CLOSE WINDOW

GT1492: rnam par snang mdzad chen po mngon par byang chub par gtogs pa'i rgyud kyi mchod pa'i cho ga
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། མ་ཧཱ་བེ་རོ་ཙ་ནཱ་བྷི་སམྦོ་དྷི་ཏནྟྲ་སཾ་བོདྡྷ་པུ་ཛཾ་བི་དྷི། བོད་སྐད་དུ། རྣམ་པར་སྣང་མཛད་ཆེན་པོ་མངོན་པར་བྱང་ཆུབ་པར་གཏོགས་པའི་མཆོད་པའི་ཆོ་གཱ། པདྨ་རྒྱས་འདྲའི་སྤྱན་མངའ་རྫོགས ་སངས་རྒྱས།། རྣམ་པར་སྣང་མཛད་ཅེས་བྱ་ལ་བཏུདེ།། རྣམ་སྣང་མཛད་ཀྱི་ལས་ཀྱི་མཆོད་པ་ཡི།། ཐབས་ཀྱི་ཆོ་ག་བཏུས་ཏེ་བཤད་པར་བྱཱ།། ཇི་ལྟར་སྔགས་ཀྱི་ཆོ་གའི་གོ་རིམས་གྱུར།། ཇི་ལྟར་རང་སེམས་དྲི་མ་མེད་འགྱུར། ་དེ་ལྟར་མདོར་བསྡུས་པ་ནི་འདི་བྱའོ།། དེ་ལ་དང་པོར་བདག་གཞན་དོན་གྲུབ་པའི།། བླ་མེད་དངོས་གྲུབ་མཆོག་གི་ཐབ་དང་ནི།། དེ་ཐོབ་བྱ་བའི་ཐེབས་ནི་རྣམ་མངའ་ལའང་།། དངོས་གྲུབ་ཐོབ་པར་འདོད་པ་བསྐྱེད་པར ་བྱ།། དོན་ཀུན་གྲུབ་པའི་མཆོག་ནི་སྩོལ་མཛད་པ།། སངས་རྒྱས་རྣམས་དང་སངྱས་རྒྱས་སྱསྟྲ་མཆོག་ཉིད།། དེ་ཡི་བདག་ཉིད་གྱུར་པའི་སྔགས་ཚུལ་དང་།། སྣ་ཚོགས་ཚུལ་དུ་གནས་བྱའི་ཕྱག་རྒྱུ་དང་།། ལྷག་པར ་གསང་སྔགས་ཚུལ་གྱི་གཙོ་བོ་ནི།། རྒྱ་ཆེན་ཐེག་པ་ལ་ནི་མོས་བསྐྱེད་དེ།། སེན་མོས་པ་ཚེ་འབྲིང་ཆུང་ལོ།། དེ་ཐོབ་ཆོ་ག་འང་འབི་དེ་ངེས་པར་བསྟན།། རྒྱལ་བས་འདི་དགེ་བསྐྱབ་པའི་དོན་དགོངས་པས།། འགྲོ་དྲུག་འགྲོ ་ལོ་ཅན་ལའང་ཅི་རིགས་པར།། གུས་པ་སྔོན་དུ་འགྲོ་བར་ངེས་བྱ་སྟེ།། འདི་ལ་སེམས་ནི་དང་པ་རྣམ་པར་བསྐྱེད།། དེ་ནས་གཞན་ཡང་ཐེག་པ་མཆོག་ལ་ནི།། སྔགས་མཆོག་སྤྱོད་པའི་འདུལ་བའི་ཆོ་ག་ཤེས།། བདེ ་གཤེགས་སྲས་ཀྱི་སྤྱོད་པའི་རྗེས་འཇུག་ཅིང་།། བླ་མེད་སྔགས་ཀྱི་ཚུལ་ལ་འཇུག་པ་རུ་བྱ།། སྦྱོར་བ་ཕུན་ཚོགསུ་བསྒྲུབ་པ་གྱུར་པ་དང་།། དབང་བསྐུར་ཐོབ་ཅིང་རྗེསུ་ཤེས་པ་དང་།། གཞན་དྲོན་བསྒྲུབ་ལ་གཅིག ་ཏུ་གཞོལ་གྱུར་པས།། བླ་མ་མཐོང་ན་གུས་པས་ཕྱག་བྱའོ།། སྟོན་པ་བཞིན་དུ་རབ་དང་གུས་བསྐྱེད་ཅིང་།། དགེ་བའི་ཤེས་དང་མཛའ་བོ་མཆོག་བཞིན་བལྟ།། ལྷག་པར་མོས་པའི་ཁྱད་པར་བསྐྱེད་ནས་ནི།། དེ་མཉེས་བྱས ་ཏེ་ཏེ་དེ་ནས་དེ་རྗེས་སྤྱད།། རྗེསུ་བརྩེ་ཕྱིར་དེ་ལ་མངོན་ཕྱོགས་ཤིང་།། བསྙེན་བཀུར་དག་གིས་ཡིད་ནི་མགུ་བར་བྱ།། བཏུང་དེ་མགོན་པོ་དེ་དབང་བྱས་བདག་ལ།། སྩོལ་ཞེས་བདེ་གཤེགས་སྤྱོད་མཆོག་གསོལ་བ་གདབ།། ཐུགས ་ཎྜཱི་འབྱུང་སོགས་དཀྱིལ་འཁོར་བཟང་པོར་ནི།། ཆོ་གས་དཀྱིལ་འཁོར་མཆོག་དེར་ཞུགས་ནསུ།། དམ་ཚིག་དམ་པོ་ཅི་རིགས་བླངས་ནསུ།། རང་སྔ་གོས་ཕྱག་རྒྱ་དག་ཏུ་བཅས་པ་ནི།། བླ་མ་མངོན་དུ་གྱུར་ལས་ཡང་དག་མནོད།། དམ ་ཚིག་མཆོག་ཏུ་སྒྲུབ་ཅིང་བསྲུང་བ་དང་།། འཕེལ་བར་བྱ་བ་ལ་ཡང་རྗེས་འབྱུང་བྱ།། དེ་ལ་ཚུལ་འདི་ལས་ནི་སྟོན་པ་ཡི།། གསང་སྔགས་སྤྱོད་མཆོག་དམ་ཚིག་ཡང་དག་གཟུང་།། བློ་ཆུང་རྣམས་ལ་བརྩེ་ཕྱིར་བཤད་པ་ནི།། ་ཆོ་ག་ཇི་བཞིན་རིམ་བཞིན་རྣམ་པར་དབྱེ།། བཅོམ་ལྡན་ཀུན་ལ་ཕན་དོན་མཆོག་མིཛད་པའི།། སངས་རྒྱས་རྣམས་དང་སངས་རྒྱས་སྲས་མཆོག་དང་།། དེའི་སྔགས་དང་ཕྱག་རྒྱ་ལྷ་རྣམས་དང་།། ཐེག་མཆོག་སྔགས་ཀྱི་ཚུལ ་ལ་ཁྱད་པར་དུའོ།། སྔགས་ཀྱི་དོན་ལ་འཇུག་བྱེད་བླ་མ་ལའང་།། གུས་མིན་མི་བྱ་བརྙས་པའང་བྱ་བ་མིན།། གཞན་དོན་ཕུན་ཚོགས་འབྱུང་བའི་རྒྱུར་གྱུར་པ།། སངས་རྒྱས་ལ་སོགས་ཡོངསུ་སྤྱང་མི་བྱ།། བདག་ཉིད་ཆེ་བྱའི་སྟོན ་སྔོན་འགྲོ་བས།། རྗེསུ་དྲན་པའང་རྒྱུན་དུ་བསྟེན་པར་བྱ།། མཉེས་པར་བྱ་ཞིང་དད་པས་མཆོད་པ་ལ།། ཅི་རིགས་པར་ནི་རྗེསུ་སྤྱད་པར་བྱ།། རང་སངས་རྒྱས་དང་དེ་བཞིན་ཉན་ཐོས་དང་།། དེ་ཡི་ཚུལ་དུ་བསྟན་པའི་ཆོས་རྣམས ་དང་དུ་བསླབ་པ་རབ་སྟེར་སློབ་དཔོན་བླ་མ་གཞན།། ཚངས་པར་སྤྱོད་དུ་བམ་ལའང་བརྙས་མི་བྱ།། དེ་རྣམས་ལ་ནི་རིམ་འགྲོ་ཙེ་རིགས་པའོ།། དུས་དང་དུས་རྟག་ཏུ་ནི་བྱ་བ་ཡིན།། གང་ཡང་བྱིས་པའི་ཆོས་ཀྱིས་སྤྱོད་པ་དང ་ཁོང་ཁྲོའང་སངས་རྒྱས་ལ་སོགས་བྱུ་བ་མིན།། གང་ཕྱིར་འཛྙཱན་དོན་མཛན་སྤྱོད་མཛད་པས།། མདོ་ལས་ཁོང་ཁྲོ་དོན་ཆེན་འཇོམས་གསུངས་ཏེ།། སེམས་བསྐྱེད་གཅིག་གིས་བསྐལ་པ་བྱེ་བར་ནི།། བྱས་པ་མྱ་ལུས་འཇོམས ་པ་བྱེད་པར་གསུངས།། དེ་བས་ཕུང་ཁྲོལ་གནས་དང་རྩར་གྱུར་པ།། ཁྲོ་བཱི་འབད་དེ་རྣམ་པར་སྤྱང་བུརརྱ་བྱ།། བྱང་ཆུབ་སེམས་ནི་རིན་ཚུན་མཆོག་གྱུ་ར་པ།། འཇིག་རྟེན་འཇིག་རྟེན་འདས་པའི་ཕུན་ཚོགས་དང་།། རང ་དོན་གཞན་དོན་ཕུན་ཚོགས་རྒྱུར་གྱུར་ཅིང་།། ཐེ་ཚོམ་ངེས་པར་འཇིག་པའི་མཐའ་གཅིག་པུ།། དེ་ནི་སྲོག་པས་ལྷག་པར་བསྲུང་བྱ་ཞིང་།། བདག་ཉིད་ཆེ་བའི་སྟོན་གང་ཡིན་བསྒོམ།། ལུས་དང་ངག་དང་ཡིད་ཀྱིས ་སེམས་ཅན་ལ།། གནོད་པར་འགྱུར་བ་ཆུང་ངུའང་རྣམ་པར་སྤང་།། གཞན་དུ་དེ་ལ་ཕན་པའི་དོན་འགྱུར་ཕྱིར།། སྙིང་རྗེ་བསྐྱེད་ཁྲོ་བ་བསྟན་པར་བྱ།། གནོད་ཆེན་བྱེད་ལའང་སེམས་ཅནྡ་ལ་འཚེ ་བ།། རྣམ་སྤང་བཟོད་ལའང་རྟག་ཏུ་དགའ་བར་བྱ།། སྙིང་རྗེ་བྱམས་དང་དགའ་བའི་སེམས་དང་ནི།། བཏང་སྙོམས་དང་ཡང་ལྡན་པར་བསྒོམ་པར་བྱ།། ཆོས་དྲོང་ཟང་ཟིང་མི་འཇིགས་སྦྱིན་པ་ནི།། ཅི་རིགས་འགྲོ། ་དོན་བསྒྲུབ་པ་ཉིད་དུ་བྱ།། དོན་ཆེན་བསྒྲུབ་དང་ལྡན་པའི་སེམས་ཀྱིས་ནི།། དུས་གཞན་དག་ཏུ་བཏང་སྙོམས་ཉིད་དུ་བྱ།། འགྲོ་ལ་ཕན་པའི་དོན་ནི་མི་ནུས་ནོ།། བྱང་ཆུབ་སེམས་ནི་ཆོ་ག་བཞིན་དུ་བསྒོམ།། དེར་ནི་ཆོས་རྣམས ་ཐཾད་འདུས་འགྱུར་ཅིང་།། རྟག་ཏུ་དཀར་ཞིང་རྣམ་པར་དག་པར་བྱཤད།། སྦྱིན་སོགས་སྡུ་བའི་དངོས་པོ་རྣམས་ཀྱིས་ཀྱང་།། སེམས་ཅན་ཡང་དག་བསྡུས་ཏེ་ཐེག་མཆོག་ལ།། ངེས་སྦྱར་འཛིན་དང་ཀླག་པར་བྱ་བ་དང་། དེ་དོན་སྒོམ ་ཞིང་བསྒོམ་པར་བྱ་བ་ཡིན།། མཁས་པས་མིག་སོགས་དྲུག་པོ་དེས་གཟུང་ཞིང་།། མཉམ་གཞག་ཡིད་ནི་ཞི་ཞིང་སྦས་པར་བྱ།། གང་ཕྱིར་ཆང་ནི་དོན་ཀུན་འཇིག་བྱེད་ཅིང་།། མི་དགེ་ཀུན་གྱི་རྩ་བར་གྱུར་པས་སྤང་།། དུག ་དང་མཚོན་དང་ལྕེ་འབབ་ལྟ་བུའི་སེམས།། དེ་ནི་ཤིན་ཏུ་རིང་བའང་སྤང་བར་བྱ།། མདོར་ན་བདག་དང་གཞན་དོན་འཇིག་པ་གང་།། དེ་ནི་རབ་ཏུ་རྒྱང་བསྲིངས་སྤང་བར་བྱ།། མལ་ཁྲི་མཆོག་ལྔ་རྣམ་པར་སྤང་བྱ་སྟེ། རྒྱལ ་པས་དེ་ནི་དྲེགས་གནས་ཡིན་པར་གསུངས།། ཚུལ་མཆོག་ཡང་དག་དམ་པ་རིམ་བཞིན་དུ།། མདོར་བསྡུས་ནས་ནི་བསྟན་པ་འདི་ཡིན་ཏེ། འདི་ནི་རྣམ་དབྱེ་ར་བ་རྒྱས་ངེས་པ་ཡི།། གཙོ་བོས་མདོ་སྡེ་ལ་སོགས་གསུངས་པ ་ཡིན།། དེ་ལྟར་ཡང་དག་དམ་ཚིག་ལ་གནས་པའི།། དེ་ཉམས་འགྱུར་རྒྱུ་རྣམ་པར་སྤང་བྱ་སྟེ།། སེམས་ངན་ལེ་ལྷོ་དྲན་པ་བརྗེད་པ་དང་།། སྐྱེ་བོ་དོན?་པ་འདྲེས་པ་རྟག་ཏུ་སྤང་།། དེ་ལྟར་ཡེང་དག་དམ་ཚིག་གྲནར ་པ་ཡི།། སྔགས་མཆོག་སྤྱོད་སྒོམ་བྱང་ཆུབ་སྤྱོད་པ་ཡི།། རྒྱུན་དུ་སྒྲིབ་པ་རྣམས་ནི་ཟད་ཕྱིར་དང་།། བསོད་ནམས་ལ་སོགས་ཚོགས་རྣམས་རྣམ་འཕེལ་ཕྱིར།། ཚེ་འདི་ཉིད་དུ་གསཾ་སྔགས་གྲུབ་པར་ཇི་ལྟར་འགྱུར་ཞེས ་རྣམ་པར་བསམ་བྱས་ལ།། དེ་བསྒྲུབ་དོན་དུ་རུང་བར་བདག་མཐོང་ནས།། བླ་མ་ལས་ནི་རིམ་པོ་ཡང་དག་མནོད།། ཇི་སྐད་བཤད་རིག་ཆོ་གའི་རིམ་གྱིས་ནི།། དེ་ནས་གསང་སྔགས་ལ་སོགས་སྤྱོད་ལ་སྦྱར།། བླ་མ་ཕྱག་བྱས ་བདག་ཉིད་དབ་པོ་བསྐུར་ནུས།། སྔགས་དོན་ལེགས་པར་བསྒྲུབ་ཕྱིར་གསོལ་བ་གདག། བློ་ལྡན་བླ་མས་གནང་བར་བྱས་ནས་ནི།། རྗེསུ་མཐུན་པའི་ཡུལ་དུ་གནས་པར་བྱ།། སྣ་ཚོགས་རི་དང་རི་སུལ་དག་དྲང་ནི།། ཕུག ་དང་ནགས་ཚལ་རྣམ་པ་སྣ་ཚོགས་དང་།། བདེ་བ་ཐམས་ཅད་འབྱུང་བའི་གནས་རྣམས་དང་།། པདྨ་ཨུཏྤལ་ཁ་བྱེས་བརྒྱན་པ་དང་། ཆུའོ་ཆུ་བྲན་མིག་མང་བ་དང་།། སྐྱེ་བོ་ལྀ་སོགས་འདུས་པ་རྣམ་སྤངས་ཤིང་།། ཡད་འོང ་ཤིང་གི་ཡལ་གར་ལྡན་པ་དང་།། གང་ན་ཡུམ་ཤིང་ཀུ་ཤ་ལ་སོགས་མང་།། སྦྲང་མ་ཚ་གྲང་ལ་སོགས་རྣམས་དང་བྲལ།། གང་ན་སྟག་དང་སེངྒེ་མེད་པ་དང་།། གང་ཞིག་སངྱས་སངྱས་སྲས་མཆོག། གནས ་གྱུར་སྔོན་ནི་བསྟེན་པར་མཛད་ད་དང་།། གཙུག་ལག་ཁང་དང་མཆོད་རྟེན་གནས་གྱུར་པ།། ཡིད་ནི་དགའ་བར་ལྟེརྗེ་པར་ཀུནྡྷ་པར་བྱ།། འབདེ་འདོད་ལས་སེམས་པ་རྣམས་བཟློག་ཅིང་།། ཁྱིམ་པ་རབ་བྱུང་འདྲེ་བ་རྣམ་སྤངས་ཏེ།། ཆོས་ལ ་ཤིན་ཏུ་དགའ་བ་བསྐྱེད་ནས་ནི།། སེམས་ནི་དངོས་གྲུབ་ལ་འདོད་སྤྲོ་བ་བསྐྱེད།། བློ་ནི་ཤིན་ཏུ་སྤྲོ་བར་ལྡན་པ་དང་།། བཀྲེས་སྐོམ་ངལ་ལ་སོགས་པས་མི་ཞུམ་པར།། འཚོ་བ་རྣམ་དག་གྲོགས་བཟང་གྲོགས་མེད་པར།། དམ་ཆོས ་གླེགས་བམ་གཉིས་པ་ཉིད་ལཱ་བརྟག། སངས་རྒྱས་སྲས་ཀྱི་སྤྱོད་ལ་རྗེས་འཇུག་ཅིང་།། སྔགས་མཆོག་ཐེག་ལའང་མོས་པ་བརྟན་པ་དང་།། སྨྱོ་བ་དང་ནི་བློ་མཆོག་སྟོབས་ལྡན་ཞིང་།། བརྟན་ལྡན་དགོས་པ་ལ་ནི་བལྟོས་མེད་སེམས ་སྙིང་སྟོབས་ལྡན་ཞིང་རབ་བརྩེའི་རྗེ་སུཾ་འཇུག།། མཐོང་བའི་ཆོས་ལོ་རང་གཞན་དོན་བསྒྲུབ་ལ།། ལྷ་གཞན་བརྟེན་པར་མི་བྱེད་འཇིག་མེད་པ།། དེ་ནི་གྲོག་པོ་ཡིན་པར་ཡོངསུ་བསྒྲེགས།། སྔགས་ཀྱི་སྤྱོད་པའི་བསླབ་པའི་གནས ་བསྟན་པ་སྟེ་ལེའུ་དང་པོའོ།། །། གནས་བྱས་དེར་ནི་སྒྲུབ་པ་པོ་དེ་ཡིས།། དབང་པོ་བརྟན་པས་ད་ནི་ཉིན་རེ་ཞིང་།། ཐོག་མར་རམ་སྔར་གནས་མལ་ལས་ལངས་ནས།། དེས་ནི་བགེགས་ཀྱི་དཀྱིལ་འཁོར་མ་ལུས ་བསལྔ།། མཚན་མོ་བདག་མེད་ཉེས་བྱས་ནང་པར་ནི།། འབདེ་ཆོ་ག་དེ་བཞིན་བཤགས་ལ་འཇུག། དབང་པོ་ཞི་ཞིང་ཕན་སེམས་སྙིང་རྗེ་ཅན།། འགྲོ་བ་མ་ལུས་གདོན་པའི་ཡིད་གཅིག་ལྡམ།། ཁྲུས་ཀྱི་ཆོ་ག་བཞིན་དུ་ཁྲུས་བྱས་པ་འམ ་རང་གི་ལུས་དང་ངག་སེམས་རྣམ་དོག་པས།། གཙང་ཞིང་དབེན་པའི་ས་ཡི་ཕྱོགས་ནི།། མེ་ཏོག་ལ་སོགས་ཆལ་པར་ལེགས་བཀྲམ་པར། རས་རིས་ལ་སོགས་དམ་ཆོས་གླེགས་བམ་མདུན།། ཡང་ན་ཕྱོགས་བཅུ་ར་བཞུགས་པའི ་མགྲོན་པོ་བསམ།། དེ་ནས་མཁསྣ་པས་ཤར་ལ་སོགས་བལྟས་ཏེ། ཡིད་ཀྱིས་མངོན་སུམ་བཞིན་དུ་བསམས་ནས་ནི།། དད་པར་གཅིག་ཏུ་གཞོལ་བའི་སེམས་ཀྱིས་ནི།། འདུད་པའི་སྦྱོར་བས་ཡན་ལག་ལྔས་ཕྱག་བྱ།། ་ཕྱོགས་བཅུ་དག་ན་བཞུགས་པའི་སངས་རྒྱས་ནི།། དུས་གསུམ་འཁྲུངས་ཤིང་སྐུ་མཚོ་གསུམ་མངར་བྱ།། ཚུལ་གྱི་རབ་མཆོག་ཐེག་ཆེན་ཆོས་དང་ནི།། དེ་བཞིན་བྱང་ཆུབ་ཐུགས་ལྡན་དགེ་འདུན་མཆོག། རིག་པའི་ཚོགས ་དང་གསང་སྔགས་ཚོགས་རྣམས་དང་།། ཕྱག་རྒྱའི་ཚོགས་རྣམས་འདུས་ཚོགས་མཐར་བྱིན་ལ།། བརྗོད་ཀྱིས་མི་ལང་སྡུད་པའི་སྦྱོར་བ་ཡིས།། རང་ལུས་ངག་སེམས་དག་སེམས་དག་པས་ཕྱག་འཚལོ།། ཨོཾ་ན་མཿསརྦ་ཏ་ཐཱ ་ག་ཏ་ཀཱ་ཡ་བཱཀྩིཏྟ་པཱ་ད་བནྡ་ནཱཾ་ཀ་རོ་མི་ཞེས་ཕྱག་འཚལ་བའི་སྦྱོར་བའོ།། སྡིག་ལས་ལྡོག་པའི་སེམས་ཀྱིས་ཐལ་སྦྱར་ཏེ། པུསོ་མོ་གཡས་པའི་ལྷ་ང་སར་གཙུགས་ནས།། སྡིག་པའི་ཚོགས་རྣམས་བསགས་པ་བཤགས ་བགྱི་སྟེ།། འདོད་ཆགས་ཞེ་སྡང་རྣམ་པར་རྨོངས་སེམས་ཀྱིས།། ལུས་དང་ངག་དང་ཡིད་ཀྱིས་གང་བྱས་དང་།། སངས་རྒྱས་ཆོས་དང་ཚོགས་བཅས་ལ་གང་བྱས།། སྲོག་ཆགས་ཚོགས་གཏོགས་གཞན་ལ ་འདྲ་གང་བྱས་དང་།། གང་ཡང་ཕ་མ་སློབ་དཔོན་སྟོན་པ་ལ།། ཐོག་མེད་འཁོར་བའི་འགྲོ་བར་གཏོགས་པ་ཡི།། བྱས་པའི་ཉེས་བྱས་མི་བཟད་མ་ལུས་འདི།། གང་ཞིག་ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ན།། བཞུགས ་པའི་རྒྱལ་བའི་སྤྱན་སྔར་བཤགས་པར་བགྱི།། ཨོཾ་སརྦ་པཱ་པཾ་སྥོ་ཊ་ད་ཧ་ན་བཛྲི་ཎ་སྭཱ་ཧཱ།། སྡིག་བསལ་བའི་སྦྱོར་བའོ།། སྐུ་གསུམ་མངའ་བའི་དུས་གསུམ་སངས་རྒྱས་དང་།། ཆོས་རྣམས་ཀུན་དང་བྱང་ཆུབ་སེམས་མཆོག་དང་། ་གྲང་ཡང་ཕྱོགས་བཅུར་བཞུགས་བྱའི་སྟོན་པ་ལ།། དེ་ལ་ཐལ་མོ་སྦྱར་ཏེ་སྐྱབསུ་མཆི།། ཨོཾ་སརྦ་བུདྡྷ་བྷོ་དྷི་སཏྭཱ། ཤ་ར་ཎཾ་གཙྪ་མི་བཛྲ་དྷརྨ་ཧྲཱིཿ། སྐྱབས་འགྲོ་བའི་སྦྱོར་བའོ།། དུས་གསུམ་འབྱུང་བའི་ལུས་དང་ངག་དང་ཡིད།། ་ཞིང་ལས་ལྷག་པའི་ལུས་ཀྱི་རྒྱ་མཚོའི་ཚོགས།། སྐྱོན་མེད་བདག་ཉིད་རྣམ་པར་དག་པ་ཡི།། བདག་ཉིད་བདེ་གཤེགས་ཀུན་ལྀ་དབུལ་བ་ར་བྲྀ་གྷྲི། ཨོཾ་སརྦ་ཏ་ཐཱ་ག་ཏ~ཾ་ཐཱ་ག་ཏཱ་པཱུ་ཛ་པྲ་བནྡྷ་ནཱ་ཡ་ཨཱཏྨ་ནཱ~ཾ། ནིཪྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག ་ཏ་ཤྭ་ཨ་དྷི་ཏིཥྛ་ན་ཏཾ། སརྦ་ཏ་ཐཱ་གཽ་ཏ་ཛྙཱ་ན་མ་མེ། ཨཱ་བི་ཤ་ཏུ། བདག་དབུལ་བའི་སྦྱོར་བའོ།། སྐྱེ་སོགས་སྡུག་བསྔལ་རྣམས་ཀྱིས་ཉེར་གཙེས་ཤིང་།། མི་ཤེས་ལོག་པས་ཉེར་བཅོམ་བདག་ཉིད་ཅན།། སྲོག་ཆགས་རྣམས་ལ་ཕན་ཕྱིར། ་བྱང་ཆུབ་སེམས།། རིན་ཆེན་མཆོག་གྱུར་བདག་གིས་བསྐྱེད་པར་བགྱི།། རྟག་ཏུ་སྲོག་ཆགས་རྣམས་ཀྱི་སྐྱབས་དང་ནི།། གནས་དང་དཔུང་གཉེན་སྐྱོབ་པ་ཉིད་གྱུར་ཅིག། ཨོཾ་བོ་དྷི་ཙི་ཏ་ཏཾ་ཨུདྦཱ་ཏཱ་ཡ་མི། སརྦ་བྷ་བ་བི་ག་ཏ་སྐནྣ་དྷཱ་ཏཱ་ཡཱ་ཏ་ན ་གྲཱྀགྲྀ་ཧྱཱ། གྲཱ་ཧ་ཀཻཤྩ་བི་བརྫི་ཏཾ་དྷརྨ་ནཻ་རཱ་དྦྷྱཱཾ་ས་མ་ཏ། ཡཱ་སྲྀ་ཙིཏྟ་མཱ་དྷཱ་ནུཏྤནྟཾ་ཤུ་ནྱ་ཏྭེ་སཱ་བྷཱ་བཾ་ཡཱ་ཐཱ་ཏེ། བུདྡྷོ་བྷ་ག་བདྡྷིཿབོ་དྷི་ས་ཏྲྀཿ། ཡཱ་བུདྨོ་དྷཱི་མཎྜ་ནད་བོ་དྷི་ཙིཏྟ་མུཏྐ་ཏི་ཏཾ་ཏ་ཐཱ་ཧཾ་ས་ཨ་བི་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡ་མཱི། བྱང་ཆུབ་སེམས་ཀྱི་སྦྱོར ་བའོ།། སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་ནི། སྣ་ཚོགས་ཐབས་མཁྱེས་པ་ཡིས་ཕན་མཛོད་དང་། ཕྱོགས་བཅུའི་འཇིག་རྟེན་དག་ན་གང་དག་གཞན།། བསོད་ནམས་བྱེད་པ་དེ་ལྱཾ་ཡི་རེང་ངོ་།། ཨོཾ་སརྦ་ཏ་ཐཱ་ཏཱ་ག་ཏ་པུཎྱ ་ཛྙཱ་ན། ཨ་ནུ་མོ་ད་ན་པཱུ་ཛ་མེ་གྷ་སཽ་མུ་དྲ་སྥ་ར་ཎ་སྱཱ་མ་ཡེ་ཧཱུཾ། རྗེ་སུ་ཡཱི་རང་བའི་སྦྱོར་བའོ།། སངས་རྒྱས་ཀུན་དང་བྱང་ཆུབ་སེམས་དཔའ་ནི།། འགྲོ་བའི་སྐྱབས་གྱུར་པ་ལ་གསོལ་པ་ནི།། ཕྱོགས་བཅུའི་སེམས་ཅནྡ་ཛཱི་སྙེད་ཐཾད་ལ ་ཆོས་ཀྱི་སྤྲིན་ལས་ཆར་ཆེན་དབབ་ཏུ་གསོལ།། ཨོཾ་སརྦ་ཏ་ཐཱ་གྲ་ཏ་ཨ་དྷིཥྛ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་རོ་ཎ་ས་མ་ཡེ་ཧཱུ~ཾ། བསྐུལ་བའི་སྦྱོར་བའོ།། སོ་སོ་སྐྱེ་བོའི་ས་དང་ཉེས་བྱས་རྣམས།། མ་ལུས་པོར་ནི་མྱུར་དུ་སྤངས་ནས་ནི།། སྐྱོན་མེད་ཆོས ་ཀྱི་སྐུ་ནི་རྣམ་དག་པར།། བཤད་པ་མྱུར་དུ་རྟོགས་པ་ཉིད་མཛོད་ཅིག། ཨོཾ་སརྦ་ཏ་ཐཱ་ག་ཏ་ན། ཨ་དཾ་ཤ་ཡེ་མེ། སརྦ་སཏྭ་ཧི་ཏཱ་རེ་ཐཱ་ཡ། དྷརྨ་དྷ་ཏོ།། སྠི་ཏི་ར~ཾ་བྷ་བ་ཏུ། གསོལ་པོ་གངང་བ་པའི་སྦྱོར་བའོ།། སེམས་ཅན་ཐཾད་ལ་ནི་ཕན་པོའི་ཕྱིར། ་བདག་གིས་དགེ་བ་གང་དག་ཅི་བསགས་པ།། སྐྱེ་བ་ལ་སོགས་སྡུག་བསྔལ་ཐམས་ཅད་ནི།། ཉེ་བར་ཞི་ཕྱིར་བདག་གིས་བསྔོ་བར་བགྱི།། ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཎྱ་ནིརྱ་ཏ་ཡ་མི། པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ས་མ་ཡེ་ཧཱུཾ། བསྔོ་བཱི ་སྦྱོར་བའོ།། ནུས་པ་ལ་བལྟོས་གླང་ཅུང་ཟད།། ཕྱག་ལ་སོགས་པ་གང་བྱས་པ།། བྱ་བ་དེ་ནི་དག་ཕྱིར་དང་།། རང་གཞན་རྗེས་གཟུང་ཕྱི་རོ།། དེ་ལྟར་སེམས་ཀྱི་འཇུག་པ་རྣམ་པར་དག་པས།། ཇི་ལྟར་རིགས་པར་སྐྱིལ་ཀྲུང་བཅས་ནས་ནི།། དམ ་ཚིག་གསུམ་ཞེས་བྱ་བའི་རྒྱ་བཅིངས་ནས།། ལུས་དང་ངག་དང་ཡིད་ནི་རྣམ་པར་སྦྱོང་།། དེ་ལ་འདིའི་མཚན་ཉིད་ནི།། ཀུན་གྱིས་གསུངས་པ་ལས་ཤེས་བྱ།། ཐལ་མོ་སྦྱར་བ་བྱས་ནས་ནི།། མཐེ་བོང་གཉིས་ནི་བསྒྲེང་བར་བྱ།། ཡན་ལག ་ཀུན་ལ་མཉམ་སྦྱོར་ཏེ།། གསང་སྔགས་འདི་ཡང་བརྗོད་པར་བྱ་ར།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ།། བི་ཤྲ་མུ་ཁེ་བྷྱཿོཾ་ཨ་ས་མི་ཏཱཾ་ས་མེ་ས་མཱ་ཡཾ་སྤྲྀ་ཧཱཾ།། འདིའི་ཆོ་ག་ནི་ལྗོན་གསུམ་དུ་བརྗོད།། རྒྱུད་གསུངས་ཕྱག་རྒྱ་གཞན་གྱི་ཡང ་མཚན་ཉིད་རིམ་བྷ་གང་ཡིན་པ།། གསང་སྔགས་བསྒྲུབ་ལ་བརྩོན་པ་ཡི།། སྔགས་སྤྱོད་པ་ཡེ་ཤེས་པར་བྱ།། ཕྱག་རྒྱ་འདི་ནི་བཅིངས་ཙམ་གྱིས།། སངས་རྒྱས་རྣམས་ནི་སྦྱོང་བྱེད་ཡིན།། ས་དང་ཕ་རོལ་ཕྱིན་བ་སྐོང་ཞིང་།། ཆོས་གསུ ་གྱི་མཚམས་འཛིན་པའོ།། ཆོས་ཀྱི་དབྱིངས་ལས་ཡང་དག་དབྱུང་།། དེ་བས་ཕྱག་རྒྱ་ངེས་པར་བཅིང་།། ལུས་དང་ངག་ཡིད་རྣམ་པར་དག། རང་གི་ལུས་ནི་ཡོངས་བསྒྱུར་ཕྱིར།། ལོག་པ་དག་ནི་གཉི་ག་ཡང་།། ཁུ་ཚུར་བཅངས་ལ་མཐེ ་བོད་སྤྱ། མཛུབ་གཉིས་བསྒྲེང་བར་བྱས་པ་འདི།། རྒྱ་འདི་ཕྱག་རྒྱ་ཆེན་པོ་སྟེ།། ཆོས་དབྱིངས་རྣམ་སྐྱོང་ཕྱག་རྒྱའོ།། དེ་ཡི་སྔགས་ནི་འདི་ཡིན་ཏེ།། ནཱ་མཿསྱ་མནྟ་བུད་དྷ་ནཱཾ། དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། ་རང་གི་ལུས་ནི་མཉམ་བསམས་ཏེ།། མཐར་ནི་ཚིག་ནི་འདི་དག་ཀྱང་།། ལན་གསུམ་བརྗོད་དེ་སྦྱར་བར་བྱ།། དཔེར་ནི་རྡུལ་མེད་ན་མཁའ་བཞིན།། ཆོས་ཀྱི་སྐུ་ལ་གནས་པར་མཐོང་།། འདི་ཡིས་བྱིན་བརླབས་སྔགས་པ་ནི།། ཕྱག ་རྒྱུརྒྱ་སྔགས་ཀྱི་མཐུ་ཉིད་ཡིན།། བརྟན་པར་བྱ་བའི་རྒྱུ་རུ་ནཱི།། རྡོ་རྗེའི་ངོ་བོར་རྣམ་པར་བསམ།། རྡོ་རྗེ་ཕྱག་རྒྱ་འདི་བཅིངས་ནས།། གསང་སྔགས་འདི་ཡང་བརྗོད་པར་བྱ།། དེ་བཞིན་དུ་ལག་པ་གཉིས་ཀྱི་རྒྱབ་སྦྲད་སོར་མོ་ཐམས་ཅད ་ཀུན་བསྣོལ་ལ་མཐེ་བོང་གཉིས་བཟློག་སྟེ་སྤྲད་པར་བྱའོ།། རྒྱལ་མཆོག་དཔལ་དང་ལྡན་པ་འདི།། ཆུས་ཀྱི་འཁོར་ལོ་ཞེསུ་བསྒྲགས།། འཇིག་རྟེན་མགོན་པོ་སྐྱོབ་པ་ཡིས།། འཁོར་ལོ་རབ་ཏུ་འདི་བསྐོར་རོ།། སྔགས་དང་ཕྱག་རྒྱའི ་མཐུན་དག་ཀྱང་།། དེ་ལྟར་སྒྲུབ་པ་པོས་མངོན་ན།། རྟོག་ཏུ་འཁོར་ལྷོ་སྒྱུར་འདྲ་ཞིང་།། ཆོས་ཀྱི་འཁྱོར་ལོ་རབ་བསྐོར་བྱེད།། དེ་ལ་ཕྱག་རྒྱ་དེའི་གསང་སྔགས་ནི་འདི་ཡིན་ཏེ། ན་མཿས་མནྟ་བཛྲཱ་ཎཱཾ། བཛྲ་ཨཱཏྨ་ཀོ་ཧཾ། རྡོ་རྗེ ་སེམས་དཔའ་བདག་འདྲ་ཞེས།། ཤིན་ཏུ་མཉམ་གཞག་བསྒོམས་ན་ནི།། རྡོ་རྗེ་སེམས་དཔའ་བདུད་ཚོགས་ཀྱིས།། མཐོང་བར་འགྱུར་བོར་ཐེ་ཚོམ་མེད།། དེ་ནས་སྔགས་དང་ཕྱག་རྒྱ་ཡིས།། ཆོ་ག་བཞིན་དུ་གོ་བཀས་ཏེ།། རང་ལུས ་འོད་ཟེར་འབར་བ་ཡི།། རྡོ་རྗེ་གོ་ཆ་བསྒོམ་པར་བྱ།། བགེགས་དང་ལོག་འདྲེན་མི་ཟད་དང་།། གང་གཞན་སྡིག་པའི་སེམས་ལྡན་པས།། རྡོ་རྗེ་ལྟ་བུར་དེ་མཐོང་ནས།། བདུག་པའི་བྱུདག་ཉིད་ཅན་རྣམས་འབྱེར།། དེ ་ལ་འདིའི་ཕྱག་རྒྱ་དང་སྔགས་ནི་འདི་ཡིན་ཏེ།། ཐལ་མོ་སྦྱར་ནས་མཛུབ་མོ་གཉིས་ཀྱིས་ཕྱི་རོལ་ནས་དཀྲིས་ལ།། མཐེ་བོང་གཉིས་གཞར་བ་ནི་རྡོ་རྗེ་གོ་ཚའི་ཕྱག་རྒྱའོ།། ན་མཿས་མནྟ་བཛྲ་ཎཱཾ། ཨོཾ་བཛྲ་ཀ་པ་ཙ་ཧཱུཾ། ཡི་གཽ་ར་ནི ་དོག་དཀརོ།། ཐིག་ལེ་ཡིས་ནི་རྣམ་བརྒྱན་པ།། དཔའ་བྲོས་གཙུག་གི་ནོར་བུ་བཞིན།། དེ་ནི་རང་གི་སྤྱི་བོར་བསམ།། ན་མཿས་མནྟ་བུདྡྷཱ་ནཱཾ་རཾ། གལ་ཏེ་སྡིག་པུ་རོ་ལ་སྭ་རྣམས་ནི།། བསྐལྔ་པྲེ་བརྒྱ་ནི་བསགས་གྱུར་ཀྱང་།། ཉེས ་པ་ཐམས་ཅད་བྱང་འགྱུར་ཞིང་།། བསོད་ནམས་ཡིས་དག་ཀྱང་རྫོགས།། ཆོས་ཀྱི་དབྱིངས་ཀྱི་སྔགས་འདི་ནི།། སྡིག་པ་ཐམས་ཅིང་ཟད་བྱེད་པ།། མི་ལྡོག་པ་ཡཱི་ས་དྲུག་ཀྱང་།། འདི་ཡིས་མྱུར་དུ་ཐོབ་པར་བྱེད།། ཁ་དོག ་དམར་ཤིང་ཤོས་ཆེར་འབར།། འོད་ཟེར་འབར་འབར་འཁྲིགས་པའི་འོད།། སྨོས་པོའི་བྱ་བ་ཐ~ཾད་ལ།། འདི་ཉིད་ངེས་པར་སྦྱར་བར་བྱ།། དེ་ནས་བགེགས་ནི་གཞིག་པོའི་ཕྱིར།། བསྲུང་ཆེན་འདི་ནི་དྲོན་བྱས་ཏེ།། མི ་བཟང་ཅེས་པའི་བསྲུང་བ་འདི།། བགེགས་ཆེན་ཟློག་པར་བྱེད་པ་ཡིན།། ན་མཿསིརྦ་ཏ་ཐཱ་གོ་ཏེ་བྷྱཿསརྦ་བྷ་ཡ་བི་ག་ཏེཙྪ་ཙ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཧེ་ཁཾ་རཀྵ་མ་ཧཱ་བ་ལོ།། སརྦ་ཏ་ཐཱ་ག་ཏ་པུ་ཎྱ་ནི་དྷཱུ་ཏི། ཧཱུ~ཾ་ཧཱུཾ་\ུ0f7f ་ཊ། ཨ་པྲ་ཏི་ཧ་ཏེ་སྭཱ་ཧཱ།། བགེགས་དང་ལོག་འདྲེན་ཐ~ཾད་དང་།། སྲིནྡ་པོ་མི་བཟང་གཟུགས་ཅན་རྣམས།། འདི་ནི་དྲན་པ་ཙུམ་གྱི་སུ།། དེ་དག་ཐམས་ཅད་འབྱེར་བར་འགྱུར།། སྤྱོད་པ་དག་པ་སྤེལ་བ་དང་།། བསྲུང་བ་བསྟན ་པ་སྟེ་ལེའུ་གཉིས་པའོ།། །། དེ་ལྟར་བདག་ཉིད་ལེགས་པར་སྦྱངས་ནས་ནི།། རང་གི་སྔགས་ཀྱི་བདག་པོའི་མདུན་བསམས་ལ།། སྔགས་ཀྱི་སྦྱོར་བས་ཆོ་ག་བཞིན་སྤྱན་དྲུང་།། དེ་ལ་དང་པོར་དམ་ཚིག་བསྟན ་པར་བྱ།། སྔགས་ཀྱི་སྦྱོར་བ་འཕགས་པ་མི་གཡོ་བའི།། རལ་གྲིའི་ཕྱག་རྒྱ་བཙས་པས་བགེགས་རྣམས་བསལ།། ཕྱག་བྱས་ཆོ་ག་བཞིན་དུ་མཆོད་ཡོན་དབུལ།། གསང་སྔགས་མཆོག་གིས་གདན་ཡང་བསྟབ་པར་བྱ།། དཱི་ནཱ ་སངས་རྒྱས་བྱང་ཆུབ་སེམས་དཔའ་མཆོག། གྲངས་འདུས་རྣམས་ཀྱིས་ཡོངསུ་བསྐོར་བ་བསམ།། འཕགས་པ་མི་གཡོ་མགོན་གྱིས་སྔར་བསངས་ཤིང་།། སྔགས་ཀྱི་སྦྱོར་བས་བསྐྲད་དང་སྦྱང་བ་དང་།། རང་རང་སྔགས་ཀྱིས ་རྣམ་པར་བྱིན་བརླབས་པའི།། མེ་ཏོག་ལ་སོགས་མཆོད་པས་དེ་འོག་མཆོད།། དེ་ལ་གོ་རིམ་འདི་ཡིན་ཏེ།། འོད་ཟེར་འབར་བས་ཁྱབ་པའི་མཆོག། ཉི་མཱི་འཆར་ཀོ་ལྟ་བུའི་མདོག། ཡི་གེ་རཱ་ནི་ཐིག་ལེར་བཅས།། རྒྱས ་པར་མདུན་དུ་བསམ་པར་བྱ།། རྡུལ་དང་བྲལ་ཞེས་འདི་ཡིན་ནི།། སྒྲ་ཡི་དེ་ཉིད་རྣམས་བསམ་ལ།། ཆོས་ཀུན་འདོད་ཆགས་ལ་སོགས་པའི།། རྡུལ་བྲལ་ཡིན་ཞེས་བརྗོད་པར་བྱ།། སེམས་ཀྱིས་ནི་དག་པའི་བདག་དེ་འོད ་ས་ལཱ་འཇུག་པར་བྱ།། ཟུག་རྔུའི་ཉེས་པ་རྣམས་སྦྱངས་འདི།། ན་མཁའ་འདྲ་བ.རུ་སྦྱངས་པར་བྱ།། མཉམ་པར་གྱུར་པའི་སྒྲ་དེ་ནི།། རྡོ་རྗེ་ལྟ་བུར་ཡང་དག་གནས།། ས་ཡི་འོག་གཞིར་ལེགས་གནས་པའི།། རླུང་གི ་དཀྱིལ་འཁོར་བསམ་པ་ནི།། འོད་ཟེར་ནག་པོ་འཕྲོ་བཅས་པའི།། ཡོཾ་གེ་ཧ་ས་ནི་ལེགས་མནན་པའོ།། ན་མཿས་མིནྟ་བཛྲཱ་ཎཱ་ཧཾ། དེ་ནས་དེའི་སྟེང་ཆུའི་དཀྱིལ་འཁོར།། ཤེལ་དང་འདྲ་བའི་འོད་འདྲ་བའི།། ཡི་གེ་བས་ནི་ལེགས་མུནན ་པའོ།། ནཱན་མཿས་མནྟ་བུདྡྷཱ་ནཱཾ་བྱཾ། དེ་ནས་ཆུའི་སྟེང་གནས་པའི།། གསེར་གྱི་ས་གཞི་བསྒོམ་པ་ནི།། གྲུ་བཞི་ཁྭ་དོག་སེར་པོར་སྣང་།། དང་པོའི་ཡི་གེས་ལེགས་མནན་པའོ།། ན་མཿས་མནྟ་བུདྡྷཱ་ནཱཾ་ཨ། དཀྱིལ་འཁོར་བཙོ ་མའི་གསེར་འདྲི་ལ།། འོད་ཟེར་གསེར་གྱི་མདོག་འདྲ་བ།། ཀུན་ནས་རྣམ་པར་འཕྲོ་བ་ནི།། དབང་ཆེན་ཞེས་ནི་བཤད་པ་ཡིན།། སངས་རྒྱས་སྲས་དང་བཅས་པ་ཡི།། བཞུགས་གནས་དེ་ལྟར་བསམས་ནས་ནི།། དེ་ནས་པདྨ ་བསམ་བྱས་ཏེ།། ཡུ་བ་རྡོ་རྗེ་ཡིད་ལས་བྱུང་།། རིན་ཆེན་སྣ་ཚོགས་རྣམས་ཀྱིས་སྤྲས།། འདབ་མ་བརྒྱད་པ་གེ་སརཱ་བཅས།། ཁྭ་བྱེ་འོད་ཟེར་མང་པོར་ལྡན།། པདྨ་བྱེ་བས་ཡོངས་བསྐོར་བའོ།། དེ་ནས་དེ་སྟེང་གདན་ཆེན་པོ།། སངྒེས ་བཏེག་པར་བསམ་པར་བྱ།། དེ་ནས་གཞལ་ཡས་ཁང་ཆེན་ཏེ།། རིན་ཆེན་རྣམ་པ་སྣ་ཚོགས་ཀྱིས།། བརྒྱན་པའི་ཀ་བས་བཏེག་པ་དང་།། གདུགས་དང་རྒྱལ་མཚན་རྣམས་ཀྱིས་ཁྱབ།། མུ་ཏིག་དྲ་བ་སོགས་ཀྱིས་བརྒྱན།། ་རིན་ཆེན་ཆུན་འཕྱང་རྣམས་ཀྱིས་སྲུང་།། མེ་ཏོག་སྤྲིན་ནི་བཟང་པོས་གཡོགས།། དྲི་དང་སྤོས་ཀྱིས་ཕན་ཚུན་ཁྱབ།། མེ་ཏོག་ལ་སོགས་ཚོགས་རྣམས་ནི།། ཉེ་འཁོར་ཀུན་ཏུ་བབ་པར་གྱུར།། དེར་ནི་གླུ་གར་རོལ་མོ་རྣམས།། ་མངོན་པར་དགའ་བའི་སྟོན་འབར། རིན་ཆེན་བུམ་པ་མཆོད་ཡོན་སྣོད།། གཞལ་ཡས་ཁང་བཟང་དེ་རུ་བསམ།། རིན་ཆེན་ཤིང་ལ་སོགས་པས་བརྒྱན།། ནོར་བུའི་འོད་ཀྱིས་རྣམ་པར་གསལ།། ཏིང་འཛིན་གཟུངས ་དང་ས་དང་ནི།། དབང་སོགས་ལྷ་མོ་རྣམས་ཀྱིས་བསྟེན།། སངས་རྒྱས་ཕ་རོལ་ཕྱིན་སོགས་དང་།། བྱང་ཆུབ་ཡནྡ་ལགྣ་མེ་ཏོག་འབར། གར་བྱེད་རོལ་མོ་བརྡུང་བ་དང་།། ཡིད་ཕྲོག་སྙན་པའི་གླུ་དང་ལྡན།། མགྲིན ་པོ་བདག་གི་བསོད་སྟོབས་དང་།། སངས་རྒྱས་བྱིན་བཱརླབས་གཟི་ཅན་དང་།། དེ་བཞིན་ཆོས་དབྱིངས་སྟོབས་ཀྱིས་ནི།། མཆོད་པ་ཡང་དག་གནས་གྱུར་ཅིག། ན་མཿསརྦ་ཏ་ཐཱ་ག་ཏི་བྷྱོ།། བི་ཤྭི་མ་ཁཻ་བྷྱཿོཾ་སཿ ་ཐཱ་ཁཾ། ཨུངྒ་ཏེ་སྥ་རཱ་ཎཱཾ་ཧི་མྱཾ་ག་ག་ནཱ་ཁཾ་སྐྲྀ་ཧཱ།། འདིའི་ཆོ་ག་ནི་ལཱན་མང་དུ་བརྗོད་པ་ཡིནྡོ།། འདྀ་ཡིས་བྱིན་གྱིས་བཱརླབས་ན་ཀུན།། སླཪྵ་ཡང་ལྡོག་པར་འགྱུར་མཱ་ཡིན།། ཕྱག་འཚིལ་ཐལ་མོ་ལས་སོར་བཱ། ་ཕན་ཚུན་བཅེར་འདི་བྱིན་རློབ་རྒྱ།། ཆོས་རྣམས་ཐམས་ཅད་མ་སྐྱེས་ཤིང་།། གཟོད་ནས་ཞི་བའི་ངོ་བོ་ཉིད།། དེ་ཉིད་འདི་ནི་བསམ་ན་སུ།། ཡི་གེ་ཨ་ནི་དེ་རུ་དགོད།། ཡི་གེ་ཨ་དེ་གྱུར་པ་ལས།། ཐུབ་ཆེན་རྣམ་པ ་སྣང་མཛད་ནི།། འཇིག་རྟེན་ཁམས་ནི་མ་ལུས་པར།། འོད་ཀྱི་ཕྲེང་བ་རྣམ་པར་འགྱེད།། སེམས་ཅན་ཁམས་ནི་དཔག་མེད་པ།། བསམ་པ་ཇི་བཞིན་བསྐུལ་མཛད་པ།། འཇིག་རྟེན་ཁམས ་ནི་སྟོང་ཕྲག་བཅུ།། དཀྱིལྔ་འཁོར་རྒྱ་ཆེར་ཁྱབ་པར་མཛད།། སྐུ་གསུང་ཐུགས་ནི་ཐཾད་དུ།། རྟག་པར་གནས་པའི་ཐུགས་དང་ལྡན།། དཔའ་བོ་འཛམྦུའི་གསེར་འདྲ་ཞིང་།། ཀུན་ཏུ་སྣང་བར་མཛད་པ་པོ།། དཔའ་བོའི ་སྐྱིལ་ཀྲུང་བཅས་ནས་ནི།། ཏིངངེ་འཛིན་བཞུགས་ཉེས་པ་བཅོམ།། སྟོད་གཡོག་དར་དཀར་ལ་མནབས་ཤིང་།། རལ་པ་ཐོར་ཚུགས་དག་གིས་བརྒྱན།། ཡང་ན་འདྲིར་ནི་ར་བཀོད་ལ།། སྐྱེས་མཆོག་ཤཱཀྱ་ཐུབ་པ་བསྣམ།། ་དཔའ་བོ་ཆོས་གོས་མནབས་པ་དང་།། མཚན་མཆོག་སུམ་ཅུ་གཉིས་མངའ་བའོ།། ན་མཿས་མནྟ་བུདྡྷཱ་ནཱ་ར། གནས་ནི་ཡོངསུ་གྱུར་པ་དང་།། དེ་བཞིན་འཇིག་རྟེན་སྣང་མཛད།། སྐུ་གཅིག་དཱིང་ནི་གཉིས་ཉིད་དམ། ་སྐུ་ཀུན་དང་ནི་རྗེསུ་ལྡན།། བློ་དང་ལྡན་པས་འཇུག་པ་དང་།། འབྱུང་བའང་དེ་བཞིན་བསམ་པྱར་བྱཾ།། བཅོམ་ལྡན་གཡས་ཀྱི་པདྨ་ལ།། རང་གི་ལྷ་མོ་བགོད་པར་བྱ།། གཡོན་དུ་རྡོ་རྗེ་འཛིན་ལ་སོགས།། ་བཞུགས་པར་ཡང་ནི་བསམ་པར་བྱ།། ཉེ་འཁོར་པདྨ་གཞན་དག་ལ།། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ།། གཞན་གྱི་དོན་ནི་མཛད་པར་བརྩོན།། མི་ལྡོག་ཚོགས་ནི་བློ་ཡིས་བསམ།། དེ་ནས་གཡས་ཀྱི་འོག ་ལོགསུ།། ཟློས་པ་དེ་ནི་རྣམ་པར་དག། ཡཏྨ་ན་དེ་དབུས་འཇམ་དབྱངས་སོགས། ཡི་གེ་ཡོངསུ་གྱུར་པ་ཡི།། གནས་ལྔ་དེ་ནི་རིམ་བཞིན་དུ།། རྣམ་པར་བསམ་པར་བྱ་བ་ཡིན།། དེ་ལ་འདིའི་ཡི་གེའི་ཆོ་གནྠི་འདི་ཡིན ་ཏེ། ནཱ་མཿས་མནྟ་བུདྡྷ་ནཱ་མཾ། སྤྱན་རས་གཟིགས་སམ་རྡོ་རྗེ་སེམས།། བྱམས་པ་དང་ནི་བཟུང་ཞེས་བྱ།། རྣམ་པར་སེམས་ལམ་ས་ཉིད་དུམ།། སྤྱན་དང་ན་བཟའ་དཀར་མོ་དང་།། སྒྲོལ་མ་ཁྲོ་གཉེར་ཅན་ཉིད་དང་།། མ ་མ་ཀཱི་དང་ལུ་གུ་རྒྱུད།། འཁོར་ལོས་སྒྱུར་དང་རྟ་མཱགྲིནྡ་དྲང་།། གནོད་མཛེས་བླུན་ཕོ་བྲན་མོ་དང་།། ཁྲོ་བོ་ཕེཾ་ཉྫ་ཕེ་ཉ་མོ།། ཚོགས་དང་རྒྱལ་པོ་རྒྱལ་མོ་དང་།། ཡོངསུ་གྱུར་པའི་ཆོ་ག་ཡིས།། ཅི་འདོད་པར་ནི་བསམ ་པར་བྱ།། དེ་ནས་རང་སེམས་དགའ་བུའི་ཕྱིར།། ཕྱི་ཡི་མེ་ཏོག་ལ་སོགས་ཚོགས།། མཆོད་ཡོན་ཞབས་བསིལ་ལ་སོགས་པ།། ཆོ་ག་བཞིན་དུ་ཡོངསུ་བརྟག། མི་གཡོ་བས་ནི་ཡོངས་སྦྱང་ཞིང་།། བསད་དང་བསྐྲད ་དང་བྷཻར་པ་དང་།། ཡོངསུ་བཟླས་ཏེ་བྱིན་བརླབས་ལ།། བདག་ཉིད་ཀྱང་ནི་བསྲུང་བར་བྱ།། ཁམས་གསུམ་རྣམ་རྒྱུ་ལྔ་ལ་སོགས་པས།། མཚམས་དང་ཕྱོགས་དང་ནཱ་མཁའ་བཅིང་།། དེ་ནས་རང་རང་ཕྱག་རྒྱ་དང་། ་སྔགས་ཀྱིས་སྨན་ནི་དྲང་བར་བྱ།། ཡང་ན་སྤྱི་ཡི་གསང་སྔགས་ཀྱི།། སྦྱོར་བ་འདི་དང་ལྡན་པར་བྱ།། དེ་ལ་འདི་ནི་འཕགས་པ་མི་གཡོ་བའི་སྔགས་དོང་ཕྱག་རྒྱ་ཡིན་ཏེ། ན་མཿས་མནྟ་བཛྲ་ཎཱཾ། ཙནྡོ་མ་ཧཱ་རོ་ཥཿ ་སྥོ་ཊ་ཡ་ཧཱུཾ་ཏྲ་ཊ་ཧཾ་མཾ། འདིའི་ཆོ་ག་ནི་ལན་གསུམ་དུ་བརྗོད་པའོ།། ཕྱག་རྒྱ་ནི་ལག་པ་གཡོན་པ་ཁུ་ཚུར་བཅངས་ལ། མཛུབ་མོ་དང་གུང་མོ་བརྐྱང་ལ། སྲིན་ལག་དང་མཐེའུ་ཆུང་གི་རྩེ་མོ་མཐེ ་བོཔོས་མནན་ལ་ལག་པ་གཡས་པ་དེ་བཞིན་དུ་རལ་གྲི་ལྟ་བུར་བྱས་ལ། ལག་པ་གཡོན་པའི་ལག་ཐིལ་དུ་བཅུག་སྟེ། རལ་གྲི་ཤུབ་སུ་བཅུག་པ་ལས་དྲངས་པ་ལྟ་བུ་ནི་མི་གཡོ་མགོན་གྱི་ཕྱག་རྒྱ་ཡིན་ཏེ། དེ་ཀུན་ཏུ ་བསྐོར་ལ་མེ་ཏོག་ལ་སོགས་པ་ཡང་དེ་ཉིད་ཀྱིས་རེག་པར་བྱས་ནི། བསྐྲད་པ་ལ་སོགས་པ་བྱས་པར་འགྱུ་རོ།། རལ་གྲྀ་ཤུབས་ནས་དྲངས་ལ་བསྐྲད་པ་ལ་གཡོན་ཕྱོགས་ནས་བསྐོར་ཏེ་ཕྱི་རོལ་དུ་ཚོམ་དམ་བྱ་བ ་བསྟན་པར་བྱའོ།། ཕྱོགས་དང་མཚམས་བཅིངས་པ་ནི་གཡོས་ནས་བསྐོར་བར་བྱའོ།། བྱ་བོ་གཞན་དང་གཞན་དག་དང་།། མི་ཟད་འཇིགས་པཱ་སྣ་ཚོགས་དང་།། བགེགས་ལ་སོགས་པ་བཟློག་པའི་ཕྱིར།། འོད་དག་ཉིད ་ནི་ངེས་པར་སྦྱར།། དེ་ནས་སྤྱན་དྲང་བའི་སྔགས་དང་ཕྱག་རྒྱའི་སྦྱོར་བ་བྱ་སྟེ།། སེཾས་བཅས་སངས་རྒྱས་ཐམས་ཅད་ནཱི།། རང་གི་དུམ་ཚིག་ཉིད་ཀྱིས་སྨྱོན།། དེ་ལ་འདིའི་ཆོ་ག་ནི། ན་མཿས་མནྟ་བོདྡྷཱ་ནཱཾ། ཨ་བ་སམ ་ཏྲ་ཨ་པྲ་ཏི་ཧོ་ཏ། ཏ་ཐཱ་ག་ཏ་ཨཾ་ཀུ་ཤ། བོ་དྷི་ཙིརྱ། པ་རི་པཱུ་རོ་ཀ་སྭཱ་ཧཱཾ། འདིའི་ཆོ་ག་ནི་ལན་བདུན་བརྗོད་པའོ།། འདིའི་ཕྱག་རྒྱ་ནི་དེ་བཞིན་དུ་ལོག་པོ་གཉིས་གཅིག་ཏུ་སྦྱར་ལ། ཁུ་ཚུར་བྱས་ཏིའི་ལག་པ་གཡཱ། ་པའི་མཛུབ་མོ་བརྐྱང་སྟེ། ཚིགས་གསུམ་བཀུག་ལ་ལྷག་མ་གདུ་བུའི་ཚུལ་དུ་བཞག་པའོ།། སངས་རྒྱས་སྐྱོབ་པ་ཐ~ཾད་ཀྱི།། འདི་ནི་ལྕགས་ཀྱུ་ཡིན་པར་བཱཤད།། ས་བཅུ་དག་ལ་གནས་པ་ཡི།། བྱང་ཆུབ་སེམས་དཔའ ་བདག་ཉིད་ཆེ།། གང་གཞན་གདུག་པའི་སེམས་ལྡན་པའི།། ཐམས་ཅད་འདིས་ནི་འགུགས་པར་བྱེད།། དེ་ནས་སྔགས་དང་ཕྱག་རྒྱ་དང་།། ལྡན་པར་དམ་ཚིག་བསྟན་བྱས་ཏེ།། སྟོན་པ་ཀུན་གྱི་དམ་ཚིག། ཕྱག་རྒྱ་ཇི་སྐད ་བབཤད་པ་བཅིངས།། ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་སེ་མེ་ཏྲི་སྲ་མེ་ས་མ་ཨེ་སྭཱ་ཧཱ། འདིའི་ཆོ་ག་ནརྀ་ལན་གསུམ་རབ་ཏུ་བཽ་རྗོད་པོ་ཡི་ནོ།། དེ་ལྟར་དམ་ཚིག་ཡང་དག་བསྟན་བྱས་པས།། འགྲོ་ལ་ཕན་མཛད་རྣམས་ནི ་ཚིམ་འགྱུར་ཞིང་།། སྔགས་དང་རིག་པའི་ལྷ་མཆོག་དགྱེས་པའི་ཕྱིར།། དགོངས་པ་མཛད་ཅིང་དམ་པ་སྩོལ་བར་འགྱུར།། དེ་ནས་མཆོད་ཡོན་སྔར་གྱི་ཆོ་ག་དང་།། རང་སྔགས་ཕྱག་རྒྱའི་ཆོ་གར་ཡང་དག ་ལྡན།། རྣམ་དག་བདེ་བར་གཤེགས་པར་གཏོགས་པ་དང་།། རྒྱལ་སྲས་རྣམས་ལ་དག་ཕྱིར་དབུལ་བར་བྱ།། ན་མཿས་མནྟ་བུདྡྷཱ་ནཱཾ། ག་ག་ན་ས་མ་ས་མཱ་སྭཱ་ཧཱ།། འདིའི་ཆོ་ག་ནི་ལེན་ཉི་ཤུ་རྩ་ལྔ་བརྗོད་པ་ཡི་ནོ།། འདིའི ་ཕྱག་རྒྱ་ནི་མི་གཡོ་མགོན་གྱི་ཕྱག་རྒྱ་ཡི་ནོ།། དེ་ནས་སྔགས་པས་གདན་གྱི་ནི།། སྔགས་དང་ཕྱག་རྒྱར་ལྡན་བྱས་ཏེ།། པདྨའི་ཕྱག་རྒྱ་བཅིངས་པ་ནི།། ཐམས་ཅད་ཉིད་ལ་སྦྱར་བར་བྱ།། བྱང་ཆུབ་མཆོག་དང་རྒྱལ ་བའི་སྲས།། གང་དུ་བཞུགས་པར་ཤེས་པ་དང་།། དེ་ཚེ་ཟློས་པས་གདུན་ཐོབ་ཕྱིར།། དེ་ཕྱིར་དེ་ཉིད་དབུལ་བར་བྱ།། དེ་ལ་འདི་ཡི་ཆོ་གཱ་ནི།། ན་མཿས་མནྟ་བུདྡྷཱ་ནཱཾ་ཨ།། འདིའི་ཕྱག་རྒྱ་ནི་དེ་བཞིན ་དུ་ལག་པ་གཉིས་སྦྱར་ཏེ་སོར་མོ་རྣམས་ཀུན་ཏུ་བརྐྱང་ལ་མཐེ་བོ་གཉིས་དང་མཐེའུ་ཆུང་གཉིས་གཙོག་ཏུ་སྦྱོར་ཏེ། དྲིལ་བུ་ལཱ་པུ་རོ་བྱས་ལ་མཛུབ་མོ་གཉིས་སུང་མོ་གཉིས་དང་ལྗོན་ཅིག་སྦྱར་བར་བྱའོ།། འདིནི་ང ་མཆོག་དཔལ་དང་ལྡན།། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི།། གང་ན་བཞུགས་པར་ཤེས་གྱུར་པ།། རྡོ་རྗེ་མོ་ཕྱེད་གདན་ཚན་ཡིན།། དེ་ནས་གདུག་པའི་བློ་ཅན་ཟློག་བྱེད་པ།། མི་གཡོ་གསང་སྔོགས་རལ་གྲིའི་རྒྱར ་བཅས་བསྐུ་ལཱ།། རྟ་ཡཾ་མཆོག་ལྟར་མི་ཟོད་འདི་མཐོང་ནས།། ལུས་ཚིག་པ་ལྟར་རྣམ་པར་འབྱེར་བར་འགྱུར།། ན་མཿས་མནྟ་བཛྲཱ་ཎཱཾ། ཙནྣ་མ་ཧཱ་རོ་ཥ་ད་ཎ་སྥོ་ཊཱ་ཡཽ། ཏྲུ་ཀ་ཧཱུཾ་མཱཾ། བློ་དང་ལྡན་པས་འདི་དག་ཐ་དཱི་ནི། ་རྣམ་སྦྱང་རང་ཉིད་རྡོ་རྗེ་སེམས་དཔའ་རུ།། ཆོ་ག་བཞིན་བསམས་དེ་ཡི་གསང་སྔགས་དང་།། ཕྱོག་རྒྱའི་ཆོ་གས་ཡང་དག་སྦྱར་པར་བྱ།། ན་མཿས་མནྟ་བཛྲཱ་ཎཱཾ་བཾ་འདྲིའི་ཆོ་ག་ནརྀ་ཡན་ལག་ཐཾད་ལཱ་སྦྱར་བར་བྱ། ་ཆོས་རྣམས་ཚིག་ལ་བྲལ་བའོ་ཞེས།། དེ་ཉིད་རྣམ་པར་བསམ་བྱ་ཞིང་།། ཕྱག་རྒྱར་ཡང་དག་ལྡན་པས་ནི།། རྡོ་རྗེ་སེམས་དཔའ་ལྟ་བུར་འགྱུར།། དེ་ལ་འདི་ནི་འདིའི་ཕྱག་རྒྱ་ཡིན་ཏེ། ལག་པ་གཉིས་ཁུ་ཚུར་བཅ ་ལ་གུང་མོ་གཉིས་བརྐྱང་སྟེ་སྦྱར་ལ།། མཛུབ་མོ་གཉིས་བཀུག་སྟེ་ངོས་ལ་སྦྱར་ནས་རྡོ་རྗེ་ལྟ་བུར་བྱའོ།། མཐེ་བོང་གཉིས་དང་མཐེའུ་ཆུང་གཉིས་ནི་གྱེན་དུ་བསྒྲེངས་ནས་བཞག་ལ། སྲིན་ལག་གཉིས་ནང་གཞུགས་པར་བྱའོ།། ་སྔགས་ནཱི། ནཱ་མཿས་མཱནྟ་བཛྲཱ་ཎཱཾ། ཙཱནྡ་མ་ཧཱ་རོ་ཥ་ཎ་ཧཱུཾ། ལག་པ་གཡོན་པཾ་ཁུ་ཚུར་བཱཅངས་ལ། རྡོ་རྗེ་ཕྱག་རྒྱ་སྦྱར་བར་བྱ་བ་འམ། རྒྱུད་གཞན་ལས་གསུངས་པའི་སྔགས་དང་ཕྱག་རྒྱ་ཡང་སྦྱོར་བ་འདིས་བྱའོ།། ཀུན་ཏུ ་རྡོརྗེའི་གོ་ཆ་ནི།། མགོ་ནསྭཱ་རྐང་པའི་བར་དུ་བཱསམ།། སྦྱར་བཤང་གོ་ཆའི་སྦྱོ་བཱ་ནི།། སྔགས་དང་ཕྱོག་རྨོ་དྲིས་པར་སྦྱོར།། ན་མཿསི་མནྟ་བཛྲཱ་ཎཱཾ། བྱཱཛྫ་ཀཾ་བ་ཙ་ཧཱུཾ།། ཕྱག་རྒྱ་ནི་ཐོལ་མོ་ཁོང་སྟོང་དུ་སྦྱར་ལྀ་མཛུབ་མོ ་གཉིས་ཀྱིས་རྒྱབ་ནས་བཀྲིས་ཏེ། མཐེ་བོང་གཉིས་གུང་མི་གཉིས་ལ་གཞར་བ་ནི་རྡོ་རྗེ་གོ་ཆེའི་ཕྱག་རྒྱའོ།། ཡི་གེ་ཁ་ནི་ཐིག་ལེར་བཅས།། རང་གི་སྤྱི་བོར་ཡང་དག་བསམ།། ཆོས་ཀུན་མཁའ་དང་མཉམ་པའོ་ཞེས།། དེ ་ཉིད་རྣམ་པར་བསམ་པར་བྱ།། ན་མཱཿསཱ་མནྟ་བུདྡྷཱ་ནཱཾ་ཁཱཾ། དེ་ནས་མཉམ་པར་གཞག་ནུས་སུ།། བདུད་རྣམས་སྐྲག་བྱེད་ཕྱག་རྒྱ་ནི།། སྔགས་དང་ཕྱག་རྒྱར་ཡང་དག་ལྡན།། མཁས་པས་ཀུན་ནུས་བསྐོར་བ་རཱ་བྱ།། གངྒཱ ་གཞན་སྡང་བར་སེམས་དཔའ་ཡི།། མི་བཟང་འོ་ཇིགས་པས་ས་གཞི་དེ།། རྡོ་རྗེ་མེ་ནི་འབར་བ་རུ།། མཐོང་ནས་རྣམ་པར་འབྱེར་བར་འགྱུར།། ན་མཿས་མནྟ་བུདྡྷཱ་ནི། མ་ཧཱ་བ་ལ་བ་ཏེད་ཤ་བ་ལེ་ཏེ་བཛྲོད་བྷ་བེ། མ་ཧཱ་མཻ་ཏྱཱ ་བྷུ་གཱ་ཏེ་སྭཱ་ཧཱ། ཕྱག་རྒྱ་ནི་ལག་པ་གཡས་པ་ཁུ་ཚུར་བཅངས་ལ། མཛུབ་མོ་བརྐྱང་། དཔྲལ་བར་ཁྲོ་གཉེར་བསྡུ་བར་བྱའོ།། ཕྱག་རྒྱུ་འདི་ནི་རྒྱ་ཆེན་ཏེ།། སངས་རྒྱུ་ས་སྐྱོབ་པ་ཐ~ཾད་ཀྱི། ་བདུད་ནི་རྣམ་པརྱ་བསྡིགས་ཤེས་བྱ།། ཕུང་བྱེད་ཐམས་ཅད་འཇིགས་པར་བྱེད།། འདི་ནི་བཅིངས་པ་ཙམ་གྱི་སོ།། བདུད་སྡེ་ཤིན་ཏུ་མི་ཟད་དང་།། བགེགས་དང་ལོ་གོ་འདྲེན་ཐམས་ཅད་ཀྱང་།། ཐེ་ཚོམོ་མེད་པར་རབ་ཏུ ་འབྱེར། དེས་ནི་མི་བཟེད་བཅིངས་ནོསུ།། མཚོམས་བཅིངས་པ་ནི་ངེས་པར་སྦྱར།། སྔགས་དང་ཕྱག་རྒྱར་ལྡན་པས་ཀྱང་།། ཤིན་ཏུ་བཟོད་བཀའ་སྐྱེ་བར་འགྱུར། ན་མཱཿསྭ་མནྟ་བུདྡྷ་ནཱཾ།། སརྦ་ཏཱ་ནུ་ག་ཏེ། བནྡྷ ་སཱི་མཱན་མ་ཧཱ་ས་མ་ཡ། ནིརྞྞ་ཏེ་སྨཱ་རཱ་ཎི། ཨ་པྲ་ཏཱི་ཧ་ཏེ་ཌྷ་ཀ་ཌྷ་ཀ་ཙ་ར་ཙ་ར། བནྡྷ་བནྟེ། ད་ཤན་དྲི་ཤྲནཽ། སརྦ་ཏཱ་ཐཱ་ག་ཏ་ཨཱ་ནུ་ཛྙཱ་ཏེ། པྲ་བ་ར་དྷརྨ་ལ་བཱ་དྷརྨྨ་ལ་བ་དྷ་བི་ཛྭ་ལེ། བྷ་ག་བཱཾ་ཏཾ་བི་ཀུཪྵི་ཀུ་ལེ་ལི་ལ ་པུ་རི་སྭཱ་ཧཱ།། ཡང་ན་མདོར་བསྡུས་པའི་སྔགས་འདི་སྦྱར་སྟེ། ན་མཿསཱ་མནྟ་བྷུདྡྷཱ་ནཱཾ། བེ་ལྱཱ་པུ་རི་བཱི་ཀུཪྵི་ཀུ་ལཻ་སྭེཧྣ། འདིའི་ཚེ་གཾ་ནཱི་ལནཱ་བདུན་བྱཱ་བ་ཡིནོ།། ཕྱག་རྒྱ་ནི་ལག་བྱཾ་གཉིས་ཐལྲྀ་མཽ་སྦྱར་ག ་མཛུབ་མོ་གཉིས་ནང་དུ་གཞུག། མཐེ་འོང་གཉིས་དོང་མཐེའུ་ཆུང་གཉིས་བསྐུམ་ལ། སྲིན་ལག་ཕྱེ་སྟེ་གྱེན་དུ་བསྒྲེང་། གུང་མོ་གཉིས་དེ་བཞིན་དུ་སྦྱར་བ་ནི་མཚམས་ཆེན་པོ་གཙང་པ་ཡིནོ།། འདི་ཕྱོགས ་བཅུར་བསྐོར་ན་མཚམས་ཆེན་པོ་བཅད་པ་བྱས་པར་འགྱུར་རོ།། བསྲུང་དང་ཕྱོགས་བཅིངས་ལ་སོགས་པ།། འདི་དག་ལས་ནི་གཅིག་གིས་ཀྱང་།། གང་ཕྱིར་འཇིག་རྟེན་གསུམ་དག་དུ།། ངེས་པར་བསྲུང་བ་ནུས་པ ་ཡིན། ཡང་ན་མི་གཡོ་དཔའ་བོ་ཡིས།། བཽ་དག་བསྲུང་གནས་ནི་སྦྱང་བ་ད་།། མཚམས་དང་ཕྱོགས་བཅིང་ལ་སོགས་པའི།། ལས་རྣམས་ཐད་བྱོ་བ་ཡིན།། ན་མཿས་མནྟ་བཛྲཱི་ཎཱཾ་ཧཱུཾ། དེ་ནས་གུས་པ་དམ ་པ་སྔོན་འགྲོ་བས།། དད་པས་སླར་ཡང་མཆོད་ཡོན་དབུལ་བྱ་ཞིང་།། དེ་ནས་དྲི་ལ་སོགས་པ་ངེས་བསྟན་པས།། མཁས་པས་ཆོ་ག་བཞིན་དུ་མཆོད་པར་བྱ།། དེ་ནས་འཕགས་བྱ་མི་གཡོ་བའི་སྔགས ་དང་ཕྱག་རྒྱར་སྨཨཱརྱཱ་བ་ཡི།། དྲི་ཡི་ཆུ་ཡིས་ཀུན་ཏུ་ནཱི།། བསང་བར་བྱ་བ་ཡང་དག་སྦྱར།། མཆོད་པའི་ཡིནཱ་ལག་དྲི་སོགས་ལཱ།། དེའི་སྔགས་ཀྱིས་ཡང་དང་ཡོང་།། གསང་སྔགས་ཡོངསུ་བཟླ་བ་དང་། དེ་ནས ་རང་རོང་སྔགས་ཀྱིསོ།། དེ་ནུས་མཁས་པས་རཱི་གཱི་ནཱི། རིག་པ་བཟླསོ་ལ་དབུལ་བྱ་སྟེ།། དྲི་འདི་ཞེས་ནི་བརྗོད་བྱ་ཞིང་།། སོ་སྲོའི་མིང་གིས་དབུལ་བར་བྱ།། ཆོས་དབྱིངས་ཡི་གེ་དགོད་པ་ནི།། ཐམས་ཅད་ལས་ནི ་ཆེར་སྔར་བྱ།། དེ་ལ་འདི་ནི་ཆོ་སྤྱི་དབྱིངས་ཀྱི་སྙིང་པོའོ།། ན་མཿས་མནྟ་བུདྡྷཱ་ནཱཾ། རྀ། དེ་ལ་དྲྀ་ལ་སོགས་པའི་སྔགས་ནི་འདི་ཡིན་ཏེ། ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་བི་ཤུདྡྷ་གནྡྷོ་བྷ་བཱ་ཡ་སྭཱ་ཧཱ།། དྲིའི་སྔགས་ཏེ ་འདིའི་ཆོ་གནྟི་ལན་ཀསུམ་བརྗོད་པའོ།། ན་མཿས་མནྟ་བུདྡྷཱ་ནཱཾ།། ཨོཾ་མ་ཧ་མེ་ཏྱཱ་བྷཱུ་ཏ་གཱ་ཏེ་སྭཱཧཱ།། མེ་ཏོག་གི་སྔགསོ།། ན་མཿས་མནྟ་བུདྡྷཱ་ནཱ། ཨོཾ་དྷརྨ་དྷཱ་ཏཱ་ནུ་ག་ཏེ་སྭཱཧྭཱ།། བདུག་སྨྲོས ་སྟུག་སོ།། ན་མརྡྷ་ས་མནྟ་བུདྡྷཱ་ནཱཾ། ཨོཾ་ཏ་ཐཱ་གཪྵཱ་སྥཱ་ར་ན། ཨ་བ་བྷཱ་ས་ག་གཾ་ནི་དྷཱིཿསྭཱ་ཧཱ། མ་རཱ་མེའི་སྟུ་ག་སོ།། ན་མཿས་མནྟ་བྱཱདྡྷཱ་ནཱཾ། སྱཱརྦ་ཐཱ་ཁཾ་ཨུདྦྷ་ཏྭེ་སཱ་རྀ་ཎཾ་ཧི་མཾ་གཱ་གཻ་ནཱ་ཁཾ་སྭཱཧྨ། ཀྵེ་བཱ་ཤོས་ཀྱི་སྣརུ ་སྐྱེམཆོད་པའི་ཡན་ལག་གཞན་དང་གཞན་དག་འབྱོར་བྱར་སྦྱར་ནཱ་ཡང་། འོཔགཻ་པ་མི་གཡོ་བས་རབ་ཏུ་སྦྱངས་པ་ཉྀ་དང་ཆོ་ག་འདི་ཉྩི་ཀྱྀས་དབུལ་བར་བྱའོ།། དེ་ལ་ཐཱ་ལི་མ་ཁོད་སྤྱོད་དུ ་སྦྱོར་མོ་ཕན་ཚུན་དུ་ཅུང་ཟུད་བསྣོལ་བ་ནི་ཐམས་ཅད་དྲི་ལ་སོགས་པ་སྒྲའི་ཕྱག་རྒྱ་ཡི་ནོ།། མཁས་བྱས་སྤོས་སོགས་མེད་ན་ནི།། དད་པས་ཡིད་ཀྱིས་ཀྱིས་དངུལ་བྱ་སྟེ། རྣམ་དག་ཡིད་དུ་འོང་བ་མོ།། ཡོད ་ཆོ་ག་འང་བྱུ་བྲུ་ཡིན།། ཞིག་ཁམས་འདིའམ་གཞན་དག་ནི།། ལྷ་དང་མི་ཡི་ག་ང་ཡིན་པོའི།། སྤོས་དང་མེ་ཏོག་ལ་སོགས་པས།། ཆོས་དབྱིངས་མཉམ་དང་མི་མཉམ་དག། སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱི ་བསོད་ནམས་ཡེ་ཤེས་ལས་བྱུང་བའི།། གདུགས་དང་རྒྱལ་མཚན་བ་དན་དང་།། གཞལ་ཡས་ཁང་སོགས་ཆེན་པོ་དང་།། ལྷའི་ཚོན་ཆེན་ཤིང་སོགས་ན།། ཡོ་བྱད་ཟང་ལྡན་པ་དང་།། དེ་བཞིན་དྲི་མིགས་སྦྱིན་། ་ནི།། ན་མཁའི་གཏོས་ཀུན་ཡང་དག་དགང་།། དྲི་སོགས་སྤྲིན་གྱི་ཆར་འབབ་པའི།། མཆོད་པ་ཀུན་ཏུ་ལེགས་བསམས་ཏེ།། སངས་རྒྱས་སྲས་དང་བཅས་རྣམས་ལ།། ཀུན་ནས་ལེགས་པར་མཆོད་བྱུ་བ།། བྱིན་རློབ་སྔགས ་དང་ཕྱག་རྒྱ་ཡིས།། དེ་ནས་དེ་ནི་དབུལ་བར་བྱ།། ནཱ་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཨུངྐུ་ཏེ་སྥ་ར་ཎཱ་ཧི་མཱཾ་ག་གཱ་ན་སྭཱ་ཧཱ། ཕྱག་རྒྱ་ནི་བྱིན་གྱིས་རློབ་པའི་ཕྱག་རྒྱ་ཉིད་ཡིན་ཏེ། འདིའི་ཆོ་ག་ནཱི་ལན་གྱི་བར་དུ ་བྱ་བ་ཡི་ནོ།། འདི་སྐད་ཀྱང་བརྗོད་པར་བྱ་སྟེ། མགོན་པོ་བདག་གི་བསོད་ནམས་ཀྱི་སྟོབས་དང་ཆོས་ཀྱི་དབྱིངས་ཀྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ ་དུས་ཐཾད་དུ་རྙེད་པར་སླ་ཞིང་། རྒྱ་ཆེ་ལ་ཡོངསུ་དག་པའི་མཆོད་པ་ཆེན་པོའི་བཀོད་པའི་སྤྲིན་འབྱུང་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་མཛད་དུ་གསོལ་ཞེས་བརྗོད་པར ་བྱའོ།། ཆོ་གོ་འདི་ཡི་གང་ཅུང་ཟད།། བསོད་ནམས་ཚོགས་ནི་ལེགས་བསགས་པ།། དེས་ན་བདག་ནི་འགྲོ་ཀུན་གྱི།། དོན་བྱེད་གསང་སྔགས་གྲུབ་གྱུར་ཅིག། དེ་སྐུད་སྔགས་སྤྱོད་རྣམ་དག་ཕྱིར།། བསམ་པ་ཐེག་པས ་བརྗོད་པར་བྱ།། གང་ཞིག་སྒྲིབ་པ་དག་ཕྱིར་དང་། ཚོགས་རྣམས་ཡོངསུ་བསྐང་བའི་ཕྱིར།། སྔགས་ཀྱི་ཆོ་ག་འདི་སྦྱར་བ།། དེ་ལ་ངེས་པའང་གང་ན་མེད།། ཆོ་ག་ལ་སོགས་སྦྱོར་བ་དང་།། གནས་དང་དུས་ཀྱི་ཆོ་ག་ཡང་།། ་ཚེ་འདིར་དངོས་གྲུབ་ཐོབ་འདོད་ཕྱིར།། གང་ཞིག་གསང་སྔགས་ལ་བརྩོན་པ།། དེའི་བསྙེན་ཆོ་གའང་སྔོན་དུ་ནི།། ཡིད་ཀྱི་ཆོ་ག་བྱ་བ་ཡིན།། བསྙེན་པའི་ཆོ་ག་བཞིན་རྫོགས་ནས།། ཟླ་བ་གཅིག་གི ་འོག་ཏུ་ནི།། ཕྱི་ཡི་མཆོད་པའི་ཆོ་ག་ཡིས།། སྔགས་ཀྱི་བསྙེན་པ་བྱ་བ་ཡིན།། དེ་ནས་དངོས་གྲུབ་མྱུར་དུ་ཐོབ་པར་བྱ་བའི་ཕྱིར་རྡོ་རྗེ་གླུའི་བསྟོད་པའི་མཆོག་འདི་ཡིས་དེ་བཞིན་གཤེགས་པ་སྲས་དང་བཅས་པ ་རྣམས་ལ་ལ་མཆོད་པར་བྱ་བ་ཡིནོ།། མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་ཆོས་ཅན།། ཐུགས་རྗེའི་བདག་ཉིད་འགྲོ་བོའི་སྡུག་བསྔལ་སེལ།། ཡོན་ཏན་ཀུན་མཉམ་མཐའ་ཡས་དངོས་གྲུབ་སྩོལ། དྲི་མེད་མི ་གཡོ་མཉམ་ཉིད་མཆོག་རབ་ཆོས།། སེམས་ཅན་ཁྲིམས་ལ་རྟག་མཆོག་དངོས་གྲུབ་སྩོལ།། དངོས་གྲུབ་མཉམ་དང་མཐའ་མེད་དཔེ་བྲལ་བ།། མཉམ་པའི་དཔེ་མེད་ན་མཁའ་ལ་མེད་དེ།། ཡོན་ཏན་ཕྲ་བའི་ཆས ་ཀྱང་མཚུངས་མ་ཡིན།། རྟག་ཏུ་དྲི་མེད་ཐུགས་རྗེའི་ཤུགས་ལ་བྱུང་།། སྨོན་ལམ་གྲུབ་པ་མི་འགེག་ཆོ་ས?་ཉིད་ཅན།། འགྲོ་བའི་དོན་གྲུབ་ལྷུན་མཛད་མཐའ་ཡས་པ།། ཐུགས་རྗེའི་བདག་ཉིད་རྟག་ཏུ་རྣམ་པར ་སྣང་།། དཔག་མེད་མི་གོས་གནས་ཉིད་ལེགས་རྫོགས་ཏེ།། བདེ་གནས་གཤེགས་ཀྱང་ཐུགས་རྗེའི་སྤྱོད་མི་གཡོ།། འཇིག་རྟེན་གསུམ་ལ་མཆོག་གི་གྲུབ་སྩོལ་བ།། འགག་ཉིད་མི་འགྱུར་ཀྱེ་མོའོ་ཆོས ་ཉིད་བཟང་།། མཆོག་སྩོལ་སྦྱིན་མཆོག་ཉིད་གནས་མཆོག་ཉིད་བརྙེས།། འཇིག་རྟེན་གསུམ་མཆོག་དམ་པ་སྩོལ་མཆོག་སྒྲུབ།། བདེ་གཤེགས་དུས་གསུམ་མཁྱེན་སྒྲིབ་མི་མངའ་བ།། ཀུན་གྱིས་དམ་ཚིག་མཆོག་གསུང་གྲུབ ་བདག་སྩོལ།། དེ་ནས་མཆོག་གྱུར་ཚིག་གི་དམ་པ་རྗོད།། མགོན་པོ་ཁྱོད་ལ་རབ་ཏུ་སྐྱབས་མཆི་ཡིས།། དངོས་གྲུབ་འགྲོ་བ་ཀུན་ལ་ཕན་བྱེད་པ།། ཤིན་ཏུ་འཕོགས་ཤིང་མཆོག་གྱུར་སྩལ་དུ་གསོལ།། དེ་ནས་སེམས་ཅན་དོན ་བྱེད་ཚོགས་པ་ཡི།། སྤྲུལ་པའི་སྤྲིན་ནི་ཕྱོགས་བཅུར་བདག་གི་ནི།། བསོད་ནམས་དག་གིས་ཀུན་འང་སངས་རྒྱས་དང་།། ཀུན་ཏུ་བཟང་པོ་ལ་སོགས་རྒྱལ་སྲས་རྣམས།། བཞུད་དེ་པདྨ་རྒྱས་པའི་གདན་བཞུགས་ནས།། སེཾན ་བསམ་པ་ཇི་བཞིན་དོན་མཛདང་ཤོག། བདེ་གཤེགས་བསྔགས་པའི་ཕྱིར་ནང་འབྱོར་པ་རྣམསོ།། ཕུན་སུམ་ཚོགས་ཀུན་མོས་པ་ཇི་བཞིན་དུ།། བདག་གི་བསྟོད་ནམས་རྒྱས་པིའི་སྟོབས་དོག་དང་།། དམ་ཆོས་རྒྱུ་ཡི་སྟོབས་ཀྱིས ་རྟགས་འབྱོར་ཤོག། དེ་བཞིན་གཤེགས་པའི་སྟོབས་ཀྱི་མཐུ་ཡིས་ཀྱང་།། འགྲོ་དོན་འབྱོར་པ་ཉིད་ནི་ཕུན་ཚོགས་ཤིང་།། ཇི་བཞིན་དོན་གྱི་འབྱོར་བ་བསམ་མི་ཁྱུབ།། འགྲོ་ལ་རྟག་ཏུ་འབྱུང་བར་ཤོག་ཅེས་བརྗོད།། ན་མཿས ་ཏ་ཐཱ་ག་ཏི་བྷྱོ། བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། འོདོས་ཀྱང་གསང་སྔགས་ཀྱི་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ ་ཡིན་པའི་ཕྱིར་མི་བསླུ་བ་ཡིནོ།། ཞེས་མངོན་པར་འདོད་པར་བྱའོ།། མཆོད་པའི་ཆོ་ག་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། དེ་ལྟར་མཆོད་བཅས་དོན་ལ་ཞུགས་ནས ་ནཱི་སེམས་རྒྱུན་མ་སྨྲས་སྤྱན་སེམས་ཀྵྨཱིས།། ས་མྦྷ་རྒྱས་བྱུང་རྒྱུ་སེམས་མྱོརྙོག་ཕྱུག་བྷྱས་ལ།། རྒྱུའི་འར་བསྐྲིན་ནས་ཡིད་ནི་མཱཊྚམཱ་པཱུརྱཱ་བཱཞྭགྶ། བྱས་ས་ཀཱ~ཾདྷ་ནཱ་ཡན་ལག་པའི་མྦྷི་གྶ་སྨིག ་ཇི་ལྟར་རང་གི་ལྷ་ནི་མཉེས་འགྱུར་བ།། དེ་ལྟར་ཙི་ནུས་པས་ནི་གོསང་སྔགས་ཀྱི།། དེ་ཉིད་དོན་གྱི་ཕན་པ་བསྒྲལ་བར་བྱ།། གོསང་སྡིགས་རྗེསུ་དྲན་བྱུ་བ།། དེ་ཡི་ཆོ་ག་འདི་རྗོད་བྱ།། མཁས་པས་སྔར་བཤད་ཆོ་ག་ཡིས།། ་མདུན་དུ་རང་ལྟ་བསམ་པར་བྱ།། སྙིང་གཱའི་དབུས་བྷྲཱུཾ་གཟུགས་ལ།། དེར་ནི་ཡི་གེ་རྣམས་བསྒོམས་ཏེ།། ཇི་སྲིད་སེམས་ནི་དག་གྱུར་པ།། དེ་སྲིད་བོནྡྷསྟྭཾ་བྱོདྷོད་བྱཱརྞྞམྦྷ་པརྱ་ཥྚ།། གྲངས་དང་དུས་དང་མཚན་མ་ནཱི།། ལུང་ཡས་@ ་བཞིན་རྫོགས་བྱས་ཏེ།། སྔགས་ཀྱི་དངོས་གྲུབ་ཀྱི་གསུངས་པ།། རྣམ་རྟོག་ལས་བྱུང་གསོལ་བ་གདབ།། དེ་ལྕེ་རྣམ་པར་རྟོག་པ་དང་བཅོཾ་སྡེ་པའི་ཆོ་ག་ནི་འདི་ཡིན་ཏེ། ཡན་ལག་པནི་པ་ལས་ནི་གཞན་མི་ནྡོ།། མཁས ་པས་མདུན་དུ་རོང་གི་སྟེ།། རྣམ་པར་ངེས་པར་ཟློས་བསམས་།། དེའི་སྔགས་རྒྱར་ལྡན་པ་ལས།། རང་གི་ལྷ་ཡི་སྦྱོར་བར་ལྡན།། དེའི་མདོག་རྟགས་དེང་དབྱིབས་རྣམས་དང་།། ཉེར་གདགས་བདག་ཉིད་དབྱ་སོང ་པར། རང་ལྷའི་སྦྱོར་ལྡན་བདག་ཉིད་ཅན།། བསོད་ནམས་དམན་ཡང་འགྲུབ་པར་འགྱུར། ཞེས་དོན་དམ་པའི་ཚུལ་ལུས་གསུངས་པའི་ཕྱི་རོ།། ཡི་གེའི་གནས་དེ་གྱུར་པ་ནི།། དེ་ལས་གཟུགས་ནི་རྣམ་པར་བསྒོ། ་རང་གི་ལྷ་ཡི་སྦྱོར་བ་ཡང་།། རྒྱུད་ལས་མཚན་ཉིད་གཉིསུ་གསུངས།། སྔར་ནི་སངས་རྒྱས་སྦྱོར་ཆོ་ག། དེ་བཞིན་བྱང་ཆུབ་སེམས་ཆོ་ག། ཇི་ལྟར་འཕགས་པ་འཇམ་དབྱིངས་སོགས།། ཡོངསུ་གྱུར་པའི་ཚུལ་གྱིས ་བཞུགས།། དེ་སྔོགས་གནས་ནི་གྱུར་པ་དང་།། སྔགས་དང་ཕྱག་རྒྱའི་སྦྱོར་བྱས་སོ།། ན་མཿསཽ་མནྟ་བུདྡྷཱ་ནཱཾ། ཨོཾ། རང་གཱི་ལྷའི་སྦྱོར་བ་ཡང་།། རང་གི་སྙིང་གར་འདི་བཀོད་ལ།། བྱང་ཆུབ་སེམས་ནི་རྗེས་དྲན་ནས།། ་དེ་ཉིད་བདག་ཅེས་བསྒོམ་པར་བྱ།། སྐུ་མདོག་རྟོགས་སྔོགོས་གྲོགས་པ་ཡིས།། ཉེ་བྱར་བདག་པས་དབྱེར་མེད་བྱ།། དེ་ཡི་ཆོ་ག་འདི་ཤེས་བྱ།། གུར་གུམ་བཟང་པོའི་མདོག་འདྲ་ཞིང་།། དབུ་ལ་ཟུར་ཕྱེད་ལྔ་དང་ལྡན ་ཕྱག་གཡོན་ཨུཏྤ་ལ་རྡོ་ར་བཅས་བསྣམས།། གཡས་ཀྱི་ཕྱག་ནི་མཆོག་སྦྱིན་མཆོག། སྩོལ་བར་མཛད་པ་བཱ་སོམ་པར་བྱ།། དེ་ལ་འདིའི་སྔོགས་དང་ཕྱུག་རྒྱུ་ནཱི་འདི་ཡིན་ཏྱེ། ནཱ་མཿས་མནྟ་བུདྡྷཱ་ནཱཾ། ཧོ་ཧ་ཧཻ་ཀུ་མཱ་ར་ཀླེ ་བཽ་མུ་ཀ་ཏི་པ་ཐསྠི་ཏ་སྨ་ར་སྨ་ར་པྲ་ཏི་ཛྷཻཾ་སྭཱ་ཧཱ།། ཕྱག་རྒྱ་ནི་ལོག་པ་གཉིས་ཐལ་མོ་སྦྱར་ཏེ། གུང་མོ་གཉིས་ཀྱིས་སྲིན་ལོག་གཉིས་དཀྲིས་ལ། མཛུབ་མོ་གཉིས་མཐེ་བོའི་སྟེང་དུ་བཀུག་ལྀ་བཞག་ནས་སྔ་མ ་བཞིན་དུ་ཡན་ལག་ཐམས་ཅད་ལ་འདི་གཏུགས་ནས་དེའི་འོག་ཏུ་ལས་བརྩམ་པར་བྱའོ།། དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱི་ཡང་ཡི་གེ་ཡོངསུ་གྱུར་པའི་ཆོ་གའི ་སྦྱོར་བ་རྒྱུད་ལས་ཇི་སྐད་གསུངས་པ་ཉིད་ལས་ཤེས་པར་བྱའོ།། ཡང་ན་རྒྱུད་གཞན་ལས་གསུངས་པའི་སྔགས་དང་ཕྱག་རྒྱ་རྣམས་ལ་ཡང་སྦྱོར་བ་འདི་དང་འགལ་བ་མེད་པ་ཡིནོ།། ཡང་ན་སྤྱིའི་སྔགས་དང་ཕྱག་རྒྱ་འམ། སོ་སོ ་མོཆོ་ག་ཇི་ལྟ་བ་བཞིན་དུ་ཡོང་སུ་གྱུར་པའི་ཚུལ་དང་སྦྱར་བར་ཤེས་པར་བྱ་སྟེ་སྤྱིའི་ནི་འདི་ཡིན་པར་བཤ་དོ།། ན་མཿས་མནྟ་བུདྡྷ་ནཱཾ། ཀ། འདི་ལ་ཡང་ཆོས་ཐམས་ཅད་བྱ་བ་དང་བྲལ་བའོ་ཞེས་སྟོན་པར་བྱེད་པའི་སྒྲའི་དེ ་ན་ཉིད་ངེས་པར་བསྡམ་པར་བྱའོ།། རྒྱལ་སྲས་ཀུན་གྱི་སྤྱི་ཡི་ནི།། ཕྱག་རྒྱ་ཡིད་བཞིན་ནོར་བུར་བཤདཀཡང་ན་རྒྱུད་གསུངས་སེཾ་སོ་ཡི།། སྔགས་དང་ཕྱག་རྒྱའི་ཆོ་གསོ་བྱ།། ཡིད་བཞིན་ནོར་བུའི་ཕྱག་རྒྱ་ནི་ཚིགས་དང་ཚིགསུ ་སྦྱར་བ་ཡིད་བཞིན་གྱི་རིན་པོ་ཆེ་ལྟ་བུ་སྟེ་སྦྱར་བར་བྱའོ།། ན་མཿས་མནྟ་བུདྡྷཱ་ནཱཾ། སརྦྦ་ཐཱ་བི་མེ་ཏཱི་བི་ཀཱ་ར་ཎ། དྷརྨ་དྷཱ་ཏུ་ནི་རེ་ཛཱ་ཏ་སཾ་སཾ་སྭཱ་ཧཱ། སྔགས་འདི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱིའི་འོ།། སྨྱོ་བོར་ཐིགུ་ལཾར་བ# ་པོ་ཡི།། ཁ་ནི་ཁ་དོག་ཀུན་ལྡན་བསམ།། ཆོས་ཀུན་ན་མཁའ་དང་མཉམ་ཞིང་།། ཐོབ་པ་མེད་པ་ཉིད་ཅེས་བརྗོད།། ན་མཿས་མནྟ་བུདྡྷ་ནཱཾ་ཁཾ། སྤྱི་བོའི་ནང་དུ་དབྱངས་ཀྱི་ཨི་གེ་དང་པོ་དཀར་ཞིང་ཐིག་ལེ་དཀར་པོས་མཛེས ་བྱས་པའི་སྙིང་པོའི་མཆོག་སྔ་མ་བཞིན་དུ་བསམས་ལ།། མིག་གཉིསུ་ཡི་གེ་ར་དྭང་མ་ཐིག་ལེས་མཚན་པ་མར་མེ་ལྷུར་འབར་བ་བསམས་ལ།། ཆོ་ག་བཞིན་དུ་རང་གི་ལྷའི་གནས་ལ་གནས་ཏེ།། སྔར་བཞུགསུ་གསོལ་བའི་བཅོས་ཡང ་དོག་པར་རྫོགས་པའི་སངས་རྒྱས་མངོན་སུམ་བཞིན་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་མངོན་དུ་བྱའོ།། དེ་ཡི་སྙིང་གའི་དབུས་ཆུད་པའི།། ཟླ་བའི་དཀྱིལ་འཁོར་དྲི་མེད་པ།། དྭེར་ནི་ཡི་གེའི་གནས་དགོདེ།། ཨ་ནི་ཁ་དོག ་སེར་པོའོ།། འདི་ཡི་སྒྲ་ཡི་དེ་ཉིད་ནི།། ཆོས་རྣམས་གདོད་ནས་མ་སྐྱེས་བརྗོད།། ཡིད་ལ་སོགས་པ་ཀུན་འབོར་བ།། ནང་དུ་ཆུད་པར་ངེས་པར་བསམ།། སྒྲ་ཞེས་བྱ་བ་ཕྲེང་བར་སྦྱར།། མེ་ཡི་རྩེ་མོའི་འོད་བཅས་པ།། ཀུན་ཏུ་འོད་བྱེད་རྣམ ་པར་དག། མི་ཤེས་གྲོང་ཁྱེར་འཇིག་བྱེད་པའོ།། ཡི་གེ་ཀ་ལ་སོགས་པ་རྣམས་ཀྱང་ཇི་སྐད་སྟོན་པའི་སྒྲའི་དེ་ཁོ་ན་ཉིད་ཇི་སྐད་བཤད་པ་བརྗོད་ཅིང་བཀོད་ལོ། དེ་ནས་མངོན་པར་འདོད་པའི་སྔགས་ཀྱི་ཕྲེང་དུ་བསམས་ལ། སྲོག་དང ་རྩོལ་བ་ལེགས་པར་བསྡམས་ཏེ། ཡིད་སླར་སྡུད་པའི་སྦྱོར་བས་ནོན་དུ་བྱས་ལ། ཡིད་ཀྱིས་སམ་ཤུ་བུ་ཅི་རིགས་པ་དང་ཅི་འདོད་པའི་དངོས་གྲུབ་ལ་དམིགས་པའི་སེམས་ཀྱིས་ཇི་སྲིད་ཡིད་སྐྱོ་བར་མ་གྱུར་པ་དེ་སྲིད་ཀྱི་བར་དུ ་བཟླས་བརྗོད་བྱའོ།། རྣམ་པ་གཞན་ཡང་གསང་སྔགས་ཟློ་བའི་དཀྱིལ་འཁོར་ལ་བཀོད་དེ། ཡི་གེ་དེ་དང་མཐུན་པའི་སྒྲའི་དེ་ཁོ་ན་ཉིད་བསམས་ལ་བཟླས་བརྗོད་བྱའོ།། འདིར་ཡང་གང་བསོད་ནམས་ཀྱི་ཚོགས་ཙམ་གྱི ་དངོས་གྲུབ་དོན་དུ་གཉེར་བ་དེ་རྣམས་ལ་ཡིད་ཀྱི་འམ་ཤུབ་བུར་བྱ་བའི་ཆོ་གའི་ཕྱིར་དུས་ཀྱིས་ངེས་པ་མྱེ་དོ།། གང་མཐོང་བའི་ཆོས་ཉིད་ལ་དངོས་གྲུབ་རབ་འབྲིང་ཐ་མ་དོན་དུ་གཉེར་བ་དེ་རྣམས་ལ་ནི། སྔོན་དུ ་བསྙེན་པའི་དུས་སུ་ཡིད་ཀྱི་བཟླས་པ་ཉིད་བྱ་བར་བཅོམ་ལྡན་འབྲས་ཀྱིས་གསུངས་པ་ཡིནོ།། ཡང་ཅི་ནུས་པ་ལས་ལྟོས་པར་བྱའོ།། སྔོན་དུ་བསྙེན་པ་ནི་རྣམ་པ་གཉིས་ཏེ། སྔར་གྱི་དུསུ་བྱ་བ་དང་མཆིན་མ་ཅནོ།། དེ་ལ་སྡེར ་གྱི་དུས་སུ་བྱ་བ་ནི་བཟླས་པའི་གྲངས་ཡོངསུ་རྫོགས་པའི་ངེས་པའི་དུས་ཏེ། ཞག་དང་ཟླ་བ་ལ་སོགས་པའི་དུས་ཀྱི་གྲངས་དྲ་དུས་ངེས་པའོ།། མཚན་མ་ཅན་ནི་མཆོད་རྟེན་དང་།། རས་རིས་དང་སྐུ་གཟུགས་ལ་སོགས་པ ་ལས་འོད་དྲོང་གསུང་འབྱུང་བ་ལ་སོགས་པའི་མཚན་མ་སྟོན་པའི་ངེས་པ་ཡོངསུ་ཆད་པའོ།། དེ་ལ་ས་མ་ནི་ཡོངསུ་མ་དག་པའི་སྔགས་པའི་ཡིན་པར་ཤེས་པར་བྱ་སྟེ་གང་ཞིག་གི་དབང་དུ་མཛད་ནས། ཤིན་ཏུ་བསྡམས ་ཏེ་འབུམ་ཕྲག་གཅིག། ཡིད་ཀྱིས་བཟླས་པ་བྱ་བ་ཡིན། ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིནོ།། དེའི་གོང་དུ་བསྙེན་པ་གཞན་བྱ་སྟེ། དེའི་ནི་ཤུབ་བུའི་བཟླས་བརྗོད་ཀྱི་སྐབསུ་ཡིན་པར་ཤེས་པར་བྱའོ།། སྒྲིབ་པ་དང ་བཅས་པའི་མཚན་མ་ཅན་གྱི་སྔོན་དུ་བསྙེན་པ་དེ་ལ་ཡང་ཡིད་ཀྱི་བཟླས་པ་ཉིད་ནི་ཇི་སྲིད་མཚན་མ་མཐོང་གི་བར་དུ་བྱ་ལ། དེའི་གོང་དུ་ཟླ་བ་གཉིས་ནི་ཤུབ་བུའི་བཟླས་བརྗོད་བྱ་བ་ཡིན་པར་སྔ་མའི་རྗེ་སུ་འབྲངས་ནས ་ཤེས་པར་བྱའོ།། དེ་བཞིན་གཤེགས་པའི་གསང་སྔགས་ཀྱི་བཟླས་བརྗོད་བྱ་འདི་ལས་གཞན།། ཟློས་པ་པོ་ལ་ཕན་འདོད་པས།། མདོར་བསྡུས་ནས་ནི་བསྟན་པར་བྱ།། མགོན་པོ་རྣམ་པར་སྣང་མཛད་ཀྱི།། གསུང་སྔགས་གང་ཞིག ་ཟློས་འདོད་པ།། དེ་ཡི་ཕྱག་རྒྱ་སྔགས་བཅུས་པ།། མཁས་པས་ཡང་དག་སྦྱར་བུར་བྱ།། དེ་ལ་ཡི་གེ་ནི་འདི་ཡིན་ཏེ།། ན་མཿས་མནྟ་བུདྡྷཱ་ནཱཾ། ཨཱུ། འདིའི་སྐུའི་དྭེ་ཁོ་ཉིད་ནི་སྔར་བཤད་པ་ཡི་ནོ།། ཕྱག་རྒྱ་ནི་ཡང་མཛོད་སྤུ་ལ་སྩོགས་བཱ་སྟེ། ་ལག་པ་གཡས་པའི་ཁུ་ཚུར་བཅངས་ལ་སྨིན་མའི་མཚམསུ་བཞག་པར་བྱའོ།། སྔགས་ནི། ན་མརྡྷས་མནྟ་བུདྡྷཱ་ནཱཾ། ཨཱ་ཧཾ་ཛ། སྔོན་བཞིན་ལྷ་ཡི་དེ་ཉིད་ནི།། ཡོངསུ་གྱུར་པའི་སྦྱོར་བ་ལས།། དབྱེར་མེད་པ་ཡི་ཆོ་ག་ཡི།། རང་གི ་བདག་ཉིད་ཉེ་བར་སྦྱར།། རང་ལྷའི་རྣལ་འབྱོར་ལ་གནས་ཤིང་།། ཡི་གེ་ལྔ་ཡོཾ་སྦྱོར་བ་ཅན།། ལུས་ཀྱི་མགོ་དང་ལྟ་བ་དང་།། དེ་བཞིན་ལྟེ་བའི་གོང་དག་དང་།། སྨིན་མའི་མཚམོས་དང་མགོ་ཕྱོགསུ།། མཉམ་པར་གཞག ་ས་དགོད་པར་བྱ།། ཆོ་ག་དེ་འདི་བྱིན་བརླབས་ཆེ།། ཐུབ་པའི་མཆོག་གིས་བཀའ་སྩལ་ཏོ།། ན་མཿས་མཱནྟཾ་བུདྡྷཱ་ནཱཾ། ཨཿསེར་པོའོ།། ལུས་ཀྱི་འོགྲོ་ཏུ་ཨཱ་ནི་དབང་ཆེན་ཡིན་ཏེ། རྣལ་འབྱོར་གྱི་གནས་ཡིན་པར་བཤད།། ་དེ་ནས་ལྟེ་བར་ནི། ན་མཿས་མནྟ་བུདྡྷཱ་ནཱཾ། བཾ། དཀར་པོ་སྟེ་འདི་ནི་ཁུག་རྣའི་ཚོགས་ཀྱི་དབུས་ན་གནས་པའི་ཆུའི་དཀྱིལ་འཁོར་ཡིན་པར་བཤདདོ།། ལྟེ་བའི་སྟེང་ན་ཡི་གེ་ར་སྟེ། ན་མཿས་མནྟ་བུདྡྷཱ་ནཱཾ། རཾ། མེའི་དཀྱིལ ་འཁོར་ཏེ་ཁ་དོག་དམར་བར་སྣང་ངོ་།། སྨིན་མའི་འཚམ་སུ་ཡི་གེ་ཧ་ནི་རླུང་གི་དཀྱིལ་འཁོར་ཏེ་ཁ་དོག་ནག་པོའོ།། ན་མཿས་མནྟ་བུདྡྷཱ་ནཱཾ། ཧཾ། སྤྱི་བོའི་དབུསུ་ཡི་གེ་ཁ་ཁ་དོག་ཐམས་ཅད་དང་ལྡན་པར་བསམ ་པར་བྱའོ།། ན་མཿས་མནྟ་བུདྡྷཱ་ནཱཾ། ཁཾ། ཡི་གེ་ལྔ་ནི་རྣམ་དག་དགོད།། མི་ནི་འོད་ལྡན་སྐྱེ་འགྱུར་ཏི།། བློ་ལྡན་ཡེ་ཤེས་ཉི་མ་འདྲ།། སྡིག་པ་ཐམས་ཅད་ངེས་པར་བཏུལ། རྡོ་རྗེ་མེ་འབར་ལྟ་བུ་ནི།། གདུག་པའི་སེམས་དང ་ལྡན་པ་དང་།། བདུད་ཀྱི་ཚོགས་ནི་མི་བཟད་དང་།། བགེགས་དང་ལོག་འདྲེན་རྣམས་ཀྱིས་མཐོང་།། ཐོད་པ་སྦྱར་བའི་དབུས་ན་ནི།། ཡི་གེ་ཨ་ནི་ཐིག་ལེར་ལྡན། ཡཱི་གེ་ར་ནི་མིག་ཉིད་དུ།། མར་མེ་འབར་བ་ལྟ་བུ་ཡཱིན།། སྔ་མའི་པནྡ ་ཀྱི་སྦྱོར་བ་དང་།། བྱིན་གྱིས་བརླབས་པའང་སྔ་མ་བཞིན།། བློ་ཡིས་རང་ལུས་སྔོན་བཞིན་དུ།། དེ་བཞིནོ་གཤེགས་དང་བྲལ་བར་བསམ།། སྒྲ་ཞེས་བྱ་བའི་ཕྲེང་བར་སྦྱར།། ཡི་གེ་དང་ནི་ཡི་གེར་སྦྱར།། དྲིལ་བུའི་སྒྲ་ཝཱར ་མ་ཆད་པར།། ཡིད་ལ་སོང་བར་བསམ་པར་བྱ།། དེ་བཞིན་གཤེགས་པའི་གསང་སྔགས་དགང་མངོན་པར་འདོད་པས་སྔ་མ་བཞིན་དུ་བཀོད་དེ་བཟླས་བརྗོད་བྱའོ།། གལ་ཏེ་བྱང་ཆུབ་སེམས་དཔའི་གོསང་སྔགས་ཟློས་པར ་བྱེད་པ་རྣམས་ལ་རྣམ་པ་གཉིས་པ་འདི་ནི་ཤིན་ཏུ་མྱུར་དུ་གྲུབ་པའི་ཐབས་ཡིན་པར་ཤེས་པར་བྱ།། བཅོམ་ལྡན་འངས་ཤཱཀྱ་ཐུབ་པ་ལ་ནི་ཡི་གེ་འདི་དགོད་པར་ཤེསཽ་པར་བྱའོ།། ན་མཿས་མནྟ་བུདྡྷཱ་ནཱཾ། བྷཾ། འདིའི ་སྒྲའི་སབོན་ཉིད་ནི་སྔར་བཤད་པ་ཉིད་དོ།། ཕྱག་རྒྱ་ནི་ལྷུང་བཟེད་ཀྱི་ཕྱག་རྒྱ་ཡི་ནོ།། སྔགས་ནི། ན་མཿསཱ་མནྟ་བུདྡྷཱ་ནཱཾ། སརྦྦ་ཀླེ་ཤྭཱ་ནི་སྱཱ་ད་ན། སརྦ་དྷརྨྨ་བྱ་ཤི་ཏ་པྲཱ་བྷཱ་ག་གཱ་ན་སུ་མ་ཡ་སྭཱ་ཧཱ།། དེ་བཞིན་དུ་བཅོས་ཀྱི་སྡུག། ་དུང་ཕྱག་རྒྱ་གཞན་དག་ཀྱང་།། རྒྱུད་ལས་ཇི་ལྟར་གྲསྡུས་པ་བཞིན་དུ་སྦྱར་བར་བྱའོ།། སྔ་མ་བཞིན་དུ་རང་གཱི་ལྷའི་ཡི་གེ་ཡོངསུ་གྱུར་པའི་སྦྱོར་བ་བྱས་ལ། དེའི་ཡི་གེ་དགོད་པ་ལས་ཅི་ལྟར་མངོན་པར་འདོད ་པའི་བཟླས་བརྗོད་བྱའོ།། འདི་ནི་དེ་བཞིན་གཤེགས་པའི་བཟླས་བརྗོད་ཀྱི་ཆོ་ག་ཡིན་ཏེ། ཐུགས་རྗེ་འབྱུང་བ་ལ་སོགས་པའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བའི་སློབ་དཔོན་ཉིད་ལ་འོས་པ་ཡིན་གྱི། རིག་པའི ་དབང་བསྐུར་བ་ནི་མོ་ཡིནོ།། ཡན་ལག་བཞིའི་བསྡམས་གཏན་ལ་སོགས་པའི་སྦྱོར་བ་གང་རྒྱུད་གཞན་ལས་བཤད་པའི་ཆོ་གྲ་མ་ཚང་བ་ལ་སོགས་པའི་ཉེས་པ་དང་འགལ་བར་འགྱུར་བ་མ་ཡིནོ།། ལྷ་རྣམས་ཀྱང ་ཤིན་ཏུ་ཚིམ་གླིང་ཐུགས་མཉེས་པར་འགྱུར་བ་ཡིནོ།། ཇི་ལྟར་བྱས་པའི་བཟླས་བརྗོད་དང་བསྲུ་བ་དང་དགོད་པའི་སྦྱོར་བ་ནི་ཤིན་དུ་མྱུར་དུ་གྲུབ་པའི་ཕྱིར་སྒྲུབ་པ་པོས་རྒྱུད་གཞན་དག་ལས་བཤད་པ་དེ་ཡང་བྱེ ་དེ་ལས་ཀྱ་ཤིན་ཏུ་མྱུར་དུ་གྲུབ་པར་འདོད་པར་བྱ་སྟེ། དེ་བས་ནི་འདི་དང་ཆོ་ག་གཞན་བསྒྲེ་བར་བྱའོ།། རང་གི་ལྷའོ་གནས་ཀྱི་ཆོ་གའི་སྦྱོར་བ་ལས་རང་གི་དཀྱིལ་འཁོར་གྱི་གནས་ཀྱི་བྱ་བ་ལ་རབ་ཏུ་སྦྱར་བར་བྱའོ།། ་གང་གི་ཁ་དོག་གྲང་བཤད་པ།། དེ་ཡི་དཀྱིལ་འཁོར་དེ་འགྱུར་ཏེ།། ཆོ་གའི་སྦྱོར་བ་འདི་ཡིས་ནི།། དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། འདི་ནི་དངོས་གྲུབ་རྣམ་གསུམ་དབྱེ་ཤེས་ནས།། རྟག་ཏུ་ཁཱི་ལ ་སོགས་པའི་ལས་གསུམ་གྱི།། ཁྭ་དོག་དཀྱིལ་འཁོར་དག་ནི་སོ་སྭོ་ཡི།། དབྱེ་བ་རྣམ་བཞི་ཆོ་ག་བཞིན་དུ་བྱ།། དཱ་བ་པོ་སེར་པོ་དེ་བཞིནི་དམར་དང་གཞན།། ཞི་ལ་སོགས་པའི་དབྱེ་བར་རྟག་ཏུ་བཤདདོ།། ཟླུམ་པོ་དང་ནི་གྲུ་བཞིར ་བཅས་པ་དང་།། གྲུ་གསུམ་དེ་བཞིན་པདྨའི་དབྱིབས་ཅན་ཡིན།། ཞི་བའི་སྦྱོར་བས་ཁ་ནི་བྱང་དུ་བལྟ།། རྟོག་ཏུ་ཞི་ཞིང་པདྨའི་འདུག་ཐབས་བྱ།། ཤྭར་ཏུ་ཁ་ལྟས་བཀྲ་ཤིས་ཐབས་ཀྱིས་འདུག། དགའ་བཅང་སེམས་ཀྱིས ་རྒྱུརྒྱས་པ་བྱ་བྱ་ཡིན།། ནུབ་ཏུ་ཁ་ལྟས་བཟང་བའི་ཐབས་ཀྱིས་འདུག། ཁྲོ་བོ་དགའ་བཅས་སེམས་དང་དབང་དུ་བྱ།། ལྷོ་ཕྱོགས་ཁ་ལྟས་སྟོན་ནི་མེད་པ་འམ།། གཅིག་པུས་ཁྲོས་པའི་ཡིད་ཀྱི་མངོན་སྤྱོད་བྱ།། རང་ལྷའི། ་ཁོ་དོག་ལོ་སོགས་ཆོ་གའི་རིམ།། དཀར་པོ་ལ་སོགས་ཞི་ལ་རྟག་ཏུ་སྦྱར།། དཱི་སོགས་ལས་དང་རྗེས་མཐུན་ཆོ་གཽ་བཞིན།། ཁ་དོག་ལ་སྒྱོསྩོགས་དབྱེ་བས་ཇི་བཞིན་སྦྱར།། ཞི་དང་སྟོབས་བསྐྱེད་ལུས་ནི་བརྟེན་པ་དང་། ་བསྒྲ་དང་དཀར་དང་བསད་པར་བྱ་ལ་བའང་།། སྔགས་ཀྱང་ཨོཾ་དང་ཕྱག་འ་ཚལ་སྦྱོར་བར་ལྡན།། ཧཱུཾ་དང་ཕཊ་དག་མངོན་སྤྱོད་བྱ་པ་ལ།། ཨོཾ་དང་སྭཱ་ཧཱུ~ཾ་ཞེས་པས་ཞི་བ་བྱོ།། ཐོག་མ་ཨོཾ་དང་བཅས་པ་རྒྱས་པ་ལཀ། ཧཱུཾ་དང་ཕཊ ་གཉིས་དག་སྦྱོ་བྷཱུ་སྱཱ།། བར་དུ་མིང་བཅུག་བསྒྲུབ་དུ་བྱ་བ་ཡིམ།། དེ་ལྟར་གསུང་སྡུག་ཀྵྨཱི་དབྱེ་བས་བྷི་བ་དང་། རྒྱུས་པ་དང་།། མངོན་སྤྱོད་ལ་སོགས་པའི་ལུས་ཀྱི་དབྱེ་བས་གསུངས་པ་ཡིན་པར་ཤྭེ་བྷཱཙྪ། ་འོད། བཟླས་བརྗོད་ཀྱི་ཆོ་ག་བསྟན་པ་སྟེ་ལེའུ་བཞི་པའོ།། ། དེ་ལྟར་ཅི་རིགསོ་བ་དང་ཅི་འདོད་པས་བཟླས་བརྗོད་ཀྱི་ཆོ་གའི་རྗེསུ་སྤྱད་པ་སྒྲུབ་པ་ཉིད་ལསོ་སྔ་མ་བཞིན་དུ་བདག་ལས་ཀྱི་རྡོ་རྗེ་སེ་ར ་བྱས་ནས། བཅོམ་ལྡན་འདས་སྟོན་མཐའ་ཡས་པ་མངར་བ་དང་། སེམས་ཅན་མ་ལུས་པ་བསྒྲུབ་པ་མཛད་པའི་བྱང་ཆུབ་སེམས་དཔའ་རྣམས་བྱས་མོ་ལ་ཅི་འབྱོར་པའི་མཆོད་པ་བྱའོ།། དེ་ནས་ཐལ་མོ་སྦྱར་བ་དང ་བཅས་པས་པས་སྡེ་མ་བཞིན་དུ་འམ། དེ་ནས་གཞན་པའི་ཡང་དག་པའི་སྟོན་ཡོངསུ་སྒྲོགསོ་པ་ལས་འབྱུང་པོའི་བོསྟོང་པས་བསྟོད་ཅིང་མཆོད་པས་དེ་རྣམས་ཀྱི་ཡོན་ཏན་ཡོངསུ་བསྒྲགས་པར་བྱའོ།། དེ་ནས ་ལྟར་བྱས་པའི་དགེ་བའི་རྩ་བ་རྣམས་ཡོང་སུ་བསྔོ་བར་བྱའོ།། དེའི་སྦྱོར་བ་ཡང་འདི་ཡིན་ཏེ། འདི་ལྟར་སངས་རྒྱས་བཅྡོཾས་རྣམས་ཀྱིས་བླ་ན་མེད་པའི་ཡོངསུ་བསྔོ་བ་མཁྱེན་ཅིང་ཐུགས་ཆུང་ཀྱི་དེ་བཞིན་དུ།། བདག་གི ་བསོད་ན་པས་མ་ཨུ་ས་སེམས་ཅན་གྱི་ཁམས་མི་ལུས་པ་འཁོ་པོའི་རྒྱ་མཚོ་ལས་བསྒྲལ་བ་ཐོབ་ཀྱེ་ཞིང་། དེ་བཞིན་གཤེགསོ་པ་ཉིད་དང་། གཞན་གྱི་ཕུན་སུམ་ཚོགས་པ་བྲ་ན་མང་བའི་གནས་ཚིན་ཚ་ལ་། ་བཞག་པར་བྱའོ།། ཇི་སྲིད་འགྲོ་བ་མ་ལུས་པའི་དོན་བྱེད་པའི་སངས་རྒྱས་ཉིད་ལ་ཡང་དག་པར་འགྲུབ་པར་མ་གྱུར་པ་དེ་སྲིད་ཀྱི་བྱར་དུ། ཚེ་རབས་དེ་དང་དེ་དག་ཏུ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི ་སྤྱིར། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་གཞན་མི་བྱེད་པར་རྒྱུན་དུ་བདེ་བ་དང་ཡིད་བདེ་བའི་རྗེསུ་འགྲོ་བས་དེ་དག་གིས་ཡོངསུ་རྫོགས་པར་བགྱིའོ།། དེ་བསྒྲུབ་པ་དང་རྗེསུ་མཐུན་པའི་བདག་ཉིད་ཀྱིས་དངོས ་པོ་དང་ཕྱི་ནང་གི་འབྱོར་པ་རྣམས་ཀྱང་ཁ་ན་མཐོ་བ་མེད་ཅིང་ཡོན་ཏན་རིན་པོ་ཆེ་སྣ་ཚོགས་ཀྱིས་རྣམ་པར་བརྒྱན་པ་དང་། མངོན་པར་འདོད་པའི་ཕུན་སུམ་ཚོགས་པ་ཐ~ཾད་རྒྱུན་མི་འཆད་པར་རྣམ་པར་འཕེལ་བར་གྱུར ་ཅིག། དེ་ལྟ་བུའི་སྨོན་ལམ་མདོར་བསྡུས་པ་ཡིན་ཏེ། རྒྱ་ཆེར་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་སྨོན་ལམ་འམ། ཐེག་པ་ཆེན་པོའི་མདོ་སྡེ་ལས་གསུངས་པའི་སྨོན་ལམ་གཞན་དག་ལྔ་ཉིན་དང་མཚན ་དུ་བཟླ་བར་བྱའོ།། ཡང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་མཁྱེན་པ་དེ་བཞིན་དུ་བདག་ཀྱང་སྨོན་ལམ་འདེབས་པར་བྱའོ་ཞེས་སྨོན་པར་བྱའོ།། དེ་ནས་ཨརྒྷ་བླངས་ལ་སྤྱི་བོར་ཐལ་མོ་སྦྱར ་བཞག་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དག་པའི་སྟོན་ལས་བྱུང་བའི་ཕྱག་འཚལ་བར་བྱ་སྟེ། ཉེས་པ་ཐ~ཾད་བྲལ་བ་གང་།། ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་ཅིང་།། གཅིག་ཏུ་འགྲོ་བའི་དོན ་མཛད་པ།། སྲས་བཅས་མགོན་ལ་ཕྱག་འཚལོ།། དེའི་འོག་ཏུ་འདི་སྐད་ཅེས་གསོལ་པ་གདབ་པར་བྱ་སྟེ།། མགོན་དང་བྱང་ཆུབ་སེམས་དཔའ་རྣམས།། ཐུགས་རྗེ་ཅན་གྱིས་བདག་བྱིན་པརླབས།། ཐེག་པ་ཆེན་ལས ་མཱི་ཉམས་ཤིང་།། ཁྱད་པར་དུ་ཡང་འགྲོ་བ་དང་།། སླར་ཡང་བདག་ལྱ་ཕན་མཛད་པར།། རྗེ་སུ་གཟུང་བར་དགོངས་ནསྣ་ནི།། མགོན་པོ་རིག་དང་སྔགས་བཅས་པར།། ཅི་བདེ་བར་ནི་གཤེགས་གསོལ།། ཡ་དམ ་ཚིག་གི་ཕྱག་རྒྱ་སྤྱི་བཽར་བཅིངས་ལ། གྱེན་དུ་བསྟོད་པ་དང་བཅས་དགྲོལ་བར་བྱའོ།། དེ་ལྟ་ནཾ་སྔ་བཤད་པའི་དམ་རླིག་གི་དབྱང་གིས་བཞུགས་པ་ཐ~ཾང་ཤིན་ཏུ་སྦྱངས་པ་བྱས་པར་འགྱུ་རོ།། ཇི་ལྟར་རྣམ་པར ་བཞག་པོའི་བསྲུང་བའི་ཕྱག་རྒྱ་རྣམས་ཀྱང་ཡིད་ཀྱིས་དགྲོལ་བར་བྱའོ།། དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱས་བདག་ཉིད་དེའི་ངོ་བོ་ཉིད་ཡིན་པར་བྱིན་གྱིས་བརླབས་ལ། བྱང་ཆུབ་སེམས་དང་ལྡན་པའི་ཕན་པའི་བློས ་རྡོ་རྗེ་སེམས་དཔའོ་ངོ་བོ་ཉིད་དུ་དེའི་སྔགས་དང་ཕྱག་རྒྱུས་བྱིན་གྱིས་བརླབ་པར་བྱའོ།། ཡཱ་ན་བཟླས་བརྗོད་ཀྱི་མཐར་ཕྱག་རྒྱ་གསུམ་དང་བྱིན་གྱིས་བརླབ་པ་ཉིད་ཀྱི་བཟླས་བརྗོད་ཉེ་བར་བསྡུ་བའི་ཆོ་ག་འདི་ཐཾད་ཡོངས ་སུ་རྫོགས་པར་འགྱུར་བས་དེ་འབའ་ཞིག་བྱའོ།། སྤྱི་བོར་ཡང་སྔ་མ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱི་ཡི་གེ་རྣམ་པར་དགོད་པ་དང་རྡོ་རྗེ་གོ་ཆ་བགོ་བར་བྱའོ།། དེ་ལྟར་སྦྱོར་བ་བྱས་པས་རྡོ་རྗེ་སེམས་དཔའ་ཉིད་ལས་གང ་དུ་ཡང་ཉམས་པ་མེད་པར་འགྱུར་རོ།། དེ་ལྟ་བུ་དང་ལྡན་པ་གང་ཡིན་པ་དེ་དག་ནི་གང་ཞིག་འདི་མཐོང་བ་དང་རེག་པ་དང་དེ་དང་ལྷན་ཅིག་སྨྲ་བ་དེ་ཐམས་ཅད་རྫོགས་པའི་བྱང་ཆུབ་ཏུ ་ངེས་པར་འགྱུར་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་འགྱུར་བ་ཡིན་ཞེས་བཅོམ་ལྡན་འདས་དེ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་གསུངསོ།། དེ་ནས་དགེ་བའི་རྩ་བ་ཁྱད་པར་ཅན་གྱི ་བྱ་བ་འདྲོད་པའི་སེམས་ཀྱིས་ལངས་ལ་ཤིན་ཏུ་དབེན་པའི་ས་ཕྱོགསུ་མེ་ཏོག་གི་ཆལ་པ་བཀྲམ་པར་བདག་ཉིད་འཇིག་རྟེན་དབང་ཕྱུག་གི་ངོ་བོ་ཉིད་དུ་དེའི་ཡི་གེ་འམ་དེའི་ཕྱག་རྒྱས་བྱིན་གྱིས་བརླབ་པ་འམ། ་སྡོ་མ་བཞིན་དུ་དེ་བཞིན་གཤེགས་པར་བྱིན་གྱིས་བརླབ་པ་བྱས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཟབ་ཅིང་རྒྱ་ཆེན་པོ་ལ་འཇུག་བྱར་བྱེད་པའི་མདོ་སྡེ་རྣམས་ཆོས་ཀྱི་སྦྱིན་པོ་བྱ་བ་ལ་དགའ་བའི་བསམ་པས ་ཉན་པ་པོ་རྣམས་སྤྱན་དྲངས་ཀླག་པར་བྱའོ།། དེ་བཞིན་གཤེགས་པ་ཐ~ཾད་ཀྱི་ཆོས་ཀྱི་གཟུགས་ཅནྡ་ནི་འཇིག་རྟེན་དབང་ཕྱུག་ཡིནོ་ཞེས་དོན་དམ་པའི་ཚུལ་དགེ་ལས་གསུངས་པ་དང་། གང་ཕྱིར་བཅོམ་ལྡན་འདས ་དེ་བཞིན་གཤེགས་པ་ཡང་ཆོས་ཐམས་ཅད་ཀྱི་དབང་ཕྱུག་ཡིན་པས་དེ་གཉིས་གང་ཡང་རུང་བའི་ངོ་བོ་ཉིད་དུ་བྱིན་གྱིས་བརླབ་པ་ནི་ཆོས་ཀྱི་སྦྱིན་པ་བྱེད་པའི་དུསུ་བྱ་བ་ཡིན་པར་ཤེས་པར་བྱའོ།། དེ་ལ་འདི་ནི ་འཇིག་རྟེན་དབང་ཕྱུགཱ་གི་ཡི་གེ་ཡིན་ཏེ། ན་མཿས་མནྟ་བུདྡྷཱ་ནཱཾ། ས། འདིའི་སྒྲའི་དེ་ཁོ་ནཱ་ཉིད་ནི་ཆོས་ཐམས་ཅད་འདུ་བ་དང་དམིགསུ་མེད་པའོ་ཞེས་མངོན་པར་སྒྲ་སྒྲོགས་པའོ།། ཞེས་བསམ་པར་བྱའོ།། འདིའི་ཕྱག་རྒྱ་ནི ་ལག་པ་གཉིས་གཅིག་ཏུ་སྦྱར་ཏེ། དྲིལ་བུ་ལྟ་བུར་བྱས་ནི་སཾ་བཱརྐྱང་ལ་མཐེ་བོང་གཉིས་དང་མཐེ་ཆུང་གཉིས་གཱཙེག་ཏུ་སྦྱར་བ་ནི་པདྨའི་ཕྱག་རྒྱའོ།། འདིའི་སྔགས་ནི། ན་མཿས་མནྟ་བུདྡྷཱ་ནཱཾ། སརྦ་ཏ་ཐཱ་གཽ་ཏ་ཨཱཾ ་བ་ལོ་ཀི་ཏ་ཀཱ་རུ་ཎ་མ་ཡ་ར་ར་ར་ཧཱུཾ་ཛཿསྭཱ་ཧཱ། ཇི་སྐད་བཤད་པའི་ཡོ་གེ་དང་ཕྱག་རྒྱ་འདྲི་དང་སྦྱར་བར་བྱའོ།། སྤྱི་བོར་ཆོས་ཀྱི་དབྱིངས་ཀྱི་ཡི་གེའི་སྙིང་པོ་དགོད་པར་བྱས་ལ། དམ་པའི་ཚེས་ཀྱེང་ཅི་ནུས་པར་ཀླགས ་ནས་གཞན་ཡང་མཆོད་རྟེན་གྱི་ལས་དང་དཀྱིལ་འཁོར་གྱི་ལས་ལ་སོགས་པ་བྱས་ཟིན་པ་དང་། དེ་ནུས་ལངས་ལ་བྱ་བ་ཅུང་ཟད་གང་ཅི་ཡང་རུང་བ་རྫོགས་པར་བྱས་ནས། སློང་བས་བསླང་སྟེ་ཐོབ་པ་འམ་སྦྱིན ་བདག་གམ་དགེ་འདུན་ལས་ཇི་ལྟ་བ་བཞིན་རྙེད་པའི་ཁ་ཟས་ཉ་ང་ཤ་དང་སྒོག་པདྨ་རི་སྒྲོག་པ་དང་། སྒོག་བཙོང་དང་། ལ་ཕུག་དང་། ལྷ་ལ་སོགས་པ་ལ་ཕུལ་བའི་ཟོས་དང་། དེ་བཞིན་གཤེགས་པ་ལྔ་ཕུལ་བའི་ལྷ ་བཤོས་དང་། གང་གཞན་དག་ཀྱང་ལྷག་མར་གྱུར་པ་དང་། རྙིངས་པ་དང་། ཁ་དྲི་མི་ཞིམ་པའི་རྒྱུར་འགྱུར་བ་ཆང་ལ་སོགས་པའི་བཟའ་བ་དང་བཏུང་བའི་བྱ་བ་སྤངས་ལ་རང་གི་ལྷ་ལ་ཟས་ཀྱི་ཕུད་ཅི་རིགས་པར ་སྔོན་དུ་ཕུལ་ལ་འབྱོར་བ་ནཱི་ཡོད་པ་ལས་བློ་བུར་དུ་ལྷགས་པ་རྣམས་ལ་ཅི་རིགས་པར་བགྲོ་བུ་ཤད་བྱ་སྟེ། ཤིང་རྟའི་མིག་བསྐུ་བ་དང་འདྲ་བར་ཕན་ཚུན་རྒྱུ་རྐྱེན་ལས་བྱུང་བའི་རང་གི་ལུས་གནས ་པབཔར་བྱ་བའི་ཕྱིར་དགའ་བྱའི་སེམས་དང་ཆོས་ཀྱི་དབྱིངས་ཀྱི་ཡི་གེས་ཡང་དག་པར་སྦྱངས་ལ། བདག་ཉིད་ལས་ཀྱི་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ནས་ཟས་ལ་སྤྱད་པར་བྱའོ།། ན་མཿས་མནྟ་བུདྡྷཱ་ནཱ། ཨོཾ་བཾ་སྭཱ་ཧཱ། འཕག ་པ་རྡོ་རྗེ་འཛིན་པའི་འོ།། སྟོབས་སྦྱིན་པའི་རིག་པ་ལན་བརྒྱད་མངོན་པར་བཟླ་བར་བྱའོ།། ན་མཿས་མནྟ་བུདྡྷཱ་ནཱཾ། བོ་དྷི་སཏྭཱ་ནཱཾ། ཨོཾ་བ་ལིནྟི་ཏེ་ཛོ་མཱ་ལི་ནི་སྭཱ་ཧཱ། དེ་ནས་སྔ་མ་བཞིན་དུ་རང་གི་ལྷག་པའི་ལྷའི་སྦྱོར་བས་གནས་ལ ་ཟས་ཀྱི་བྱ་བ་རྫོགས་པ་དང་། ལྷག་མའི་ཆང་ཟན་དང་ལྷུང་བཟེད་ཀྱི་ལྷག་མ་རྣམས་དེ་དོན་དུ་གཉེར་བ་རྣམས་ལ་བྱིན་ལ་ལྡང་བར་བྱའོ།། ཁ་ཟས་ཀྱི་ལྷག་མའི་ཆང་ཟན་ལ་ཡང་ལས་ཐམས་ཅོད་པའི་སྙིང་པོའི ་དོན་ཡོད་པའི་གཏུམ་པོས་མངོན་པར་བསྔགས་པའི་འཕགས་པ་མི་གཡོ་བ་ལ་དབུལ་བར་བྱཱ་སྟེ། དེ་ལྟར་བྱས་པས་ཡོངསུ་མེཉེས་ཤིང་རྗེསུ་འབྱུང་བར་བྱའོ།། ན་མཿས་མནྟ་བཛྙཱ་ནཱཾ། ཏྲཏ་ཨ་མོ་གྷ་ཙཎྜ་མ་ཧཱ་རོ་ཥ་ཎ ་སྥོ་ཊ་ཡ་ཧཱུཾ་ཏྲ་མ་ཡ་ཏྲ་ཏོ་ཧི་མཾ། དེ་ནས་ཟས་ལ་སྤྱད་ཟིན་པ་དང་། ཅུང་ཟད་ངལ་བསོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱ་བ་ལ་སོགས་པོ་དང་།། སྡིག་པ་བཤགས་པ་ལ་སོགས་པ་སེམས་རྣམ ་པར་དག་པར་བྱེད་པའི་རྒྱུ་རྣམས་ཀྱང་དེ་བཞིན་དུ་ལེགས་པར་བྱས་ནས། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་ཀུན་དགའ་ར་བྱར་གནས་པར་བྱའོ།། དེ་ནས་ཕྱི་དྲོའི་དུསུ་སྔ་མ་བཞིན་དུ་བཟླས་བརྗོད་བྱས་ལ། མཚན་སྟོད་སྨད་ལ་ནི ་ཐེག་པ་ཆེན་པོ་སེམས་པ་ལ་སོགས་དང་མངོན་པར་ལྡན་པོ་ཉིད་དུ་བྱའོ།། དེའི་བར་གྱི་དུས་ལ་ནི་ལས་ཀྱི་རྡོ་རྗེ་རྡོ་རྗེ་ཆེན་པོའི་གོ་བགོས་པོར་གྱུར་པར་བྱས་ལ། ཁྲི་མེད་པའི་མལ་དུ་སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་ཐམས་ཅད་ལ་ཡན་ལགྲ་ཐམས་ཅད་བཏུད་པས་ཕྱེག་བྱས་ལ། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར། ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་སྨོན་པ་མངོན་སུམ་དུ་བྱས ་ཏེ། རང་གི་ལུས་དེ་བཞིན་གཤེགས་པའི་གཞིར་གྱུར་པའི་འོས་སུ་བྱ་བའི་ཕྱིར་ཁམས་མཉམ་པ་ཉིད་དུ་བསྒྲུབ་པར་བྱའོ་ཞེས་ཡིད་ལ་བྱས་ལ་ཉལ་བར་བྱའོ།། གཉིད་ཀྱི་དདྲེ་བ་ལ་ཆགས་པར་བྱ་བའི་ཕྱིར། ་མ་ཡིན་ཏེ། དེ་ལྟ་བུས་དང་སྣོར་གློ་གཡས་པ་ཕབ་ནས་ཉལླ་བར་བྱ་སྟེ་ཕྱིསཱི་ནི་ཙོ་བདེ་བར་བྱའོ།། ཉལ་ནས་ཀྱང་མཱུརཱི་དུ་སྲང་པོར་བྱ་བའི་ཕྱིར་སྣང་བའི་འདུ་ཤེས་ཡོད་ལ་བྱ་བ་ལ་སྔོན་དུ་འགྲོ་བའི་ཡིད་དུ་བྱའོ།། ། ་དེ་ཕྱི་དེ་ཉིད་གསང་སྔགས་ཀྱི་སྒོའི་བྱང་ཆུབ་སེམས་དཔའི་སྤྱད་པོ་སྤྱོད་པའི་བྱང་ཆུབ་སེམས་དཔས་སྤྱོད་པ་དེ་ཉིད་ཀྱི་ཆོ་གའི་རྒྱུནི་མི་འཚེད་པས་གསང་སྔགས་མཉེས་པར་བྱ་བ་དང་རབ་ཏུ་ལྡན་པ་ཡིན་པོར་བྱའོ།། ། ་གྲངས་དང་དུས་དང་མཚན་མ་ལ་སོགས་པ་ཇི་ལྟར་སྔོན་དུ་སྤྱད་པའི་ཁྱད་པར་རྣམས་ལ་ཆོ་ག་ཇི་བཞིན་གསུངས་པ་བཞིན་མ་ལུས་པར་རྫོགས་པར་བྱ་བར་བདག་གིས་མི་ནུསོ་ཞེས་སྐྱིད་ཞན་ཅིང་འཁུམ ་པར་མི་བྱའི། སྟོབས་ཅི་ཡོད་པས་མངོན་པར་བརྩོན་པར་བྱ་སྟེ། ཆོ་ག་བླ་མེད་པ་འདི་ནི་དོན་ཡོད་པ་ཡིན་པས་སེམས་ཅན་ལ་ཕན་པའི་སེམས་དང་ཇི་ལྟ་བ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཅི་ནས་ཀྱང་མཉེས ་པར་བྱས་ནས་ཤིན་ཏུ་ཕུལ་དུ་བྱུང་བའི་བདེ་བའི་རྒྱུར་འགྱུར་བ་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱའོ།། གཉིས་པོ་འདི་ནི་ཡོངསུ་སྤང་བར་མི་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བདག་པོར་ལྟ་ཞིང་ཉེ ་བབོན་པའི་སེམས་དང་། འགྲོ་བོ་མ་ལུས་པ་ཡོངསུ་བསྒྲུབ་པར་བྱ་བའི་ཕྱིར་ཡང་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་ཉིད་དུ་རྒྱུན་དུ་ལྡན་པས་ངེས་པར་རྗེ་སུ་མཐུན་པའི་དངོས་གྲུབ་ཐོབ་པར་འགྱུ ་བུར་ཤེས་པར་བྱའོ།། ཆོ་ག་འདི་ལྟ་ནི་ནང་གི་བདག་ཉིད་ཀྱི་གཙང་སྦྲ་གཙོ་བོར་གྱུར་པ་ཡིན་པས་ཕྱིའི་གཙང་སྦྲ་ལ་མངོན་པར་ཞེན་པར་མི་བྱའོ།། བཟའི་བ་མ་ཡིན་པ་ཟོས་པ་དང་ཕྱག་དེར་དང་ལྷག་མཾ་དང་འདྲེས་པའི ་སོགས་པའི་རྟོག་པ་ཡང་མི་བྱའོ།། ལུས་བདེ་བར་གནས་པར་བྱ་བའི་ཕྱིར་ཕྱི་རོལ་གྱི་ཁྲུས་དང་གཙང་སྦྲ་ལ་སོགས་པའི་རིམ་པ་ཅི་རིགས་པོར་རྗེས་སྤྱད་པར་བྱའོ།། ཁྲུས་ཀྱི་ཆོ་ག་ཆུ་བོ་སྩོགས་པར་བྱེད།། ཕྱག་རྒྱ་སྔག ་ཀྱི་གོ་རིམས་ལྡན་པར་བྱ།། དང་པོར་དམ་ཚིག་ཅེས་བྱའི་ཕྱག་རྒྱ་དང་།། ཕྱག་རྒྱ་གསུམ་པོ་སྔགས་བཅས་གང་ཡིན་ཅིང་།། ར་ཡི་སྦྱོར་བས་ཆུ་ཡི་གནས་སྦྱང་ཞིང་།། མི་གཡོ་མངོན་དང་འཇིག་རྟེན་གསུམ་འདུལ་བའི།། དེའི ་སྔགས་ཕྱག་རྒྱས་ཕྱོགས་སོགས་བཅིང་བ་ནི།། དེ་ཉིད་རང་བཞིན་བསྒོམ་པའི་སྔགས་པས་བྱ།། ལན་གསུམ་བཟླས་པའི་ས་དྲབོ་ཁྲུས་བྱས་པ།། རྟག་ཏུ་རྗེས་འཇུག་སེམས་ནི་ཡིད་ལ་བྱ།། ཡང་ན་མི་གཡོའི་སྔགས་རྒྱལ ་རྗེས་དྲན་ལྀ།། མཁྲོས་པས་མི་སྨྲ་བ་ར་ནཱི་ཁྲུས་བྱས་ཏེ། ན་མཿས་མནྟ་བུདྡྷ་ནཱི། རཾ། ནྡོས་ཀྱི་དབྱིངས་ཀྱི་ཡི་གེའོ།། ཕྱག་རྒྱ་ནི་རལ་གྲི་ཉིད་དོ།། ན་མཿས་མནྟ་བུདྡྷཱ་ནཱཾ། ཧཱུཾ། འཕགས་པོ་མི་གཡོ་མགོན་གྱི་སྟེ་ཕྱག་རྒྱ་ནི ་སྟེར་བཤད་པཱ་ཉིད།། ན་མཿས་མནྟ་མཛྙཱ་ཎཱཾ། ཧོ། ཁམས་གསུམ་རྣམ་པ་འི་རྒྱལ་བའིའོ།། འདིའི་སྒྲའི་དེ་ཁོ་ན་ཉིད་ནི་བཻ་ཤད་མ་ཐུག་པ་ཉིད་ཤེས་པར་བྱའོ།། འདིར་ཕྱག་རྒྱ་སྔར་བཤད་པའི་རྡོ་རྗེ་རྩེ་ལྔ་པའོ།། ་འདིའི་སྔགས་ནི། ན་མ་ས་མནྟ་བཛྲཱ་ཎཱཾ། ཧི་ཧ་ཧ། བིསྨཱ་ཡེ་སརྦ་ཏི་ཐཱ་ག་ཏ་བི་ཥ་ཡ་སམྦྷ་བ་ཏྲཻ་ལོཀྶཾ་བཱི་ཛྙཱ་ཡ་སྭཱཧཱ།། ཁྲུས་བྱས་ཉེ་རེག་བྱས་ནས་སླར་ཡང་དམ་ཚིག་སྩོགསོ།། རྨྱ་བཅིངས་སྔགས་ཀྱི་སྦྱོར་བས་མགོ། ་ལ་སོགས་པར་བཞག། སངས་རྒྱས་སྲས་དང་དགེ་འདུན་མ་ལུས་མཐར་ཐུག་པ།། བསམས་ལ་ཆུའི་སྦྱོར་བ་གསུམ་ནི་དབུལ་བར་བྱ།། འགྲོ་ལ་ཕན་ཕན་པའི་སྔགས་པ་མཆོག་གཞོལ་སངས་རྒྱས་དང་།། བྱང ་ཆུབ་སྲས་རྣམས་རྣམ་དག་ཡིད་ཀྱིས་ཕྱག་བྱས་ལ། འདོད་ཆགས་ལ་སོགས་རྟོག་དང་བྲལ་བའི་ཡིད་ཀྱིས་ནི།། དུལ་བར་ལྡན་པས་གནས་དེ་ཉིད་དུ་འགྲོ་བར་བྱ།། གནས་དེ་ཉིད་དུ་བརྗོད་པ ་ཇི་བཞིན་རབ་བྱ་ཞིང་།། སྔར་བ་ཤྲདྱ་ཆོ་ག་དེ་ཡིས་སེམས་ནརྀ་འདུལ་བར་བྱ།། ལྐོག་མ་བྲང་དང་ལྟེ་བ་རྐེདདྲ་བ་ཙམ་བསྟེན་པ།། མཆོག་དེང་འབྲིང་དང་ཐ་མའི་གནས་ནི་ཐོབ་པར་འགྱུར།། གང་ཚེ་ལྷའི་ཆོ་གས ་རབ་ཏུ་ཞུགས་གྱུར་པ།། སྡིག་པའི་ཚོགས་ཀུན་རྣམ་པར་འཇིག་པར་བྱས་ནས་ནི།། ཐམས་ཅད་མཁྱེན་ཉིད་གནས་ཐོབ་ཚོགས་ནི་ལེགས་བསགས་ཕྱིར།། བགེགས་རྣམས་ངེས་བཅོམ་སྔགས་ཀྱི་དངོས་གྲུབ ་མྱུར་དུ་ཐོབ།། དེ་ནས་འཇིག་རྟེན་པའི་སྒྲུབ་པ་རྒྱུད་གཞན་ལས་བསྟན་པ་ཡང་དག་པར་བླངས་ལ། སྒྲུབ་པའི་ཆོ་ག་ཇི་ལྟ་བ་བཞིན་དུ་ཉེ་བུར་གཟུང་ནས་དེ་བརྩམ་པར་བྱའོ།། འཇིག་རྟེན་པ་ཉིད་ནི་འདིར་མཚན་མ་དང ་བཅས་པའི་ཆོ་ག་སྟེ། གང་མཚན་མ་དང་བཅས་པ་དེ་ནི་འཇིག་རྟེན་པའོ།། ཞེས་རྒྱུད་གཞན་ལས་གསུངས་པའི་ཕྱིརོ།། འདྲི་ནི་འདིར་གཙོ་ཆེར་མཚན་མོ་ཅན་གྱི་ཆོས་ལ་ལྷག་པར་མོས་པའི་འགྲོ ་བ་ལ་བལྟོས་ནས་གསུངས་པ་ཡིན་ནོ།། གང་ཡང་ཏིང་ངེ་འཛིན་འདིར་གཏོགས་པའི་མོས་པའི་ཁྱད་པར་དེ་རྣམས་ལ་ནི། དེ་ལ་ལྷག་པར་མོས་པའི་ཡིད་ལ་བྱེད་པ་བསྒོམ་པ་སྔོན་དུ་འགྲོ ་བའི་སྔོན་དུ་བསྙེན་པའི་ཆོ་ག་དང་། སྒྲུབ་པའི་ཆོ་ག་ནི་དངོས་གྲུབ་ཀྱི་ལེའུ་དང་། འཇིག་རྟེན་ལས་འདས་པའི་ལེའུ་ལཱས་ཅི་རིགས་པར་གསུངས་པ་ཡིན་པར་ཤེས་པར་བྱའོ།། དེ་ལས ་ཀྱང་དེ་ཁོ་ན་ཉིད་ལ་ལྷག་པར་མོས་པའི་ཡིད་ལ་བྱེད་པས་ཀྱང་། བྱེཟླས་བྲཱཙྪེད་ཀྱི་བྱ་བའི་ཡན་ལག་མི་དམིགས་པའི་ཕྱིར་འཇིག་རྟེན་ལས་འདས་པའི་བཟླ་པ་ཡིན་པཱུཪྻ ་འདོའིདེའི་ཉེ་བར་གདགས་པས་དེ་རྟོགསོ་པར་བྱེད་པའི་ཐབས་ཡིན་པའི་ཕྱིར་རོ།། རྣམ་པར་སྣང་མཛད་ཆེན་པོ་མངོན་པར་བྱང་ཆུབ་པ་དང་འབྲེལ་བའི་མཆོད་པའི་ཚེ ་གྲཝ། སློབ་དཔོན་དཔལ་བཟང་རབས་དགས་མཛད་པ་སོ་སྷོ།། ། རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་བརླ་དོང་ཞུ་ཆེན་གྱི་ལོ་ཙ་བཱ་དགེ་སློང་རིན ་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕ་བ་ལའོ།། །། བཀྲ་ཤིས ་