་ཉིད་ཀྱིས་ཀྱང་།། དངོས་པོ་ཀུན་གནས་དམ་བྱེད་པ་ལ།། གྲུབ་པའི་སྐྱེས་བུ་ཐོབ་པར་འགྱུར།། ཞེས་འོག་ནས་འབྱུང་སྟེ། དེ་ཉིད་དུ་བཤད་པར་བྱའོ།། བསམ་གཏན་འདིའི་སྦྱོར་བའི་རིམ་པ་ཡང་འདིའོ།། དེ་ལ་ཐོག ་མ་ཉིད་དུ་གཉི་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་བདག་གི་དེ་ཁོ་ན་ཉིད་མངོན་དུ་བྱས་ནས། དེའི་རྗེས་ལ་ཐོབ་པའི་སྒྲའི་བདག་ཉིད་ཀྱི་ལྷའི་དེ་ཁོ་ན་ཉིད་དུ་རྣམ་པར་རྟོག་པས་བདག་བསྒོས་ཏེ། སྒྲ་དེ་སྙིང་གའི་ཕྱོགས ་ན་གནས་པའི་མེ་འབར་བའི་ནང་ན་འདུག་ཅིང་དེའི་ཡི་གེའི་ཕྲེང་བ་གནས་པར་སྲོག་དང་རྩོལ་བ་བཀག་སྟེ། ཉིན་རེ་བཞིན་བསམ་གཏན་དུ་བྱ་བ་ནི།། ཇི་སྐད་དུ་བྲུ་བ་མི་ཚ་བ་ལ་སོགས་པ་ཕྱི་དང་ནང་གི་མཚན་མ་བྱུང་ནས ་བདག་ཉིད་ཇི་ལྟར་བསམ་པ་སྒྲུབ་ནུས་པར་གྱུར་གྱི་བར་དུའོ།། མེ་ལ་གནས་པའི་གསང་སྔགས་ཀྱི་ཡི་གེའི་སྒྲའི་བསམ་གཏན་འདི་ཡང་ཡན་ལག་བཞིའི་བཟླས་བརྗོད་བྱེད་པས་ཀྱང་བཟླས་བརྗོད་ཀྱི་མཇུག་གམ་གཞན་དུ ་ཡང་རུང་སྟེ། གསང་སྔགས་ཀྱི་མཐུ་བསྐྱེད་པ་དང་། སེམས་མཉམ་པར་བཞུག་པའི་ཕྱིར་སྦྱར་བར་བྱའོ།། ཞེས་དེ་ལ་མཁས་པ་དགུ་སྨྲའོ།། ད་ནི་སྒྲ་གནས་རྣལ་འབྱོར་སྟེར་བར་དྲན་ཞེས་གང་གསུངས ་པ་དེ་བརྟག་པར་བྱ་སྟེ། དེ་ལ་སྒྲ་ནི་ཇི་སྐད་དུ་གསུངས་པ་སྒྲའི་བདག་ཉིད་ཀྱི་ལྷའི་རང་བཞིན་ནོ།། སྒྲ་ཙམ་པོ་དེ་ལ་བརྗོད་པར་བྱ་བའི་ཚིག་གི་རང་བཞིན་དང་། ཡི་གེ་ཡོངསུ་སྤངས་པ་ནང་གིས་བརྗོད་པ་ཙམ་རྣམ་པ་དང་བཅས་པའི་ཡིད ་ཀྱི་རང་བཞིན་དུ་གོང་གནས་པ་གསང་སྔགས་ཀྱི་དོན་གྱི་རང་བཞིན་དེ་དག་ནི་སྒྲ་ལ་གནས་པའོ།། དྲན་པ་ནི་བསམ་པ་སྟེ། རྣལ་འབྱོར་སྟེར་བར་འགྱུར་རོ།། ཞེས་བྱ་བའི་དོན་ཏོ།། དེ་ལ་རྣལ་འབྱོར་ནི་སྐབས་འདིར་ཡིད་ཡངས་པ་བརྟུལ ་ལ། མ་ཡེངས་ཀྱི་བར་དུ་བསམ་གཏན་བྱ་བའི་སྒྲའི་ཡུལ་ལ་གང་རྩེ་གཅིག་ཏུ་འཇུག་པ་སྟེ། བསམ་གཏན་བྱ་བའི་སྒྲའི་དབྱངས་དང་ཡིད་དུ་སྦྱོར་བ་ནི་རྣལ་འབྱོར་རོ་ཞེས་སྒྲའི་དོན་བཤད་པའི་ཕྱིར་ཏེ། དེ་བས་ན་ཁ་ཅིག་གིས ་རྣལ་འབྱོར་ནི་སེམས་འཇུག་པ་བཀག་པའོ་ཞེས་སྨྲས་པ་དང་། དེ་བཞིན་དུ་སྲོག་ཅེས་བྱ་བའི་རླུང་ལེགས་པར་བཀག་པ་ནི་རྣལ་འབྱོར་ཏེ།། ཞེས་གང་སྨྲས་པ་དེ་ཡང་བཤད་པར་གྱུར་ཏེ་ཇི་ལྟར་སྒྲ་གཅིག་པུ་ལ་དམིགས་པའི་ཡིད ་ནི་གང་ལོ་ཉོན་མོངས་པ་དང་ཉོན་མོངས་པ་མེད་པའི་རྣམ་པར་ཤེས་པ་འཇུག་པ་དེ་དག་རེ་ཞིག་དོགས་པ་མེད་པར་བཀག་པར་འགྱུརརོ།། དེ་བཞིན་དུ་ཡིད་རྩེ་གཅིག་ཏུ་གྱུར་པ་ཉིད་ལ་ནི་སྲོག་ཅེས་བྱ་བའི་ཡིད་ཀྱི་རྣམ་པར་ཤེས ་བའི་གནས་རླུང་གཞན་དུ་མི་འཇུག་སྟེ། དེ་བས་ན་སེམས་རྩེ་གཅིག་ཏུ་གྱུར་ན་རླུང་བཀག་པར་དོན་གྱི་དབང་གི་འགྱུ་རོ།། དེ་ལྟར་སྒྲ་གནས་རྣལ་འབྱོར་སྟེར་བར་དྲན་ཞེས་བྱ་བ་སྟེ་བསྟན་པའི་ཕྱིར། སྙིང་གར་གནས་པ་ཕྲ་བ་ནི།། དྲི་མེད ་ཟླ་བའི་དཀྱིལ་འཁོར་ཏེ།། དེ་ནད་རབ་ཏུ་བཞི་པ་ཡི།། མེ་ལྕེ་རབ་ཏུ་འོད་བཟུང་བ།། མི་འགྱུར་བཞི་ནི་དེར་གཞུག་ནས།། དེར་འདུག་ནས་ནི་སྒྲ་བསམ་མམ།། མི་འགྱུར་བ་ལ་ཡི་གེ་བཞག། སྒྲ་ཉིད་འབའ་ཞིག་བསམ་པར་བྱ།། ཞེས ་བྱ་བ་གསུང་སོ།། དུས་འདི་སྐད་གསུངས་ཏེ། དེ་ལྟར་སྣང་བ་མེད་པའི་བདག་གི་དེ་ཁོ་ན་ཉིད་ལ་གནས་པ་ཉིད་ཀྱི་སྙིང་ག་ན་ཟླ་བའི་གཟུགས་ཀྱི་ནང་ན་འདུག་པའིམེ་ལྕེའི་མན་ལྷའི་གཞི་འམ། ཟླ་བའི་དཀྱིལ་འཁོར ་འབའ་ཞིག་ལ་ཡི་ཀྵེའི་འབྲུའི་ཕྲེང་པོ་རབ་ཏུ་བརྟགས་ལ། རླུང་ཟད་ཙམ་ཞིག་ཏི་འཛྙཱན་བྷི་རབ་ཏུ་གསལ་བར་བྱས་ཏེ། དེའི་རྣམ་པ་ཡང་སྤངས་ལཱ་ཛཾ་སྐད་སྨྱོས་པའི་སྒྲའི་དབྱངས་ཙམ་འབའ་ཞིག་བསམ་གཏན་དུ་བྱའོ།། ་བྱ་བ་ནི་བསྡུས་པའི་དོན་ཏོ།། ཡན་ལག་གི་དོན་བཤད་པར་བྱ་སྟེ། དེ་ལ་ཕྲ་བ་ཟླ་བའི་དཀྱིལ་འཁོར་ཞེས་པ་ནི་སྡུག་ཅིང་རྒྱ་ཆེ་བའི་སྐྱོན་སྤངས་པའི་ཟླ་བ་ནི་ཕྲི་བ་སྟེ། དེ་ལྟ་བུ་བསྒོམས་ན་རྣལ་འབྱོར་པའི་སྙིང་གར་གནས་ཤིང་སེམས ་མཉམ་པར་གནས་པར་མི་འགྱུར་བའི་ཕྱིར་རོ།། དྲི་མ་མེད་པ་ཞེས་བྱ་བ་ནི་རབ་ཏུ་འོད་གསལ་ཞིང་མདངས་ཅན་དུ་བསྒོམ་པར་བྱ་བ་བསྟན་པའོ།། མི་འགྱུར་གཞི་ནི་དེར་བཞག་ནས་ཞེས་བྱ་བ་མི་འགྱུར་བ་ནི་གསང་སྔགས་ཀྱི་ཡི ་ཀཽའི་གཞི་སྟེ། གནས་ཀྱི་སྒོ་ནས་ལྷའི་གཟུགས་ཀྱི་སྐུ་ལ་གཞི་ཞེས་བྱའོ།། མི་འགྱུར་བའི་གཞི་རང་གི་ལྷའི་སྐུ་བཞག་ནས་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་མེ་ལྕེ་དེ་ལ་བསམས་ནས ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟར་གང་གནས་པའི་ལྷ་མི་འགྱུར་བའི་གཞི་ཞེས་བྱ་བ་ལ་ཅི་ལྷ་དེ་ཉིད་ཀྱི་གཟུགས་བསམས་པའམ། འོན་ཏེ་གཞན་འགའ་ཞིག་བསམ་པ་བྱེ་བྲག་ཏུ་མ་ཕྱེ་བས་དེ་བསྟན་པའི་ཕྱིར། སྒྲ་བསམ་མོ་ཞེས་བྱ་བ ་གསུངས་ཏེ། སྔར་བཤད་པའི་སྒྲའི་མཚན་ཉིད་བསམ་ཞིང་སྒོམ་མོ་ཞེས་བྱ་བུའི་དོན་ཏོ།། དེས་འདི་སྐད་བསྟན་པར་འགྱུར་ཏེ། སྔར་ཟླ་བའི་དཀྱིལ་འཁོར་གྱི་ནང་ན་གནས་པའི་མོ་ལྕེ་དེ་ལ་ལྷའི་སྐུ་བསམ་གཏན་དུ་བྱས་ནས་ཕྱིས་སྒོམ ་པ་དེ་བཏང་སྟེ། སྒྲ་འབའ་ཞིག་བསྡམ་གཏན་དུ་བྱའོ།། དབུགས་དབྱུང་བའི་ཚེ་ཡང་སེམས་ཀྱི་ཀྱང་། ལྷའི་སྐུ་ལ་དམིགས་པར་བྱའོ་ཞེས་བསྟན་ཏོ།། འདིས་ཀྱང་བཟླས་བརྗོད་ཀྱི་ཡན་ལག་བཞི་ལ་དམིགས་པའི་སྦྱོར་བ་ལས་མེ་ལ ་གནས་པའི་གསང་སྔགས་ལ་དམིགས་པ་བྱེ་བྲག་ཏུ་བསྟན་ཏོ།། དེ་ལྟར་ཅི་མངོན་ཞེ་ན། བཟླས་བརྗོད་ཀྱི་ཡན་ལག་བཞི་ལ་དེ་བཞིན་གཤེགས་པ་དང་། ཟླ་བའི་དཀྱིལ་འཁོར་དང་། གསང་སྔགས་ཀྱི་ཡི་གེའི་ཕྲེང་བ་དང་། ་གསུམ་ཅིག་ཅར་དམིགས་པ་དང་། ནང་དུ་ཡང་ཟླ་བའི་དཀྱིལ་འཁོར་དང་། ཡི་གེའི་ཕྲེང་བ་གཉིས་དམིགས་པ་འམ། གསང་སྔགས་ཀྱི་སྒྲ་བརྗོད་ཅིང་བསམ་གཏན་བྱ་བ་ཟློས་པ་པོས་གསང་སྔགས་བརྗོད་པའི་ཚེ་ཅིག་ཅར ་བྱ་བར་སྔར་བསྐྲུན་ཏོ།། དེ་བཞིན་དུ་མེ་ལ་གནས་པའི་གསང་སྔགས་ལ་དམིགས་པའི་སྦྱོར་བ་ལ་ཡང་མེ་ལྕེ་ནང་ན་འདུག་པའི་ཡི་གེ་ཕྲེང་བ་དང་བཅས་པའི་གསང་སྔགས་ཀྱི་སྒྲ་དང་། མེ་ལ་སོགས་པ་སུམ་ཆ་རཱ་དུས་ཀཅིག་ཏུ་དམིགས་པ ་བསྟན་པ། སྙིད་ལ་ཞེན་པར་སེམས་བཱ་ན། མཱ་ཡཱི་ནང་གནས་ཞི་བ་སྟེ། ཚིག་རྣམས་དག་པཱ་ཡན་ལག་ལྡན། ཞེས་བྱ་བ་གསུངས་ཏེ། མེའི་མཚན་ཉིད་དང་། གས་སྔགས་ཀྱི་ཡི་གེ་བཅས་པའི་གསང་སྔགས་ཀྱི་ཡི་གེའི་ཕྲེང་བའི་སྒྲ་ལ་དུས ་གཅིག་ཏུ་དམིགས་པ་ངེས་པའི་ཕྱིར་རོ།། འདིར་ནི་མི་འགྱུར་བའི་གཞི་སྔར་བཞག་ནས་ཕྱིས་སྒྲ་བསྒོམེ་མོ་ཞེས་བྱ་བའི་ཕྱི་མོའི་དུས་བསྟན་པའི་ཚིག་གིས་ནི་སྒྲ་བསྒོམས་པའི་ཚེ་གསང་སྔགས་མི་འགྱུར་བའི་གཞི་ཡོངསུ་བཏང་བ་གསུངས ་དེ་བཞིན་དུ་གཞུང་གཞན་དག་ལོས་ཀྱང་སྒྲའི་བསམ་གཏན་བྱེད་པ་འམ། རླུང་གི་རེག་པའི་བསམ་གཏན་བྱེད་པའི་ཚེ། གཟུགས་ལ་དམིགས་ན་སེམས་གཡེང་བར་འགྱུར་རོ་ཞེས་གསུངསོ།། སྒྲའི་བསམ་གཏན་ཉིད་རྣམ་པ་གཞན་དུ ་བྱ་བ་ཡང་། མི་འགྱུར་བ་ལ་ཡི་གེ་བཞག། སྒྲ་ཉིད་འབའ་ཞིག་བསམ་པར་བྱ། ཞེས་གསུངས་ཏེ། སྣང་བ་མེད་པར་རྣམ་པར་གཅིག་པར་གནས་པ་ན་རྒྱུན་དུ་འཇུག་ཀྱང་རང་བཞིན་མི་འགྱུར་བས་ན་མི་འགྱུར་བ་ཞེས་བྱ་སྟེ། བྱུང ་ཆུབ་ཀྱི་སེམས་ལ་བྱའོ།། དེ་བས་ན་དེའི་མཚན་མར་གྱུར་པ་ཟླ་བའི་དཀྱིལ་འཁོར་ལ་ཡང་མི་འགྱུར་བ་ཞེས་བྱ་སྟེ། ཟླ་བའི་དཀྱིལ་འཁོར་མི་འགྱུར་བ་དེ་ལ་གསང་སྔགས་ཀྱི་ཡི་གེའི་འབྲུའི་རང་བཞིན་རྣམས་བཞག་སྟེ། བསྒོམས ་ནས་སྒྲ་འབའ་ཞིག་བསམ་མོ།། ཞེས་བྱ་སྟེ་སྔ་མ་བཞིན་དུ་སྒྲའི་དབྱངས་ཙམ་འབའ་ཞིག་བས་མོ་ཞེས་བྱ་བའི་ཐ་ཚིག་གོ། འདིས་ཀྱང་སྔ་མའི་སྒྲའི་བསམ་གཏན་གྱི་སྦྱོར་བ་ལས་བྱེ་བྲག་ཏུ་བསྟན་ཏོ།། དེ་ལྟར ་ཅི་མངོན་ཞེ་ན་སྔ་མ་ནི་རང་གི་ལྷའི་སྐུ་དེ་སེམས་ངལ་བསེ་བའི་ཕྱིར་བསམ་གཏན་དུ་བྱས་ནས་ཕྱིས་སྒྲའི་དབྱངས་འབའ་ཞིག་ལ་དམིགས་པ་གསུངསོ།། འདིར་ནི་ཡི་གེའི་འབྲུ་རྣམས་ཀྱི་རང་བཞིན་འབའ་ཞིག་སེམས་ངལ་བསོ་བའི་ཕྱིར ་ཟླ་བའི་དཀྱིལ་འཁོར་བ་བསམ་ནས་ཕྱིས་སྒྲའི་བསམ་གཏན་བྱའོ།། ཞེས་དགོངསོ།། སྒྲའི་བསམ་གཏན་གྱི་སྦྱོར་བ་ཡང་ཕྲེང་བའི་གསང་སྔགས་ཀྱི་ཡི་གེ་རེ་རེའི་སྒྲ་ལུས་ཐམས་ཅད་ཀྱི་རླུང་སླར་སྡུད་པ་དང་། ལྷའི་ཅིག་ཏུ་ཡིད་ཀྱིས་རྣམ ་བར་བརྟག་ཅིང་བྱའོ།། ད་ནི་མེ་ལ་གནས་པ་ལ་སོགས་པ་སྒྲའི་བསམ་གཏན་གྱི་འབྲས་བུ་གང་ཡིན་པ་དེ་བསྟན་པ། སྒྲ་ལ་དམིགས་པའི་བསམ་གཏན་ནི། འབའ་ཞིག་བྱས་པ་ཉིད་ཀྱིས་ཀྱང་། དངོས་པོ་ཀུན་ནས་དམ་པའི་དཔལ། སྒྲུབ ་པའི་སྐྱེས་བུས་ཐོབ་པར་འགྱུར། ཞེས་བྱ་བ་གསུངསོ།། དེ་ལ་འབའ་ཞིག་ཞེས་བྱ་བ་ནི་བཟླས་བརྗོད་ལ་མི་བལྟོས་པའི་བསམ་གཏན་འབའ་ཞིག་གིསོ།། སྒྲ་ལ་དམིགས་པ་ཞེས་བྱ་བ་ནི་གོང་དུ་དམིགས་པའི་རིམ་པས་སྒྲ་རིག་ཅིང་སྒྲའི་རྗེ་སུ ་སོང་བ་སྟེ། སྒྲ་ལ་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ། སྒྲུབ་པའི་སྐྱེས་བུ་ཞེས་བྱ་བ་ནི་ཉེ་བར་བསྟན་པ་སྟེ། བུད་མེད་ཀྱིས་ཀྱང་འཐོབ་པའོ།། དངོས་པོ་ཀུན་གནས་དམ་པའི་དཔལ། ཞེས་བྱ་བ་ནི་ལྷའི་དང་ལྷའི་མ་ཡིན་པའི་སེམས་ཅན ་ཐམས་ཅད་ཀྱི་དངོས་པོ་ལ་གནས་པའི་དཔལ་ལོངས་སྤྱོད་ཐོབ་པ་སྟེ། ཇི་ལྟར་འདོད་པའི་དངོས་གྲུབ་སྒྲུབ་ནུས་པར་འགྱུར་བ་ལྷའི་དང་ལྷ་མ་ཡིན་པའི་དཔལ་སྦྱོར་བ་ལས་འབྱུང་བ་དང་། སྦྱོར་བ་མ་ཡིན་པ་ལས་བྱུང་བ་གསུང་སྔགས་ཀྱི་རྣལ་འབྱོར ་གྱི་མཐུས་ཐོབ་པར་འགྱུར་རོ།། ཞེས་དགོངས་པའོ།། དཔལ་དེ་ཡང་ཡིད་བཞིན་གྱི་ནོར་བུ་དང་། བུམ་པ་བཟང་པོ་དང་། དཔག་བསམ་གྱི་ཤིང་དང་། རལ་གྲི་ལ་སོགས་པས་སྦྱོར་བའི་དངོས་གྲུབ་ལོངས་སྤྱོད་ཀྱི་མཚན་ཉིད་དང་། དེ ་བཞིན་དུ་ཕྲ་བ་དང་། ཕྱེ་བ་ལ་སོགས་པ་དབང་ཕྱུག་གི་ཡོན་ཏན་བརྒྱད་པའི་མཚན་ཉིད་དོ།། དམ་པའི་དཔལ་ཞེས་བྱ་བ་དམ་པའི་སྒྲའི་ཁྱད་པར་ནི་རྣལ་འབྱོར་གྱིས་མཐུས་ཐོབ་པའི་དཔལ་ཏེ། བསྟན་པ་དང་ཟིལ་གྱིས་མི་ནོན་པ་ཉིད་དང་། ་ཉོན་མོངས་པའི་གདུང་བ་ལ་སོགས་པ་ཐུལ་བའི་ཡོན་ཏན་གྱི་ཚོགས་ལ་ལོངས་སྤྱོད་བྱེད་པར་བསྟན་པའི་ཕྱིར་རོ།། ད་ནི་སྒྲ་མཐར་ཐར་པ་སྟོར་བ་ཉིད་ཅེས་གསུངས་པ་དེ་བརྟག་པར་བྱའོ།། དེ་ལ་གོང་དུ་སྨོས་པའི་སྒྲའི་མཐའ་ནི་སྒྲ་མེད་པ ་སྟེ། གསང་སྔགས་ཀྱི་སྒྲ་ཙམ་ལ་གནས་པ་ཡོངསུ་བཏང་བ་ནི་སྒྲའི་མཐའོ།། སྒྲོའི་མཐའ་དེར་གསོད་སྔགས་ཀྱི་ཆོས་ཀྱི་སྐུའི་རང་བཞིན་དུ་གནས་པ་རྣམ་པར་ཐར་པ་སྟེར་བར་དྲན་པ་ནི་བསམ་པའོ།། འདི་སྐད་དུ་གསུངས་པར ་འགྱུར་ཏེ། སྒྲའི་གནས་སྐབས་ཀྱི་ཡོངསུ་བཏང་བས་གཉིསུ་མེད་པའི་རྣམ་པར་བསྒོམས་ན། རང་གི་རྣམ་པར་རྟོགས་པ་ལས་བྱུང་བའི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ལ་སེམས་གྲོལ་བར་འཐོབ་བོ་ཞེས་བྱ་བའོ།། ་ཆོས་ཀྱི་སྐུ་སྟོང་པ་ཉིད་ཀྱི་མཚན་ཉིད་དེ་ཡོངསུ་དག་པ་དང་། ཡོངསུ་མ་དག་པའི་སེམས་ཅན་སྤྱིའི་ཐུན་མོང་ཡིན་མོད་ཀྱི་འོན་ཀྱང་གསང་སྔགས་ཀྱི་ངོ་བོའི་རང་བཞིན་དུ་གནས་པ་དེ་མངོན་དུ་གྱུར་པར་བྱའོ།། ་གང་གི་ཕྱིར་གསང་སྔགས་ཀྱི་སྤྱོད་པ་ལ་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱིས་གསང་སྔགས་ཡན་ལག་དུ་གྱུར་པར་སྣང་བ་དང་། སྒྲ་ཞེས་བྱ་བ་དང་། ཡིད་ཀྱི་དང་། ཚིག་རྣམ་པར་དག་པའི་གནས་སྐབས་ཡོངསུ་བཏང་བའི་རིམ་པས ་ཆོས་ཀྱི་སྐུ་དེ་མངོན་དུ་གྱུར་པོར་བྱའོ།། དེ་བས་ན་སྒྲའི་མཐའ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བསྒོམས་ན་ཐར་པ་སྟེར་ཏོ་ཞེས་གསུངསོ།། རྣམ་པ་འདི་ལྟ་བུའི་ཚིག་དཔྱད་པ་ལ་རྣམ་པ་དུ་མར་རྒོལ་བ་དང་། ལན་ལྗོན་པའི་ཡུལ་ལ ་བདག་ཅག་ལྟ་བུ་བློ་འཕྲོར་རབཏུབ་མོད་ཀྱི་ཧ་ཅང་འཕྲོས་པས་ཅི་ཞིག་བྱས་བཏང་ལ་སྐབས་ཉིད་བརྟག་པར་བྱའོ།། གསང་སྔགས་ཀྱི་སྒྲའི་རྣམ་པ་ཡིད་ཀྱི་རྣམ་པར་རྟོག་པའི་རང་བཞིན་སྒྲའི་ངོ་བོ་ཉིད་ཀྱི་གནས་སྐབས་དེ་ཡང་རྣམ་པ ་གསུམ་གྱིས་བཏང་བར་བྱ་བ་ནི་གནས་ཡོངསུ་བཏང་བ་དང་། དེ་མངོན་པར་འབྱེད་པ་ཡོངསུ་བཱཏ་དྲ་པཱ་དང་། རང་བཞིན་ཡོངསུ་བཏང་བའོ།། དེ་ལ་གནས་ནི་གཟུགས་ཀྱི་ཡན་ལགྲ་གི་གནས་སྐབས་ཏེ། དེ་ལ་གནས་པ་གསང་སྔགས ་ཀྱི་སྒྲ་ཙམ་ཉིད་ལ་རྣམ་པར་རྟོག་པའི་རང་བཞིན་ལ་འཇུག་པའི་ཕྱིར་རོ།། མངོན་པར་བྱེད་པ་ནི་ཡིད་ཀྱི་དང་ཤུབ་བུར་བཟླས་བརྗོད་བྱེད་པའི་སྒྲ་སྟེ། ཡིད་ཀྱི་རྣམ་པར་རྟོགས་པའི་རང་བཞིན་ཚིག་ཏུ་གསལ་བར་མངོན་པར་སྟོན་པའི ་ཕྱིར་རོ།། དེ་ལ་རང་བཞིན་ནི་གསང་སྔགས་ཀྱི་ཡི་གེའི་སྒྲར་རྣམ་པར་རྟོགས་པའི་ངོ་བོ་ཉིད་དེ། ཡིད་ཀྱི་དང་ཤུབ་བུར་བཟླས་བརྗོད་བྱེད་པའི་སྒྲ་ལས་གཞན་པའོ།། དེ་བས་ན་རྣམ་པ་གསུམ་པོ་དེས་ཇི་སྐད་གསུངས་པའི་གསུང་སྔགས་ཀྱི ་རང་བཞིན་གྱི་གནས་སྐབས་ཡོངསུ་བཏང་བ་བསྟན་པའི་ཕྱིར་ལྟོས་བཅས་ཡན་ལག་གྱུར་པར་སྣང་ཞེས་བྱ་བ་ལ་སོགས་པ་གསུངསོ།། དེ་ལ་ལྟོས་བཅས་ཡན་ལག་གྱུར་པར་སྣང་ཞེས་བྱ་བ་འདིས་ནི་གནས་ཡོངསུ་བཏང་བ་བསྟན་ཏོ།། སྒྲ་ཞེས་བྱ ་བ་དང་ཡིད་ཀྱི་དང་ཞེས་བྱ་བ་ནི་གསལ་བར་མངོན་པར་བྱེད་པ་ཡོངསུ་བཏང་བ་བསྟན་པའོ།། ཚིག་རྣམ་པར་དག་པ་ཞེས་བྱ་བ་ནི་རང་བཞིན་ཡོངསུ་བཏང་བ་བསྟན་པ་སྟེ། དེ་ནི་བསྡུས་པའི་དོན་ཏོ།། ཡན་ལག་གི་དོན་ཏོ།། ཡན་ལག་གི་དོན ་བཤད་པར་བྱ་སྟེ། དེ་ལ་རིག་སྔགས་དབང་པོའི་ཡན་ལག་སྤངས་ཞེས་བྱ་བ་ནི་རིག་སྔགས་རྣམས་ཀྱི་དབང་པོ་བྱས་ན། རིག་སྔགས་ཀྱི་དབང་པོ་སྟེ། མཉེས་པར་བྱ་བའི་རང་བཞིན་ཡིན་པའི་ཕྱིར།། བསྒྲུབ་པར་བྱ་བའི་རིག་སྔགས་ལ ་བྱའོ།། རིག་སྔགས་ཞེས་བྱ་བ་ནི་ཉེ་བར་བསྟན་པ་སྟེ། གསང་སྔགས་ལ་ཡང་བྱའོ།། རིག་སྔགས་ཀྱི་དབང་པོ་དེ་རང་འབྲེལ་བའི་ཡན་ལག་སྤང་བར་བྱ་བ་ནི་རིག་སྔགས་ཀྱི་དབང་པོའི་ཡན་ལག་སྤང་བར་བྱ་བ་སྟེ། སྤང་བ་ཡང ་དེ་ཡིན་ལ་ཡན་ལག་ཀྱང་དེ་ཡིན་པས་ན་དེ་སྐད་ཅེས་བྱའོ།། དེས་ནི་འདི་སྐད་གསུངས་ཏེ། རིག་སྔགས་ཀྱི་དབང་པོ་དང་འབྲེལ་བའི་ཡན་ལག་སྤང་བ་ནི་བཏང་བར་བྱ་བ་སྟེ། ཡན་ལག་ཅེས་བྱ་བའི་སྒྲ་ནི་འདིར་ཚེ་ཤས་ཙམ་གྱིས་རྣམ ་གྲངསོ།། ཡང་ན་ཡན་ལག་གི་ཚིག་གནས་སྐབས་ལ་ཡང་བྱ་སྟེ། ཇི་ལྟར་བདག་ཅག་གི་དུས་འདི་འདྲའོ།། ཞེ་འམ། བདག་ཅག་གི་གནས་སྐབས་འདི་འདྲ་བའོ་ཞེས་བྱ་བ་ལྟ་བུའོ།། དེ་བས་ན་ཚིག་གི་དོན་འདི ་ལྟར་འགྱུར་ཏེ། རིག་སྔགས་ཀྱི་དབང་པོའི་སྤང་བར་བྱ་བའི་གནས་སྐབས་སམ། ཆ་ཤས་ནི་རིག་སྔགས་ཀྱི་དབང་པོའི་ཡན་ལག་སྤང་བར་བྱ་བ་སྟེ། རྒྱལ་བ་དེ་བཞིན་གཤེགས་པས་མཁྱེན་པ་ནི་རིག་པར་འགྱུར་བའོ།། རིག་སྔགས་ཀྱི་དབང་པོའི་ཡན ་ལག་སྤང་བར་བྱ་བའང་ཅི་འདྲ་བ་ཞིག་རྒྱལ་བས་མཁྱེན་ཅེ་ན། བལྟོས་བཅས་ཡན་ལག་གྱུར་པར་སྣང་།། སྒྲ་ཞེས་བྱ་དང་ཡིད་ཀྱི་དང་།། ཚིག་རྣམས་དག་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་བལྟོས་པ་དང་བཅས་པར་གྱུར་པས་ན་བལྟོས་པ་དང་བཅས་པ ་སྟེ་སྔགས་པའོ།། བདག་གིས་དངོས་པོ་གང་ལ་ཡན་ལག་ལྷའི་སྐུ་ཡན་ལག་གི་མཚན་ཉིད་ཀྱི་རང་བཞིན་དུ་གྱུར་ཅིང་སྐྱེས་པ་དེ་ནི་ཡན་ལག་ཏུ་གྱུར་པའོ།། རིག་སྔགས་ཀྱི་དབང་པོའི་ཡན་ལག་སྤངས་པར་བྱ་བ་འམ། རིག་སྔགས་ཀྱི ་དབང་པོའི་ཆ་ཤས་སམ། གནས་སྐབས་སྤང་བར་བྱ་བ་གང་ལ་ཡན་ལག་ཏུ་གྱུར་པ་ཅུང་ཟད་མི་གསལ་བར་སྣང་བ་ཡོད་པ་དེ་ནི་ཡན་ལག་ཏུ་གྱུར་པར་སྣང་བ་སྟེ། དེ་བལྟོས་བཅས་པའི་ཡན་ལག་གྱུར་པ་སྣང་ཞེས་དེ་སྐད་གསུངསོ།། ་བལྟོས་བཅས་ཡན་ལག་གྱུར་པར་སྣང་བའི་རིག་སྔགས་ཀྱི་དབང་པོ་དང་འབྲེལ་པ་སྤང་བར་བྱ་བའི་གནས་སྐབས་དེ། རྒྱལ་བ་དེ་བཞིན་གཤེགས་པས་མཁྱེན་ཏོ།། ཞེས་བྱ་བའི་ཐ་ཚིག་གོ།། སྔགས་པ་སྲོག་དང་རྩོལ་བ་དང་དཀའ ་ཐུབ་དང་། བསམ་གཏན་ལ་སོགས་པ་ལ་བལྟོས་པ་དང་བཅུས་པའི་ཡན་ལག་དུ་གྱུར་པར་སྣང་བ་ཞེས་བྱ་བ་རིག་སྔགས་ཀྱི་རྣམ་པ་དག་ཏུ་གྱུར་པ་རྣམ་པར་ཤེས་པ་སྣང་བ་གང་ཡིན་པ་དེ་བལྟོས་པ་དང་བཅས་པ་ཡན་ལག་ཏུ ་གྱུར་པར་སྣང་བའོ།། དེ་ཡང་ཐར་པ་འདོད་པ་བསམ་གཏན་གྱི་ཚེ། རྣལ་འབྱོར་གྱི་མཐུས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ལྷའི་ཆ་ཤས་ལ་དམིགས་པའི་ཚུལ་གྱིས་སྤང་བར་བྱའོ།། བལྟོས་པ་དང་བཅས་པ་མ་ཡིན་པའི་གཟུགས ་ཀྱི་ཡན་ལག་གསང་སྔགས་ཀྱི་རྣམ་པར་སྨིན་པ་དེ་ནི་སྔགས་པ་ལ་མི་སྲིད་པས། ཡོངསུ་སྤང་བར་བྱ་བ་མི་རིགས་པའི་ཕྱིར་མ་སྨོསོ་སྒྲ་ཞེས་བྱ་བ་ལ་སྒྲ་ནི་གསང་སྔགས་ཤུབ་བུར་བཟླས་བརྗོད་བྱེད་པ་ལས་བྱུང་བའི་སྒྲ ་དེ་ལ་བྱ་སྟེ། རིག་སྔགས་ཀྱི་དབང་པོ་ཡན་ལག་སྤང་བར་བྱ་བ་རིག་སྔགས་ཀྱི་དབང་པོའི་སྤང་བར་བྱ་བའི་གནས་སྐབས་གང་ཡིན་པ་དེ་ནི་སྒྲ་ཞེས་བྱ་བའི་ཡན་ལག་ཤུབ་རུར་བཟླས་བརྗོད་བྱེད་པའི་གནས་སྐབས་ལ་བྱའོ་ཞེས་བྱ ་དཱར་དགོངས་པའོ།། དེས་ནི་གསང་སྔགས་ཤུཔྟ་བུར་བཟླས་བརྗོད་བྱེད་པའི་རང་བཞིན་ཡང་གྲོལ་བར་འདོད་པས་ཆོས་ཀྱི་སྐུ་ལ་དམིགས་པས་སྤང་བར་བྱའོ་ཞེས་བཤད་པ་ཡིན་ནོ།། དེ་ནས་ཡང་ཡིད་ལས་བྱུང་བའི་གསང་སྔགས ་ཀྱི་སྒྲའི་རང་བཞིན་གྱི་གནས་སྐབས་ཀྱང་ཆོས་ཀྱི་དབྱིབས་ལ་དམིགས་པས་ཡོང་སུ་སྤངས་པར་བྱའོ་ཞེས་བསྟན་པ། ཡིད་ཀྱི་དང་ཞེས་གསུངསོ།། ཡིད་ལས་བྱུང་བས་ན་ཡིད་ཀྱི་སྟེ། རིག་སྔགས་ཀྱི་དབང་དང ་ཡན་ལག་སྤང་བར་བྱ་ཞེས་བྱ་བར་སྦྱར་རོ།། དེ་ཡང་ཡིད་ཀྱི་བཟླས་བརྗོད་ལས་བྱུང་བའི་སྒྲའི་ངོ་བོ་ཉིད་མཉེས་པར་བྱ་བའི་ལྷའི་གསང་སྔགས་འདོན་པའི་རང་བཞིན་གནས་སྐབས་དེ་ཡང་གྲོལ་བར་འདོད ་པས་སྤང་བར་བྱའོ།། ཞེས་བྱ་བའི་ཐ་ཚིགོ། ཚིག་རྣམ་པར་དག་པ་ཞེས་བྱ་བ་ནི་རིག་སྔགས་ཀྱི་དབང་པོའི་ཡན་ལག་གང་ལ་ཚིག་རྣམ་པ་གཉིས་མེད་པར་གྱུར་ཅིང་རྣམ་པར་དག་པ་དེ་ནི་ཚིག་རྣམ་པར་དག་པའོ།། ཚིག་རྣམ་པར་དག་པ། ་རིག་སྔགས་ཀྱི་དབང་པོའི་ཡན་ལག་སྤང་བར་བྱ་བ་རྒྱལ་བས་མཁྱེན་ཅེས་བྱ་བ་ནི་ཡིད་ཀྱི་རྣམ་པར་རྟོག་པའི་རང་བཞིན་ཡིད་དང་། ཤུབ་བུར་བཟླས་བརྗོད་བྱེད་པའི་ངོ་བོ་ཉིད་དང་བྲལ་བ་རིག་སྔགས་ཀྱི་དབང་པོའི་གནས་སྐབས་གང་ཡིན་པ་དེ ་ཡང་གྲོལ་བར་འདོད་པས་ཆོས་ཀྱི་སྐུ་ལ་དམིགས་པས་སྤང་བར་བྱ་ཞེས་དེ་སྐད་བསྟན་པར་འགྱུའོ།། ཡང་ན་ཚིགསུ་བཅས་པ་དེ་ཉིད་ཀྱི་དོན་འདི་ལྟར་བཤད་པར་བྱ་སྟེ། བལྟོས་པ་དང་བཅས་པ་དང་། ཡན་ལག་ཏུ་གྱུར་པར་སྣང་བ་དང་། ་སྒྲ་ཞེས་བྱ་བ་དང་། ཡིད་ཀྱི་དང་། ཚིག་རྣམ་པར་དག་པའི་ཡན་ལག་དག་ཀྱེ་རིག་སྔགས་ཀྱི་དབང་པོ་སྤང་བར་བྱས་ནས། རིག་པ་མཁས་པ་གསང་སྔགས་ཀྱི་དོན་རྣམ་པར་བྱེ་བ་ལ་མཁས་པའི་དེ་བཞིན་གཤེགས་པར་འགྱུར་རོ།། ཞེས་བྱ ་བའི་ཐ་ཚིག། དེ་ལ་གྲོལ་བར་འདོད་པས་རགས་རིམ་གྱི་སྤང་བའི་རིམ་པ་ནི་འདི་ལྟ་སྟེ། སླར་སྡུད་པ་དང་། དཀའ་ཐུབ་དང་། བསམ་གཏན་དང་། སྲོག་དང་རྩོལ་བ་ལ་སོགས་པ་བྱས་ནས། རང་གི་ལྷའི་གཟུགས་བརྙན་ལ་དམིགས ་པས་རབ་ཏུ་སྒྲིམ་པའི་ཏིང་འཛིན་བརྟན་པར་བྱས་ལ། ཤུ་བུར་བཟླས་བརྗོད་བྱེད་པའི་གསང་སྔགས་ཀྱི་སྒྲ་ལ་དམིགས་པའི་ཏིང་འཛིན་རབ་ཏུ་རགས་པ་ལ་དམིགས་པ་ཡོངསུ་སྦྱངས་ནས་རགས་པའི་ཏིང་འཛིན་བརྟན་པར་བྱའོ།། རགས་པ་ལ ་དམིགས་པ་དྲི་ཡང་པྲཱ་བ་ཡིད་ཀྱི་སྒྲའི་ཏིང་འཛིན་གྱི་ཡོངསུ་སྤང་ངོ་།། དེ་ཡང་རབ་ཏུ་སྤངས་ནས་རབ་ཏུ་ཕྲ་བ་གསང་སྔགས་ཀྱི་རྣམ་པར་རྟོགས་པའི་ཏིང་འཛིན་ལ་གནས་སོ།། དེ་ཡང་ཡོངསུ་སྤངས་ཏེ། གྲོལ་བར་འདོད་པས་ཆོས་ཀྱི་སྐུ ་དམིགས་པའི་ཏིང་འཛིན་ནན་ཏན་དུ་བྱའོ།། བལྟོས་པ་བཅས་པའི་སྔགས་དང་ཡན་ལག་དུ་གྱུར་པར་སྣང་བའི་གནས་སྐབས་གང་ཡིན་པ་དེ་ཡོངསུ་སྤང་ངོ་ཞེས་ནི་གསུངས་ན། ཇི་ལྟར་དེ་ལྟོས་པ་དང་བཅས་པ་མ་གསུངས་པས་དེ་བསྟན་པ། ་སླར་སྡུད་ཅེས་བྱ་བ་ལ་སོགས་པའོ།། དེ་ལ་སླར་སྡུད་པ་དང་། དཀའ་ཐུབ་དང་བསམ་གཏན་དང་། སྲོག་དང་རྩོལ་བ་དང་། ཆོ་ག་སྟེ། དེ་དག་ནི་སླར་སྡུད་དཀའ་ཐུབ་བསམ་གཏན་དང་། སྲོག་དང་རྩེལ་བའི་ཆོ་ག་རྣམས་ཏེ། དེ་དག་གི་བྱ་བ ་ནིབྱེད་པ་སྟེ། ནན་ཏན་ལ་ཡང་དེ་སྐད་ཅེས་བྱའོ།། དྲི་བས་ན་ཇི་ཙམ་དུ་སྔགས་པ་ལ་སླར་སྡུད་པ་ལ་སོགས་པའི་རྣམ་པར་ཤེས་པ་སྣ་ཚོགསུ་འབྱུང་བ་དེ་ཙམ་དུ་ལྟོས་པ་དང་བཅས་པ་ཞེས་བྱ་སྟེ། དེ་ནི་སྡུས་པའི་དོན་ཏོ།། སླར་སྡུད་པ་ལ ་སོགས་པ་བལྟོས་པས་ན་བལྟོས་པ་དང་བཅས་པ་ཞེས་བྱའོ།། དེ་ལ་སླར་སྡུད་པ་དང་སྲོག་དང་རྩོལ་བ་ནི། སླར་སྡུད་པས་ནི་བཀུག་ནས་ནི་སྲོག་དང་རྩོལ་བ་བསྡམས་པའི་ཡིད། ཅེས་བྱ་བའི་སྐབས་དེར་བཤད་ཟིན་ཏོ།། བསམ་གཏན ་གྱི་སྒྲ་ཡང་བསམ་གཏན་ཞེས་བྱ་མཆོག་ཏུ་གསང་ཞེས་བྱ་བའི་ཚིགསུ་བཅད་པས་བཤད་ཟིན་ཏོ།། དེ་བས་ན་གང་མ་བཤད་པ་དེ་དག་བཤད་པར་བྱའོ།། དེ་ལ་དཀའ་ཐུབ་ཀྱི་བྱ་བ་བཤད་པར་བྱ་བ་སྟེ་འདིས ་གདུངས་ཤིང་བསྡུམས་པས་ན་དཀའ་ཐུབ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། རྒྱགས་པ་དང་། རྒྱུ་ལ་སོགས་པ་ཉོན་མོངས་པའི་གཉེན་པོར་གྱུར་པ་ལུས་དང་ངག་དང་ཡིད་ཀྱིས་ལེགས་པར་སྤྱོད་པ་ལ་ནན་ཏན་བྱེད་པའི་ངོ་བོ་དགེ་བ་བཅུའི ་ལས་ཀྱི་ལམ་གྱི་རང་བཞིན་ཅན་གྱི་ཡིད་དོ།། གཞན་ཡང་གསང་སྔགས་ཀྱི་ཚུལ་ལ་སོགས་པ་ལ་སོགས་པ་ལས་བཅས་པ་དམ་ཚིག་དང་། འདུལ་བ་དང་། དཔྱོད་པ་དང་། ནན་ཏན་གྱི་མཚན་ཉིད་དེ། དེ་བས་ན་འདོད་ཆགས་ལ ་སོགས་པའི་གཉེན་པོ་དཀའ་ཐུབ་ཅེས་བྱ་བ་དེ་ནན་ཏན་དུ་བྱས་ན། ལུས་དངཔ་ལ་སོགས་པ་བསྡམས་པས་གནོད་པར་འགྱུར་བའི་ཕྱིར། དེའི་གཉེན་པོ་ནན་ཏན་དུ་བྱེད་པ་གནོད་པའི་བདག་ཉིད་ཅན་ལ་དཀའ་ཐུབ་ཅེས་བྱ་བའི་ཚིག་ཏུ ་བཤད་དོ།། ཞེས་དགོངསོ།། ཆོ་ག་བྱ་བ་ཞེས་བྱ་བ་ནི་ཚོ་གར་བྱ་བ་སྣ་ཚོགས་རྣམས་ཏེ། དཀྱིལ་འཁོར་བསྟན་པ་དང་། དབང་བསྐུར་བ་དང་། མེ་ཏོག་ལ་སོགས་པའི་ཡོ་བྱད་ཀྱི་མཆོད་པ་དང་། སྦྱིན་སྲེག་ལ་སོགས་པ་གསང་སྔགས ་མཉེས་པར་བྱེད་པའི་རྒྱུ་རྣམས་ཏེ། དེ་དག་གི་བྱ་བ་ནི་ནན་ཏན་དུ་བྱ་བ་སྟེ། ཆོ་གའི་བྱ་བའོ།། རྣམ་པར་ཤེས་པ་སྣ་ཚོགས་ཞེས་བྱ་བ་ནི་བདག་གི་དེ་ཁོ་ན་ཉིད་རབ་ཏུ་ཤེས་པར་བྱེད་པའི་ཚེ། ཕུང་པོ་ལྔའི་རང་དང་སྤྱིའི་མཚན་ཉིད་ངེས ་བུར་རྟོགས་པའི་རྣམ་པ་སྣ་ཚོགས་ཀྱི་རྣམ་པར་སྣང་བ་ནི་རྣམ་པར་ཤེས་པ་སྣ་ཚོགས་ཏེ། སྣ་ཚོགས་ནི་རྣམ་པ་ཐ་དད་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ།། དེས་ནི་དཀའ་ཐུབ་དང་ལྡན་པས་དཀྱིལ་འཁོར་གྱི་ལས་བྱ་སྟེ། ལྷ་མཆོད་པ་ལ་སོགས་པ ་ལེགས་པར་བྱས་ནས་སླར་སྡུད་པ་བྱ་སྟེ། བདག་གི་དེ་ཁོ་ན་ཉིད་རྟག་པ། རྫོགས་པར་བྱས་པས་རྣམ་པར་ཤེས་པ་སྣ་ཚོགས་པ་སྤངས་ལ་སྲོག་རྩོལ་བ་མངོན་དུ་བྱས་ནས་ལྷའི་རྣལ་འབྱོར་གྱི་མཚན་ཉིད་ཡན་ལག་ཏུ་གྱུར་པར་སྣང་བའི་རྣམ ་པར་ཤེས་པར་ནན་ཏན་བྱའོ།། ཞེས་པ་བསྟན་པ་སྟེ། དེ་ཡང་མཇུག་བསྡུ་བའི་སྒོ་ནས་བསྟན་པ། དཀའ་ཐུབ་ཆེན་པོ་དང་ལྡན་པར་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་དཀའ་ཐུབ་ཆེན་པོ་དང་ལྡན་པར་བྱས་ལ་ཡན་ལག་སྣང་བ་ན་ནི་ཏན་བྱའོ།། ་ཞེས་པ་དང་སྦྱར་རོ།། དེ་ལ་དཀའ་ཐུབ་ཀྱི་མཚན་ཉིད་ནི་གོང་དུ་བཤད་པའོ།། དེའི་ཚེ་ཆེ་བ་ཡང་ལེགས་པར་བྱས་པ་དང་། རྟག་ཏུ་བྱས་པ་དང་། མ་ཉམས་པ་དང་། མ་འདྲེས་པར་སྒྲུབ་པའི་སྒོ་ནས་མཐོང་བ་དེ་ཆོས་ལ་འབྲས་བུ་ཐོབ་པར་བྱེད ་ནུས་པའོ།། ཆོས་བསྐྱེད་ཅེས་བྱ་བ་ནི་རང་གི་མཚན་ཉིད་ཕྱིན་ཅི་མ་ལོག་པར་འཛིན་པའི་ཕྱིར། བདག་གི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ལ་འདིར་ཆོས་ཞེས་བྱ་བའི་ཚིག་ཏུ་འདོད་དོ།། དེ་བསྐྱེད་པ་ནི་རྣམ་པ་མེད་པར་མོས་པ་བསྐྱེད་པའོ།། བརྟུལ ་ཞུགས་མཆོག་ཅེས་བྱ་བ་ནི་རིག་སྔགས་ཀྱི་བརྟུལ་ཞུགས་ལ་སོགས་པ་ལ་མ་འདྲེས་པའི་ཚུལ་དུ་གནས་ཞེས་བྱ་བའི་དོན་ཏོ།། བལྟོས་བཅས་ཞེས་བྱ་བ་ནི་སླར་སྡུད་པ་དང་། བསམ་གཏན་དང་། སྲོག་དང་རྩོལ་བ་ལ་བལྟོས་པ་དང་ལྡན་པའོ།། ་ཡུལ་ལས་གྲོལྔ་ཞེས་བྱ་བ་ནི་ཕྱི་རོལ་གྱི་གཟུག་ལ་སྟོན་བྷི་ནམཱ་པའི་མཚན་ཉིད་ཀྱི་ཡུལ་ལུས་བྲེལ་བའོ།། ཡན་ལག་སྣང་བ་བསམ་གཏན་བྱ་ཞེས་བྷཱ་བ། ཡན་ལག་ནི་ལྷའི་ཡན་ལག་གོ།། དེ་དག་ཅུང་ཟད་ཙམ་སྣང་བ་ནི། ་སྣང་བ་སྟེ། རྣམ་པར་སྨིན་པའི་གཟུགས་མ་ཡིན་པའི་ཕྱིར། བསམ་གཏན་དང་ཏིང་འཛིན་གྱི་བྱེ་བྲག་ལས་རེ་ཞིག་མི་གསལ་བར་སྣང་བ་ནི་ཡནི་ལག་སྣད་ཞེས་བྱ་བའི་ཐ་ཚིག་གོ།། ཡན་ལགི་སྣང་བ་དེ་ཡང་མངོན་དུ་བྱས་ནས་ཆོས་ཀྱི ་དབྱིངས་ཀྱི་མཚན་ཉིད་ཀྱི་ལྷའི་རང་བཞིན་ཇི་ལྟར་མངོན་དུ་བྱ་བ་དེ་བསྟན་པ། དེར་ཡང་བརྟུལ་ཞུགས་བྱས་ནས་ནི་ཞེས་བྱ་བ་ལ་སོགས་པའོ།། དེར་ཡང་ཞེས་བྱ་བ་ནི་ཡན་ལག་གོམས་པར་བྱའོ།། བརྟུལ་ཞུགས་བྱས་ནས་ཞེས་བྱ་བ་ནཱི་ཡི ་དམ་སྟེ། བདག་ཉིད་ལྷའི་རང་བཞིན་དུ་སེམས་ཀྱིས་བྱས་ནས་ཞེས་བྱ་བའི་ཐ་ཚིག་གོ། ཡན་ལག་གོམས་པར་ཞེས་བྱ་བའི་བརྟུལ་ཞུགས་དེ་ཇི་ལྟ་བུ་ཞིག་ཅི་ནི། དོགས་པ་ཞེས་བྱ་བ་གསུངས་ཏེ། གསལ་བར་མི་སྣང་བ་ཞེས་བྱ་བའི་དོན་ཏོ།། ་དེས་འདི་ལྟར་དགོངསོ།། ཏིང་འཛིན་མ་ཐོབ་པ་སླར་སྡུད་པ་ལ་སོགས་པ་ལ་བལྟོས་པ་བཅས་པར་བསམ་གཏན་བྱེད་པ་ན། རེ་ཞིག་བདག་ལྷའི་གཟུགས་བརྙན་གྱི་རྣམ་པ་གང་ཡིན་པར་བདག་གྱུར་པར་སྣང་བ་དེ་མི་གསལ་བའི་རང ་བཞིན་ཉིད་དེ། རྣམ་པར་རྟོག་པ་དང་བཅས་པཱི་བསམ་བཏན་གྱི་སྤྱོད་ཡུལ་ལས་བྱུང་བའི་ཕྱིར་རོ།། དེ་བས་ན་རྣམ་རྟོག་རྗེསུ་སོང་བ་ནི།། དོན་གསལ་བར་ནི་མི་སྣང་ངོ་།། ཞེས་བཤད་དོ།། དེ་ལྟ་བུའི་བརྟུལ་ཞུགས་མངོན་དུ་བྱས་ཅི་ཞིག་བྱ་ཞེ ་ནུ། འཇིག་རྟེན་སྤྱང་བའི་ཞེས་གསུངས་ཏེ། བསམ་གཏན་གཅིག་པོ་སྤྱད་ཅེས་བྱ་བ་དང་འབྲེལ་ཏོ།། བས་མ་གཏན་དངོས་པོ་སེམས་པ་གང་ལ་འཇིག་རྟེན་སྤྱོད་བྱ་ཡོད་པ་དེ་ནི་འཇིག་རྟེན་སྤྱ་པའི་བས་སུ་གཏན་ནོ།། དེས་ནི་སྐུད་བསྟན་དུ ་ཡིན་ཏེ། བདག་ལྷའི་རྣམ་པར་སྣང་བར་གྱུར་པ་སྒྲ་ཞེས་བྱ་བ་ལ་སོགས་པའི་བཟླས་བརྗོད་དང་བཅོས་པ་ཡིད་ལ་མི་བྱེད་པས་ཡོངསུ་སྤངས་ནས་སེམས་ཅན་དང་གནོད་ཀྱི་འཇིག་རྟེན་མ་སྐྱེས་པའི་རྣམ་པར་སྤྱོད་པ་སྨོད་པའི་རང་བཞིན་གྱི་བསམ ་གཏཱན་སེམས་པ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཕྱིར་བྱའོ།། ཞེས་པའོ།། བསམ་གཏན་པ་ཇི་ལྟ་བུ་ཞིག་ཅེ་ན། བློ་གྲོས་ཞི་བ་བསྟན་པ་ཞེས་གསུངས་སོ།། དེ་ལ་ཡུལ་མི་ཆགས་པས་ན་བློ་གྲོས་ཞི་བའོ།། ་བཀྲེས་པ་དང་། སྐོམ་པ་ལ་སོགས་པའི་ཉོན་མོངས་པ་ལ་ཇི་མི་སྙམ་པ་ནི་བརྟན་པའོ།། འཇིག་རྟེན་སྨོས་པའི་བསམ་གཏན་གཅིག་པུ་སྨོས་པ་འབའ་ཞིག་བསྟན་པའི་དོན་ཏེ།། འཇིག་རྟེན་སློད་པ་ཉིད་ཀྱི་བསམ་གཏན་འབའ་ཞིག་སྤྱད་ཀྱི། ་བར་བར་དུ་སྒྲའི་བསམ་གཏན་ལ་སོགས་པ་མི་སྤྱད་དོ།། ཞེས་པའོ།། ད་ནི་འདི་སྤྱད་དེ་བདག་གི་དེ་ཁོ་ན་ཉིད་བརྟག་པ་སྔར་བྱས་ནས་བསམ་གཏན་པས་ཡན་ལག་བསྒོམ་པའི་ནན་ཏན་བྱའོ།། བདག་གི་དེ་ཁོ་ན་ཉིད་བརྟག་པ་ཡང་འདུས་བྱས ་པའི་དངོས་པོ་ཐམས་ཅད་སུན་འབྱིན་པའི་རྣམ་པའོ།། དེ་བས་ན་ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་པ་སྒྱུ་མ་དང་སྨིག་རྒྱུ་བ་དང་མཚུངས་པར་མོས་པར་བྱས་ན་གལ་ཏེ་གཅིང་སྒྲ་ལ་སོགས་པ་ཡང་མི་བྱེད་པར་འགྱུར་སྲིད་དོ།། དེ ་དགག་པའི་ཕྱིར། ཁུ་བ་བཤང་གཅི་ཞེས་བྱ་བ་ལ་སོགས་པ་གསུངསོ།། དེས་ནི་འདི་བསྟན་ཏེ། བདག་གི་དེ་ཁོ་ན་ཉིད་སྔར་བྱས་ནས། ལྷའི་རྣལ་འབྱོར་ལ་གནས་ཀྱང་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་རྗེ་སུ་འཇུག་པའི ་མཚན་ཉིད་གཙང་སྦྲ་བྱ་ཞིང་མི་དགེ་བའི་འབྲས་བུར་འགྱུར་བ་སེམས་ཅན་ལ་གནོད་པ་སྤང་བར་བྱའོ།། ཞེས་པའོ།། དེ་ལ་ཁུ་བ་ཞེས་བྱ་བ་ནི་ཁུ་ཆུ་འབྱུང་བའོ།། བཤང་གཅི་འཐུང་བ་ལ་སོགས་པ་དང་། འདགས་པ་ནཱི་ཁར་ཟོས་པ་ལ ་དོགས་པ་ཅན་ལྷོའི་རྣམ་པར་གནས་པའི་ཟློས་པ་པོས་ཀྱང་བྱ་བར་བསྟན་པའོ།། བཤད་གཅི་ལ་སོགས་པ་འགྲོ་བ་མེད་པ་འཇིག་རྟེན་མི་འཕྱེ་བའི་ཕྱོགསུ་དྲི་དང་ཆགས་པ་མེད་པའི་མཚན་ཉིད་གཙང་སྦྲ་བྱ་སྟེ། གཙང་སྦྲ་མེད་པ་ནི་བྱ་བའི་རྒྱུད་ཀྱི་ཚུལ ་དང་འགལ་བའི་ཕྱི་རོལ་ཞེས་བྱ་བའི་ཐ་ཚིག་གོ། ཆོས་ཀྱིས་ཀྱང་དེ་ལྟ་ཡིན་ཏེ། གང་གཙང་སྦྲ་ལ་སོགས་པ་ལ་བལྟོས་པས་གསང་སྔགས་བཟླས་བརྗོད་བྱས་ན་འབྲས་བུ་འཕྲལ་དུ་ཐོབ་པར་འགྱུརརོ།། རྣལ་འབྱོར་གྱི་རྒྱུད་ཀྱི་ཚུལ་ལ་ཡང་ཇི་ལྟར ་བྱ་སྙམ་ན་ཡང་དེར་ཡང་ཕྱི་རོལ་ཆེ་ཆུང་ལ་སོགས་པ་བྱས་ནས་མི་གཙང་བཞིན་དུ་གསང་སྔགས་བཟླས་བརྗོད་བྱའོ།། ཞེས་ནི་མི་གསུང་སོ།། འབགས་ཀྱང་རུང་མ་འབགས་ཀྱང་རུང་། གཙང་ཡང་རུང་མ་གཙང་རུང་ཞེས་བྱ་བ་ལ་སོགས་པ ་གང་གསུངས་པ་དེ་དག་ཀྱང་གཙང་སྦྲ་ལ་མངོན་པར་ཞེན་པ་ཡོངསུ་སྤང་བའི་ཕྱིར་རམ། རྣལ་འབྱོར་ལ་གཅིག་ཁོ་ནར་འབད་པའི་གང་ཟག་ལ་དགོངས་པ་སྟེ། གང་གི་ཕྱིར་ཞེ་ན། འདི་ནི་ཕྱི་རོལ་གྱི་བྱ་བ་ཐམས་ཅད་ལ་མི་བལྟོས་པ་ཉིད་དུ ་རྣལ་འབྱོར་གོམས་ཤིང་སེམས་བརྟན་པར་སྣང་བའི་མཚན་ཉིད་ཀྱི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་ཞུགས་པ་ཡིན་པས་དེ་ལ་ཕྱི་རོལ་གྱི་གཙང་སྦྲ་བསྟན་པའི་ཆོ་ག་འདི་ཅི་ཞིག་བྱ། གང་ཡང་རལ་གྲི་ལ་སོགས་པའི་དངོས་གྲུབ ་རོལ་གྱི་མཚན་མ་ལ་བལྟོས་པ་དང་བཅས་པ་དེ་བསྒྲུབ་པའི་ཕྱིར། འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ། རྣལ་འབྱོར་གྱི་རྒྱུད་ཀྱི་དགོངས་པ་འགྲེལ་པ་རྡོ་རྗེ་རྩེ་མོ་ལ་སོགས་པ་ལས་དུས་གསུམ་དུ་ཁྲུས་བྱ་བ་ལ་སོགས་པ ་ཡང་དེའི་ཕྱིར་གསུངས་ཏེ། རྒྱ་ཆེར་འཕྲོས་པ་འདིས་ནི་ཅི་ཞིག་བྱས་བཏང་ངོ་།། ཡོང་ཡེ་འདི་ནི་བྱ་བའི་རྒྱུད་ཡིན་པས་ན་རྣལ་འབྱོར་བསྒོམ་པ་བྱ་བས་ཀྱང་གཙང་སྦྲ་བྱས་ཡོངསུ་མི་བཏང་བར་བྱའོ།། ཞེས་བཀའ་སྩལ་ཏོ།། ་དབེན་པར་གཙང་སྦྲ་བརྩམ་པར་བྱ་ཞེས་བྱ་བ་ལ་སྟོང་པ་ཉིད་སྒོམ་མོ་ཞེས་བྱ་བ་གང་དག་འཆད་པ་དེའི་ལན་དུ་བྱ་བ་ནི། གལ་ཏེ་དོན་འདི་ལྟ་བུར་དགོངས་པ་ཞིག་ཡིན། སྟོང་པ་ཉིད་བསྒོམ་མོ་ཞེས་གསུངས་པར་གྱུར་མོད་ཀྱི། དབེན ་པར་གཙང་སྦྲ་བྱ་བའི་དགོངས་པ་ཅི་ཞིག་བྱ། རབ་ཏུ་སྟོང་པར་སྨྲ་བ་དག་བཤང་གཅི་བྱས་པའི་མི་གཙང་བས་ལུས་དང་གོས་ལ་རེག་པའི་དྲི་ང་བས་འཇིགས་ནས་སྒོར་འཇུག་ཏུ་ཡང་མི་སྟེར་རོ།། ཟས་བསླང་དུ་ཡང་མི་ཐོབ་པས ་བཀྲེས་པའི་སྡུག་བསྔལ་བས་ལུས་དང་ཡིད་ཉོན་མོངས་ཏེ། དུས་མ་ཡིན་པ་ཉིད་དུ་ཐམས་ཅད་སྟོང་པར་འགྱུར་བའི་མཚན་ཉིད་འཆི་བར་འགྱུར་ཏ་རེ། མི་འདོད་པའི་ལུས་སྤངས་པའི་མན་ངག་ཀྱང་། སྲང་དང ་ཁྲོན་པ་ལུ་མ་དང་ཞེས་བྱ་བ་ལ་སོགས་པ་གསུངསོ།། དེ་ལ་སྲང་ལ་སོགས་པར་སེམས་ཅན་ལ་གནོད་པར་ཀུན་ཏུ་མི་སྤྱད་ཅེས་བྱ་བ་དང་འབྲེལ་ཏོ།། དེ་ལ་སེམས་ཅན་ནི་སྲོག་ཆགསོ།། དེ་དག་ལ་ཚེ་བ་ནི་གནོད་པ་སྟེ། དེ་ཀུན་ཏུ་མི་སྤྱད་པ ་ནི་མི་བྱ་བའོ།། དེ་དག་གང་གིས་མི་སྤྱད་ཅེ་ན། ལུས་ངག་ཡིད་ཀྱི་ཅེས་བྱ་བ་གསུང་སོ།། དེ་ལ་ལུས་ཀྱིས་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་སྤྱོད་པ་དང་མི་ཚངས་པར་སྤྱོད་པ་སྤྲོ་པའི་མཚན་ཉིད ་སེམས་ཅན་ལ་གནོད་པ་ཡོངསུ་སྤང་བའོ།། དེ་བཞིན་དུ་ངག་གི་ལས་ཀྱང་བརྫུན་དུ་སྨྲ་བ་དང་། ཚིག་འཁྱལ་པ་ལ་སོགས་པ་ཡོང་སུ་སྤང་བའི་མཚན་ཉིད་དོ།། ཡིད་ཀྱི་ནི་ཆགས་སེམས་ལ་སོགས་པ་སྤང་བའི་ངོ་བོ་ཉིད་དོ།། འོ་ན ་ལུས་དང་ངག་གི་ལས་ཀྱི་ལམ་རྗེ་སུ་ཞུགས་པ་ནི་སེམས་ཅན་རྣམས་ལ་གནོད་པར་སྲིད་ནི་ཆགས་སེམས་དང་། གནོད་པར་སེམས་པ་དང་། ལོག་པར་ལྟ་བའི་མཚན་ཉིད་ནི་ཡིད་ཀྱི་ལས་ཀྱི་ལམ་གྱི་རྗེ་སུ་འཇུག་པ་སྟེ། བདག་ལ ་མི་འདོད་པ་ལ་སོགས་པའི་ལས་ལ་སོགས་པར་གྱུར་དུ་ཟིན་ཀྱང་ཡིད་ཀྱིས་སེམས་ལ་གནོད་པ་ཀུན་ཏུ་མི་སྤྱོད་དོ།། ཞེས་དགག་པ་སེམས་ཅན་ལ་གནོད་པར་གོ་ཇི་ལྟར་འགྱུར། དེ་ལ་ཉེས་པ་མེད་དེ། གང་གི་ཕྱིར་ཞེ་ན། བདག་ཀྱང ་སེམས་ཅན་གྱི་ནང་དུ་གཏོགས་ཏེ། དེ་བས་ན་བདུག་ལ་ཡང་གླང་མི་འདོད་པའི་འབྲས་བུ་ཆེ་ཕྱི་མ་ལ་སོགས་པར་འགྱུར་བ་དེ་སྣང་ཉེས་པར་འགྱུར་བ་ཉིད་པས་དགུག་པར་དགོངས་པའི་ཕྱིར་རོ།། ཡང་ན་ལུས་དང་ངག་གི་ལས་བསྐྱེད་པའི་རྒྱུ ་སེམས་པ་བཀག་པས་ཉེས་པ་མེད་དོ།། སྤང་ངོ་ཞེས་བྱ་བ་ནི་བསླབ་པ་སྤང་བས་སེམས་ཅན་ལ་གནོད་པ་ཡོང་སུ་སྤངས་ཏེ། མི་བྱའོ་ཞེས་པའོ།། དེས་འདྲི་སྟོན་ཏེ་སྡོམ་པ་གཟུང་བ་སྡུར་བྱོས་ནས། གང་ལས་ཀྱི་ལམ་གྱི་རྗེ་སུ་འཇུག་པར་བྱེད ་དེ་སེམས་རབ་ཏུ་རྟས་པས་ལྷུན་གྱིས་གྲུབ་པར་ཡང་མངོན་དུ་འགྱུར་རོ།། དཱ་ནི་བསམ་གཏན་དང་བཟླས་བརྗོད་དང་སྒྲུབ་པ་ལ་སོགས་པའི་རྒྱུའི་ལྷའི་རྣལ་འབྱོར་གྱི་མཚན་ཉིད་བརྟུལ་ཞུགས་གང་གསུངས་པ། བརྟུལ་ཞུགས་དེ ་མངོན་དུ་བྱ་བའི་གནས་དང་དུས་ངེས་པར་བྱ་བའི་ཕྱིར། བསམ་གཏན་དང་ནི་བཟླས་པ་དང་།། གསང་སྔགས་བསྒྲུབ་པར་བྱ་བ་དང་།། སྦྱིན་སྲེག་ལས་དེ་དབང་བསྐུར་དང་།། ཡུལ་གྱི་བྱ་བ་རྣམས་ལ་ཡང་།། བརྟུལ་ཞུགས་གསུངས་པ་གང ་ཡིན་པ། ཞེས་བྱ་བ་གསུངས་ཏེ། དེ་ལ་གསང་སྔགས་རྣམས་ཀྱི་བསམ་གཏན་བྱ་བའི་ཕྱིར། བརྟུལ་ཞུགས་གསུངས་པ་གང་ཡིན་པ་ཞེས་བྱ་བ་དང་སྦྱར་རོ།། དེ་བཞིན་དུ་བཟློས་བརྗོད་ལ་སོགས་པ་ལ་ཡང་སྦྱར་རོ།། དེ་ལ་གསང ་སྔགས་རྣམས་ཀྱི་བསམ་གཏན་ནི། མི་གནས་དངོས་གྲུབ་སྟེར་ཅེས་བྱ་བ་ལ་སོགས་པ་སྔར་གསུངས་པའོ།། བསམ་གཏན་དེའི་ཕྱིར། གསང་སྔགས་ཀྱི་ཡི་གེ་རེ་རེ་ལ་རྟོག་པའི་རྣམ་པ་ཚིག་རྣམ་པར་དག་པ་སྒྲའི་བདག་ཉིད་ཀྱི་བསྒོས ་བ་སྒྲའི་བདག་ཉིད་ཀྱི་ལྷའི་རྣལ་འབྱོར་གྱི་མཚན་ཉིད་ལ་རིག་སྔགས་ཀྱི་བརྟུལ་ཞུགསུ་བཤད་དོ།། དེ་བཞིན་དུ་གསང་སྔགས་རྣམས་བཟླས་བརྗོད་བྱ་བའི་ཕྱིར་བརྟུལ་ཞུགས་གསུངས་པ། མི་འགྱུར་གསང་སྔགས ་གཞི་ལ་གནས་ཞེས་བྱ་བ་འདིས་བདག་ཉིད་བདག་གི་ལྷའི་སྐུར་གྱུར་པར་བསམ་པའི་སྒོ་ནས་བརྟུལ་ཞུགས་བྱ་བ་བསྟན་ཏོ།། དེ་བཞིན་དུ་བསྒྲུབ་པ་ལ་སོགས་པའི་བརྟུལ་ཞུགས་ཀྱང་རང་གི་ལྷའི་བདག་ཉིད་དུ་རིག་པར་བྱ་སྟེ། དེས་འདི་ལྟར་སྦྱརརོ།། གསང ་སྔགས་རྣམས་ཀྱི་སྦྱིན་སྲེག་གི་ཕྱིར་བརྟུལ་ཞུགས་དང་གསུངས་པ་ཞེས་བྱ་བ་ནི་གསང་སྔགས་རྣམས་ལ་སྦྱིན་སྲེག་དབུལ་བའི་ཕྱིར། ལྷའི་རྣལ་འབྱོར་བཤད་པ་གང་ཡིན་པའོ།། གསང་སྔགས་རྣམས་དབང་བསྐུར་བའི་བརྟུལ་ཞུགས་ནི་གསང་སྔགས་ཀྱི་གཟུགས ་བརྙན་གྱི་སྐུ་ལ་ཐིམ་པར་བྱ་བའི་ཕྱིར་འོ་མ་ལ་སོགས་པས་དབང་བསྐུར་བའོ།། ཡང་ན་སྒྲུབ་པ་པོ་གསང་སྔགས་བསྒྲུབ་པར་བྱ་བའི་ཕྱིར། གང་དབང་བསྐུར་བར་བྱ་བ་དེ་ནི་གསང་སྔགས་ཀྱི་དབང་བསྐུར་བ་སྟེ། གསང་སྔགས་ཀྱི་དབང་བསྐུར་བ་དེ་ལ་གང་གསུངས་པ ་གང་ཡིན་པ་ཞེས་བྱ་བ་དང་སྦྱར་རོ།། ཡུལ་གྱི་བྱ་བ་རྣམས་ལ་ཡང་བརྟུལ་ཞུགས་གསུངས་པ་གང་ཡིན་པ་ཞེས་བྱ་བ་ནི་དཀྱིལ་འཁོར་དང་། བསྒྲུབ་པ་དང་། བཟླས་བརྗིད་ཀྱི་གནས་བྱི་དོར་བྱེད་པའི་ཚེ། གང་ལྷའི་རྣལ་འབྱོར་གྱི་མཚན་ཉིད་བརྟུལ་ཞུགས་མངོན་དུ ་བྱའོ།། ཞེས་དགོངས་པའོ།། བརྟུལ་ཞུགས་དེ་གནས་གང་དུ་བྱ་བ་དང་། དུས་འི་སྲོང་དུ་བྱ་བ་དེ་དག་ཐམས་ཅད་བཅོམ་ལྡན་འདས་རྡོ་རྗེ་ཛིན་གྱི་སྔོན་བདག་ལ་བཤད་དོ།། ཞེས་ཆོག་འཆད་པའི་ཚངས་པས་ཉན་པའི་ཚངས་པ་ལ་སྨྲས་པ་དེ་ཡི་གནས་དང་། ་ཚད་རྣམས་ཀྱང་། སྔོན་གྱི་བདག་ཉིད་འབའ་ཞིག་ལ། མཐུ་ཆེན་རྡོ་རྗེ་འཛིན་པའི་ལྷས།། རབ་ཏུ་གསང་བ་གསུངས་པ་ཡིན་ཞེས་བྱའོ།། དེའི་ཞེས་བྱ་བ་ནི་ལྷའི་རྣལ་འབྱོར་གྱི་མཚན་ཉིད་བརྟུལ་ཞུགས་ཀྱི་སྟེ། གནས་དང་ཚང་གང་ཡིན་དེ་དག་ཀུན་བཤད་པར་བྱ་ཞེས་བྱ་བས ་སྦྱར་རོ།། འདིར་ཡང་བདག་གི་བློས་བརྟགས་ཏེ་སྨྲ་བ་མ་ཡིན་ནོ།། ཞེས་བསྟན་པའི་ཕྱིར། སྔོན་ནི་བདག་ཉིད་འབའ་ཞིག་ལ། མཐུ་ཆེན་རྡོ་རྗེ་འཛིན་པའི་ལྷས།། རབ་ཏུ་གསང་བ་གསུངས་པ་ཡིན་ཞེས་བཤད་དོ།། ལྷའི་རྣལ་འབྱོར་གྱི་མཚན་ཉིད་བརྟུལ་ཞུགས་མངོན ་དུ་བྱེད་པའི་གནས་དང་དུས་གང་གསུངས་པ་དེ་ཐམས་ཅད་བཤད་པར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི་ཉེ་བར་གྱུར་པ་ལ་སོགས་པའི་མཚན་ཉིད་གང་གསུངས་པ་དེ་ཡང་བཤད་པར་བྱའོ་ཞེས་བསྟན་པའི་ཕྱིར། ཉེར་གྱུར་མངོན་དུ་ཕྱོགས་པ་དང་།། གསང་སྔགས ་སྟེར་བར་གྱུར་པ་དང་།། གཞན་དུ་ཕྱོགས་པ་གང་ཡིན་པ།། དེ་ཀུན་ཚངས་པ་ཁྱོད་ལ་བཤད།། ཅེས་གསུངསོ།། དེ་ལ་ཉེ་བར་གྱུར་པ་ལ་སོགས་པའི་ཚིག་རྣམས་ནི། གསང་སྔགས་རྣམས་ཞེས་བྱ་བའི་སྐབས་འདི་དང་སྦྱརོ།། དེ་བས་ན་གསང་སྔགས་ཉེ་བར་གྱུར་པ ་དང་། མངོན་དུ་ཕྱོགས་པ་དང་། གསང་སྔགས་སྟེར་བ་དང་། གཞན་དུ་ཕྱོགས་པ་རྣམས་བསྟན་པར་བྱའོ།། ཞེས་གསུངས་པ་ཡིནོ།། དེ་ལ་བསམ་གཏན་དང་བཟླས་བརྗོད་ལ་སོགས་པ་རབ་ཏུ་གོམས་པས་སེམས་མཉམ་པར་བཞག་པར་གྱུར་པའི་སྒྲུབ་པ ་པོ་བྱིན་གྱིས་བརླབ་ཏུ་རུང་བར་མཁྱེན་ནས་ལྷ་སྤྱན་དྲངས་ཀྱང་རུང་མོ་དྲངས་ཀྱང་རུང་། ནིམི་དེ་དང་ཉེ་བར་གཤེགས་པ་དེ་ནི་རིག་སྔགས་ཉེ་བར་གྱུར་པ་ཞེས་བྱ་སྟེ། དྲུང་དུ་གཤེགས་པར་གྱུར་ཞེས་བྱ་བའི་ཐ་ཆེ་གོ་དེས་ནི་ཉེ་བར་གྱུར་པའི་མཚན་མོ་གང ་ཡིན་པ་དེ་བཤད་པར་བྱའོ།། ཞེས་གསུངས་པ་ཡིན།། མངོན་དུ་ཕྱོགས་ཞེས་བྱ་བ་ནི་ལྷ་ཉིད་ཀྱི་གནས་ན་བཞུགས་བཞིན་དུ་གང་སྤྱན་རས་ཀྱི་འཚ་བ་དེ་ལ་མངོན་དུ་ཕྱོགས་པ་ཞེས་བྱའོ།། དེ་བས་ན་མངོན་དུ་ཕྱོགས་པར་གྱུར་པའི་མཚན ་མ་གང་ཡིན་པ་དེ་དག་ཀྱང་བཤད་པར་བྱའོ།། ཞེས་གསུངས་པ་ཡིནོ།། གསང་སྔགས་ཉིད་ཀྱི་གནས་ན་བཞུགས་བཞིན་དུ་སྤྱན་རས་ཀྱི་འཚོ་བའི་མཚན་ཉིད་འདི་ཡང་ཉེ་བར་གྱུར་པའི་མངོན་རོལ་ཏུ་ལྟ་བར་བྱ་སྟེ། དེ་བཞིན་དུ་འོག་ནས་ཀྱང་འཆད་དོ།། གསང ་སྔགས་སྟེར་བ་ཞེས་བྱ་བ་ནི་གསང་སྔགས་རྣམས་ཀྱིས་སྦྱིན་ཞིང་གསོལ་བ་ལ་གསང་སྔགས་སྟེར་བ་ཞེས་བྱ་སྟེ་དངོས་གྲུབ་ལ་བྱའོ།། དེས་ནི་དངོས་གྲུབ་ཀྱི་བྱེ་བྲག་ཀྱང་བཤད་པར་བྱའོ།། ཞེས་གསུངས་པ་ཡི་ནོ།། གཞན་དུ་ཕྱོགས་ཞེས་བྱ་བ་ནི་གསང་སྔགས ་འཕང་བར་འགྱུར་བའི་གནས་སྐབས་ཀྱང་བཤད་པར་བྱའོ་ཞེས་བསྟན་པ་སྟེ། ཉེས་གང་དག་བྱུང་ན་གསང་སྔགས་འཕང་བར་འགྱུར་བ་དེ་དག་ཀྱང་བཤད་པར་བྱའོ་ཞེས་པའོ།། ད་ནི་རིག་སྔགས་ཀྱི་བརྟུལ་ཞུགས་ཀྱི་གནས་སྐབས་མདོར་བསྟན་པ་དེ་ཞིབ་དུ་བཤད ་བའི་ཕྱིར། གསང་སྔགས་ལ་སོགས་དང་ལྡན་པའི་ཞེས་བྱ་བ་ལ་སོགས་པ་གསུང་སོ།། དེ་འདི་སྐད་བཤད་པར་འགྱུར་ཏེ། ནམ་ལྷའི་རྣལ་འབྱོར་གྱི་མཚན་ཉིད་རིག་སྔགས་ཀྱི་བརྟུལ་ཞུགས་མངོན་དུ་བྱེད་པར་འདོད་པ་དེའི་ཚེ་མདུན་དུ་དེ་བཞིན་གཤེགས་པའི་སྐུ ་གཟུགས་བསམས་ལ། རིག་སྔགས་དང་གསང་སྔགས་དང་། ཁྲོ་བོ་དང་མངག་གཞུང་པ་དང་། མངག་གཞུག་མ་ལ་སོགས་པ་ན་མཁའི་དབྱིབས་ཁྱབ་ཅིང་ཁོ་ར་ཁོར་ཡུག་ཏུ་ཡོངསུ་བསྐོར་བར་ཐང་ཅིག་ཙམ་ཞིག་མངོན་པར་བསམས་ལ་ཏིང་ངེ ་འཛིན་གྱིས་གསལ་བར་བྱ་སྟེ། བདག་ཉིད་ཀྱང་གསང་སྔགས་དང་རིག་སྔགས་ཀྱི་གཟུགས་ཀྱི་རང་བཞིན་གྱི་མཚན་ཉིད་བརྟུལ་ཞུགས་བད་པར་བྱིན་གྱིས་བརླབས་ལ། དེའི་དབུས་ན་འདུག་པར་བྱའོ།། ཅིའི་ཕྱིར་ཞེ་ན། རིག་སྔགས་དང་གསང་སྔགས་ལ ་སོགས་པ་ཐམས་ཅད་རྒྱལ་བའི་སྤྱན་སྔ་ན་རྟག་ཏུ་འཁོད་དེ། དེ་བས་ན་སྔགས་པ་ཡང་ཡང་གསང་སྔགས་ལ་སོགས་པའི་ལྷའི་རྣལ་འབྱོར་བྱས་པས་ཏིང་ངེ་འཛིན་གྱིས་ཚུལ་གྱིས་རྒྱལ་བ་ལ་མངོན་དུ་ཕྱོགས་པར་ཅི་ནུས་བྱའོ།། ང་ནི་དེ་བཞིན་གཤེགས ་པའི་འཁོར་གྱི་དཀྱིལ་འཁོར་གྱི་ནང་ན་འདུག་པ་རང་གི་ལྷའི་རྣལ་འབྱོར་གྱི་མཚན་ཉིད་རིག་སྔགས་ཀྱི་བརྟུལ་ཞུགས་དེ་མངོན་དུ་བྱ་བའི་དུས་ངེས་པར་བསྟན་པའི་ཕྱིར།། དུས་གསུམ་དུ་ནི་ཕྲ་མོ་འདི་ཞེས་བྱ་བ་ལ་སོགས་པ་གསུང་སོ།། དེ་ལ་དུས་གསུ ་ཞེས་བྱ་བ་ནི་སྔ་དྲོ་དང་ཕྱི་དྲོ་དང་ཕྱེད་མཚམས་ཀྱི་བྱེ་བྲ་གོ། འདི་ཞེས་བྱ་བ་ནི་དེའི་ནང་ན་འདུག་པ་རང་གི་རོག་སྔགས་ཀྱི་བརྟུལ་ཞུགས་ལ་སྙེག་སོ།། ཕྲ་མོ་ཞེས་བྱ་བ་ནི་བསམ་གཏན་གྱི་རིག་པར་བྱ་བའི་ཕྱིརརོ།། གསང་སྔགས་རྣམས་བསྒྲུབ་པ་ལ་བརྟུན་པས ་རིག་པར་བྱའོ།། ཞེས་བྱ་བ་ནི་བརྟག་པར་བྱ་ཞིང་མངོན་དུ་བྱའོ།། ཞེས་བྱ་བའི་ཐ་ཚི་གོ། ཙི་འདི་འབའ་ཞིག་དུས་གསུམ་དུ་མངོན་དུ་བྱ་འམ། ཞེས་པ་ལ་མ་ཡི་ནོ་ཞེས་བསྟན་པ། ཡན་ལག་བཅུའི་ཆོ་ག་ལས་ཞེས་བྱ་བ་སྟེ། དེ་ཇི་ལྟ་ཇི་ལྟར་སྲིད་པའི ་ཡན་ལག་བཅུའི་རྣམ་པ་དང་ལྡན་པར་རིག་སྔགས་ཀྱི་བརྟུལ་ཞུགས་དེ་དུས་གསུམ་དུ་མངོན་དུ་བྱའོ་ཞེས་པའོ།། ཡན་ལག་བཅུར་ངེས་པའི་ཆོ་ག་འདི་ནི་ཡན་ལག་བཅུའི་ཆོ་ག་སྟེ། བཟླས་བརྗོད་ཀྱི་ཡན་ལག་བཞི་ལ་སོགས་པའི་ཆོ་གའི་མཚན་ཉིད།། ་ཡན་ལག་བཅུའི་ཆོ་ག་དེ་གང་ལ་སུ་བྱ་ཞིང་ནན་ཏན་དུ་བྱ་བ་དེ་གང་ཡིན་པ་དང་ལྷན་ཅིག་ཏུ་རིག་སྔགས་ཀྱི་བརྟུལ་ཞུགས་དེ་དུས་གསུམ་དུ་མངོན་དུ་བྱའོ་ཞེས་པའོ།། ཞེས་བཤད་པ་ཡིནོ།། དེ་ལ་ཡན་ལག་བཅུའི་བདག་གི་དེ ་ཁོ་ན་ཉིད་དང་། རིག་སྔགས་ཀྱི་དེ་ཁོ་ན་ཉིད་དང་། བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་དང་། མེ་ལ་གནས་པ་ལ་སོགས་པའི་བསམ་གཏན་རྣམ་པ་གསུམ་དང་། གསང་སྔགས་བསྒྲུབ་པ་ལ་འཇུག་པའི་ཆོ་ག་དང་། སྦྱིན་སྲེག་གི་ཆོ་ག་དང་། དབང་བསྐུར་བའི་ཆོ་ག་དང་། ་གནས་ཀྱི་བྱ་བའི་ནན་ཏན་ཏེ། དེ་དག་ནི་ཡན་ལག་བཅུ་རྣམ་སོ།། དེ་བས་ན་ཡན་ལག་བཅུ་པོ་དེ་རྣམས་ལས་ཇི་ལྟར་སྐབསུ་བབ་པ་ལས་གང་ཡང་རུང་བའི་ཡན་ལག་ནན་ཏན་དུ་བྱས་པ་ལས། ལྷན་ཅིག་ཏུ་ལྷའི་རྣལ་འབྱོར་གྱི་མཚན་ཉིད་རིག་སྔགས་ཀྱི་བརྟུལ ་ཞུགས་དེ་མངོན་དུ་བྱའོ།། ཞེས་བྱ་བར་དགོངས་པའོ།། གང་ཕྱིར་ཞེ་ན། ལྷའི་རྣལ་འབྱོར་བྱས་པ་ལ་གསང་སྔགས་ལས་བྱུང་བའི་ལས་ཀྱི་བྱེ་བྲག་སྐྱེ་བའི་མཚན་ཉིད་ནི་དེ་དག་ཙམ་དུ་ཟད་པའི་ཕྱི་རོ།། ད་ནི་གསང་སྔགས་གཞན་དུ་ཕྱོགས་པར་འགྱུར་བའི ་རྒྱུ་རྣམས་བཤད་པར་བྱ་སྟེ། དེ་ཤེས་ནས་ཡོངསུ་སྤང་བའི་ཕྱིརརོ།། དེ་དག་ཀྱང་མི་འདོད་པའི་ལས་ཀྱི་བག་ཆགས་ལངས་པའི་དབང་ངམ། ཡང་བམ་སྤངས་པ་ལས་གསང་སྔགས་ཀྱི་བྱིན་གྱི་བརླབས་པའི་སྐལ་པ་མེད་པར་འགྱུར་བའི་རྒྱུ་རྣམས ་ནི་མི་དད་པ་དང་། སྙོམས་པ་ལ་སོགས་པ་སྔགས་པའི་རྒྱུད་ལས་བྱུང་བ་སྟེ། དེ་བས་ན་དེ་བསྟན་པའི་ཕྱིར་གསུངས་པ་མ་དད་པ་དང་སྙོམ་པ་དང་ཞེས་བྱ་བ་ལ་སོགས་པ་ནས། གསང་སྔགས་དེ་ལས་གཞན་དུ་ཕྱོགས་ཞེས་བྱ་བའི་བར་དུའོ།། ་དེ་ལ་མ་དད་པ་ལ་སོགས་པ་དེ་དག་ཇི་ལྟར་སྲིད་པར་རང་གི་ལས་དང་། རང་གི་རྣམ་པར་རྟོག་པ་དང་སྐྱེ་བོ་སྣང་བ་དང་བརྟེན་པའི་མཚན་ཉིད་དང་། རྒྱུ་རྣམས་གསུམ་ལས་བྱུང་བ་ཡང་གཉེན་པོ་ལས། ནན་ཏན་བྱས་པས་བཟློག་པར་བྱའོ།། དེ་ལ་ལས་ལས་སྐྱེས ་པ་རྣམས་བཟློག་པ་ནི་བདག་མེད་པའི་བསམ་གཏན་དང་། བཟླས་བརྗོད་དང་སྦྱིན་སྲེག་ལ་སོགས་པའོ།། རང་གི་རྣམ་པར་རྟོག་པ་ལས་བྱུང་བ་རྣམས་ནི་དེའི་རང་བཞིན་རྣམ་པར་དཔྱད་པསོ།། སྐྱེ་བོ་སྡང་བ་དང་བརྟེན་པའི་སྐབསུ་གྱུར་པ་ནི་དེ་ཡོངསུ་སྤོང ་བས་བཟློག་གོ། ལས་ལ་ཐེ་ཙོམ་ཟ་བ་དང་། ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བའོ་ལས་ཀྱི་འབྲས་བུ་འམ། ཡང་ན་གསང་སྔགས་ཀྱི་ལས་དུས་དུསུ་ཇི་ལྟར་བྱེད་པའི་ཐེ་ཚོམ་ཟ་ཞིང་བརྗོད་པའི་སྐབསུ་འབྱུང་བའོ།། ལོག་འདྲེན་གྱིས་བརླབས་པ་དང་། ཞེས་བྱ་བ ་ནི་ཇི་སྐད་གསུངས་པའི་ཉེས་པ་རྣམས་ལས་གཞན་པ་སེམས་གཡེང་བ་ལ་སོགས་པ་ནི་ལོག་འདྲེན་གྱིས་བརླབས་པའི་ཉེས་པ་ཡིན་པར་ཤེས་པར་བྱའོ།། འདིར་ཡང་འདི་ལྟར་ཤེས་པར་བྱ་སྟེ། ནམ་མ་དད་པ་ལ་སོགས་པ་དེ་དག་ལས་ཀྱི་བག་ཚོགས ་ལ་སོགས་པའི་མཐུ་ལས་བྱུང་བར་གྱུར་པ་དེའི་ཚེ་སྤན་བ་དེ་ལས་གསང་སྔགས་གཞན་དུ་ཕྱོགས་པར་འགྱུར་ཏེ། བྱིན་གྱིས་བརླབས་པའི་སྐལ་བ་མེད་པར་འགྱུར་གྱི་སྒྲིབ་པ་ཐམས་ཅད་སྤངས་པོས་རྟོག་པའི་བག་ཆགས་བསལ་བའི་གསང་སྔགས་ལ་སོགས ་པ་ཉིད་ནི་འཕང་བར་མི་འགྱུར་རོ།། སྔགས་པའི་རྒྱུད་ལས་དེ་དག་སྐྱེས་པའི་ཚེ་གཙོ་བོའི་རྒྱུ་མ་ཚངས་པས་རིག་སྔགས་དང་གསང་སྔགས་དག་གིས་ཀྱང་བཟློག་པར་མི་ནུསོ།། འདི་ལྟར་གསང་སྔགས་ལ་སོགས་པ་ནི་མཆོད་པ་དང་བཟླས་བརྗོད་ལ་སོགས་པས་བསོད ་ནམས་སྐྱེ་བའི་རྒྱུར་གྱུར་ཞིང་དངོས་གྲུབ་ཐོབ་པའི་བག་ཆགས་རྟས་པའི་གྲོགས་ཙམ་ཞིག་སྒྲུབ་པ་པོ་ལ་མཛད་པར་འདོད་དོ།། གལ་ཏེ་འགྲུབ་པའི་ལས་ཀྱི་བག་ཆགས་མེད་པ་ལ་ཡང་དངོས་གྲུབ་སྟེར་བར་འགྱུར་ན་ནི་དེའི་ཚེ་རབ་ཏུ་ཐུགས ་རྗེ་ཆེས་པས་ཐམས་ཅད་ཐམས་ཅད་སྩོལ་བའི་མཐུ་མངལ་བར་འགྱུརརོ།། དེ་ལྟ་ཡང་མ་ཡིན་པས་རབ་ཏུ་སྤྲོས་པ་བཏང་དོ།། དེ་ནས་གཞན་ཡང་གསང་ཉེ་བར་གྱུར་ཅིང་མངོན་དུ་ཕྱོགས་པར་གྱུར་པའི་རྒྱུ་སྒྲུབ་པ་པོས་བསམ་གཏན་དང་། བཟླས་བརྗོད་ལ་གོམས་པར་བྱས ་པ་ལས་བྱུང་བའི་ཡོན་ཏན་བསྟན་པ། གང་ཞིག་ཞི་བར་འདུག་པ་དང་།། སྒྲ་ཡི་ངོ་བོར་གྱུར་པ་ན།། དེ་ཚེ་སྔགས་པ་གསང་སྔགས་ལ།། ཉེ་བར་གྱུར་ཅིང་མངོན་དུ་ཕྱོགས་ཞེས་བྱ་བ་ཡིན་ནོ།། དེ་ལ་གང་ཞིག་ཅེས་བྱ་བ་ནི་འདིས་ནི་ཇི་ལྟར་སྲིད་པའི་བསམ་གཏན་དང་། བཟླས ་བརྗོད་བྱེད་པ་གང་ཡང་རུང་བ་དེ་ལ་སྙེག་སོ།། ཞི་བ་ཞེས་བྱ་བ་ནི་འདོད་པ་དང་། ཁྲོ་བ་དང་། རྒྱགས་པ་དང་། རྒྱ་ལ་སོགས་པ་ཀུན་ནས་མ་ལངས་ཞིང་ལུས་དང་ངག་དང་ཡིད་མ་གྱུར་པའི་གནས་སྐབས་ཐོབ་ནས་ཞེས་བསྟན་པའོ།། འདུག་པ་ཞེས་བྱ་བ་ནི་བསམ ་གཏན་ནམ་བཟླས་བརྗོད་བྱེད་པའི་ཕྱིར་འདུག་ཅེས་དགོངས་པའོ།། སྒྲ་ཡི་ངོ་བོར་གྱུར་པ་ཞེས་བྱ་བ་ལ། དེའི་ངོ་བོ་ནི་རང་བཞིན་དུ་གྱུར་པས་ན། སྒྲ་དེའི་ངོ་བོ་ཞེས་དེ་སྐད་གསུངས་ཏེ། སྒྲའི་རྣམ་པའི་རང་བཞིན་དུ་རྣམ་པར་ཤེས་པ་གཅིག་ནས་གཅིག་དུ་རྒྱུན་མི ་འཚེད་ཅེས་བྱ་བའི་དོན་ཏོ།། དེས་འདི་སྐད་བསྟན་པར་འགྱུར་ཏེ། དེ་ལྟ་བུར་གྱུར་པ་དེ་བསམ་གཏན་ནམ་བཟླས་བརྗོད་བྱེད་པ་ལ་འདུག་ནས་གང་གི་ཚེ་བསམ་གཏན་དུ་བྱེད་པ་འམ་བཟླས་བརྗོད་དུ་བྱ་བའི་སྒྲ་གཅིག་པུ་ལ་དམིགས་པར་གྱུར་ན། དེའི་ཚེ ་གསང་སྔགས་ཉེ་བར་གྱུར་ཅིག། མངོན་དུ་ཕྱོགས་པ་ཞེས་བྱའོ།། འདིར་ནི་ཉེ་བར་ཞེས་བྱ་བ་མངོན་དུ་ཕྱོགས་པའི་ཁྱད་པར་ཏེ། དེ་ནི་ནམ་བསམ་གཏན་པ་འམ། བཟླས་བརྗོད་བྱེད་པ་སྒྲའི་ངོ་བོར་གྱུར་པ་དེའི་ཚེ། གསང་སྔགས་ཉེ་བར་གྱུར་པ་སྤྱན་རས་ཀྱི ་འཚོ་བའི་མཚན་ཉིད་མངོན་དུ་ཕྱོགས་པར་འགྱུར་རོ།། ཞེས་བསྟན་ཏོ།། དེ་བས་ན་གཞན་ཡང་གསང་སྔགས་མངོན་དུ་གྱུར་པཱི་ཚེ་ཐུན་མོང་མ་ཡིན་པའི་ཡོན་ཏན་རྣམས་བསྟན་ཏེ། དེ་དག་ཀྱང་ལྷ་དང་ལྷ་མིན་སེམས་ཅན་ནི་ཞེས་བྱ་བ་ལ་སོགས་པ་ཚིགསུ་བཅད ་པ་བཞིས་བསྟན་ཏོ།། དེ་ལ་ཚིགསུ་བཅད་པ་དང་པོ་དང་གཉིས་པ་དང་བཞི་པས་མངོན་དུ་གྱུར་པའི་ཚེ་ཕྱི་རོལ་གྱི་མཚན་མ་བསྟན་ཏོ།། ཚིགསུ་བཅད་པ་གསུམ་པས་ནང་གི་མཚན་མ་བསྟན་པར་རིག་པར་བྱའོ།། ལྷ་ནི་ལྷ་ལ་སོགས་པའོ།། ལྷ་མ་ཡིན་ནཱི་སྲིན ་བུ་ལ་སོགས་པའོ།། ཞི་བ་ཞེས་བྱ་བ་ནི་མི་གནོད་པའོ།། ད་ནི་གསང་སྔགས་མངོན་དུ་འགྱུར་བའི་ཡོན་ཏན་ཐོབ་པ་མི་ཉམས་པར་བྱ་བའི་ཐབས་བསྟན་ཏེ། དེ་བསྲུང་བ་མངོན་དུ་འགྲོ་བའི་བརྩོན་པ་བྱེད་ན་དངོས་གྲུབ་ཉེ་བར་གྱུར་པའི་ཕྱིར། གསང་སྔགས་ལྷ་ནི ་མངོན་ཕྱོགས་པའི་ཞེས་བྱ་བ་ལ་སོགས་པའི་ཚིགསུ་བཅད་པ་གཉིས་ཀྱིས་བསྟན་ཏེ། ཀུན་ཏུ་ཞེན་ཞེས་བྱ་བ་ནི་བཟླས་བརྗོད་དང་། བསམ་གཏན་ལ་སོགས་པའོ།། དཀའ་ཐུབ་དང་ལྡན་ཞེས་བྱ་བ་ནི་ཇི་སྐད་དུ་སྨོས་པའི་དཀའ་ཐུབ་བྱ་བ་ལ་བརྩོན་པ་ཞེས་བྱ ་བའི་ཐ་ཚིགོ། ནམ་མཁའ་རྒྱུ་བའི་འགྲོ་བར་གནས་ཞེས་བྱ་བ་ནི་ནམ་མཁའ་ལ་འགྲོ་བ་ན། ན་མཁར་རྒྱུ་བ་སྟེ། ལྷའོ།། དེ་དག་གི་འགྲོ་བ་ནི་ལྷའི་འགྲོ་བའོ།། དེར་གནས་པ་ནི་ལྷར་གྱུར་པའོ།། ན་མཁར་རྒྱུ་བར་གནས་ཞེས་བྱ་བ་འདི་ཡང་གྲུབ་པའི་གནས་སྐབས་ཉེ་བར ་བསན་པའི་རིག་ཏུ་གཏོགས་པར་བལྟའོ།། མྱོས་པའི་མཚན་ཉིད་གཏི་མུག་པ་ནི། མངོན་དུ་གྱུར་པའི་ཚེ་དང་། གྲུབ་པར་གྱུར་པའི་ཚེ་དབང་ཕྱུག་ཐོབ་པ་མ་ཉམས་པར་འགྱུར་བའི་རྒྱུར་མཚུངས་པར་བསྟན་པའི་ཕྱི་རོ།། དང་ཕྱུག ་ཅེས་བྱ་བ་ནི་ལུས་དང་ངག་དང་ཡང་མཆོག་ཐོབ་པའི་མཚན་ཉིད་དོ།། དེ་ཡང་མངོན་དུ་གྱུར་པའི་ཚེའི་མཚན་ཉིད། དེ་ལ་ཤེས་པའང་དེ་ལ་སྐྱེ་བར་འགྱུར་ཞེས་བྱ་བ་ལ་སོགས་པ་སྔར་བསྟན་པའོ།། གྲུབ་པའི་གནས་སྐབས་ཉེ་བར་བསྟན་པ་ཡང་རིག ་དྲང་རྫས་ཀྱི་དངོས་གྲུབ་དང་།། སྨན་གྱི་ཡང་ནི་ལུས་ཅན་རྣམས་ཞེས་བྱ་བ་ལ་སོགས་པ་འོག་ནས་འཆད་དོ།། གང་ཞིག་མ་མྱོས་ཞེས་བྱ་བ་ནི་རྨོངས་པར་མི་འགྱུར་བ་སྟེ། སེམས་བློང་བར་མི་འགྱུར་ཞེས་བྱ་བའི་དོན་ཏོ།། དེས་ཇི་སྐད་བསྟན་པར་འགྱུར ་ཏེ། མངོན་དུ་འགྱུར་བའི་ཚེ་དབང་ཕྱུག་ཐོབ་པ་མི་ཉམས་པའི་རྒྱུ་ནི་བཟླས་བརྗོད་དང་བསམ་གཏན་ལ་སོགས་པ་ལ་ཞེན་ཅིང་དཀའ་ཐུབ་དང་ཁ་ཏོན་ལ་འགྲུས་པ་དང་། སེམས་མ་རྨོངས་པའོ།། གྲུབ་པའི་ཚེ་དབང་ཕྱུག་ཐོབ་པ་ལ་ནི་མི་རྨོངས་པ་ག ་བོ་སྟེ། དེའི་ཚེ་ནི་ཁྱད་པར་དུ་ད་ཚིག་བསྲུང་བ་ལ་བྱེ་བྲག་ཏུ་ནན་ཏན་བྱ་བར་འདོད་དོ།། དེ་བས་ན་བཟླས་བརྗོད་བྱ་བ་ལ་སོགས་པ་ནི། དམ་ཚིག་ཙམ་དུ་དགོངསུ་ཟད་ཀྱི་མ་གྲུབ་པ་གྲུབ་པའི་རྒྱུ་ནི་མ་ཡིན་ནོ།། ང་ནི་མངོན་དུ་གྱུར་པའི་ཚེ་དབང་ཕྱུག་ཐོབ་པའི ་ཡོན་ཏན་ཉམས་པར་གྱུར་པའི་རྒྱུ་སྤོང་ཞིང་བཟླས་བརྗོད་དང་བསམ་གཏན་ལ་སོགས་པ་ལ་མངོན་པར་བརྩོན་པར་བྱས་ན། རིམ་གྱིས་འབྲས་བུ་གང་ཐོབ་པར་འགྱུར་བ་དེ་བསྟན་པའི་ཕྱིར། གསང་སྔགས་འབྲས་བུ་མ་ལུས་པ་ཞེས་བྱ་བ་ལ་སོགས ་བ་ཚིག་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ།། དེས་ཞེས་བྱ་བ་ནི་མངོན་དུ་གྱུར་པ་དང་། གྲུབ་པའི་ཆ་ཐབ་པ་ཉམས་པར་གྱུར་པའི་རྒྱུ་སྤོང་བའོ།། གནས་མཆག་ཅེས་གསུངས་པ་དེ་ཡང་གང་ཞེ་ན། རྡོ་རྗེ་ཅན་གྱི་གསང་བའི་མཆོག་ཅེས་བྱ་བ་ལ་སོགས་པ་གསུང་སོ།། ་དེ་ལ་རྡོ་རྗེ་ཅན་ནི་རྡོ་རྗེ་འཛིན་པ་སྟེ། གསང་སྔགས་ཀྱི་སྤྱོད་པ་ལས་བྱུང་བའི་བྱང་ཆུབ་སེམས་དཔའི་ཁྱད་པར་རོ།། དེའི་གསང་བའི་མཆོག་ནི་སྐུ་དང་གསུང་དང་ཐུགས་ཀྱི་འབྱོར་པའི་མཚན་ཉིད་དོ།། དེས་འདི་སྐད་བསྟན་པར་འགྱུར་ཏེ། གསང་སྔགས་སྤྱད་པ ་ལས་བྱུང་བའི་བྱང་ཆུབ་སེམས་དཔའི་གོ་འཕང་ནི་གནས་མཆོག་སྟེ། དམ་པོ་དེ་ཐོབ་པར་འགྱུརརོ་ཞེས་པའོ།། རྡོ་རྗེ་འཛིན་པ་དེའི་གསང་བའི་མཚན་ཉིད་ཀྱི་ཕན་ཡོན་ནི་བསྔགས་པའི་ཕྱིར། གང་ཞིག་ཐོབ་ནས་བདེར་འགྱུར་བ། ཡོངསུ་རྫོགས་པ་རྒྱལ་བ་བཞིན ་ཞེས་གསུང་སོ།། དེས་འདི་ལྟར་དགོངས་ཏེ། གསང་སྔགས་ཀྱི་སྤྱོད་པ་ལས་བྱུང་བའི་བྱང་ཆུབ་སེམས་དཔའི་ཏིང་འཛིན་གྱི་ཡུལ་མ་ཐོབ་ཀྱང་། གསང་སྔགས་ཀྱི་སྦྱོར་བའི་འབྲས་བུར་གྱུར་པ་མྱོང་བར་འགྱུར་ཏེ། དེ་དག་ནི་དེ་བཞིན་གཤེགས་པའི་སྐུ་ལ ་སོགས་པའི་འཁོར་ལོ་སྤྲུལ་པའི་སེམས་ཅན་སྨིན་པ་དང་། གྲོལ་བ་ལ་སོགས་པའི་རྒྱུར་གྱུར་པ་ཡང་གསང་སྔགས་ཀྱི་སྦྱོར་བས་བྱས་ནས་བདག་ཀྱང་བདེ་བ་འཕེལ་བར་བྱེད་དོ།། ཇི་ལྟར་ཞེ་ན། རྫུ་འཕྲུལ་ནི་རྣམ་པ་བཞི་སྟེ། སྐྱེས་ནས་ཐོབ་པ་དང་། ་སྦྱོར་བ་ལས་བྱུང་བ་དང་། གསང་སྔགས་དང་། སྨན་ལས་བྱུང་བ་དང་། ལས་ལས་སྐྱེས་པའོ།། དེ་བས་ན་གསང་སྔགས་ཀྱི་སྦྱོར་བའི་མཐུས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ཁ་ཅིག་ཀྱང་ཐོབ་པོ་ཞེས་བསྟན་པ། གང་ཞིག་ཐོབ་ནས ་བདེར་འགྱུར་བ།། ཡོང་སུ་རྫོགས་པ་རྒྱལ་བ་བཞིན་ཞེས་སྔར་གསུང་སོ།། དེ་ལ་གསང་སྔགས་ཀྱི་ལྷ་མངོན་དུ་གྱུར་པ་ཐོབ་ནས། སྒྲུབ་པོས་ཞེན་པར་བྱའོ་ཞེས་གོང་དུ་བཤད་པ་དངོས་པོས་གང་ལ་ཞེན་པར་བྱ་བ་འདི་བཤད་དེ། དེ་བས ་ན་ཞེན་པར་བྱ་བའི་ཡུལ་གསུངས་པ་སྤྲོ་ཞིང་སྟོབས་དང་ལྡན་པ་ནི་ཞེས་བྱ་བ་ལ་སོགས་པའོ།། དེས་ནི་དཀའ་ཐུབ་དང་བསམ་གཏན་དང་། བཟླས་བརྗོད་ཇི་སྐད་བཤད་པ་ལ། ཞན་ཅིང་མངོན་པར་བརྩོན་པར་བྱའོ་ཞེས་བཤད་དེ། དེ་ལ་སྤྲོ་བ་ནི་བརྩོན ་འགྲུས་དང་ལྡན་པའོ།། སྟོབས་དང་ལྡན་པ་ནི་བཀྲེས་པ་དང་། སྐོམ་པ་དང་། ཕ་རོལ་གྱི་གནོད་པ་ལ་སོགས་ཏེ། ཉོན་མོངས་པ་བཟོད་པའོ།། གསང་སྔགས་རང་བཞིན་མེ་ཡིས་ནི།། སྡིག་པ་ཐམས་ཅད་བསྲེག་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ།། གསང ་སྔགས་ཀྱི་ངོ་བོ་ཉིད་ཀྱི་མེ་ཞེས་བཤད་པ་ཡིནོ།། མེའི་རང་བཞིན་ཡང་གང་གི་ཕྱིར་གསང་སྔགས་བཟླས་བརྗོད་བྱས་སམ། བསམ་གཏན་དུ་བྱས་ནས་མངོན་སུམ་དུ་འམ། བརྒྱུད་པས་སྐྱེ་བ་དང་འཆི་བའི་ཞགས་པ་ལ་སོགས་པ་སྲེག་པར་བྱེའོ།། ་ཞེས་སྔར་བཤད་དོ།། སྡིག་པ་རྣམས་ཇི་ལྟར་བསྲེག་ཅེ་ན་གསུངས་པ། བཟླས་བརྗོད་བསམ་གཏན་དཀའ་ཐུབ་མེད་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ནི་བྱ་བའི་བྱེ་དྲགོ། དེས་ནི་གསང་སྔགས་རྣམས་ཀྱི་བཟླས་བརྗོད་དང་། བསམ ་གཏན་དང་དཀའ་ཐུབ་ཀྱི་བྱ་བས་དེ་དག་བསྲེག་ཅེས་བྱ་བའི་ཐ་ཚི་གོ།། བསྲེག་པར་བྱ་ཞེས་བྱ་བ་ནི་སྲེག་པ་དང་འདྲ་ཞེས་བྱ་བའི་དོན་ཏོ།། དེ་བས་ན་འདི་སྐད་བཤད་པར་འགྱུར་ཏེ། གསང་སྔགས་ཀྱི་བསམ་གཏན་དང་བཟླས་བརྗོད་ལས་བྱུང ་བའི་དགེ་བའི་བག་ཆགས་དེ་ནི་འགྲུས་པ་དང་། རྟག་ཏུ་སྦྱོར་བ་ལས་གྱུར་པའི་ཕྱིར་སྟོབས་དང་ལྡན་པའོ།། དེ་བས་ན་དེའི་རྣམ་པར་སྨིན་པ་དེ་མ་ཐག་པ་ཉིད་དུ་མངོན་པར་སྐྱེའོ།། རྣམ་པར་སྨིན་པ་དེ་ཡང་བག་ཡོད་པས་རིག་པ་འཛིན་པ་ལ ་སོགས་པའི་གྲུབ་པའི་རིམ་གྱི་འཕགས་པ་རྡོ་རྗེ་འཛིན་གྱི་སྐུ་དང་། གསུང་དང་། ཐུགས་ཀྱི་གསང་བ་ཐོབ་པའི་རིམ་པས་སངས་རྒྱས་པའི་བར་དུ་འགྱུར་རོ།། དེ་བས་ན་སྡིག་པའི་བག་ཆགས་འབྲས་བུ་རྣམ་པར་སྨིན་པའི་སྐབས་མི་རྙེད ་པ་ནི་ས་བོན་བསྲེགས་པ་དང་འདྲ་བས་ན་སྡིག་པ་རྣམ་པར་བསྲེག་ཅེས་བཤད་དོ།། གཞན་ཡང་འདོད་ཆགས་མེད་པ་ལ་སོགས་པས་བསྐྱེད་པ་ཟླས་བརྗོད་དང་བསམ་གཏན་གྱི་མཚན་ཉིད་དགེ་བའི་བག་ཆགས་ནི་འདོད་ཆགས་ལ་སོགས ་པའི་མཐུ་ཆུང་བར་བྱེད་པས་སྡིག་པའི་བག་ཆགས་ཕྱིར་ལྡོག་གོ་ཞེས་དེ་སྐད་དུ་བཤད་དུའང་རུང་མོད་ཀྱི། གཞུང་རབ་ཏུ་མང་པོར་འཕྲོས་སུ་དྲེགས་པ་དང་། ཚུལ་འདི་ལྷུར་གྲགས་པའི་ཕྱིར་འདིར་བདག་གིས་ཞིབ་ཏུ་མ་དཔྱད་དོ།། ད་ནི་བཟླས ་བརྗོད་དང་བསམ་གཏན་བསྒོམ་པ་ལས་སྒྲུབ་པ་པོའི་ཡོན་ཏན་འབྱུང་བ་གསང་སྔགས་ཉེ་བའི་རྒྱུར་གྱུར་པ་བསྟན་པ་གནས་དང་ཟས་དང་གྲང་བ་དང་ཞེས་བྱ་བ་ལ་སོགས་པའི་ཚིག་སུ་བཅད་པ་བཞི་གསུང་སོ།། དེ་ཚེ་ལས་ཀྱི་འབྲས་བུ་དེས་ཞེས ་བྱ་བ་ནི་བཟླས་བརྗོད་དང་བསམ་གཏན་གྱི་བག་ཆགས་ཀྱི་མཚན་ཉིད་ལས་ཀྱི་འབྲས་བུ་ཇི་ལྟར་འདོད་པའི་དངོས་གྲུབ་ཀྱི་མཚན་ཉིད་གདོན་མི་ཟ་བར་ངེས་པར་འགྱུར་བར་རིག་པར་བྱ། འདིས་ཀྱང་ལུས་ཀྱི་ཡོན་ཏན་གསང་སྔགས་ཉེ་བར་གྱུར ་པའི་རྒྱུ་ལས་བྱུང་བ་རྣམས་བསྟན་ཏོ།། ཡིད་ཀྱི་ཡོན་ཏན་འབྱུང་བ་བསྟན་པའི་ཕྱིར། སྒྲ་འམ་ཡང་ན་གཟུགས་ལ་ཡང་།། གང་བརྩོན་པ་ནི་མི་རྨོངས་པ་ཞེས་གསུངས་ཏེ། བསམ་གཏན་པ་འམ། ཟླས་པ་པ་ཇི་ལྟར ་རིག་པར་ཡི་གེ་དང་དབྱངས་ཀྱི་རང་བཞིན་སྒྲ་དང་། ལྷའི་རང་བཞིན་གྱི་གཟུགས་ལ་བྱ་སྟེ། མི་རྨོངས་ཞེས་བྱ་བ་ནི་དམིགས་པའི་ཚེ་སེམས་བློང་བར་མི་འགྱུར་བའོ།། དེས་འདི་སྐད་བཤད་པར་འགྱུར་ཏེ། བསམ་གཏན་དུ་བྱ་བ་དང་བཟླས་བརྗོད་དུ་བྱ ་བའི་སྒྲ་ལ་སོགས་པ་ལ་ཇི་ཙམ་འདོད་པར་རྣམ་པར་ཤེས་པའི་རྒྱུན་འཇུག་པར་བར་མ་ཆེད་པར་འཛིན་ཞེས་བྱ་བའི་དོན་ཏོ།། དོན་འདི་ནི་སྒྲའི་ངོ་བོར་གྱུར་པ་ན་ཞེས་བྱ་བའི་ཚིག་དེས་གོང་དུ་ཡང་བཤད་ཟིན་མོད་ཀྱི།། གསང་སྔགས་ཀྱི་བསམ་གཏན ་ལ་ཕལ་ཆེར་སྒྲའི་ངོ་བོ་ལ་དམིགས་པ་གཙོ་བོར་བསྟན་པའི་ཕྱིར་གསང་སྔགས་ཉེ་བར་གྱུར་པ་ལ་སོགས་པའི་སྐབས་ཐམས་ཅད་དུ་ཡང་། སྒྲ་འམ་ཡང་ན་གཟུགས་ལ་ཡང་མི་རྨོངས་ཞེས་གསུང་སོ།། ཡང་ན་སྒྲའི་ངོ་བོར་གྱུར་པའི་གསང་སྔགས ་ཉེ་བར་གྱུར་པ་མངོན་དུ་ཕྱོགས་པ་ཉིད་ཀྱི་རྒྱུ་ཡིན་གྱི་གསང་སྔགས་ཉེ་བར་གྱུར་པའི་གནས་སྐབས་ཀྱི་ནི་མ་ཡིན་ནོ།། ཞེས་ཁ་ཅིག་དེ་ལྟར་སེམས་ན་ཡང་གཟུགས་ལ་སྦྱོར་བ་ན་མི་རྨོངས་པའོ།། ཞེས་དེ་ཙམ་ཞིག་བཤད་པ་ལ་སྒྲ་འམ། ཡང་ན ་གཟུགས་ཞེས་བྱ་བའི་དོན་མཚུངས་པར་བསྟན་པས་ཉེས་པ་མེད་དོ།། ཉེ་བར་གྱུར་པར་དེས་བཤད་བྱ་ཞེས་བྱ་བ་ནི་གསང་སྔགས་ཀྱི་སྐབ་སོ།། གང་ཞིག་མཐོང་བ་ཙམ་གྱིས་ནི། སེམས་ཅན་ཐམས་ཅད་བྱམས་གྱུར་པ། ཞེས་བྱ་བ་འདིས་ནི་ལུས་ཀྱི་ཡོན ་བཤད་དོ།། དེ་ལ་སྣང་བ་དང་མི་སྣང་བ་དང་། མཱི་དང་སྲིན་བུ་དང་། སྦྲུལ་དང་གཙུན་ཟན་ཁྲོ་བོ་ལྔ་སྩོགས་པ་ནི་སེམས་ཅན་ཐམས་ཅད་རྗེས་བྱ་བའི་སྒྲར་བརྗོད་དོ།། དེ་ནི་དངོས་གྲུབ་ཉེ་བར་འགྱུར་ཞེས་བྱ་བ་ནི་དངོས་གྲུབ་ཉེ་བར་གྱུར་པས་གསང ་སྔགས་ཉེ་བར་གྱུར་པ་བསྟེན་ཏོ།། སེམས་ཅན་བགེགས་བྱེད་པ་དེ་རྣམས་སྒྲུབ་པ་པོ་ལ་བྱམས་པའི་སེམས་པཇོག་སྟེ། དེ་བས་ན་བགེགས་མེད་པར་བསྟན་པ་བགེགས་རྣམས་ཐམས་ཅད་རྣམ་པར་སྤངས་ཞེས་གསུངསོ།། གལ་ཏེ་སེམས་ཅན་ཆེན་པོ ་རྣམས་སྒྲུབ་པ་པོ་ལ་བྱམས་པར་འགྱུར་ཏེ། བགེགས་མེད་པར་གྱུར་པ་དངོས་གྲུབ་ཀྱི་རྒྱུ་ཡིན་ན། འོ་ན་ནི་དེ་ལྟར་གྱུར་པའི་ཚེ་བགེགས་མེད་པས་བསྒྲུབ་པའི་ཚེ་བསྲུང་བ་ལ་སོགས་པ་ཅུང་ཟད་ཀྱང་མི་དགོ་སོ།། ཞེས་སྨྲས་པ་ལ། བདེ་བ་དང་ནི་སྡུག ་བསྔལ་མཐའ།། འདོད་དང་ཁྲོ་དང་བ་ཛགས་པ་དང་།། ནད་དང་འཆི་དང་གནོད་བདག་གི། རྒྱུ་ནི་སྔགས་པ་རྣམས་ལ་ཡོད་ཅེས་གསུང་སོ།། འདིར་བདེ་བ་ལ་སོགས་པའི་བག་ཆགས་སྒྲུབ་པ་པོའི་རྒྱུད་ལ་ཡོད་དོ་ཞེས་བསྟན་ཏོ།། དེས་འདི་སྐད་གསུངས་པར ་འགྱུར་ཏེ། གནས་དང་ཟས་དང་གྲང་བ་ལ་སོགས་པ་ལ་ཇི་མི་སྙམ་པར་གྱུར་ནས་གྲང་བ་ལ་སོགས་པའི་གནོད་པ་སྡུག་བསྔལ་གྱིས་ཀུན་ནས་དཀྲིས་པའི་མཚན་གྱི་བགེགས་མེད་པར་གྱུར་པ་དང་། དེ་བཞིན་དུ་བསམ་གཏན་དང་། བཟླས་བརྗོད་བྱེད ་པའི་ཚེ་དམིགས་པ་ལ་བརྟན་པར་གྱུར་པ་ན་སེམས་གཡེང་བ་ལ་སོགས་པའི་མཚན་ཉིད་ཀྱི་བགེགས་མེད་པར་གྱུར་པ་དང་། དེ་བཞིན་དུ་སེམས་ཅན་ཐམས་ཅད་བྱམས་པར་གྱུར་པས་དེ་ལས་བྱུང་བའི་གནོད་པའི་ཕྱིར་དེས་ཉེ་བར་བསྐྱེད་པ་གནོད ་པའི་མཚན་ཉིད་ཀྱི་བགེགས་དེའི་ཡུལ་ལ། ཁྲོ་བོ་ལ་སོགས་པ་ཀུན་ནས་དཀྲིས་པ་དང་བཅས་པར་མེད་པར་ཀུན་ཏུ་ཟིན་ཀྱང་གང་ཡང་དེ་དག་གི།། རྒྱུ་བདག་གི་རྒྱུ་ལ་བག་ཆགསུ་གནས་པའི་མཚན་ཉིད་དེ་དག་བཟླས་བརྗོད་བྱེད་པ ་ལ་མེད་པ་ནི་མ་ཡིནོ།། དེ་བས་ན་བག་ཆགས་ཀྱི་མཚན་ཉིད་ཀྱི་རྒྱུ་ཡིན་པས་གྲོགས་བྱེད་པའི་རྐྱེན་དང་ཕྲད་ན་བགེགས་འབྱུང་བར་འགྱུརརོ།། དེ་བས་ན་དེ་གསལ་བའི་ཕྱིར། སྒྲུབ་པ་ལ་སོགས་པ་ལ་སྲུང་བ་བྱ་བར་རིགས་པས་ཉེས་པ་མེད་དོ།། དེ་ནི ་གསང་སྔགས་ཉེ་བར་གྱུར་པའི་སྔགས་པའི་ཕན་ཡོན་བསྟན་པའི་ཕྱིར། ནམ་ཞིག་ཉེ་བར་གྱུར་པ་ན།། དུས་དང་ཡང་དང་བྱ་དང་ལུས།། ཆོས་དང་ཆོས་མིན་འབྲས་བུ་ལ།། དེ་ཚེ་སྔགས་པ་མི་བལྟོསོ།། ཞེས་བྱ་བ་གསུང་སོ།། དེས་འདི་སྐད་གསུངས་པར ་འགྱུར་ཏེ། ནམ་སྔགས་པ་ལ་གསང་སྔགས་ཉེ་བར་གྱུར་པ་དེའི་ཚེ་དུས་ལ་སོགས་པ་ལ་མི་བལྟོས་པར་དངོས་གྲུབ་སྒྲུབ་པ་རྩོམ་མོ་ཞེས་བྱ་བའི་ཐ་ཚིག་སྟེ། ནམ་སྔགས་ཉེ་བར་མ་གྱུར་པ་ལ་མངོན་དུ་བསྙེམ་པ་མེད་པ་དེའི་ཚེ་བཟླས་བརྗོད་དང་། ་བསམ་གཏན་དང་དབང་བསྐུར་བ་ལ་སོགས་པའི་ཚིགས་ལ་དུས་ལ་སོགས་པ་ལ་བལྟོས་པར་བྱའོ།། ཞེས་དོན་གྱི་དབང་གི་གསུངས་པར་འགྱུར་རོ།། འོ་ན་སྔགས་པ་དུས་ལ་སོགས་པ་ལ་མི་བལྟོས་ན་བསྒྲུབ་པར་བྱ་བ་ལ་གསང་སྔགས་འཕང་བར ་འགྱུ་རོ་ཞེས། བསྡམ་པ་དང་ནི་བཤིག་པ་དང་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བསྟན་ན། དེ་ཅིའི་ཕྱིར་དུས་ལ་སོགས་པ་ལ་མི་བལྟོས་པར་བཤད། དེ་ནི་གསང་སྔགས་ཉེ་བར་མ་གྱུར་པ་ལས་དགེངས་ཏེ། གསུངས་པས་ཉེས་པ་མེད ་ངོ།། གང་རིག་སྔགས་ཉེ་བར་གྱུར་པ་ལ་སོགས་པའི་སྒྲུབ་པ་པོས་ནི་ཉེས་པ་བྱས་པ་ཡང་བཟོད་དོ།། ཞེས་བསྟན། རིག་སྔགས་ཉེ་བར་གྱུར་འདོད་དང་། སྒྲུབ་པ་དང་ནི་དེ་བཞིན་མཆོག། ཉེས་བྱ་སྟོད་དག་བྱས་བུ་ཡང་།། བཟོད་པར ་འགྱུར་བ་དོགས་པ་མེད།། ཅེས་བྱ་བ་གསུངསོ།། རིག་སྔགས་ཉེ་བར་འགྱུར་བ་བཟོད་པའི་སྐབས་འདིར།། རིག་སྔགས་འདོད་པ་ལ་སོགས་པ་རྣམས་ཀྱང་བཟོད་པར་འགྱུར་བ་སྲིད་དོ།། ཞེས་བསྟན་ཏོ།། འདིར་བཟླས་བརྗོད ་དང་བསམ་གཏན་ལ་སོགས་པས་སྒྲུབ་པོའི་ཡོན་ཏན་ཇི་སྐད་དུ་སྨོས་པ་དང་ལྡན་པ་ལ། རིག་སྔགས་ཉེ་བར་གྱུར་པ་བསྟན་ཏོ།། འདོད་པ་ནི་ཉེ་བར་མ་གྱུར་ཀྱང་སྒྲུབ་པ་པོ་སྔོན་དུ་བསྙེན་པ་བྱེད་པའི་ཚེ། ཡང་ཉེས་པ་བྱས་བཟོད་དོ།། ་འདོང་བར་གྱུར་པ་ཡང་དེ་དང་ཆ་མཐུན་པ་འམ། ཚེ་རབས་སྔ་མ་ལ་མཉེས་པར་བྱས་པས་སོ།། གྲུབ་པ་ནི་རལ་གྲི་ལ་སོགས་པའི་དངོས་གྲུབ་སྟེར་བའི་སྒོ་ནས་གྲུབ་པའི་དམ་ཚིག་ལས་འདས་པའི་ཉེས་པ་བྱས་པ་ཡང་ཅུང་ཟད ་བཟོད་དོ།། དེ་བཞིན་དུ་རིག་སྔགས་མཆོག་ནི་ཉེ་བར་མ་གྱུར་པ་དང་། འདོད་པ་མ་ཡིན་པ་དང་། མ་གྲུབ་པ་ཡང་མཐུ་ཆེ་བས་ཅུང་ཟད་ཀྱིས་མྱི་འཁྲུགས་པའི་ཕྱིར། སྐུ་པ་པོའི་ཉེས་པ་མེད་དོ།། ཞེས་གསུངསོ།། ་སྟོང་ཞེས་བྱ་བ་ནི་མང་པོའི་ཉེ་བའི་མཚན་མ་འམ། ངེས་པའི་ཚིག་སྟེ་སྟོང་ལས་ལྷག་པར་མི་བཟོད་ཞེས་བྱ་བའི་ཐ་ཚིགོ། སྒྲུབ་པ་པོ་ཉེས་པ་བཟོད་པ་འབའ་ཞིག་མ་ཡིན་གྱི། རིགས་ལས་བྱུང་བ་ལ་སོགས་པའི་དངོས ་གྲུབ་ཀྱང་ཉེ་བར་གྱུར་པ་དང་། གྲུབ་པ་བདག་སྟེར་རོ་ཞེས་བསྟན་པ། རིགས་དང་རྫས་ཀྱི་དངོས་གྲུབ་དང་།། སྨན་གྱི་ཡང་ནི་ལུས་ཅན་ལ།། ཉེ་བར་གྱུར་དང་སྔགས་གྲུབ་པ།། དབང་དུ་གྱུར་པ་རྟག ་པར་འགྱུར་རོ།། ཞེས་བྱ་བ་གསུངས་སོ།། དེ་ལ་རིགས་ཀྱི་དངོས་གྲུབ་ནི་བསྒྲུབ་པར་བྱ་བའི་རྫས་མེད་པར་ཡང་བཟླས་བརྗོད་བྱས་པ་འམ། བསམ་གཏན་དུ་བྱ་བ་ལས་མངོན་པར་ཤེས་པ་ལ་སོགས་པའི་རིག་སྔགས་ཀྱིས་བྱིན ་བ་འམ། རང་གི་རིགས་དང་རིགས་མཐུན་པ་འམ། གནོད་སྦྱིན་ལ་སོགས་པོའི་རིགས་དང་རིགས་མཐུན་པར་སྐྱེ་བ་ནི་བསྒྲུབ་པར་བྱ་བའི་རྫས་མེད་པར་ཡང་རིགས་སུ་གཏོགས་པའི་གསང་སྔགས་ཀྱི་ལྷ་འབའ་ཞིག་ལས ་ཐོབ་པས་ན་རིགས་ལས་བྱུང་བ་ཞེས་གསུངས་སོ།། དེ་བཞིན་དུ་རྫས་ལས་བྱུང་བ་ནི་རལ་གྲི་ལ་སོགས་པའི་དངོས་གྲུབ་ཀྱི་མཚན་ཉིད་དོ།། སྨན་གྱི་ཞེས་བྱ་བ་ནི་ཤུ་དག་ལ་སོགས་པ་སྒྲུབ་པ་ལས་བྱུང་བའི་མཚན་ཉིད་དོ།། ་དངོས་གྲུབ་དེ་དག་ནི་གསང་སྔགས་ཉེ་བར་གྱུར་པ་འམ། གྲུབ་པ་ལ་དབང་དུ་གྱུར་པ་སྟེ། ཉེ་བར་སྤྱད་དུ་རུང་བར་འགྱུརརོ།། ཞེས་བྱ་བའི་ཐ་ཚིག་གོ། འགྲེལ་པ་འདི་ནི་བྱས་ལས་དེ་རིང་བདག་གིས་དགེ་བ་གང ་ཞིག་ཐོབ་གྱུར་པ། ཟླ་འོད་གསལ་དང་མུ་ཏིག་དོ་ཤལ་དྲི་མ་མེད་པ་དཀར་པོ་འདྲ་བ་དེས། ཉོན་མོངས་མི་ཤེས་སྒྲིབ་པའི་བློ་རྒྱུད་སྤང་ཕྱིར་སེམས་ཅན་བྱང་ཆུབ་ཡིད་གྱུར་ཅིག། ཡང་དག་རྟོགས་པའི ་གཏམ་འདི་སངས་རྒྱས་གསང་བས་སྨྲས་པ་སེམས་ཅན་རྣམས་ཀྱི་ཉོན།། བསམ་གཏན་ཕྱི་མ་ཞེས་བྱ་བ། རྒྱ་ཆེར་བཤད་པ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་རྫོགས་སུ། ་རྒྱ་གར་གྱི་མཁན་པོ་བིངྒ་ཀ་ར་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ་འཕགས་པ་དཔུང་བཟང་གིས་ཞུས་པའི་རྒྱུད་ཀྱི་བསྡུས་པའི་དོན་བཀྲོལ་བཞུག་སོ།། ་རྒྱ་གར་སྐད་དུ། ཨཱརྱ་སུ་བྷཱ་ཧུ་པ་རི་པྲྀཙྪ་ནཱ་མ་ཏནྟྲ་པིརྞྞནྡ་བི་ཏི། བོད་སྐད་དུ། འཕགས་པ་དཔུང་བཟང་གིས་ཞུས་པའི་རྒྱུད་ཀྱི་བསྡུས་པའི་དོན་བཀྲོལ་བའི་རྗེས་བྱང་། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ ་ཕྱག་འཚལོ།། བཅོམ་ལྡན་འདས་གསང་སྔགས་རིག་སྔགས་དབང་ཕྱུག་གི། ཡེ་ཤེས་ཉི་མའི་འོད་ཟེར་འབར་བ་དེས།། རིག་སྔགས་རྒྱ་མཚོའི་གསང་སྔགས་ཚོགས་རྣམས་ཀྱི།། དངོས་གྲུབ་པདྨ་ངེས་པར་ཕྱེ་བ་དང་།། དཔུང་བཟང ་ཐུགས་རྗེའི་ཟླ་བ་ཤ་ར་བ་དེས།། དངོས་གྲུབ་འཚོལ་ལ་རྨོངས་པའི་གཏི་མུག་གིས།། མུན་གྱིས་བསྒྲིབས་པའི་སྐྱེ་བོ་རྣམས་གཟིགས་ནས།། ཡལ་ལ་ཞུས་པ་དེ་ལ་ཕྱག་འཚལོ།། མདོ་སྡེ་འཆད་པར་འདོད་པའི་རྣམས།། དགའ་བར་བྱེད ་པའི་བསྡུས་པའི་དོན།། འདི་ནི་སློབ་དཔོན་བདག་ཉིད་ཆེ།། སངས་རྒྱས་གསང་བས་ཡང་དག་མཛད།། དེ་ཡི་སྡོམ་ཡང་རྣམ་གསུམ་སྟེ།། རྒྱུད་ཀྱི་ལུསུ་བཞག་པཱ་དང་།། ཀུན་ལ་མེད་དུ་མི་རུང་དང་།། དོན་རྣམས་ཕྱེ་བས་མདོ་འདི་བསྡུས།། ་དེ་ལ་དང་པོ་རྒྱུད་ཀྱི་ལུས་རྣམ་པར་བཞག་པའི་དབང་དུ་མཛད་ནས། མདོ་འདི་ལས་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། འཇིག་རྟེན་པའི་ལྷའི་བྱེ་བྲག་རྣམས་ཀྱི་རིག་སྔགས་དང་། གསང་སྔོགས་བཤད་པ་གང ་ཡིན་པ་དེ་དག། རིགས་གསུམ་པོ་དེ་བཞིན་གཤེགས་པ་དང་། པདྨ་དང་རྡོ་རྗེ་དང་། དེ་བཞིན་དུ་གཞན་ཡང་ནོར་ཅན་དང་། རྒྱས་པ་དང་། འཇིག་རྟེན་པའི་རིགས་ཀྱང་གསུམ་དུ་ཡང་དག་པར་བསྡུས་པ་བསྟན་ཏོ།། ཞེས་གསུང་སོ།། ་