CLOSE WINDOW

GT1490: rnam par snang mdzad mngon par rdzogs par byang chub pa'i rgyud kyi bsdus pa'i don
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། བཻ་རོ་ཙ་ནཱ་བྷི་སམྨེ་དྷི་ཏནྟྲ་པིརྞྞ ་རྨ། བོད་སྐད་དུ། རྣམ་པར་སྣང་མཛད་མངོན་པར་རྫོགས ་པར་བྱང་ཆུབ་པའི་རྒྱུད་ཀྱི་བསྡུས་པའི་དོན། བམ་པོ་དང་པོ།། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་ཅན་ལ་ཕྱག་འཚལ་ལོ།། གང་ཞིག་ཉིད་ཀྱི་སྐུ་གསུང་ཐུགས་བཅས་པའི།། ཚོགས ་ཟད་མི་ཤེས་རྣམས་ཀྱིས་འཇིག་རྟེན་གྱི།། སྐྱེ་རྒྱུད་རབ་ཏུ་ནི་མཛད་བདེ་གཤེགས་ལས།། འབྱུང་བའི་སྐུ་གསུང་སྩོལ་མཛད ་བྱང་ཆུབ་ཕྱིར།། རྡོ་རྗེ་ཅན་དང་རྒྱལ་བའི་སྲས་རྣམས་ཀྱིས།། བསྟེན་བྱ་རྣམ་པར་སྣང་མཛད་དང་ནི།། དེའི་སྐུ་གསུང་ཉིད་ལའང་ཕྱག་འཚལ་ནས།། རྣམ་སྣང་མཛད་རྒྱུད་བསྡུས་པའི་དོན ་བསྡུས་བཤད།། དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཐུགསུ་ཆུད་པར་མཛད་ནས། གདུལ་བྱ་རྣམས་དེ་ཁོ་ན་ལ་གཟུད་པའི་ཕྱིར ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དེ་དག་ཉིད་གསང་སྔགས་ཀྱི་སྤྱོད་པ་སྟོན་པར་བྱེད་པ་དང་། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་སྟོན་པར་བྱེད་པའི་མདོ་སྡེ་རྣམས་ཀྱིས ་བསྟན་ཏོ།། དེ་ལྟ་བས་ན་རྒྱུད་འདི་ནི་འདི་ལྟ་སྟེ། བསྡུས་པ་དང་རྒྱས་པ་དང་རྣམ་པ་གཉིས་ཀྱི་སྒོ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རང་གི་དོན་ཕུན་སུམ་ཚོགས་པའི ་དོན་སྷོ།། ལ་རྒྱས་པ་སྨོནས་ནི།། རྣམ་པར་སྣ་མཛ་མངོ་པ་རྫུག་གྱུང་ཆུ་བརྣམ་པ་སྒྱུ་བརྒྱན་གྱིས་ནུབ་པ་ཞེས་བྱ་བའི་མི་རྙན་ཀྱི་ཐམས་ད་སྟོན་པ་བྱེད་དུས་འགྲུས་པར་ཤེད་པ་ཡིན ་རྒྱས་པའི་སྒྲོ་ནས་ནི་རྣམ་པར་སྙིང་མཛད་ཀྱི་རྒྱུད་འདི་མཐའ་དག་གིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རང་གི་དོན་ཕུན་སུམ་ཚོགས་པའི་རྒྱུ་བངངོ་བོ་ཉིད་དང་། འབྲས་བུ་ཕུར་བུམ་ཚོགས་པ་གསུམ་གྱི་མཚན་ཉིད་ཅན་རབ་ཏུ་དབྱེ་བ་དང་། དེ་བཞིན་དུ ་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་ཕྱག་རྒྱ་དང་། དཀྱིལ་འཁོར་དང་། གསང་སྔགས་ལ་སོགས་པའི་མཚན་ཉིད་ཅན་བསྟན་པག་ས་དང་རབ་ཏུ་དབྱེ་བའི་སྒོ་ནས་བསྡུས་པར་བཞེད་པ་ཡིན་པར་བལྟའོ།། དེཡོ་གྱུར@ ་ཐུན་སུམ་ཚོགས་པ་འདི་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འགྲུབ་པའི་ལམ་གྱི་རིམ་པ་བསྟན་པའི་སྒོ་ནས་བརྗོད་པ་ཡིན་ནོ།། 9་པ་ཉིད་ཕུན་སུམ་ཚོགས་པ་ནི་མངོན་པར་རྫོགས་པར་བྱ་ཆུབ་པའི་མཚན་ཉིད་བསྟན་པའི་སྒོ་ནས ་ཡིན་མོ།། འབྲུས་རཱགས་བུ་ཕུན་སུམ་ཚོགས་པ་ནི་སྐུ་ལ་སོགས་པ་བཀོད་པ་མི་ཟུང་བའི་རྣམ་པར་སྤྲུལ་བའི་མཚན་ཉིད་བསྒྱུན་བྱའི་སྒོ་ནས་བརྗོད་པ་ཡིན་ནོ།། གཞན་ཀྱི་ངན་ཕུན་སུམ་ཚོགས་པ་ནི་བྷྲཱུཾ་ལ་སོགས་པ་མི་ཟད་པར་རྣམ་པར་སྤྲུལ ་དེ་ཉིད་ཀྱིས་ཁྱོད་གྱིས་པརློ་ས་ཀྱིས་ཕྱག་རྒྱ་དང་། གསང་སྔགས་དང་། དཀྱིལ་འཁོར་ལ་སོགས་པར་བརྟགས་པའི་སྒོ་ཐབས་དང་བཅས་པར་བརྗོད་པ་ཡིན་ནོ།། ས ་འཐམ་ས་ངས་ཐམ་། རྣམ་པར་སྤྲུལ་པ་འདི་ཕྱག་རྒྱ་དང་། གསང་སྔགས་ལ་སོགས་པར་བྱིན་གྱིས་བརླབས་པའི་སྒོ་ནས་གཞན་གྱི་དོན་དུ་བརྟགས་པ་དེ་ཡ་ངས་རྣམ་པ་ཉིད་ཤུ་རྩ་གཅིག་ཏུ་རིག་པར། ་བྱ་སྟེ། འདི་ལྟ་སྟེ། དཀྱིལ་འཁོར་གྱི་སློབ་དཔོན་གྱི་མཚན་ཉིད་བསྟན་པ་དང་། སློབ་མའི་མཚན་ཉིད་རྣམ་པར་དབྱེ་བུ་དང་། དཀྱིལ་འཁོར་གྱི་སའི་མཚན་ཉིད་དང་། ཡོངས་སུ་དག་པ་དང་། ཡོངས་སུ་གཟུང་བའི་མཚན་ཉིད་དང་། དངོས་པོ ་གསུམ་བསྟན་པ་དང་། སློབ་མ་སྟ་གོན་དུ་གནས་པའི་ཆོ་ག་བརྗོད་པ་དང་། དཀྱིལ་འཁོར་གྱི་ཐིག་བྲེ་བ་དང་། དེའི་རིམ་པ་དང་། དེའི་སྒོ་ཁྱུད་ཀྱི་མཚན་ཉིད་དང་། དངོས་པོ་གསུམ་རྣམ་པར་དབྱེ་བ་དང་། སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར ་དུ་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལུས་ལ་བཀོད་པ་དག་གིས་བཅོམ་ལྡན་འདས་ཀྱི་སྐུ་བཀོད་པ་མི་ཟད་པའི་བྱིན་གྱི་རླབས་བརྗོད་པ་དང་། ཡི་གེ་འཁོར་ལོ་ཡོངས་སུ་བསྐོར་བའི་དཀྱིལ་འཁོར་དུ་བཅོམ་ལྡན་འདས་ཀྱི་གསུང་བཀོད་པ་མི་ཟད་པའི ་བྱིན་གྱིས་བརླབས་སུ་གྱུར་པའི་ས་བོན་གྱི་ཡི་གེ་རྣམས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་དགོད་པ་དང་། གསང་བའི་དཀྱིལ་འཁོར་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་བཀོད་པ་མི་ཟད་པའི་བྱིན་གྱི་རླབས་སུ་གྱུར་པ་མེ་དང་རླུང་དང་། ས ་དོང་། ཆུའི་དཀྱིལ་འཁོར་ལ་གནས་པའི་ཕྱག་རྒྱའི་ཁྱད་པར་དག་གིས་དཀྱིལ་འཁོར་དེའི་ལྷ་རྣམས་དགོད་པའི་བྱེ་བྲག་བསྟན་པ་དང་། ཚོན་རྩི་དགྱེ་བའི་བྱེ་བྲག་བསྟན་པ་དང་། དཀྱིལ་འཁོར་བྲིས་ཟིན་ནས་དཀྱིལ་འཁོར་གྱི་ལྷ་རྣམས་བྱིན་གྱིས ་བརླབ་པའི་སྦྱོར་བ་བསྟན་པ་དང་། དེ་དག་ཉིད་ལ་བྱི་ན་ག་མཆོད་པ་བྱ་བའི་ཚ་པའ་ཡན་ལག་བསྟན་པ་དང་། སློབ་མ་གཟུང་བའི་ཆོ་ག་རྗོད་པ་དང་། དེ་དག་ཉིད་ལ་དམ་ཚིག་བསྒྲག་པའི་ཆོ་ག་བསྟན་པ་དང་། དེ་དག་དང ་བསྒྱུར་བའི་ཆོ་ག་བསྟན་པ་དང་། དྲི་བཞིན་དུ་ཚིག་སྔགས་འཛིན་དུ་གཞུག་པའི་ཆོག་བརྗིད་པོ་དང་། རིག་སྔགས་དང་། གང་སྡུགས་དང་། ཐརིག་རྒྱ་རྣམས་ཀྱི་ཁྱང་བ་རྗེས་པར་བསྟན་པ་དང་། བྱི་དང་ནང་གི་ཟླས་བརྗོད་ཀྱི་ཡན་ལག་བསྟན་པ་དང་། ་རིག་སྔགས་དང་གསང་སྔགས་ལ་སོགས་པའི་སྒྲུབ་པའི་དཀྱིལ་འཁོ་ལ་ཕྱོགས་པསྒྱུ་བའི་སནྡ་ལཱག་བསྙེན་པ་དང་། མཚན་མ་བདུན་པ་དང་། ཧཱུ~ཾ་རཱདྱ་གི་གྲུབ་པའི་མཚན་ཉིད་བརྗོད་པ་དང་། མེས་བྱེ་བ་ཆོག་བསྟན་པ་དང ་ཡན་ལག་རབ་ཏུ་དབྱེ་བ་བསྟན་པའོ།། དེ་ལྟ་བས་ནཱ་འདི་ལས་ནི་དངོས་པོ་འདི་རྣམས་ཀྱི་མཚན་ཉིད་རིམ་པ་དང་། བཟློག་པར་ལྡན་པ་དང་། རྒྱས་པར་བསྟན་པའི་སྒོ་ནས་བསྟན་ཏེ། དེའི་ཕྱིར་བློ་བཟང་པོ་རྣམས་དྲན་པ་བསྐྱེད་པའི་ཕྱིར་འདི་དག་གིས་བསྡུས ་པའི་དོན་ཅི་རིགས་པོར་མདོར་བསྡུས་ནས་རིམ་པར་བྱའོ།། དེ་ལ་མདོར་ན། རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བའི་མིང་འདིས་ནི་རྒྱུད་མཐའ་དག་གི་དོན་ཇི་ལྟར་བསྡུས་པ་དེ་བཞིན་དུ་འདིའི་མིང་བྱེ་བྲག་ཏུ་སྟོན་པ་ཡིན་ནོ།། ་གང་གི་ཕྱིར་གདུལ་བ་རྣམ་པ་གཉིས་ཡིན་པ་དེའི་ཕྱིར་ཁ་ཅིག་ནི་ཐེག་པ་ཆེན་པོ་ལ་སོགས་པའི་མདོ་སྡེ་ལས་བསྟན་པའི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པས་མངོན་པར་མཐོ་བོའི་མཚན་ཉིད་ལྷ་དང་མིའི་དཔལ་བསོད་ནམས་དང་ཡེ ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་སྔོན་དུ་འགྲོ་བ་ཉམ་སུ་མྱོང་བར་བྱས་ཏེ། རིམ་གྱིས་དཔལ་རྣམ་པར་སྣང་མཛད་ཀྱི་གོ་འཕང་འདོད་དོ།། གཞན་དག་ནི་རིག་སྔགས་དང་། གསང་སྔགས་མཉེས་པར་བྱེད་པའི་སྒོ་ནས་བསོད་ནམས་དང་ཡེ་ཤེས ་ཀྱི་ཚོགས་བསགས་ཏེ། དེའི་འབྲས་བུར་གྱུར་པ་ལྷ་དང་མིའི་དཔལ་ཉམས་སུ་མྱོང་བར་བྱས་ནས་རྣམ་པར་སྣང་མཛད་ཆེན་པོའི་གོ་འཕང་འདོད་དེ། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་རྣམས་ལ་དངོས་སུ་ཕན་གདགས་པའི་ཕྱིར་མདོ་སྡེའི་ཕ་རོལ་ཏུ་ཕྱིན་པའི ་པ་གཙོ་བོར་མཛད་པ་འཕགས་པ་ས་བཅུ་པ་དང་། དཀོན་མཆོག་སྤྲིན་དང་། བློ་གྲོས་མི་ཟད་པ་ལ་སོགས་པ་དག་དང་། དོན་ཟབ་ཅིང་རྒྱ་ཆེ་བ་གཙོར་མཛད་པ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་དང་། སྡོང་པོས་བརྒྱན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ ་སོགས་པ་དག་བསྟན་ཏོ།། གསང་སྔགས་ཀྱི་སྤྱད་པ་རྣམས་ལ་མོས་པ་ནི་ཁ་ཅིག་ལ་ཕན་གདགས་པའི་ཕྱིར་རྣལ་འབྱོར་གྱི་ལུགས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒྲུབ་པའི་རྣལ་འབྱོར་ལ་གོམས་པ་གཙེར་མཛད་ཅིང་རང་གི་ལྷག་པའི་ལྷ་མཉེས་པར་བྱ་བ་དང་། རྗེས་སུ ་མཐུན་པའི་ལུས་ལ་སོགས་པའི་སྤྱོད་པ་དང་། མཆོད་པའི་ཡན་ལག་གི་ཁྱད་པར་དག་ཅི་རིགས་པར་བྱེ་བྲག་ཏུ་བསྟན་པ། འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་ཕྱག་རྩ་དེ་རྒྱུད་དང་། དཔལ་མཆོག་དང་པོ་ལ་སོགས་པ་དག་བསྟན་ཏོ།། དེ་ལས་གཞན་པའི ་གདུལ་བ་དག་ལ་ནི་དད་པའི་སྒོ་ནས་བྱ་བའི་ལུགས་ཅན་གྱི་རྒྱུདབ་ཕྱིའི་བྱ་བའི་ཁྱད་པར་ཡང་དག་པར་བསྟན་པ་ཐབས་དང་ཤེས་རབ་ལ་གོམས་པ་གཙོར་མཛད་པ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པ་དག་བསྟན་ཏེ། འདི་ལྟར། འཕགས ་པ་དམ་ཚིག་གསུམ་གྱི་རྒྱལ་པོ་དང་། སྐུ་གསུམ་གྱི་གཙུག་ཏོར་དང་། ཕྱག་ན་རྡོ་རྗེ་དབང་བསྐུར་བ་ལ་སོགས་པ་དག་ཡིན་ནོ།། རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པའི་རྒྱུད་དོན ་དམ་པའི་ཚུལ་རབ་ཏུ་བསྒྲགས་པ་སྒྲུབ་པའི་སྦྱོར་བ་ཐབས་དང་ཤེས་རབ་ལ་གོམས་པ་སྔོན་དུ་འགྲོ་བ་ཡང་དག་པར་བསྟན་པ་ཕྱིའི་གཙང་སྦྲ་སྤྱོད་པ་ལ་སོགས་པའི་སྒྲུབ་པ་རྣམ་པར་དམད་པ་དོན་དམ་པའི་རྣལ་འབྱོར་ལ་གོམས་པའི་རྒྱུར་གྱུར་པ་བསྟན་པ་འདི ་ཡང་གདུལ་བའི་སྐྱེ་བོ་བྱ་བའི་རྒྱུད་ཀྱི་ལུགས་དེ་ལྟ་བུ་ལ་མོས་པ་དག་གཟུང་བའི་ཕྱིར་བྱ་བའི་རྒྱུད་དོ་ཞེས་བསྒྲག་སོ།། གསང་ད་སུ་མ་ལྟར་སྔགས་ཀྱི་ལུགས་ལ་མོས་པོ་རྗེས་མ་བྱེད་གདུལ་བ་དེ་དག་ཀྱང་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། མགོ་སྨོས་པས་གོ་བ་དང་། ་རྣམ་པར་བྱེ་བས་གོ་བ་དང་། ཆོག་ལྷུར་ལེན་དམ་མི་ས་པའོ།། དེ་ལ་ཤེས་རབ་ཤིན་ཏུ་རྣོ་བ་དང་། ཐེག་པ་ཆེན་པོ་ལ་སོགས་པའི་ཆོས་ཆེར་གོ་བ་དང་ལྡན་པ་དག་ནི་ཚིག་དང་ངག་མདོར་བསྡུས་པས་ཀྱང་མགོ་སྨོས་པའི་དོན་གྱིས་རིགས་ཀུན་ཤེས་བྱར ་ནུས་པས་མགོ་སྨོས་པས་གོ་བ་ཞེས་བྱ་བའོ།། ཤེས་རབ་འབྲིང་དང་ཐེག་པ་ཆེན་པོ་ལ་སོགས་པའི་ཆོས་འབྲིང་དུ་གོ་བ་དང་ལྡན་པ་དག་ནི་ཚིག་དང་ངག་རྣམ་པར་ཕྱེ་བའི་དོན་འཛིན་པ་ནུས་པས་རྣམ་པར་ཕྱེ་བས་གོ་བ་ཡིན་ནོ།། ཤེས་རབ་ཕལ་པ་དང་། ཆོས ་ཕལ་བར་གོ་བ་དང་ལྡན་པ་དག་ནི་ཚིག་རེ་རེ་ནས་རྣམ་པར་བཤད་པས་དོན་འཛིན་ནུས་པའི་ཕྱིར་ཚིག་ལྷུར་ལེན་པ་ཞེས་བསྟན་ཏོ།། དེ་ལ་གདུལ་བ་མགོ་སྨོས་པས་གོ་བ་རྣམས་ཀྱི་དབང་དུ་མཛད་དོ།། དོན་དང་མཐུན་པའི་མིང་མདོ་སྡེ་དང་། རྒྱུད་དང་། ཏིང ་དེངེ་འཛིན་དང་། རྣམ་པར་ཐར་པའི་སྒོ་དང་། བྱང་ཆུབ་སེམས་དཔའ་ལ་སོགས་པ་ཁོ་ནས་བསྟན་ཏེ། འདི་ལྟར་དེ་དག་གིས་ནི་མདོར་བསྡུས་པ་ལས་ཀྱང་མགོ་སྨོས་པའི་དོན་རྒྱས་པར་ཁོང་དུ་ཆུད་པར་ནུས་སོ་སྙམ་དུ་དགོངས་པ་ཡིན་ནོ།། རྣམ་པར་ཕྱེ ་བས་གོ་བ་རྣམས་ལ་ཡང་ཕན་གདགས་པའི་ཕྱིར་དེ་དག་ཉིད་ཀྱི་དོན་ནི་རབ་ཏུ་དབྱེ་བ་ཙམ་དུ་བརྗོད་དོ།། ཚིག་ལྷུར་ལེན་པ་རྣམས་ལ་ནི་ཕན་གདགས་པའི་ཕྱིར་རྒྱུད་ལ་སོགས་པའི་ཚིག་དེ་དག་ཉིད་ཀྱི་ཡན་ལག་རྣམ་པར་དབྱེ་བ་བརྟག་པའི་རིམ་གྱིས ་རྒྱས་པར་སྤྲོས་ཏེ་རྣམ་པར་བཤད་པ་མཛད་དོ།། དེ་ལྟ་བས་ན་འདིར། རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པར་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་མིང་དོན་དང་མཐུན་པ་བྱེ་བྲག་ཏུ་སྟོན་པར་མཛད ་པ་མགོ་སྨོས་པས་གོ་བ་རྣམས་ལ་ཕན་གདགས་པར་བསྟན་པ་སྟེ། འདི་ལྟར་དེ་ལྟར་དེ་དག་ནི་ཤེས་རབ་ཤིན་ཏུ་རྣོ་བ་དང་ཐེག་པ་ཆེན་པོ་ལ་སོགས་པའི་ཆོས་ཆེར་གོ་བ་དང་ལྡན་པས་རྒྱུད་འདྲིའི་མིང་ཐོས་པས་ཀྱང་དོན་འདི་ཁོང་དུ་ཆུད་པར་བྱེད་དེ། ་འདི་ལྟ་སྟེ། འདི་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཕུལ་དུ་ཟུང་བ་ཡིན་ནོ།། མངོན་པར་རྫོགས་པར་བྱང་ཆུབ་པ་ནི་དེས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ཐུགས་སུ་ཆུད་པ་ཡིན་ཏེ། སྐད་ཅིག་མ་དང་པོ ་ལ་རང་གི་ཡེ་ཤེས་ཀྱིས་འགྲོ་བའི་ངོ་བོ་ཉིད་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཉེས་པ་སྤངས་པ་ན་མཁའ་བཞིན་དུ་སྤྲོས་པའི་ས་ན་ཚོགས་བག་ཆགས་ཀྱི་གནས་ཐམས་ཅད་བསལ་བ་ཤིན་ཏུ་འོད་གསལ་ཞིང་རང་རིག་པའི་ངོ་བོ་ཡིན་པའི་བྱང་ཆུབ་ཀྱི་རྒྱས་། ་དེ་བརྙེས་པ་དེ་ཁོ་ནའི་ཚེ་ན་ཆོས་ཉིད་ཀྱིས་ཐོབ་པ་སྐུ་ལ་སོགས་པ་བཀོད་པ་སེམས་ཅན་ཡོངསུ་དག་པ་དང་ཡོངས་སུ་མ་དག་པ་ལ་སོགས་པ་དང་འདྲ་བ་དང་། སངས་རྒྱས་ཀྱི་གསུང་བཀོད་པ་སེམས་ཅན་ཐམས་ཅད་ཀྱི་སྐད་དུ་གསུང་བར ་མཁས་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་དོན་དམ་པ་ཀུན་རྫོབ་ཀྱི་བདེན་པ་ཡུལ་ཅན་འགྲུབ་པས་ནི་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་ཡིན་ཏེ། དེ་བཞིན་དུ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པའི་མདོ་ལས ་ཀྱང་། རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་མངོན་པར་རྫོགས་པར་སངས་རྒྱས་ནས་ཏིང་ངེ་འཛིན་སངས་རྒྱས་ཤིན་ཏུ་རྣམ་པར་སངས་རྒྱས་པ་ཞེས་བྱ་བ་ལ་སྙོམས་པར་འཇུག་སྟེ། སྙོམས་པར་ཞུགས་མ་ཐག་ཏུ་སེམས་ཅན་རྣམས་ཇི་སྙེད་པ་དེ་སྙེད་རྫོགས ་ངས་རྒྱས་ཀྱི་སྐུ་འགྲོ་བའི་དོན། སངས་རྒྱ་ཡེ་ཤེས་སེམས་ཅན་ཆོསས་ཞུགས་ཀྱིས་ཞེས་པ་དཡང་སྟེ། ཇི་ལྟར་ནམཁའ་རྟག་ཏུ་ཀུན་མོང་འཡོན།། དེ་བཞིན་དེ་ཡང་སེམས་ཅན་ཚོགས་ཀུན་སོང་།། ཞེས་སོགས་དང་སྐུ་ཡིས་ཇི་སྙེད་ཀྱང་གྱུར་པ། ཞེས་སོགས། སྐུ་ཀུན་ཏུ་གནས་སོ།། སྐུ་ཅི་སྙེད་པ་དེ་སྙེད་ཀྱི་གསུང་དང་། སྐུ་དང་གསུང་ཇི་སྙེད་པ་དེ་སྙེད ་ཀྱི་ཐུགས་དག་ཀུན་ཏུ་གནས་སོ།། ཀྱེ་རྒྱལ་བའི་སྲས་དེ་ལྟར་ན་སེམས་ཅན་གྱི་ཁམ་ཚད་མེད་པ་ཡིན་པས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་། གསུང་དང་། ཐུགས་རབ་འབྱམ་ཚད་མེད་པ་ཁོ་ནུར་རྟོགས་པར་བྱའོ་ཞེས་བྱ་བ་རྒྱས་པར་གསུངས་སོ།། ཡང་དོན་འདི ་ཉིད་རྒྱུད་འདི་ཁོ་ན་ལས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་སོགས་པ་དེ་དག་གིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་མི་གཡོ་བའི་སྐུ་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་ཞུགས་པར་མཐོང་ངོ་ཞེས་རྒྱས་པར་འབྱུང ་བའི་གཞུང་འདིས་ཡང་དག་པར་བསྟན་ཏེ། རྒྱུད་ལས་བརྟག་པར་བྱའོ།། རྣམ་པར་སྤྲུལ་པའི་རྣམ་པར་རོལ་པ་ལྔ་སྟེ། སྐུ་ལ་སོགས་པ་བཀོད་པ་རྣམ་པར་སྤྲུལ་པ་ཞེས་བྱ་བ་འདི་ནི་སེམས་ཅན་ཐམས་ཅད་ཡང་དག་པར་དགའ་བར་བྱེད་པ་ཡིན་ནོ།། ཞེས་བྱ་བའི་ཐ་ཚིག ་གོ་ཞེས་བྱ་བར་བཤད་པར་འགྱུར་རོ།། དེ་ལྟ་བས་ན། རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་འདི་ལྷག་པར་གནས་པ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་དགོངས་པ་ནི་ཅི་རིགས་པར་སེམས་ཅན་ཐམས་ཅད་ལ་སོགས་པའི་ལུས་དྲང་ངག་དང་ཡིད ་དང་འདྲ་བ་ཉིད་བཀོད་པ་མི་ཟད་པའི་མཚན་ཉིད་ཀྱིས་རྣམ་པར་སྤྲུལ་པ་དེ་ཕྱག་རྒྱ་དང་། དཀྱིལ་འཁོར་དང་། གསང་སྔགས་ཀྱི་སྒོ་ནས་མཚོན་ཏེ། འཁོར་བ་ཇི་སྲིད་པར་སེམས་ཅན་སྐལ་བ་ཇི་ལྟ་བ་བཞིན་དུ་ཡང་དག་པར་དགའ་བར་བྱེད་པར་བྱིན་གྱིས་རློབ་ཅིང་ལྷག་པར ་གནས་པ་གང་ཡིན་པ་དེ་བརྗོད་པར་བྱེད་པ་ནི་རྒྱུད་འདི་ཡིན་ནོ།། གདུལ་བྱ་མགོ་སྨོས་པས་གོ་བས་འདིའི་མིང་གི་དོན་ངེས་པར་དཔྱད་པ་ཉིད་ཀྱིས་རྒྱུད་ཀྱི་དོན་མཐའ་དག་མདོར་གོ་བར་བྱེད་དོ་སྙམ་པ་འདི་ཡིན་ནོ།། དེའི་གདུལ་བ་མགོ་སྨོས་པས་གོ་བ་རྣམས་ལ་ཕན་གདགས། ་འི་ཕྱིར་མིང་དོན་དང་མཐུན་པ་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ཞེས་བྱ་བ་འདིར་བཏགས་སོ།། གཞན་ཡང་རྣམ་པོར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ ་ཞེས་བྱ་བའི་མིང་དོན་དང་མཐུན་པ་གང་ཡིན་པ་འདི་ནི་སེམས་ཅན་མགོ་སྨོས་པས་གོ་བ་ལ་ཕན་གདགས་པ་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་རྒྱུད་འདིའི་འབྲེལ་པ་དང་། བརྗོད་པར་བྱ་བ་དང་། དགོས་པ་ཡང་སྟོན་པར་བྱེད་དེ། འདི་ལྟར་རྒྱུད་འདིས་རྣམ ་བར་སྣང་མཛད་ཀྱི་སྐུ་དང་། གསུང་དང་། ཐུགས་མི་ཟད་པ་རྣམ་པར་སྤྲུལ་པ་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པའི་སྒོ་ནས་མཚན་པར་བྱེད་པ་དེའི་ཕྱིར་དེའི་སྐུ་ལ་སོགས་པ་བཀང་བའི་ཆུང་འདིའི་རྒྱུ་ཡན་ལ། རྒྱུད་འདི་ནི་དེའི་འབྲས་བུ ་ཡིན་ནོ།། ཞེས་བྱ་བར་རྟོགས་པར་བྱའོ།། བརྗོད་པར་བྱ་བ་ཡང་སྐུ་ལ་སོགས་པ་བཀོད་པ་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པས་མཚོན་པ་དེ་ཉིད་ཡི་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ།། འདིའི་དགོས་པ་ནི་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པས་མཚོན་པ ་ཡིན་ནོ།། མཚོན་པ་དེའི་དགོས་པ་ནི། ངེས་རྣ་པ་འཡོ་སྤེལ་ལ་པར་ལེགས་པ་དང་། མངོན་པར་མཐོ་བ་འཐོབ་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ།། གདུལ་བ་རྣམ་པར་སྤྲོས་པས་གོ་བ་རྣམས་ཀྱིས་ནི་མིང་དོན་དང་མཐུན་པས་ཡང་དག་པར་བསྟན ་པའི་དོན་རྒྱས་པར་ཁོང་དུ་ཆུད་པར་མི་ནུས་པས་དེ་དག་ལ་ཕན་གདགས་པའི་ཕྱིར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱིན་གྱིས་རློབ་པ་ཞེས་བྱ་བ་ལ་སོགས་པས་རྒྱུད་བཤད་པ་འདི་མཛད་དོ།། རྒྱུད་འ་རྗོད་བྱལ། ཐུབ་པའི་དོང་ཆུབ་མན་5། ཐས་པ ་ཚོགས་སོགས་དང་པོ་བའདུན་ནི། རྒྱུད་བ་དེ་ལས་རྒོ་རིམཔའི་ལྟ་བ་བཞིན་གསལ་བར་འབྱུང་བ་དེ་ཉིད་ལ་བརྟག་པར་བྱའོ།། རྣམ་སྣང་གི་རྒྱུ་ག་ཡིན་པ་སོགས་བདུན་ནི། ཆུང་དུ་གོ་རི་མོས་མ་ཛེས་པར་གསུམ་པ་དང་བརྫུས་དན་འདི་ཉིད་དུ་འཆར་བནི། འདི་པལ་སེམས་ས། རྣམ་སྣང་གི་འི་སྒྲ་འཇིག་རྟེན་པ་ཡང་། ལྟ་བ་དང་སྟོད་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་། མདོར ་གསང་བའི་བདག་པོ་འཁོར་བ་ཐོག་མ་མེད་པ་ནས་ཞེས་པ་ནས། མངོན་རྟགས་ཡིན་ནོ་ཞེས་པའི་བར་གྱིས་ནི་འཇིག་རྟེན་པའི་ལྟ་བ་བཤད་དོ།། དེ་མན་གྱིས་ནི་འཇིག་རྟེན་པའི་སེམས་བརྒྱད་ཀྱིས་མཚན་ཉིད་བསྟན་ཏེ། བྱིས་པ་སོ་སོའི་སྐྱེ་བོ་ཕྱུགས་དང་མཚུངས་པ་ཞེས་སོགས་ནས། འདི་ནི་སྟོབས་སུ་འགྱུར་བ་སྟེ། སེམས་བརྒྱད་པར་རྒྱལ་བ་རྣམས་ཀྱིས་བཤད་དོ་ནས ་པའི་གྱིས་། འདི་ལྟར་དེ་དག་ལ་རྣམ་པར་སྣང་མཛད་ཀྱི་རྒྱུ་ནི་གང་། དེའི་ངོ་བོ་ཉིད་ནི་ཇི་ལྟ་བུ། དེའི་མངོན་བུར་རྫོགས་པར་བྱང་ཆུབ་པའི་རྒྱུ་ནི་གང་། དེའི་ངོ་བོ་ཉིད་ནི་ཇི་ལྟ་བུ། དེའི་རྣམ་པར་སྤྲུལ་པ་ནི་གང་གི་ཚེ་འབྱུང་། དེའི་ངོ་བོ་ཉིད་ནི་གང་། རྣམ་པར ་སྤྲུལ་པ་དེ་ནི་ཇི་ལྟར་ན་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པའི་སྒོ་ནས་མཚོན་པ་བརྗིད་དགོས་ཏེ། དེའི་ཕྱིར་དེ་དག་ལ་ཕན་གདགས་པར་དེ་དག་ཐམས་ཅད་རྒྱུད་འདི་ལ་སྟོན་ཏོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ།། དེ་ལྟ་བས་ན་ཚིག་འདི་རྣམས ་སོ་སོར་བསྡུས་པའི་དོན་བསྟན་པ་རྒྱུད་ཀྱི་ཚིག་རྣམས་ཡང་དག་པར་བསྡུ་བར་བྱའོ།། དེ་ལ་རྣམ་པར་སྣང་མཛད་ཀྱི་གོ་འཕང་འཐོབ་པར་འགྱུར་བའི་རྒྱུ་ནི་འདི་ལྟ་སྟེ། མངོན་སུམ་དང་རྒྱུད་པའི་སྒོ་ནས་ཉེ་བའི་དང་རིང་བའི་རྒྱུ་གཉིས་སོ།། སྤྱད་པའི་སྒོ་ནས་ནི་རྣམ་པ་གཉི་ལྡེལྔ་བདུན་པོ་སྟོན་པའི་ཇིག ་རྟེན་གྱི་ལམ་གྱི་འཇུག་པ་དང་། འཇིག་རྟེན་ལས་འདས་པའི་ལམ་གྱིས་འགྲུབ་པ་དེ་ལྟར་ཡུན་ལས་དང་བཤད་པ་ཞིའོ།། དེ་ལ་རྒྱུད་འདི་ལས་འཇིག་རྟེན་པའི་ལམ་གྱིས་འཇུག་པའི་རིམ་པ་འདི་ཡང་དག་པར་བསྟན་ཏེ། འདི་ལྟ་སྟེ། སེམས་ཅན་འཁོར་བ་པའི་ཁྱད ་པར་ངར་འཛིན་པ་དང་ང་ཡིར་འཛིན་པ་དག་གིས་བདག་ཏུ་འཛིན་པས་ཟིན་པ་འགའ་ཁོ་ན་སྡུག་བསྔལ་གསུམ་གྱི་རྒུད་པས་གཟིར་བ་ན་ཆོས་ཀྱི་འདུ་ཤེས་ཀྱིས་བསྲུང་བའི་སེམས་ལ་ལྟ་བ་དང་སྤྱོད་པ་གཉིས་ཀྱི་སྒོ་མས་སོགས་པའི་སེམས་བརྒྱད་སྐྱེད་པར་བྱེད་དེ།། ་རྒྱུད་འདི་ལས། བྱིས་པ་སོ་སོའི་སྐྱེ་བོ་ཕྱུགས་དང་མཚུངས་པ་དག་བརྒྱ་ལམ་ན་རེས་འགའ་རེས་འགའ་ཞིག་ཆོས་ཀྱི་འདུ་ཤེས་འབྱུང་བ་འདི་ལྟ་སྟེ། བསྙུང་བར་གནས་པ་ལ་གནས་པར་བྱའོ་ཞེས་བྱ་བ་ལ་སོགས་པ། འདི་ནི་སྟོབས་སུ་གྱུར་པ་སྟེ། ་སེམས་བརྒྱད་པར་རྒྱལ་བ་རྣམས་ཀྱིས་བཤད་དོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ།། དེ་ལྟ་བས་ན་དེ་ལྟར་བདག་ལ་སོགས་པར་ང་རྒྱལ་བྱེད་པས་ཟིན་པའི་སྦྱིན་པ་དང་ཚུལ་ཁྲིམས་ལ་གོམས་པར་བྱས་པའི་རིམ་གྱིས་འཇིག་རྟེན་པའི ་ལམ་སྟོན་པ་ཁྱབ་འཇུག་དང་། ལྷ་ཆེན་པོ་དང་ཚངས་པ་ལ་སོགས་པ་སྟོན་པ་ཉིད་དུ་ཁས་བླངས་པའི་བསྟན་པ་ལ་ཞུགས་པ་རྣམས་ལ་དེ་དག་གི་བསྟན་ཆོས་ཀྱི་དོན་ཁོང་དུ་ཆུད་པར་བྱ་སྟེ། དེ་དག་གིས་ཉེ་བར་བསྟན་པའི་ལམ་གྱིས་འབའ་ཞིག་པ་ཉིད་བློ་ཉེ ་བར་བསྐྱེད་ནས་འདི་སྙམ་དུ་བདག་ལས་དང་ཉོན་མོངས་པ་ལ་སོགས་པའི་ཞགས་པ་ལྷན་ཅིག་སྐྱེས་པ་དང་། བློ་བུར་བ་དང་བྲལ་བ་འབའ་ཞིག་པའི་དངོས་པོ་ནི་འབའ་ཞིག་ཉིད་ཅེས་བྱའོ།། དེའི་ཕྱིར་འབའ་ཞིག་པ་ཉིད་ཀྱི་མཚན་ཉིད་ཀྱི་ཐར་པ་ལ་ཡང་དག ་པ་མ་ཡིན་པའི་གྲོང་ཁྱེར་འདི་དག་ཐམས་ཅད་མེད་པ་ཉིད་དེ་བདག་འབའ་ཞིག་ཉིད་ཆ་ཕྲ་བ་མི་གསལ་བ་སྐྲའི་རྩེ་མོ་འབུམ་གྱི་ཆ་ཙམ་ཞིག་ལུས་སོ་སྙམ་དུ་རྟོག་པར་བྱེད་དོ།། རྣམ་སྣང་གི་རིང་རྒྱུ་འཇིག་རྟེན་ལས་འདས་པ་ནི། དཔལ་བརྩེགས་ཀྱིས། འཇིག་རྟེན་པའི་ལམ་དེ་དག་པར ་བའི་ལམ་མ་ཡིན་པར་རྟོགས་ནས། འཇིག་རྟེན་ལས་འདས་པའི་ལམ་ལ་འཇུག་པ་སྟེ། དེ་ཡང་དབང་པོ་རྣོ་རྡུལ་གྱི་བྱེ་བྲག་གི་རྣམ་པ་གཉིས་སོ།། དེ་ལ་གསང་བའི་བདག་པོ་གཞན་ཡང་ཞེས་པ་ནས་འཇིག་རྟེན་སྟོང་ཉིད་ཤེས་པར་བྱ་ཞེས་པའི་བར་གྱིས་ནི། འཇིག་རྟེན་པའི་ལམ་སྨད་ཅིང་། འདས་པའི་སྟོང་ཉིད་ལ་འཇུག་པ་སྤྱིར ་བསྟན་ཏོ།། དེ་ལ་འདས་པ་དབང་རྟུལ་ནི། འཇིག་རྟེན་པ་འབའ་ཞིག་པའི་ལམ་ནི་སྤངས། སེམས་བརྒྱ་དྲུག་ཅུ་ནི་བསྐལ་པ་གསུམ་གྱི་འདས་ནས། གང་ཟག་ལ་བདག་མེད་རྟོགས་པའི་ལམ་ལ་ཞུགས་པ་ཡིན་ཏེ། དེ་ཡང་མདོར། འདོད་ཆགས་ནི་སེམས་དང་ཞེས་པ་ནས། ཉོན་མོངས་པའི་དྲ་བ་དང་བྲལ་བ་འདི་ནི། རྣལ་འབྱོར་པ ་རྒྱལ་བ་གཅིག་གིས་འདས་པར་བྱེད་དོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ཡང་སེམས་བརྒྱ་དྲུག་ཆུ་བསྟན་པ་དང་། དེ་ཉིད་བཤད་པ་དང་། གང་ཟག་ལ་བདག་མེད་རྟོགས་པ་འཇིག་རྟེན་ལས་འདས་པབ་སེམས་སྐྱེ་བ་གསུམ་གྱིས་བཤད་གསུང་།། དེའི་ཕྱིར་དེ་དག་བདག་ཏུ་འཛིན་པས་ཆོས་ཐམས་ཅད་སྟོང་པ་ཉིད་ཁོ་ནར ་རྟོགས་པར་བྱེད་པས་ལམ་དམ་པ་མ་ཡིན་ནོ་ཞེས་སྟོན་ཅིང་འདི་ཡང་སྤང་བར་བྱ་བའི་ཕྱོགས་ཉིད་ཡིན་པར་སྟོན་པར་མཛད་དེ། གསང་བའི་བདག་པོ་གཞན་ཡང་ཁྱད་པར་རྟོགས་པ་ཇི་སྐད་དུ། ཡོངས་སུ་བསྒྲགས་པའི་ཁྱད་པར་དེ་དང་དེ་དག་ལས་ཁྱད་པར་དུ་གནས་པ ་རྣམ་པ་འབའ་ཞིག་པ་ཉིད་ཀྱི་དོན་དུ་བློ་སྐྱེ་ཞིང་དེ་ལ་ཡང་ཡོད་དོ་ཞེས་སྟོང་པ་ཉིད་ཁོ་ན་ལ་དངོས་པོར་སེམས་ཏེ། ཞེས་བྱ་བ་ལ་སོགས་པ། གང་དག་སྟོང་ཉིད་མི་ཤེས་པ། དེ་དག་མྱ་ངན་འདས་མི་ཤེས། ཞེས་བྱ་བའི་བར་གསུངས་པ་ཡིན་ནོ།། དེ་ལྟ་བས་ན་འདིའི་། ་རིམ་པ་འདིས་དགེ་བའི་བཤེས་གཉེན་ལ་ཡང་དག་པར་བསྟན་ཏེ། རིགས་པ་དང་། ལུང་དག་གིས་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་འཇིག་རྟེན་པའི་ལམ་ཡང་ཐར་པར་བྱེད་པའི་ལམ་མ་ཡིན་ནོ་ཞེས་ངེས་པར་བརྟགས་ནས་འཇིག་རྟེན ་ལས་འདས་པའི་ལམ་སྟོན་པར་བྱེད་པའི་དགེ་བའི་བཤེས་གཉེན་དག་ལ་བརྟེན་ཏེ། དེ་ལས་ཉེ་བར་བསྟན་པ་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐར་པར་བྱ་བའི་ཕྱིར་ཡང་དག་པར་རྩོལ་བ་རྩོམ་པར་བྱེད་དོ།། ལམ་དེ་ཡང་འདིར་རྣམ་པར་སྣང་མཛད་ཆེན ་པོའི་གོ་འཕང་ཐོབ་པར་བྱེད་པའི་མཚན་ཉིད་ཀྱི་ཐར་པའི་ལམ་ཡིན་པར་དགོངས་པ་ཡིན་ནོ།། དེ་ལ་འཇུག་པ་ཡང་འདི་ལས་སེམས་ཅན་དབང་པོ་རྟུལ་པོ་དང་། དབང་པོའི་རྣོན་པོའི་བྱེ་བྲག་གིས་གང་ཟག་ལ་བདག་མེད་པར་རྟོགས་པ་དང་། གང་ཟག་དང་ཆོས ་ལ་བདག་མེད་པར་རྟོགས་པའི་སྒོ་ནས་རྣམ་པ་གཉིས་སུ་བསྟན་ཏོ།། དེ་ལ་དབང་པོ་བརྟུལ་པོ་ནི། དང་པོ་ཉིད་དུ་འཇིག་རྟེན་པའི་ལམ་འབའ་ཞིག་པའི་ལམ་སྤངས་ནས་གང་ཟག་ལ་བདག་མེད་པར་རྟོགས་པའི་ལམ་ལ་འཇུག་སྟེ། འོག་ནས་འདོད། ་ཆགས་ཀྱི་སེམས་ལ་སོགས་པའི་མཚན་ཉིད་ཅན་འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུ་འབྱུང་བ་དེ་ལྟ་བུ་རྣམས་སུན་ཕྱུང་ནས་གང་ཟག་ལ་བདག་མེད་པར་རྟོགས་པར་བྱེད། འདོད་ཆགས་ཀྱི་སེམས་དང་། འདོད་ཆགས་དང་བྲལ་བའི་སེམས་དང་། ཞེ་སྡང་གི ་སེམས་དང་བྱམས་པའི་སེམས་དང་། གཏི་མུག་གི་སེམས་དང་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བྱ་སྟེ། འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུ་བསྐལ་པ་གསུམ་གྱིས་འདས་ནས་འཇིག་རྟེན་ལས་འདས་པའི་སེམས་སྐྱེ་སྟེ། འདི་ལྟ་སྟེ། འདི་ནི་ཕུང་པོ་ཙམ་ཉིད ་དེ། བདག་ནི་ནམ་ཡང་ཡོད་མ་ཡིན།། དབང་པོའི་གྲོང་ཁྱེར་ཁམས་རྣམས་ཀྱིས།། འཇིག་རྟེན་དོན་མེད་རྣམ་པར་ཉམས།། ཞེས་བྱ་བ་ལ་སོགས་པའི་བར་གང་གསུངས་པ་ཡིན་ནོ།། རྣལ་འབྱོར་པ་དབང་པོ་རྣོན་པོ་ནི་དང་པོ་ཉིད་དུ་བདག་ལ་སོགས་པ་དང་། ་དངོས་པོ་ཐམས་ཅད་དང་བྲལ་བ།། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། གཟུང་དང་འཛིན་པ་རྣམ་སྤངས་པ།། ཆོས་བདག་མེད་པ་མཉམ་ཉིད་པས།། ཞེས་སོགས་ལྟར།། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དག་བསལ་ཏེ། འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུ་ལྔ ་འདས་ནས་གང་ཟག་དང་ཆོས་ལ་བདག་མེད་པ་ལ་འཇུག་སྟེ། གསང་བའི་བདག་པོ་གཞན་ཡང་ཐེག་པ་ཆེན་པོས་བགྲོད་པ་གཞན་གྱི་དྲིང་མི་འཇོག་པ་རྣམས་ལ་ཆོས་ལ་བདག་མེད་པའི་སེམས་སྐྱེའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་སྔོན་སྤྱད་པ་སྤྱོད་ཅིང ་ཕུང་པོའི་གནས་རྣམ་པར་འཇིག་པ་ན་ངོ་བོ་ཉིད་ཡོངསུ་ཤེས་པའི་ཕྱིར་སྒྱུ་མ་དང་སྨིག་རྒྱུ་དང་གཟུགས་བརྙན་དང་བྲག་ཆ་དང་མགལ་མེའི་འཁོར་ལོ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུའི་འདུ་ཤེས་སྐྱེས་སོ།། གསང་བའི་བདག་པོ་དེའི་ཕྱིར་དེ་དག་གི་སེམས་ཀྱི་དབང་དུ ་བྱས་པས་ཆོས་ལ་བདག་མེད་པ་ཉིད་ཀྱང་སྤང་བར་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ།། དེ་ལྟ་བས་ན་དེ་ལྟར་དབང་པོ་རྟུལ་པོ་དང་། དབང་པོ་རྣོན་པོ་དག་ལས་གཅིག་ཤོས་གང་ཟག་ལ་བདག་མེད་པའི་ལམོ་ལ་གོམས་པར་བྱེད་པའམ། དབང ་པོ་རྣོན་པོ་ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པར་བྱེད་པའི་ལམ་ལ་གོམས་པར་བྱེད་པ་ན་རྣལ་འབྱོར་པ་དབང་པོ་རྟུལ་པོ་འདོད་ཆགས་ལ་སོགས་པ་འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུ་སྤངས་པ་སྔོན་དུ་འགྲོ་བ་ཅན་རིམ་གྱིས་རྒྱུན་ཏུ་ཞུགས་པའི་འབྲས་བུ ་ལ་འཇུག་པ་ལ་སོགས་པ་འབྲས་བུ་བརྒྱད་ཐོབ་ནས་ཕྱིས་ཕུང་པོ་ལ་སོགས་པ་དེ་དག་ཉིད་ལ་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པའི་ངོ་བོ་ཉིད་ལྟ་བུར་ཞུགས་ཏེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་འདུ་ཤེས་མ་ལུས་པར་བྲལ་བས་དེ་དག་ཉིད་ཞི་བ་སྟོང་པ་ཉིད ་ཀྱི་མཚན་ཉིད་ཁོ་ན་རྟོགས་པར་དགྲ་བཅོམ་པའི་བྲས་བུ་བར་དུ་འགྱུར་ཏེ། དེ་སྐད་དུ། གསང་བའི་བདག་པོ་དེ་ལ་འཇིག་རྟེན་ལས་འདས་པའི་སེམས་ལ་གནས་པ་རྣམས་ལ་ཡང་ཕུང་པོ་དག་ལ་ཡོད་དོ་སྙམ་པའི་བློ་ཉེ་བར་སྐྱེའོ།། གང་དེའི་ཚེ་ཕུང་པོ་དག་ལ་འདོད་ཆགས ་དང་བྲལ་བ་བསྐྱེད་པ་དེའི་ཚེ། ལྦུ་བ་དང་ཆུའི་ཆུ་བུར་དང་སྨིག་རྒྱུ་དང་མཚུངས་པར་འཇིག་པས་རྣམ་པར་གྲོལ་བར་འགྱུར་ཏེ། འདི་ལྟ་སྟེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། གཟུང་བ་དང་འཛིན་པ་རྣམ་པར་སྤངས་ལ། ཆོས་ཉིད་ཀྱི་རང་གི་ངོ་བོ ་ཞི་བའི་དབྱིངས་རྟོགས་པར་འགྱུར་རོ།། གསང་བའི་བདག་པོ་འཇིག་རྟེན་ལས་འདས་པའི་སེམས་ཕྱིན་ཅི་ལོག་དང་། ཕྱིན་ཅི་མ་ལོག་པའི་སེམས་ཀྱི་ཁྱད་པར་བརྒྱད་དང་འབྲེལ་པ་ལས་དང་ཉོན་མོངས་པའི་དྲ་བ་དང་བྲལ་བ་འདི་ནི ་རྣལ་འབྱོར་པ་དག་ཅེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་ཡིན་ནོ།། དེ་ལ་འདོད་ཆགས་ཀྱི་སེམས་ལ་སོགས་པ་དག་ལས་ཁ་ཅིག་ལུང་ལས་ཉེ་བར་བསྟན་པའི་ལུགས་བསྡུས་པའི་དོན་གྱི་སྒོ་ཉིད་ནས་གསལ་བར་བྱ་བ་བརྗོད་དོ།། དེ་ལ་འདོད ་ཆགས་ཀྱི་སེམས་གང་ཞེ་ན། ཆགས་པ་ཅན་ཆོས་ཀུན་ཏུ་རྟེན་པའོ།། ཞེས་གང་གསུངས་པ་རྒྱུད་ཀྱི་ཚིག་འདི་ནི་མདོར་བསྡུས་ནས་རྣམ་པར་དབྱེ་བ་ཉེ་བར་བསྟན་པར་བྱ་སྟེ། དེ་ལ་ཅི་རིགས་པར་འདོད་པའི་ཁམས་ན་སྤྱོད་པའི་གཟུགས་དང་སྒྲ་དང་། རོ་དང ་རེག་བྱའི་མཚན་ཉིད་ཀྱི་ཡུལ་ཅན་གྱི་ཆགས་པ་དང་མངོན་པར་ཞེན་པ་གང་ཡིན་པ་དང་། དེ་བཞིན་དུ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང་། ཟག་པ་མེད་པོ་དང་། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། རྣམ ་པར་ཐར་པ་ལ་སོགས་པ་དག་ལ། ཆགས་པ་མངོན་པར་ཞེན་པ་དང་། རོ་མྱོང་བ་གང་ཡིན་པ་དེ་ནི་འདིར་འདོད་ཆགས་ཀྱི་སྒྲར་དགོངས་པོ་ཡིན་ནོ།། སེམས་ཅན་གང་འགའ་ཞིག་ལ་འདོད་ཆགས་ཀྱི་མཚན་ཉིད་སེམས་ལས་བྱུང་བ་དེ་དང་ལྡན་པའི ་སེམས་ཡོད་པ་དེ་ནི་ཆགས་པ་ཅན་ཡིན་ནོ་ཞེས་བྱ་བར་བཞེད་དོ།། དེ་ལྟ་བུ་དེ་ཇི་སྐད་བཤད་པའི་ཡུལ་མ་ཐོབ་པ་ཐོབ་པར་བྱ་བ་དང་། ཐོབ་པ་འཕེལ་ཞིང་རྒྱས་པར་བྱ་བའི་ཕྱིར་ཅི་ཞིག་བྱེད་ཅེ་ན། ཆོས་ཀུན་ཏུ་རྟེན་ཞེས་བྱ་བ་གསུངས་སོ།། ཆོས ་ཞེས་བྱ་བའི་སྒྲ་ནི་ངན་འགྲོ་དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོའི་གསང་བར་ལྷུང་བ་ལས་འཛིན་པའི་ཕྱིར་ཆོས་ཏེ། དེ་ཡང་མདོར་ན། སྦྱིན་པ་དང་། ཚུལ་ཁྲིམས་ཀྱི་སྡོམ་པ་དང་། བསམ་གཏན་ལ་སོགས་པ་ལ་གོམས ་པའི་མཚན་ཉིད་ཡིན་ནོ།། དེས་ན་དགོངས་པ་ནི་ཇི་སྐད་བཤད་པའི་ཡུལ་དེ་ཐོབ་པར་འདོད་པ་དང་། ཐོབ་པོ་མངོན་པར་འཕེལ་བར་བྱ་བའི་ཕྱིར་ཡུལ་དེ་ལ་ཆགས་པ་ཅན་དུ་གྱུར་ན། དེ་ཐོབ་པར་བྱ་བ་ཁོ་ནའི་ཕྱིར་སྦྱིན་པ་ལ་སྩོགས་པའི་ཆོས ་རྣམས་ལ་འཇུག་གི་འཁོར་བའི་བཙོན་ར་ནས་མངོན་པར་འབྱུང་བའི་ལམ་དུ་གྱུར་པ་ཟག་པ་མེད་པའི་བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དག་ལ་ར་མྱོང་བ་མེད་པར་འཇུག་པ་ནི་མ་ཡིན་ནོ་སྙམ་པ་འདི་ཡིན་ནོ།། ་དེ་ལྟར་ན་སེམས་འདི་ཡང་ཐར་པ་འདོད་པས་གང་ཟག་ལ་བདག་མེད་པའི་ལམ་ལ་གོམས་པའམ། ཆོས་དང་གང་ཟག་ལ་བདག་མེད་པ་གོམས་པའི་སྒོ་ནས་སྤང་བར་བྱ་བ་ཡིན་ནོ་ཞེས་འདི་ཉིད་ལས་སེམས་བརྒྱ་དྲུག་ཅུ་བཤད་པའི ་མཇུག་ཏུ་རྒྱུད་ལས་བཤད་པའི་ཚིག་ཡང་དག་པར་བསྡུ་བ་བསྟན་པ་བཤད་པར་བྱའོ།། འདི་ལས་གཞན་པ་ཞེ་སྡང་ལ་སོགས་པའི་སེམས་དག་ལས་འདའ་བ་དང་། རྣམ་པར་དབྱེ་བའི་བྱ་བ་འོག་ནས་འབྱུང་བ་རྣམས་ལ་ཡང་ཕལ་ཆེར་ལུགས ་འདི་ཁོ་ནས་བསྒྲེ་བར་བྱའོ།། འདི་དག་གི་ཁྱད་པར་གང་ཡིན་པ་འདིར་བརྗོད་པར་བྱ་སྟེ། སྡང་བས་ཆོས་ཀུན་ཏུ་བསྟེན་པའོ།། ཞེས་བྱ་བ་འདིའི་དོན་ནི་དགྲ་བསང་བས་བསམ་པོས་བཟློས་བརྗོད་དང་། སྦྱིན་སྲེག་དང་། སྦྱིན་པ་དང་ཚུལ ་ཁྲིམས་ལ་སོགས་པའི་མཚན་ཉིད་ཀྱི་ཆོས་དེ་ཁོ་ན་བྱེད་པ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ།། མ་དཔྱད་པར་ཆོས་ཀུན་ཏུ་བསྟེན་པའོ།། ཞེས་བྱ་བ་འདི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་མཚན་ཉིད་ཀྱི་ཆོས་དེའི་མཐོང ་བ་དང་། མཐོང་བའི་འབྲས་བུ་འདི་ཡིན་ནོ་ཞེས་མ་དཔྱད་པར་བ་ལང་གི་ཁྱུའི་ཚུལ་དུ་འཇུག་ཅེས་བྱ་བའི་ཐ་ཚིག་གོ།། དེ་ལྟར་ན། བྱམས་པ་དང་ལྡན་པས་ཆོས་ཀུན་ཏུ་བསྟེན་པའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་རྒྱ་མཚོ་ལྟ་བུའི་སེམས་དང་། ་ཐུག་པའི་བར་གྱི་སེམས་ཚིག་རྣམས་ཀྱང་ཁོང་དུ་ཆུད་པར་བླ་བའི་ཕྱིར་བདག་གིས་འདིར་རྣམ་པར་མ་ཕྱེད་པར་ཁོང་དུ་ཆུད་པར་བྱའོ།། དྲི་ལ་སྐྱེ་བར་འགྱུར་བའི་སེམས་གང་ཞེ་ན་གང་གི་སེམས་འདུ་བྱེད་པ་གང་ཁོ་ན་དང་སྐྱེས་པ་དེ་ཁོ་ན་དང་ལྷན ་ཅིག་འགྲོ་བ་སྟེ་ཞེས་བྱ་བ་འདིའི་དོན་ནི་ཡུལ་འགའ་ཞིག་ལ་འདོད་ཆགས་ལ་སོགས་པའི་འདུ་བྱེད་གང་ཁོ་ན་དང་མཚུངས་པ་དང་ལྡན་པའི་སེམས་སྐྱེས་པ་སེམས་ལས་བྱུང་བ་དེ་ཁོ་ན་དང་ལྷན་ཅིག་སྐད་ཅིག་མའི་འགག་པ་འོ་མ་རྒྱུན་གྱི་འགགས་པས ་རྣམ་པར་འཇིག་པར་འགྱུར་གྱི་འདོད་ཆགས་ལ་སོགས་པའི་འདུ་བྱེད་དང་མཚུངས་པར་ལྡན་པའི་སེམས་ཀྱི་རྒྱུན་དེའི་ཡུལ་བརྒྱུད་པ་གཞན་ཐོབ་པར་བྱ་བའི་ཕྱིར་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་ཆོས་ཀུན་ཏུ་རྩོམ་པ་ནི་མེད་དོ་ཞེས་བྱ་བ་ཡིན ་ནོ།། དེ་ལྟ་བས་ན་འདོད་ཆགས་ལ་སོགས་པ་སྐྱེ་བར་འགྱུར་བའི་སེམས་ལ་ཐུག་གི་བར་གྱི་དྲུག་ཅུ་པོ་འདི་དག་བརྒྱ་དྲུག་ཅུར་འགྱུར་བ་དེ་བསྟན་པའི་ཕྱིར། གཅིག་གཉིས་གསུམ་བཞི་ལྔ་གཉིས་སུ་བསྒྱུར་བ་བྱ་བས་འཇིག་རྟེན་པའི་སེམས་བརྒྱ ་དྲུག་ཅུར་བསྐལ་པ་གསུམ་གྱིས་འདས་ནས་ཞེས་བྱ་བ་གསུངས་སོ།། དེ་བས་ན་ཡན་ལག་གི་དོན་ནི། གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔ་གཉིས་སུ་བསྒྱུར་བ་འདི་དག་ནི་གཅིག་གཉིས་གསུམ་བཞི་ལྔ་རྣམས་རིས་པ་བཞིན་དུ་བསྒྱུར་བྱེད ་གཉིས་སུ་བསྒྱུར་བ་དག་གིས་གཉིས་དང་བཞི་དང་དུགཽ་དང་བརྒྱད་དང་བཅུར་འགྱུར་བའི་དོན།། དེས་ན་གཟུང་བ་ནི་བསྒྱུར། དེ་ལ་རེ་ཞིག། གཅིག་གཉིས་གསུམ་བཞི་ལྔ་རྣམས་དང་དེ་རྣམས་གཉིས་སུ་ཞེས་བྱ་བ། བསྒྱུར་བྱ། འགྱུར་བ་ལས། དྲུག་བརྒྱད་བཅུ་རྣམས་གཟུང་གི། གཉིས་དང ་བཞི་གཟུང་མི་དེ་གོས་ཏེ། བསྒྱུར་བྱ་ན་ཡོད་པ་ཉིད་ཀྱི་ཆོག་པས་སོ།། དེ་དག་གཟུང་བ་ཅི་ཞིག་བྱ་ཞེ་ན། བཤད་པ། མདོར་ན་གཉིས་ནས་བཅུའི་བར་གྱི་དྲུག་ཅུ་ལ་སོགས་པའི་རྙེད་པར་གཟུང་བས། བརྒྱ་དྲུག་ཅུ་བྱ་བའི་དོན་ཏོ།། དྲུག་གཉིས་ཀྱིས་བསྒྱུར་བའི་བཅུ་གཉིས་ཞེས་སོགས་ནི་འོག་ཏུ་དྲུག་ཅུ་འགོད ་བྱེད་ལ་དགོས་པ་མེད་པའི་ཕྱིར་རོ།། ཡིན་ལ་དེ་དག་བྱ་བ་ནི། འདོད་ཆགས་ལ་སོགས་པའི་སེམས་གཅིག་གཉིས་གསུམ་ལ་སོགས་པའི་བགྲངས་པས་བརྒྱ་དྲུག་བཅུར་བྱ་བ་ཡིན་ནོ།། འདིར་གཉིས་སུ་བསྒྱུར་བ་བྱས་པ་ཞེས་བྱ་བ་གཞན་གཉིསུ་བསྒྱུར་བར ་བྱ་བའི་སྐབས་མ་ཡིན་པའི་ཕྱིར་བལྟརཿགཅིག་དང་ཞེས་པ་གཉིས་དང་གསུམ་ལ་སོགས་པའི་སེམས་ལྔ་པོ་འདི་དག་ཉིད་སོ་སོར་གཉིས་སུ་བསྒྱུར་བར་བྱ་བ་ཉིད་དུ་མཛད་པར་མངོན་ནོ།། དེ་ལྟ་བས་ན་དགོངས་པ་ནི་འདི་ཡིན་ཏེ། གཟུང་བྱེད་དག་གི་ནང་དང། དྲུག་དང་བརྒྱ་རྐུན་གཉིསུ ་གོང་གི་ཚེ་འདོད་ཆགས་ལ་སོགས་པའི་སེམས་རྒྱུན་ཆགས་པར་རང་གི་ཡུལ་རེ་རེ་ཁོ་ན་ལ་དམིགས་པ་དེའི་ཚེ་ནི་ཁམས་གསུམ་པའི་འདོད་ཆགས་ལ་སོགས་པའི་སེམས་འདི་དག་དྲུག་ཅུ་ཡི་ནོ།། དེ་དག་བགྲངས་པས་འཇིག་རྟེན་པའི་སེམས་བརྒྱ་དྲུག་དུ་ཏུ་བའི་དགོངས་པ། ་གང་གི་ཚེ་འདོད་ཆགས་ལ་སོགས་པའི་སེམས་གང་ཡང་རུང་བའི་ཡུལ་གྱི་རྒྱུན་དེ་ཉིད་ལ་ཅི་རིགས་པར་ཞེ་སྡང་ལ་སོགས་པའི་སེམས་གཉིས་པ་གང་ཡང་རུང་བ་ཞིག་གིས་དམིགས་པ་གང་ཡིན་པ་ཡུལ་ཅན་གཉིས་ཡད་ཀྱང་ཡུལ ་གཅིག་པ་འདིར་གཅིག་ཏུ་བགྲང་ཞེས་ཏེ། གཟུགས་ལ་དམིགས་པའི་ཆགས་སྡང་གཟུགས་ལྟ་བུ་གང་རུང་བའི། གཉིས་ཡོད་ཀྱང་གཟུགས་ཀྱི་ཉོན་མོངས་ཞེས་གཅིག་ཏུ་བྱེད་པས། དྲུག་ཅུ་སུམ་ཅུ་ཞེས་བསྡུ་བ་ལ། དྲུག་ཅུ་གཉིས་ཀྱིས་བགོས་པའི་སུམ་ཅུ་གཟུང་ཞེས་སྟེ་དེས། དེའི་ཚེ་སེམས་དྲུག་ཅུ ་པོ་འདི་དག་རྒྱུན་གྱི་སེམས་སུམ་ཅུར་འགྱུར་ཏེ། དེ་སྐད་དུ། ཆོས་མངོན་པ་དག་ལས་ཀྱང་། གང་རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་མཚུངས་པར་ལྡན་པ་དེ་ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང་ཡང་མཚུངས་པར་ལྡན་ནོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར ་གསུངས་སོ།། དེ་བཞིན་དུ་གང་གི་ཚེ་འདོད་ཆགས་ལ་སོགས་པའི་སེམས་གང་ཡང་རུང་བ་གསུམ་ཡུལ་གྱི་རྒྱུན་དེ་ཉིད་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་དག་གི་ནང་ནས་སེམས་གསུམ་པ་གང་ཡང་རུང་བ་ཅིག་གིས་དམིགས ་པ་དེའི་ཚེ་ནི་འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པའི་སེམས་དྲུག་ཅུ་པོ་འདི་དག་རྒྱུན་གྱི་སེམས་ཉི་ཤུར་འགྱུར་རོ།། གང་གི་ཚེ་འདོད་ཆགས་ལ་སོགས་པའི་སེམས་གང་ཡང་རུང་བ་གསུམ་གྱི་ཡུལ་གྱི་རྒྱུན་དེ་ཉིད་འདོད་ཆགས་ལ་སོགས ་སེམས་དྲུག་ཅུ་པོ་འདི་དག་གི་ནང་ནས་སེམས་བཞི་པ་གང་ཡང་རུང་བ་གཅིག་གི་དམིགས་པ་དེའི་ཚེ་ནི་འདོད་ཆག་སེམཔ་ནས་ཀྱིག་ལ་སོགས་པ་དང་མཚུངས་པར་ལྡན་པའི་སེམས་དྲུག་ཅུ་པོ་འོད་དག་ཉིད་རྒྱུན་གྱི་སེམས་བཅོ་ལྔར་འགྱུར་རོ།། ་གང་གི་ཚེ་ཁམས་གསུམ་པའི་ཡུལ་གྱི་རྒྱུན་ཅི་རིགས་པར་འདོད་ཆགས་ལ་སོགས་པའི་སེམས་བཞི་དམིགས་པར་གྱུར་པ་དེ་ཉིད་སེམས་དྲུག་ཅུ་པོ་འདི་དག་གི་ནང་ནས་སེམས་ལྔ་པ་གང་ཡང་རུང་བ་ཞིག་གིས་དམིགས་པ་དེའི་ཚེ་ནི་སེམས་དྲུག་ཅུ་པོ་འདི ་ངདག་རྒྱུན་གྱི་སེམས་བཅུ་གཉིས་སུ་འགྱུར་རོ།། ད་ནི་གྲངས་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔ་འདི་ཉིད་ཀྱི་གཅིག་ལ་སོགས་པས་སོ་སོར་གཉི་སུ་སྦྱར་བ་བྱ་བ་ཉིད་སྦྱར་བར་བྱ་སྟེ། དེ་ལ་གང་གི་ཚེ་ཁམས་གསུམ་པའི་ཡུལ་ལ་ཅི་རིགས་པར ་འདོད་ཆགས་ལ་སོགས་པའི་སེམས་རེ་རེས་དམིགས་པ་དེའི་ཚེ་ནི་སེམས་འདི་དག་དྲུག་ཅུ་ཡིན་ནོ་ཞེས་གོང་དུ་བཤད་ཟིན་པས་ཡང་མི་བགྲང་ངོ་ཡང་མ་དོགས་གོས་པའོ།། གང་གི་ཚེ་འདོད་ཆགས་ལ་སོགས་པའི་སེམས་ཀྱི་ཡུལ་དེ་ཉིད་ལ་སེམས་གཉིས ་ཀྱིས་དམིགས་པ་དེའི་ཚེ་ནི། དེ་དག་ཉིད་གོངཏྲ་མ་བཞིན་དུ་གཉིས་སུ་བསྒྱུར་བའི་གྲངས་ཀྱིས། བགོ་བྱ་འི་རེ་རེ་བ་དྲུག་བརྩེས་ན་སུཾ་ནུ་ས་དེ་ཉིད་མི་མི་གཅིག་པགས་པས་དྲུག་པུ་ཞེས་ཅུ་ཁོ་ནར་གྱུར་པས་ཡང་མི་བགྲང་ངོ་།། དེས་ན་གྲངས་གཅིག་གཉིས་སུ་བསྒྱུར་བ་ནི་གོང་དུ་བརྩིས། ་ཟིན་པ་ཉིད་ཀྱི་ཕྱིར་བགྲང་བར་མི་བྱ་ལ། དེ་བཞིན་དུ་གྲངས་གཉིས་གཉིས་སུ་གཉིས། རྒྱས་རྒྱལ་ལགོས་ཏེ་བརྩིས་ན། བསྒྱུར་བ། ཡང་རྒྱུན་གྱི་སེམས་བཞིར་འགྱུར་ལ་དེ་གོང་དུ་གྲངས་གྱུར་པའི་གཉིས་ཀྱི་མགོས་པན། བཞིར་བགྲང་བ་ཉིད་དུ་བརྩས་ཟིན་པ་ཡང་མི ་བགྲང་གི་གྲངས་གསུམ་གཉིས་སུ་བསྒྱུར་ན་གྲངས་དྲུག་ཏུ་འགྱུར་རོ།། དེས་ན་དགོངས་པ་ནི་འདི་ཡིན་ཏེ་གང་གི་ཚེ་ཤེ་ཡུལ་གྱི་རྒྱུན་ཅིག་ཁོ་ན་ལ་སེམས་དྲུག་སྤྱི་རྒྱུའི་ཚིག་གིས་དམིགས་པ་དེའི་ཚེ་ནི་སེམས་དྲུག་ཅུ་བོ་འདི་དག་རྒྱུན་གྱི་སེམས་དྲུག ་ཅུར་འགྱུར་བར་ཤེས་པར་བྱའོ།། དེ་བཞིན་དུ་སྔར་བཤད་པའི་གྲངས་བཞི་གཉིས་སུ་བསྒྱུར་ན་གྲངས་བརྒྱད་དུ་འགྱུར་ཏེ། དེ་ལྟར་འདོད་ཆགས་ལ་སོགས་པའི་སེམས་དྲུག་ཅུ་པོ་གྲངས་བརྒྱད་དང་ལྡན་པའི་འདི་དག་ནི་རྒྱུན་གྱི་སེམས ་བདུན་དུ་འགྱུར་རོ།། འདིར་གྲངས་བཞི་དང་ལྡན་པའི་རྒྱུན་གྱི་སེམས་གཅིག་ཁོ་ནར་འགྱུར་བ་གང་ཡིན་པ་དེ་ནི་གོང་དུ་རྒྱུན་གྱི་སེམས་གྲངས་བཞིར་བགྲང་བ་བརྩིས་ཟིན་པ་ཉིད་ཀྱི་ཕྱིར་ཡང་མི་བགྲང་ངོ་།། དེ་བཞིན་དུ་འདོད་ཆགས་ལ་སོགས་པའི་སེམས ་འདི་དག་ཉིད་བརྒྱད་ན་ལྔ་བཅུ་དྲུག་ཡིན་པསོ།། ལྷག་མ་བཞི་དོར་དགས་ཏེ། གོང་དུ་བཤད་པའི་གྲངས་ལྔ་གཉིས་སུ་བསྒྱུར་ན་གྲངས་བཅུར་འགྱུར་ཏེ། དེས་ན་འདོད་ཆགས་ལ་སོགས་པའི་སེམས་འདི་དག་རྒྱུན་གྱི་སེམས་གྲངས་བཅུར་ཡོངསུ་ཆད་པར་དྲུག་ཏུ་འགྱུར་བར ་ཤེས་པར་བྱའོ།། དེ་ལྟར་ན་གོང་དུ་བཤད་པའི་སེམས་ནི་དྲུག་ཅུའོ།། དེ་དག་གཉིས་སུ་བསྒྱུར་བ་ནི་སུམ་ཅུའོ།། དེ་བཞིན་དུ་གསུམ་དུ་བསྒྱུར་བ་ནི་ཉི་ཤུའོ།། བཞིར་བསྒྱུར་བ་ནི་བཅུ་ལྔའོ།། ལྔར་བསྒྱུར་བ་ནི་བཅུ་གཉིས་སོ།། ཡང་གསུམ་གཉིསུ་བསྒྱུར་བ་ནི་བཅུ ་འོ། གྲངས་བཞི་གཉིས་སུ་བསྒྱུར་བ་ནི་བདུན་ནོ།། བརྒྱད་པ་གྲངས་ལྔ་དྲུག་སུབ་ཀྱིས་བཀྲེས་པས་གཉིས་སུ་བསྒྱུར་བ་ནི་དྲུག་གོ། དེ་ལྟ་བོས་བས་ན་ཚུལ་འདིས་འདོ་བོས་པད་ཆགས་ལ་སོགས་པ་འི་སེམས་དྲུག་ཅུ་པོ་དག་སེམས་བརྒྱ་དྲུག་ཅུར་འགྱུར་བར་ཤེས ་པར་བྱའོ།། བསྒྱུར་བ་ཞེས་པ་དེ་བཞིནི་ཙརྗེ། བརྒྱད་ཀྱིས་ཐོབ། པའི་དོན་ཏེ། དྲུག་ཅུ་ལ་གཉིས་གཉིས་སུ་བསྡོམས་པ་ནི། དྲུག་ཅུ་ཡོད་ཅེ་སོགས་བཅུས་ཐོབ། སོ།། མདོར་ན་རྩ་བའི་གྲངས་དྲུག་ཅུ་དང་། དེ་བགོད་བཞིར་བཞག་ནས་དེ་གཉིས་ཀྱི་ཐོབ་པའི་སུམ་ཅུ་དང་། དེ་གསུམ་གྱི་ཐོབ་པའི་ཉི་ཤུ་དང་། དེ་བཞིས་ཐོབ་པའི ་དང་། དརྫམ་ཐས་ཅུས་ཉེས་དང་། དདུག་གས་ཐ་པའི་འཟུང་། དུ་ཀྱི་པའི་ན་ང་། དེ་བཙུས་ཟ་བདུན་ནོ།། དཀར་བྱབ་པ་རྣམས་སྡམས་རྫས་པ་ན་ཅུག། འདི་ནི་རྣལ་འབྱོར་པ་གང་ཟག་ལ་བདག་མེད་པར་རྟོགས་པར་བྱ་བ་ལ་ཞུགས་པའམ། ་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པར་བྱ་བ་ལ་རབ་ཏུ་སྦྱོར་བའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཡིན་པས། དེའི་ཕྱིར་གང་ཟག་ལ་བདག་མེད་པའི་ལམ་རྟོགས་པས་སྤང་བར་བྱ་བ་དང་། གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པས་སྤང ་བར་བྱ་སྟེ། རྒྱུད་ལས། འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུ་བསྐལ་པ་གསུམ་གྱི་འོདས་པ་འཇིག་རྟེན་ལས་འདས་པའི་སེམས་སྐྱེ་བ་ནི་འདི་ལྟ་སྟེ། འདི་ནི་ཕུང་པོ་ཙམ་ཉིད་དེ། བདག་ནི་ནམ་ཡང་ཡོད་མ་ཡིན།། དབང་པོ་གྲོང་ཁྱེར་ཁམས་རྣམས་ཀྱིས།། ་འཇིག་རྟེན་དོན་མེད་རྣམ་པར་ཉམས་ཞེས་བྱ་བ་ལ་སོགས་པ་གང་རྒྱས་པར་གསུངས་པ་ཡིན་ནོ།། སེམས་བརྒྱ་དྲུག་ཅུར་སྦྱར་བ་ཞོར་ལ་འོངས་པ་འདི་ནི་རྫོགས་སོ།། །། དཀྱུས་མ་བརྗོད་པར་བྱ་བ་སྟེ། གོང་དུ་བཤད་པའི་ཚུལ ་གྱིས་རྣལ་འབྱོར་པ་དབང་པོ་རྣོན་པོ་དང་། དབང་པོ་རྟུལ་པོའི་རིམ་གྱིས་གང་ཟག་དང་ཆོས་ལ་བདག་མེད་པའི་ལམ་དུ་ཞུགས་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་སྣང་བ་སེམས་རྨོངས་པར་བྱེད་པ་ལ་ཞུགས་པ་གཉིས་ཀླུ་ཡང་མོས་པ་སྤྱོད་པའི ་ས་རྟོགས་པར་བྱ་བའི་ཕྱིར་འབད་པོ་རྩོམ་པར་བྱེད་པ་དེའི་རིམ་པ་ནི་འདིའོ།། གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པའི་ལམ་ཇི་ལྟར་ཁོང་དུ་ཆུད་པ་དེ་ཉིད་འཇུག་པ་དུད་གནས་པ་རླུང་ལྡང་བའི་སེམས་མངོན་པར་བྱེད་པའི་སྒོམ་པས་གོམས་པར་བྱེད་ཅིང ་སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞིས་སྦྱིན་པ་ལྔ་སྩོགས་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་བསྒྲུབ་པ་སྔོན་དུ་འགྲོ་བའི་རྗེས་སུ་འཛིན་པས་ན། ས་བཅུ་པ་ལ་འཇུག་པར་བྱེད་པ་རྣམས་དང་དེ་དག་གི་རྒྱུ་མཐུན་པའི་ལུས་དང་ངག་དང་ཡིད་ཀྱི ་ཡོན་ཏན་རྣམས་མ་ཐོབ་ཀྱང་ཐོས་པ་དང་བསམས་པས་རྟོགས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་དེ་དག་ལོ་འཇུག་པའི་ཆོས་ཀྱི་ཚིག་དག་གི་བསྟན་པ་རྣམས་ལ་དེ་ཁོ་ན་ལྟར་ཡིན་ནོ་ཞེས་མོས་པོ་ནི་མོས་པ་ཡིན་ནོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་མོས་པ་སྔོན་དུ ་འགྲོ་བ་ཅི་རིགས་ཇི་ལྟ་བ་བཞིན་པར་རང་དང་གཞན་གྱི་དོན་སྒྲུབ་པའི་ངོ་བོ་གང་ཡིན་པ་ནི་མོས་པ་ཅས་སྤྱོད་པ་ཡིན་ཏེ། མོས་པས་ལུང་སྤྱོད་པ་ཉིད་གཞིའི་དོན་གྱི་ས་ཡིན་ནོ།། མོས་པས་སྤྱོད་པའི་ས་དེ་བསྐལ་པ་གཅིག་གིས་འདའ་བར་འོ་ལས་ད་པོ་གྱུར་རོ ་ཞེས་སྟོན་པར་མཛད་དེ། མོས་པའི་ས་ནི་སྤྱོད་པའི་ས། སེམས་གསུམ་རྣམ་པར་བསྒོམ་པ་སྟེ། ཕ་རོལ་ཕྱིན་རྣམས་སྤྱོད་པ་དང་། བསྡུ་བ་དག་ནི་བཞི་པོ་ཡིས།། མོས་པའི་ས་དེ་ལྟ་ཅིའི་ཚུལ་ཨ་ནི་མཚུངས་པ་མེད།། དཔག་ཏུ་མེད་ཅིང་བསམ་མི་ཁྱབ། ་དཔག་མེད་ཡེ་ཤེས་འབྱུང་དེ་ལ་དགོངས་པ་ནས་འདིར་བ་ནི།། འདུག་ནས་ལྡང་བའི་སེམས་བཅུ་དག་གིས་ཐོབ་པར་འགྱུར།། ངསོ་གང་ཅུང་ཟད་བརྗོད་པ་ནི།། ཐམས་ཅད་འདི་ཡིས་ཐོབ་པར་འགྱུར།། དེ་ཕྱིར་ཐམས་ཅད་མཁྱེན་པ་ཡིས།། མོས་པ་ཞེས་ནི་བྱ་བར་བཤད ་བློ་ལྡན་བསྐལ་པ་གཅིག་གིས་ནི་ས་ལས་ཡང་དག་འདའ་བར་འགྱུར་ཞེས་རམ་བཅུ་དང་ནི་སུམཐུན་པར་མོས་པས་རྣམ་། གང་གསུངས་པ་ཡིན་ནོ།། གཞན་ཡང་སེམས་གསུམ་རྣམ་པར་བསྒོམ་པ་མོས་པོ་སྤྱོད་པའི་སར་བཤད་པ་འདི་ཉིད་དང་ཡེ་ཤེས་ཀྱི་ས་བཅུ་རྫོགས ་བོར་བྱེད་པའི་ཆོས་དག་ལ་མོས་པའི་སེམས་བཅུ་པོ་འདི་དག་གསལ་བར་བྱེད་པ་ནི་རྣམ་པར་སྣང་མཛད་ཀྱི་རྒྱུད་འདི་ཉིད་ཀྱི་རྒྱུད་ཕྱི་མ་དང་འབྲེལ་པ་གསང་བའི་རིམ་པ་ཕྱེ་བ་ལས་གཞུང་འདྲིས་ཡང་དག་པར་བསྟན་ཏེ། དེ་ལ་གསང་བའི་བདག་པོ་མོས་པ་སྤྱོད ་བའི་སེམས་གསུམ་ཡོངསུ་ཤེས་པ་གང་ཞེ་ན། གསང་བའི་བདག་པོ་སེམས་ཀྱི་སྐད་ཅིག་མ་དང་པོ་རྟོགས་པའི་ཕྱིར་སེམས་སྐྱེ་བ་མེད་པ་དང་འགག་པ་མེད་པར་ཁོང་དུ་ཆུད་པའི་མཚན་ཉིད་ནི་རྟོགས་པ་དང་པོ་ཡིན་ནོ།། གཉིས་པ་ནི་རྟོག་པའི་དྲ་བ་ཐམས་ཅད་ལས ་ཡང་དག་པར་འདས་པ་རྣམ་པར་མི་རྟོག་པ་ཡིན་ནོ།། སྒྲིབ་པ་མེད་པར་རྟོགས་ནས་སེམས་ཅན་རྣ་ཐོས་པ་དང་བཅས་ཨ་མས་ཡང་དག་པའི་ལམ་ལ་དགོད་པར་བྱ་རྣམ་པར་རྟོག་པ་དང་འཅས་པས། འོ།། སྙམ་པའི་སྙིང་རྗེ་ཆེ་འ་པའི་སེམན་པོ་གནས་ནི་བསྐྱེད་དེ། འདི་ནི་འདིའི་སེམ ་གསུམ་པ་ཡིན་ནོ།། གསང་བའི་བདག་པོ་སེམས་གསུམ་བསྒྲུབ་པས་ས་དང་ཕ་རོལ་ཏུ་ཕྱིན་པ་དང་བསྡུ་བའི་དངོས་པོ་རྣམས་བསྒྲུབ་པར་འགྱུར་རོ།། གསང་བའི་བདག་པོ་དེ་ལ་ས་དང་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པའི་སྦྱོར་བ་དག་ནི་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི ་སྒོ་ནས་བྱ་ལྡེགང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་ཐབས་དང་ཤེས་རབ་དང་ཡེ་ཤེས་དང་ལྡན་པ་གང་གི་ཚེ། སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞི་དག་གིས་ཡང་དག་པར་ལེན་དུ་བཅུག་སྟེ། ཡིད་རབ་ཏུ་དགའ་བས་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་པ་འདི ་ནི་འདིའི་ས་དང་ཕ་རོལ་ཏུ་ཕྱིན་པའི་ཡོན་ལག་གི་སྦྱོར་བ་ཡིན་ནོ།། གསང་བའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའི་སེམས་རྣམ་པར་དག་པ་འདུས་མ་བྱས་པའི་ཚུལ་ཁྲིམས་ལ་གནས་པ་ནི་ཆོས་དེ་ཉིད་སྦྱིན་ཞིང་སེམས་ཅན་རྣམས་བསམ་པོ་ཇི་ལྟ་བ ་བཞིན་དུ་ཚུལ་ཁྲིམས་ལ་བཀོད་ལ། བདག་ཉིད་ཀྱང་དེ་ལ་གནས་པར་འགྱུར་ཏེ། འདི་ནི་འདིའི་ས་དང་ཕ་རོལ་ཏུ་ཕྱིན་པའི་ཡན་ལག་གི་སྦྱོར་བ་ཡིན་པར་བལྟའོ།། གསང་བའི་བདག་པོ་བྱང་ཆུབ་སེམས་དཔའ་འོད་གསལ་ཞིང་སེམས་ཀྱིས ་ཕྱོགས་བཅུའི་ཆོས་ལ་ཁྱབ་པ་གང་གི་ཚེ། བདག་ཉིད་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ལ། གཞན་དག་ཀྱང་དེ་ལ་འགོད་པར་བྱེད་པ་འདི་ནི་དེའི་ས་དང་ཕ་རོལ་ཏུ་ཕྱིན་པའི་ཡན་ལག་གི་སྦྱོར་བ་ཡིན་པར་བལྟའོ།། གསང་བའི་བདག་པོ་གཞན ་ཡང་ཡེ་ཤེས་ཀྱི་འོད་ཟེར་དང་ལྡན་པ་ནི་སེམས་དེ་ཉིད་ཀྱིས་ཕྱི་ཕྱིར་ཞིང་གོང་ནས་གོང་དུ་རྟོགས་པ་ལ་མཁས་པའི་བློས་བརྩོན་འགྲུས་རྩོམ་ཞིང་གཞན་དག་ཀྱང་དེ་ལ་འགོད་པར་བྱེད་དེ། གསང་བའི་བདག་པོ་འདི་ནི་འདིའི་ས་དང་ཕ་རོལ་ཏུ་ཕྱིན་པའི་ཡུན ་ལག་དག་བསྐྱབ་པའི་སྦྱོར་བ་ཡིན་པར་བལྟའོ།། གསང་བའི་བདག་པོ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་གང་གི་ཚེ་སེམས་དེ་ཉིད་བསམ་གཏན་ཐམས་ཅད་ལ་མི་ལྟ་བར་ཡེ་ཤེས་དང་ལྡན་པའི་བློས་ངོས ་བརྙསམས་ཤིང་གཞན་དག་ཀྱང་དེ་ལ་ཡང་དག་པར་ལེན་དུ་འཇུག་པ་དེའི་ཚེ། འདིའི་ས་དང་ཕ་རོལ་ཏུ་ཕྱིན་པའི་ཡན་ལོག་འགྲུབ་པའི་སྦྱོར་བ་ཡིན་པོར་བལྟའོ།། གསང་བའི་བདགྲ་པོ་གཞན་ཡང་སེམས་འདི་ཉིད་ཀྱིས་ཡེ་ཤེས་དང་ལྡན་པའི་བློས ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཉན་ཐོས་ཀྱི་བསམ་གཏན་དང་ཚད་མེད་པ་དག་ལ་མི་ལྟ་བར་བདག་ཉིད་ཀྱང་དེ་ལ་གནས་པར་འགྱུར་ཞིང་གཞན་དག་ཀྱང་དེ་ལ་འགོད་པར་བྱེད་པ་དེའི་ཚེ་འདིའི་ས་དང་ཕ་རོལ་ཕྱིན་པའི་ཡན་ལག་འགྲུབ་པ ་ཡིན་པར་བལྟའོ།། གསང་བའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་བསམ་གཏན་གྱི་ལྷག་པའི་བསམ་གཏན་གྱི་ལྷག་པའི་བསམ་པ་དེ་ལྟ་བུ་དང་ལྡན་པ་ནི་སོངས་དེ་ཉིད་ཀྱིས་ཡེ་ཤེས ་དང་ལྡན་པའི་བློས་བདག་ཉིད་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་རབ་རྣམ་པར་སྦྱོང་བར་བྱེད་པ་ལ་གནས་པར་འགྱུར་ཞིང་གཞན་དག་ཀྱང་དེ་ལ་འགོད་པར་བྱེད་དེ། དེ་ལྟ་བུ་ནི་འདིརའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ས་མངོན་དུ་འགྱུར ་གྱི་ཡན་ལག་འགྲུབ་པ་ཡིན་པར་བལྟའོ།། གསང་བའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་ཀྱིས་ཡང་དག་པར་བསྡུ་བ་ལ་མཁས་པ་དགེ་བའི་བཤེས་གཉེན་གྱིས་ལེགས་པར་བྱིན་གྱིས་བརླབས་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྨིན ་ལམ་བཏབ་ནས་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞི་དག་གིས་སྡུད་པར་བྱེད་དེ་འདྲི་ནི་འདིའི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ས་རིང་དུ་སོང་བའི་སྦྱོར་བ་འགྲུབ་པ་ཡིན་པར་བལྟའོ།། གསང་བའི་བདག་པོ་གཞན ་ཡང་ཡེ་ཤེས་དང་ལྡན་པའི་བློ་མི་གཡོ་ཞིང་མི་སྤྲུལ་བ་ནི་སྲས་ཀྱི་རྒོལ་བ་ཐམས་ཅད་དང་བདུད་ཀྱི་རིགས་ཀྱི་ལྷ་དག་གོས་ཀྱང་ཟིལ་གྱིས་མི་ནོན་ཏེ། འདི་ནི་འདིའི་ས་མི་གཡོ་བ་དང་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བ་ཡིན་པར་བལྟའོ།། གསང་བའི་བདག་པོ ་གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་གྱིས་ལེགས་པར་ཟིན་པ་ཆོས་ཐམས་ལ་སྒྱུ་མའི་ཆོས་དང་མཉམ་པ་ཉིད་དུ་གྱུར་པ་སྙིང་རྗེ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་སྙིང་རྗེ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པས་ཕྱོགས་བཅུར ་སངས་རྒྱས་ཀྱི་ཞིང་དག་ཀྱང་བྱུ་ཕྱུར་བྱེད་ཅིང་། ལུས་དང་དྲུག་དུང་ཡིད་མཉམ་པ་ཉིད་ཀྱིས་ཡང་དག་པར་མགུ་ནས་ལུས་ཀྱི་སྒྱུ་ལངས་ཤིང་དགའ་བ་མང་ཆོས་ཕྱོགས་བཅུར་རྣམ་པར་བཞུགས་པའི་དེ་བཞིན་གཤེགས་པ་རྣམ། ་མཐོང་བར་འགྱུར་རོ།། སེམས་ཅན་གྱི་མཐར་ཐུག་པའི་སྟོང་རྗེ་ཆེན་པོ་དང་ལྡན་ཞིང་སེམས་ཅན་ཐམས་ཅད་ལ་ན་མཁའི་མཐར་ཐུག་པ་དང་། སེམས་ཅན་གྱི་མཐར་ཐུག་པ་དང་། ཡེ་ཤེས་ཀྱི་མཐར་ཐུག་པ་དང་། རྣམ་པར་ཤེས་བྱའི་མུབ ་ཐུག་བྱས་ཁྱབ་པར་བྱེད་དེ་དེ་ལྟར་དང་བ་དང་། བརྩོན་འགྲུས་དང་། ཤེས་རབ་ཀྱི་སྟོབས་སྐྱེད་པ་ཐོབ་པ་ན་རྨི་ལམ་མམ་མངོན་སུམ་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཐོང་བར་འགྱུར་ཞིང་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཏིང་ངེ་འཛིན ་ང་ཐོབ་པོར་འགྱུར་ཏཱི། འདི་ནི་བྱང་ཆུབ་སེམས་དཔའ་མོས་པའི་དཀྱིལ་འཁོར་ལ་ཁྲིགས་པ་ཡིན་པར་ཤེས་པར་བྱའོ།། ཞེས་གང་གསུངས་པ་ཡིན་ཏེ། རྒྱས་པར་བྱུང་བུཾ་མྦྷ་ལས་བཤད་པ་གསང་བའི་རིམ་པར་བྱེ་བ་ལས་བརྒྱག་པར་བྱའོ།། ་ཞར་ལ་འོངས་པ་འདི་རྫོག་སོ།། ། དཀྱུས་མ་བརྗོད་པར་བྱ་སྟེ། མོས་པས་སྤྱོད་པའི་ས་བསྐལ་པ་གཅིག་གིས་འདའ་བྱར་འགྱུར་རོ་ཞེས་བཤང་བ་འདིའི་མཇུག་ཐོག་སུ་ཡང་མོས་པས་སྤྱོད་པའི་ས་སྔགས་སུ་གྱུར་པའི་ཡོན་ཏན་ཅན་ཡེ ་ཤེས་ཀྱིས་རབ་ཏུ་དགའ་བ་བྱང་ཆུབ་ཀྱི་སེམས་དང་པོའི་མཚན་ཉིད་ལ་འཇུག་པར་གྱུར་པ་རྣམས་བསྐལ་པ་བཞི་ཚའི་བར་དུ་གོམས་པར་བྱས་ནས་མོས་པས་སྤྱོད་པའི་ས་ལས་འདས་ཏེ། ཡེ་ཤེས་ཀྱི་ས་ལ་འགྱུར་རོ་ཞེས་བྱ་བ་གང་སྲིན ་བ་སྟོན་ཏེ། འདི་ཡི་ཡང་ནི་བཞི་ཆ་ཡིས། མོས་པ་ལས་ནི་འདའ་བར་འགྱུར།། ཞེས་བྱ་བ་ཡིན་ནོ།། དེའི་འོག་ཏུ་གང་ཟག་དང་ཆོས་ལ་བདག་མེད་པའི་ལམ་ཇི་ལྟར་རྟོགས་པའི་ལམ་དེ་ཉིད་འཇུག་པ་དང་། གནས་པ་དང་། ལྟུང་བ་དང་ལྡན་པའི་སྒོ་ནས ་མངོན་དུ་བྱེད་པ་ན། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་གོམས་པའི་ཕྱིར་བསྐལ་པ་དཔག་ཏུ་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་བསྒྲུབ་པ་ལྷུར་ལེན་པས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དམིགས་པའི་སྒོ་ནས་ས་དང་པོའི ་མཚན་ཉིད་ཕུང་པོ་ལ་སོགས་པ་ལ་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པའི་ངོ་བོ་ཉིད་དུ་རྣམ་པར་རྟོག་པ་རྣམས་ཀྱི་ཡང་དངོས་ནི་གཉེན་པོར་གྱུར་པའི་སེམས་ཐོབ་པ་དེ་སྟོན་ཏེ། གསང་བའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའི་གསང་སྔགས་ཀྱི་སྒོ ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྐྱེད་པ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པར་བསགས་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་རྫས ་མེད་པ་མཚན་ཉིད་མེད་པ། མཚོན་མ་མེད་པ། སྤྲོས་པ་ཐམས་ཅད་ལས་འདས་པ། ནམ་མཁའ་ལྟ་བུར་དཔག་ཏུ་མེད་པ་ཆོས་ཐམས་ཅད་ཀྱི་གོ་སྐབསུ་གྱུར་པ་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་དང་བྲལ་བ་ལས་དང་བྱ་བ་མེད་པ། ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དང་བྲལ་བ་ཤིན་ཏུ་ངོ་བོ་ཉིད་མེད་པའི་སེམས་བསྐྱེད་དེ། གསང་བའི་བདག་པོ་འདི་ནི་བྱང་ཆུབ་ཀྱི་སེམས་དང་པོ་ཞེས་རྒྱལ་བ་རྣམས་ཀྱིས་གསུངསོ་ཞེས་བྱ་བའི་བར་ཡིན་ནོ།། དེ་ལྟ་བས་ན། དེ་ལྟར་བཤད ་མ་ཐག་པའི་རིམ་གྱིས་ན་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱིས་བརྟུལ་འཇུག་པར་བྱེད་པའི་ཡོན་ཏན་ཅན་རྣམས་གོ་རིམས་ཇི་ལྟ་བ་བཞིན་དུ་གོམས་པར་བྱེད་ཅིང་། བྱང་ཆུབ་སེམས་དཔའི་ས་བཅུའི་བར་དུ་གོ་རིམས་ཇི་ལྟ་བ་བཞིན་ལ ་ནར་བསྒྲུབ་པ་ལ་ཞུགས་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་འཐོབ་པོ་ཞེས་སྟོན་ཏེ། རིས་གྱིས། རྒྱུང་དུ། བྱང་ཆུབ་སེམས་དཔའ་དང་སངས་རྒྱས་དང་ཀུན་ཏུ་སངས་རྒྱས་དང་དེ་བཞིན་ས་འོག་མར་གས་བསམ་གྱི་གཏན་ལ་ཕབ་ནས་བསྒོམ་པ། གཤེགས་པ་རྣམས་བྱེ་མ་གོང་མ་གོང་མའི། བྲག་ཞུས ་ཇི་ལྟར་བྱང་ཆུབ་སེམས་དཔའ་ལགས་ཞེས་པའི་ལ་བཀའ་སྩལ་པ། རྒྱུད་ཚིག་འདི་ལ། ཚིག་འགྲེལ་དུ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཆུད་པ། དེ་བཞིན་ཉིད་ཀྱི་ཡེ་ཤེས་གཟུང་བ་དང་འཛིན་པ་ལ་སོགས་པའི་རྟོག་པ་ཐམས་ཅད་སྤངས་པ། ན་མཁའ་ལྟ་བུ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མེད་པ་དེ་ནི་བྱང་ཆུབ་སྟེ། བྱང་ཆུབ ་དེ་ལྟ་བུར་གང་ཆུད་པ་འདོད་པ་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། དེ་ཡང་ས་དང་པོ་ལ་ཞུགས་པ་ནས་ས་དགུ་བ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་ལ་བྱའོ།། དེ་ནས་ས་བཅུ་མངོན་པར་བསྒྲུབས་ནས་སུ།། སངས་རྒྱས་ཞེས་ནི་བྱ་བ་ཡིན།། ཞེས་པའི་བར་དུ་ནི་ཇི་ལྟར་སངས་རྒྱས་ཞེས་དེ་བགྱི། ཞེས་ཞུས་ལན་ཏེ། ་བཅུ་ཡོང་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་དབང་བཅུ་ལ་ཡང་དབང་དུ་གྱུར་པའི་ཏིང་ངེ་འཛིན་དུ་གནས་པ། ལངས་པ་གཉིས་ཀའི་ཚེའང་ཕུང་པོ་རྙིང་པ་ལ་སོགས་པའི་ཆོས་རྣམས་སྒྱུ་མ་ལྟ་བུར་རྟོགས། འཇིག་རྟེན་པ་རྣམས་ཀྱི་རྒྱུད། ཀུན་རྫོབ་དང་དོན་དམ་པའི་མཚན་ཉིད་སྟོང་པ་ཉིད་དང་སྒྱུ་མ་ལྟ་བུར་ཤེས ་པ་དེ་ནི་སངས་རྒྱས་ཤེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཕལ་བ་རྣམས་ཀྱིས་ཀྱང་ཆོས་རྣམས་སྟོང་པ་སྒྱུ་མ་ལྟ་བུར་རྟོགས་པ་དང་། འཇིག་རྟེན་ཀུན་གྱི་རྒྱུད་ཤེས་མོད་ཀྱི། མི་མཐུན་པའི་ཕྱོགས་ཐམས་ཅད་དུ་མ་སྤངས་པས་ཆོས་རྣམས་སྟོང་པ་དང་སྒྱུ་མར་རྟོགས་པ་ཡང་། མཉམ་པར་བཞག་པ་ལས་ལངས་པ ་ཚེ་མི་མཐུན་ཆམ་ཕྱོགས་ཀྱིས་སྒྲིའི་པར་འགྱུར་ཏེ། དེ་ལ་ཁྱུ་པ་དུགསུས་པན། སཱ་བཙུ་རྫོགས་པ་ས་མ་ནུས་པ་ནས་བྱ་སྟེ། ས་ཨ་རྒྱས་པ་ཞེས་བྱ་བ་ན་ལོག་པའི་གཏན་པ་ལ་སོགས་པསླངས་ནས་བྱིན་མི་མ་ལོག་པ་ཆུང་པ་ལ་བྱག།། ཞེས་སོ།། བྱང་ཆུབ་ན་མཁའི་མཚན་ཉིད་དེ།། ཀུན་ཏུ་རྟོག ་པ་ཐམས་ཅད་སྤངས།། གང་ཞིག་དེ་རྟོགས་འདོད་པ་དེ།། བྱང་ཆུབ་སེམས་དཔའ་ཞེས་བྱའོ།། ཞེས་འབྱུང་བ་ཡིན་ནོ།། དེ་རྟོགས་འདོད་པ་ཞེས་བྱ་བ་ནི། སོ་སོའི་མཚན་ཉིད་བྱང་ཆུབ་ཀྱི་སེམས་དེ་བཞིན་ཉིད་ལ་དམིགས་པ་གོ་རིམས་ཇི་ལྟ་བ་བཞིན ་དུ་རྟོགས་པར་བྱ་བ་ལ་ཞུགས་པའོ།། ས་ནི་རྟོགས་པ་ས་དགུ་པ་མན་གྱི། འདོད་པ་ཞེས་བྱ་ལ། དེས་ན་འདོད་པ་དེ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ། སྙམ་དུ་དགོངས་པ་ཡིན་ནོ།། དེའི་འོག་ཏུ་གང་གི་ཚེ་བྱང་ཆུབ་སེམས་དཔའི་ས་བཅུ་དང་། དབང་བཅུ་བསྒྲུབ་པ་མངོན་དུ་འགྲོ་བ ་དེ་ཡིན་ནི་ས་བཅུའི་མཉམ་བཞག་ན་མཁའ་ལྟ་བུ་བྱང་ཆུབ་ཀྱི་མཚན་ཉིད་ཅན་ཏེ། ཆོས་སྒྱུ་མ་ལྟ་བུ་རྣམས་ཀྱང་སྟོང་པ་ཉིད་དུ་རྟོགས་པར་བྱེད་ཅིང་ཀུན་རྫོབ་ཀྱི་ལམ་ལ་ཡང་ཞུགས་ཏེ། སེམས་ཅན་རྣམས་ཀྱི་ལས་བདེ་འགྲོ་དང་། ངན་འགྲོར་འདྲེན་པར་བྱེད་པ་དང་། རྒྱུ་དང ་འབྲས་བུ་སོ་སོར་ངེས་ལ་ཇི་སྲིད་པ་དེ་སྲིད་ཡུལ་གྱི་ཡེ་ཤྭེ་མངོན་དུ་མཛད་པའི་སྒོ་ནས་མ་དོན་དམ་པར་ཁྱེན་པ་དེའི་ཚེ། སངས་རྒྱས་ཞེས་བྱ་བར་ཐ་སྙད་གདགས་པ་དེ་སྟོན་ཏེ། རྒྱུད་འདིར་འདི་ལྟ་བུའི་སངས་རྒྱས་བཞག་དགོས་པའི་སྐབས་ཡོད་པ་ནི་ཚིག་འབྲེལ་ལས་ཀྱང་དེ་ལ་སངས ་རྒྱས་དང་ཞེས་པ་ནི། བླ་ན་མེད་པར་སངས་རྒྱས་པ་ལ་མི་བྱ་བརྟགས་པའི་སྣང་བས་དབེན་པའི་སེམས་མངོན་དུ་བྱས་པའི་དོན། སྟེ། བྱང་ཆུབ་སེམ་ས་བཅུ་ཐོབ་པ། དཔའ་ས་བཅུར་ཕྱིན་པ། དབང་བཅུ་ལུང་གིས། ཐོབ་པའི་སངས་རྒྱས་དེ་ལ་བྱའོ།། བྱང་ཆུབ་སེམས་དཔའ་ཞེས་པ་ནི། དེ་ལས་གཞན་པའི་སར་གནས་པ་རྣམས ་ལ་བྱམ་ཞེག། གང་གིས་སྔ་བཅུ་སྒྲུབས་ནས་ནི།། དབང་བཅུ་ལེགས་རྟོགས་ཁོང་དུ་ཆུད།། སྟོང་པ་སྒྱུ་མ་འདྲ་བའི་ཆོས།། རྣམ་པ་ཐམས་ཅད་མཁྱེན་ཅིང་འདིར།། འཇིག་རྟེན་ཀུན་གྱི་ཚུལ་མཁྱེན་པ།། སངས་རྒྱས་ཞེས་ནི་བྱ་བ ་ཡིན།། ཞེས་འབྱུང་བ་ཡིན་ནོ།། སངས་རྒྱས་ཞེས་བྱ་བ་ནི་གང་གིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་ངོ་བོ་ཉིད་དུ་ཡང་མེད་པར་རྟོགས་པ་སྟེ། དེའི་ཕྱིར་སངས་རྒྱས་ཞེ་ཡང་དག་པར་རྫོགས་པའི་སངས་རྒྱས་སམ་ཐུན་སངས་རྒྱམས་བྱའོ་སྙམ་དུ་དགོངས་པ་ཡིན་ནོ།། ད་ནི ་གང་གི་ཚེ་མ་རྟོགས་པའི་ཆོས་ཐམས་ཅད་དོན་དམ་པའི་ངོ་བོ་ཉིད་ཀྱིས་མཚན་ཉིད་སྟོང་པ་ཉིད་དུ་ཇི་ལྟར་རྟོགས་པ་བཞིན་ན་མཁའ་དང་འདྲ་བར་གཉི་སུ་མེད་འཇུག་པའི་མཚན་ཉིད་གཅིག་པར་རྟོགས་པར་བྱ་སྟེ། ཀུན་རྫོབ་ཀྱི་ཡེ་ཤེས་ཀྱིས་ཀྱང་སྟོབས་བཅུ ་དག་སྒྲུབ་པར་བྱེད་པ་དེའི་ཚེ། རྫོགས་པར་བྱང་ཆུབ་པ་ཞེས་བྱའོ།། ཞེས་བྱ་བར་སྟོན་ཏེ། ཆོས་ནི་ན་མཁའི་མཚན་ཉིད་དེ།། གཉིས་སུ་མེད་ཅིང་མཚན་ཉིད་གཅིག། སྟོབས་བཅུ་རྫོགས་པར་སངས་རྒྱས་པ།། དེ་ནི་རྫོགས་སངས་རྒྱས་ཞེས ་བྱཱ། རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་འདི་ལ་ཚིག་འབྲེལ་པ་ལས། ཇི་ལྟར་རྒྱལ་བ་མཆོག་ཅེས་བྱ་ཞེས་ནུས་པའི་ལན་ཏེ། ས་བཅུའི་བྱང་ཆུབ་སེམས་ད་སངས་རྒྱ་ཞེས་བྱས་ས་ཀྱིས་ཆོས་རྣམས་སྟོང་པར་ཆུད་པ་ནི་ཀུན་སངས་རྒྱས། སོ་སོར་མཚན་ཉིད་དུ་ཆུད་དེ། དེ་ལས་ས་ཏུ། ལྷག་པར་གངས ་མཚན་ཉིད་དུ་སྟོང་བ་ཆུད་པ་དེ་རྣམས་གང་གཟུགས་ཀྱི་སྣང་བ་དེ་ཚོར་བའི་སྟོང་བ་སྟེ། གཟུགས་ཀྱི་སྟོང་པ་དང་པའི་སྟོང་པ་ཉིད་གཉིས་གཉིསུ་བྱར་མེད་ཅེས་པ་ལ་སོགས་པའི་ཚུལ་དུ་ཆོས་ཐམས་ཅད་ནམ་པའི་མཚན་ཉིད་ལྟར་བདག་ཉིད་མེད་དེ། མཚན་ཉིད་གཅིན་ཏུ་སྟོབས་དབང་ཡོང་སུ་རྫོགས་ནས་ཀུན་ཏུ་རུད ་བ་དེ་ནི་ཀུན་ཏུ་སངས་རྒྱས་ཞེས་བྱ་བ་སྟེ། དེ་ལ་ང་ཟུང་བ་ལྷག་ས་དང་འརྒྱས་པའི་མྱ་ངན་ལས་འདས་པ་ཀུན་ཏུ་བཟང་པོའི་ས་ལ་གནས་པ་འམ་བྱང་ཆུབ་སེམས་དཔའ་ལ་བྱའོ།། རྒྱལ་བའི་མཆོག་ཅེས་པ་ན། བདུད་བཞི་ལ་རྒྱལ་བའི་ཕྱིར་རོ།། ཞེས་ས།། དེ་ནས་འདུ་ཤེས་ཙམ་གྲངས་ནས་སུ། རང་བཞིན་བསྟན་དུ་མེད་པ་ནི ་རང་གི་རིག་པ་ཡེར་ཤེས་ཕྱིར། ཞེས་ཀུན་ཏུ་སངས་རྒྱས་པའི་ཚེ་ཆོས་ཐམས་ཅད་སྤོང་བའི་མཚན་ཉིད་གཅིག་ཏུ་ཆུད་པའི་འདུ་ཤེས་ཙམ་པ་དེ་ཡང་སྤངས་ཏེ། རང་གི་རིག་པ་རང་བཞིན་དུ་མེད་པ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པ་དེ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་བྱའོ་ཞེས་སོ།། ཡང་ཆོས་ཐམས ་ཅད་ཀྱི་དེ་བཞིན་ཉིད་ཀྱང་མཚན་ཉིད་མེད་པའོ་ཞེས་བྱ་བའི་ཚུལ་དུ་མཚན་ཉིད་གཅིག་པར་རྟོགས་པའི་ཕྱིར་ཡང་ཐམས་ཅད་མཁྱེན་པ་མཚན་ཉིད་བརྙེས་ཞེས་བྱའོ་ཀུན་ཏུ་བྱང་ཆུབ་པའོ་ཞེས་བྱེ་བྲག་ཏུ་བཤད་པའི་ཕྱིར་ཏེ། དེ་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཅིག་པར་རྟོགས་པའི་མཚན་ཉིད་ནི་འདི་ལྟ་སྟེ། གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་ཚོར་བ་རྣམ་པར་དག་པའོ།། ཚོར་བ་རྣམ་པར་དག་པ་གང་ཡིན་པ་དེ་ནི་གཟུགས་རྣམ་པར་དག་པ་སྟེ། དེ་ལྟར་ན་གཟུགས་རྣམ་པར་དག་པ ་དང་ཚོར་བ་རྣམ་པར་དག་པ་འདི་ལ་གཉིསུ་མེད་དེ་གཉིསུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རྫོགས་པར་དོན་འདི་ལ་ཡང་དཔལ་བརྩེགས་ཀྱིས། མདོར། གསང་བའི་བདག་པོ་ཐེག་པ་ཆེན་པོས་བགྲོད་པ་གཞན་གྱི་བྲིང་མི་འཇོག་པ་རྣམས་ལ་ཆོས ་ལ་བདག་མེད་པའི་སེམ་པ་རྒྱའོ།། ཞེས་པ་ནས་ངོམས་གྱི་བྱེ་པ་མི་བར་བྱེ་བའི་ཞེས་པའི་བར། དབང་བཛིན་པའི་དབོང་དུ་གསུམ་པ། མོས་བསྤྱོད་པའིས་དང་། ས་དང་ཐའི་མཚན་ཉིད་བསྟན་པ་དང་གོང་དུ་སྨོས་པའི་དོན་རྣམས་ཅིང་ལེད་ཏེ། དབུགས་འབྱིན་པ་ཞེས་ཟློས་པ་དང་། གང་སྔགས་ཀྱི ་ཉིད་སྟོང་པ་ཡིན་ཡང་། སྒྱུ་མ་ལ་སོགས་པ་དང་འདྲ་བར་དོན་བྱེད་པར་ཡང་རུང་ཞེས་བསྟན་པ་ཡིན་ནོ།། དེར་ཡང་མ་འདེ་རྣམ་པར་སྣང་མཛད་ཀྱི་རང་གི་རྒྱུ་ནི། འོག་ནས་རྫོགས་པར་བྱང་ཆུབ་གནས་སྐབས་དཔའ་བོ་ཆེན་པོའི་ཏིང་འཛིན་ལ་སོགས་པ་འབྱུང་བ་ཡང་ཡིན་པར་བསྟན་ཏོ།། ཞེས་སོ།། ་བྱང་ཆུབ་པའི་ཡེ་ཤེས་རྟོགས་པའི་གནས་སྐབས་འདི་ཡང་འདི་ལས་དཔའ་བོ་ཆེན་པོའི་ཏིང་འཛིན་བསྟན་པ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པ་ཁོ་ནས་སྤྲུལ་པའི་སྦྱོར་བ་དག་གིས་སེམས་ཅན་ཡོངསུ་སྨིན་པར་བྱ་བའི་ཕྱིར་འདོད་པའི ་ཁམས་ཉིད་དུ་སྐྱེ་བ་ལོན་པ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་ལ་སོགས་པ་ཀུན་ཏུ་བསྟན་ཏེ། བྱང་ཆུབ་སྙིང་པོར་ཉེ་བར་གཤེགས་པ་སྔོན་དུ་འགྲོ་བ་ཅན་དཔའ་བོ་ཆེན་པོའི་ཏིང་ངེ་འཛིན་ཡན་ལག་ལྔ་པ་རྟོགས་པའི་སྒོ་ནས་བདུད་བཞི་ལ་རྒྱལ ་ནས་བརྙེས་སོ་ཞེས་འབྱུང་ངོ་།། དེ་ལ་འདི་ལས་དཔའ་བོ་ཆེན་པོའི་ཏིང་ངེ་འཛིན་བསྟན་པར་གསུངས་པ་འདི་ཡིན་ཏོ། ཇི་སྐད་དུ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། བྱང་ཆུབ་སྙིང་པོར་འདུག ་ནས་སུ།། བདུད་ནི་རྣམ་པ་བཞི་བཅོམ་ནས།། དེས་ནུ་དཔའ་བོ་ཆེན་པོ་ཞེས།། ཚངས་པ་ལ་སོགས་ལྷ་ཚེགས་རྣམས།། འཇིགས་པ་ཐམས་ཅད་མེད་པའི་སྒྲ།། དགའ་བ་བཞིན་དུ་སྒྲོགས་པར་བྱེད།། དེ་ཕྱིན་ཆད་ནི་ང་དཔའ་བོ།། དཔའ་བོ་ཆེན་པོ་ཞེས་སུ ་གྲགས།། སྐྱེ་བ་མེད་པར་ངས་རྟོགས་པ། ཚིག་གི་སྤྱོད་ཡུལ་རྣམ་སྤངས་ཤིང་།། ཉེས་པ་ཐམས་ཅད་མེད་པ་སྟེ།། རྒྱུ་དང་རྐྱེན་དང་བྲལ་བ་ཡིན།། སྟོང་པའི་ཡེ་ཤེས་མཁའ་འདྲི་འོ།། མུན་པ་ཀུན་དང་བྲལ་གྱུར་ཅིང་།། ཤིན་ཏུ་དྲི་མེད་དེ་ཁོ་ན།། ཇི་ལྟར ་འབྱུང་བ་དུ་ལཱ་སཱི་འཧཱུ~ཾ་།། ཀུན་མཁྱེན་ཙམ་གྱི་ཚུལ་དུ་གནས།། ཀུན་མཁྱེན་སངས་རྒྱུས་མཚན་ཉིད་དོ།། ད་ཡི་དེ་ཉིད་དམ་པ་འདི།། འཇིག་རྟེན་སྨྱུང་བར་བྱེད་བྱ་སྟེ།། བྱིན་གྱི་བརླབས་ཀྱུ་སྐྱོབས་ས་སུ།། ཡིགྶ་ཥཱ་བྷཱུནམྦ་སྨྲ་བསྟན་ནས།། སེམས་ཅན་རྣམས ་ལ་སྙིང་བརྩེའི་ཕྱིར།། ངས་ནི་ཐམས་ཅད་རབ་ཏུ་བཤད།། ཅེས་གསུངས་པོ་ལྟ་བུ་ཡིན་ནོ།། དེ་ལ་དཔའ་བོ་ཆེན་པོ་རྫོགས་པར་བྱང་ཆུབ་པའི་ཏིང་ངེ་འཛིན་འདིའི་གཞིར་གྱུར་པ་དཔའ་བོ་ཆེན་པོའི་སྙིང་པོའི་མཚན་ཉིད་ཀྱི་ཡིག་འབྲུ་དག་ནི། ན་མཿས་མནྟ ་ནཱན། ཨཱ་ཁ~ཾ་བཱིར་ཧཱུཾ་ཞེས་བྱ་བ་ཡིན་ཏེ། འདིར་ན་མ་ལྡན་འས་ཀྱི་། སྦྱིན་དགེ་བསྤྱད་ཅིགས་བནི་ད་ང་ང། གཡན་ས་ལྟར། དེ་ཡང་། མི ་རྫོགས་པར་བྱུང་ཆེས་ཤེས་པ་རྒྱ།། ས་བོན་གྱི་ཡི་གེ་འདི་ལྔས་དཔའ་བོ་ཆེན་པོ་རྫོགས་པར་བྱང་ཆུབ་པའི་ཏིང་ངེ་འཛིན་ཡན་ལག་ལྔ་པའི་གཞེས་བྱས་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ།། དེ་བཞིན་དུ་སྙིང་པོ་འདྲིའི་མཐུ་དང་སྦུབས་པ་དག་ཀྱང་འདི་ཉིད་ལས ་དཔའ་བོ་ཆེན་པོ་རིམ་པར་ཕྱེ་བ་ལས་རྒྱས་པར་བསྟན་ཏོ།། དེ་བཞིན་དུ་ཡང་བཅོམ་ལྡན་འདས་འདི་ཉིད་འདིར་རྫོགས་པར་བྱང་ཆུབ་སྟོན་པ་སྔོན་དུ་འགྲོ་བའི་གསྡང་སྔགས་སྤྱོད་པར་མོས་པ་རྣམས་ལ་ཕན་གདགས་པའི་ཕྱིར་སངས་རྒྱས་ཀྱི་ཞིང་སྟུག་པོར་གཤེགས ་ཏེ། དེ་ན་ཡོད་པའི་བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་པ་དང་། སངས་རྒྱས་ཐམས་ཅད་ཀྱིས་འཕགས་པ་འ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ཀྱི་ལུགས་ཀྱིས་བསྐུལ་ནིས་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པོ་ལྔའི་སྦྱོར་པོས་སངས་རྒྱས་ཀྱི་སྐུར་བྱིན་གྱི། ་བརླབས་ཏེ། རི་རབ་ཀྱི་སྟེང་དུ་གཤེགས་ནས་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་ཀུན་བརྟགས་པའི་སྒོ་ནས་འདོད་པ་དང་གཟུགས་ན་སྤྱོད་པའི་ལྷ་རྣམས་ལ་ཕན་གདགས་པ་དང་། སྡང་བ་རྣམས་ཚར་བཅད་པ་མཛད་དེ། ་ཡང་འཛམྦུའི་གླིང་དུ་གཤེགས་ནས་བྱང་ཆུབ་ཀྱི་སྙིང་པོར་བཞུགས་ཏེ། གསང་སྔགས་ཀྱི་ཚུལ་བཤད་པའི་རིམ་པས་དེ་ལ་མོས་པའི་ལྷ་དང་མི་ལ་ཕན་གདགས་པའི་ཕྱིར་ཡང་རྣལ་འབྱོར་གྱི་ལུགས་ཀྱི་རྒྱུད་ཀྱི་ཚུལ་གྱིས་བྱང་ཆུབ་པ་ཀུན་ཏུ་བསྟན་ཏེ། ་དོན་འདི་ཡང་རྒྱས་པར་དེ་ཁོ་ན་ཉིད་བསྔོས་པའི་རྒྱུད་ལས་བསྟན་ཏོ།། དེ་ལྟ་བས་ན་སྒྲོ་སྣ་ཚོགས་ནས་མངོན་པར་རྫོགས་པར་བྱང་ཆུབ་པ་རྟོགས་པའི་མཐུ་བསྟན་པས་གདུལ་བར་བྱ་བ་རྣམས་བཟུང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་མངོན་པར་རྫོགས་པར ་བྱང་ཆུབ་པའི་སྒོ་གཞན་དང་གཞན་དག་ཀྱང་གསང་སྔགས་ཀྱི་རྒྱུད་དང་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེའི་རྗེ་སུ་འབྲང་བའི་སྒོ་ནས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་བསམ་དུ་བསམས་པ་ཡིན་ནོ།། དེ་ལྟར་ན་སྔར་བཤད་པའི་འཇིག་རྟེན་པའི་སེམས་རྣམ་པ་བརྒྱད་ནས ་བཟུང་སྟེ། རྫོགས་པར་བྱང་ཆུབ་པའི་གནས་སྐབས་དཔའ་བོ་ཆེན་པོ་ལ་སོགས་པའི་བར་འདི་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛོད་དུ་འགྲུབ་པའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་ཡིན་ནོ།། དེ་དག་གི་ནི་ས་ལམ་བགྲོད་ཚུལ་གྱི་སྒོ་ནས་རྣམ་པར་སྣང ་མཛང་དོ་རྒྱུན་གང་། ཞེས་པོ་དཅན་རྣམ་ཐ་བ་ད་གསུས་ལ། དེས་རྣམ་པར་སྣ་མཛ་བྱམཚན་སུས་ཀྱི་རྒྱུན་བྱ་ཆུ་བ་དང་ཐམས་འདེས་བྱིན་པ་ཡིརྡ་ཏ། དྲི་ཅན་གྱི་མིན་པ་དངོས་བུ་། ནས་པ་ནི་མམ་གཏགས་པ་ཚམ་ཐམས་ཅད་བྱིན་འད་ཉིད་མ་དམིགས་པའི་མེ་ཤེས་འཐུང་བ་ནི་བྱང་དུ་བ་དང་ཐམས་ཅ ་ན་སྨྲ་ས་ས་ས་སྒྱུ་ན་དུ་ད། ས་ས་། ས་ཕྱུག་པ་མང ་རྫུ་བཞིར་བཞེད་དེ། འདི་ལྟ་སྟེ། རྫོགས་པའི་བྱང་ཆུབ་པའི་སྒྲ་དང་། ལོངས་སྤྱོད་རྫོགས་པའི་སྒྲ་དང་། ཆོས་ཀྱི་སྐུ་དང་། སྤྲུས་པའི་སྐུ་ཞེས་བྱ་བ་ཡིན་ནོ།། དེ་ལ་སྤྱི་འདི་རྣམས་དོན་དམ་། དིའི་མྦི་པ་ནི་བྱིག་ཞིག་ཇི་པ་ཤད་པའི་འཁོར ་ཞུང་སྦྱང་བ་དང་། བརྟུལ་ཞུགས་དང་། ངེས་པ་ལ་སོགས་པའི་མཚན་ཉིད་ཀྱིས་འཇིག་རྟེན་པའི་ལམ་ལ་ཞུགས་ཏེ། རིགས་དང་བཻ་ཤེས་གཉེན་ལ་བརྟེན་པའི་སྒོ་ནས་རིམས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བྱང་ཆུབ་སེམས་དཔའི་ས་བཅུ་རྟོག་པ ་སྨོན་འདུ་འགྲོ་བའི་བར་དུ་བསགས་ཤིང་རྫོགས་པར་བྱང་ཆུབ་པའི་གནས་སྐབས་འདི་ལྟ་བུའི་བར་དུ་རྟོགས་པར་མཛད་ནས་ཁམས་གསུམ་པ་ལས་འདས་ཏེ། སངས་རྒྱས་ཀྱི་ཞིང་སྟུག་པོ་ན་གནས་པ་རྣམས་དང་སྒྲོལ་བ་མཉམ་པར་སྐྱེས་པ་དང་། ་སྐྱེས་ཀྱི་སྤྱན་གྱིས་སེམས་ཅན་གྱི་ཁམས་སྡུག་བསྔལ་གསུམ་གྱི་མེ་འབར་བས་དཀྲིས་པཾ་ལ་གཟིགས་ཏེ་ཐུགས་རྗེ་ཆེན་པོའི་ཡུམ་གྱི་ཐུགས་སྤྲོ་བ་བསྐྱེད་ནས་འདི་སྙམ་དུ་སེམས་ནརྀ་བྷྲཱུཾ་ཁམས་འདི་ནི་སྒྱུ་མི་ཟད་པ་ལ་སོགས་པ་རྡོ་རྗེ་ཀད་པ་སུནས ་ཚོགས་པ་མེད་པར་དྲུག་བསྔལ་གསུམ་དང་འབྲེལ་པ་གསལ་བར་མི་ནུས་ལ། སྐུ་མི་ཟང་པ་ལ་སོགས་པ་ཕུན་སུམ་ཆགས་པ་དེ་ཡང་བྱང་ཆུབ་རྙོགས་པ་མེད་པར་མི་འགྱུར་བས་དེའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ། ཡེ་ཤེས་ཀྱི་སྣང་བ་རྣམ་པ ་རྟོག་པའི་དགྲའི་ཚོགས་ཐམས་ཅད་བྲལ་བ་སྤྲོས་པའི་བག་ཆགས་ཀྱི་རྟེན་ཐམས་ཅད་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་མངོན་དུ་བྱའོ།། དེ་མངོན་དུ་བྱས་པ་ལས་ཀྱང་སྟོན་གྱི་སྨོན་ལམ་གྱི་འདྲེན ་པཔ་ལས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཀོད་པ་སེམས་ཅན་སྦྲེལ་བ་ཇི་ལྟ་བ་བཞིན་དུ་ཡང་དག་པར་མགུ་བར་མཛད་པ་གཅིག་པུ་མཐར་ཐུག་པ་འདི་དག་འབྱུང་བར་འགྱུར་རོ་སྙམ་དུ་དགོངས།། དེ་ལྟར་དགོངས་ནས་ཇི་ལྟར་དགོངས་པ་སྒྲུབ་པ་ལྷུར་ལེན ་པ་གནས་གྱུར་པ་དང་། སྐུ་བཞི་བརྙེས་པར་གྱུར་ཏོ།། དེ་ལ་ཡེ་ཤེས་རྣམ་པར་རྟོག་པའི་རྟེན་ཐམས་ཅད་བསལ་བ་རྣམ་པ་ཐམས་ཅད་ལས་ངེས་པར་གྲོལ་བས་ཤིན་ཏུ་འོད་གསལ་བ་རང་རིག་པ་ཙམ་གྱིས་མཐར་ཐུག་པས་འཁོར་བ་ཇི་སྲིད་པར ་རྒྱུན་མི་འཆད་པའི་སྐད་ཅིག་མའི་རྒྱུན་བརྒྱུད་པའི་ཚེགས་ཅན་མི་གནས་པའི་མྱ་ངན་ལས་འདས་པའི་གནས་སྐབས་གང་ཡིན་པ་དེ་ནི་ཆོས་ཀྱི་སྐུ་ཡིན་ནོ།། ཆོས་ཀྱི་སྐུ་དེའི་མཚན་ཉིད་ནི་འདི་ལས། འདུ་ཤེས་ཙམ་ཡང་སྤངས་པའི་ཕྱིར། ་རིང་གི་ངོ་བོར་བསྟན་དུ་མེང།། ཤེས་པ་རང་རིག་བྱ་བ་འདི།། དེ་བཞིན་གཤེགས་པ་ཡིན་ཞེས་བཤད།། ཅེས་འབྱུང་བ་ཡིན་ནོ།། དེ་བས་ན་དེ་བཞིན་གཤེགས་པའི་མཚན་ཉིད་ཀྱི་ཆོས་ཀྱི་སྐུ་འདིའི་ངོ་བོ་ཉིད་ཀྱང་རིགས་པ་དང་ལུང་དག ་གིས་ཀྱང་མ་སྐྱེས་ཤིང་སྐྱེ་བ་མེད་པར་བརྟག་པ་སྔོན་དུ་འགྲོ་བའི་ལམ་དངོས་པོ་ཉིད་མངོན་པར་ཞེན་པ་ཡོང་སུ་འདོར་བ་ལས་འཇུག་པར་འགྱུར་ཏེ། འདི་ལྟར་ཡོང་སུ་དག་པ་དང་ཡོངསུ་མ་དག་པའི་ངོ་བོ་ཉིད་དུ་རྣམ་པར་བརྟགས་པའི་ཆོས ་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་མ་སྐྱེས་ཤིང་སྐྱེ་བ་མེད་པར་བརྟགས་པའི་རིགས་པས་བརྟགས་ན་དངོས་པོ་ཡོད་པར་ཁོང་དུ་མི་ཆུད་དེ། ཇི་སྐད་དུ། བློ་ཡིས་རྣམ་པར་གཞིགས་རྣམས་ཀྱིས།། ངོ་བོ་ཉིད་ནི་ངོས་མི་ཟིན།། དེའི་ཕྱིར་དེ་དག་ངོ།། ་བོ་ཉིད།། མེད་ཅིང་སྐྱེ་བ་མེད་པར་བསྟན།། ཅེས་གསུངས་པ་ལྟ་བུ་ཡིན་ནོ།། ཆོས་ཐམས་ཅད་རིགས་པས་སྐྱེ་བ་མེད་པར་བརྟགས་པ་ཡང་སློབ་དཔོན་འཕགས་པ་ཀླུ་གྲུབ་ཀྱི་ཞལ་སྔ་ནས་ལ་སོགས་པ་དག་གིས་དབུ་མ་ལ་སོགས་པའི་བསྟན་བཅོས་དུ ་མ་ལས་རྒྱས་པར་སྤྲོས་ཏེ། བཤད་ཟིན་པས་ཡང་འདིར་དེའི་དོན་དུ་འབད་པར་མི་བྱའོ།། དེའི་ཕྱིར་ཆོས་ཀྱི་སྐུ་དེ་བཞིན་གཤེགས་པའི་གནས་སྐབས་ཀྱི་མཚན་ཉིད་ཡོང་སུ་དག་པ་འདི་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་དོན་དམ་པར་དངོས ་པོ་ཡོད་དོ་སྙམ་དུ་མངོན་པར་ཞེན་པར་མི་བྱ་སྟེ། དེ་སྐད་དུ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ཡེ་ཤེས་སྣང་བ་རྒྱན་གྱིས་མདོ་ལས་ཀྱང་། འཇམ་དཔལ་སྐྱེ་བ་མེད་པ་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པའི་ཚིག་བླ་དགས་ཡིན་ནོ།། ཞེས་གསུངས ་སོ།། ཡང་དེ་ཉིད་ལས།། སྐྱེ་མེད་ཆོས་ནི་རྟག་ཏུ་དེ་བཞིན་གཤེགས།། ཆོས་རྣམས་ཐམས་ཅད་དེ་བཞིན་གཤེགས་དང་འདྲ།། བྱིས་པའི་བློ་ཅན་མཚན་མར་འཛིན་པ་ཡིས།། འཇིག་རྟེན་ན་ནི་མེད་པའི་ཆོས་ལ་སྤྱོད།། དེ་བཞིན་གཤེགས་པ་དག ་བས་ཟག་མེད་ཀྱི།། གཟུགསོ་བརྙན་དག་ཏུ་གྱུར་པ་ཡིན་ཏེ་འདིར།། དེ་བཞིན་ཉིད་མེད་དེ་བཞིན་གཤེགས་པ་མེད།། འཇིག་རྟེན་ཀུན་ན་གཟུགས་བརྙན་ཡང་དག་སྣང་།། ཞེས་གསུངས་ཏེ། ཚུལ་འདི་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པའི་ཆོས ་ཐམས་ཅད་ལ་དངོས་པོར་མངོན་པར་ཞེན་པ་ཡོངསུ་དོར་བའི་རིགས་པ་ལ་ཉེ་བར་སྦྱར་རོ།། །། བམ་པོ་གཉིས་པ།། དེ་ལྟ་བས་ན་ཆོས་ཀྱི་སྐུ་འདིའི་དབང་གིས་དང་པོ་ཉིད་དུ་འོག་ནས་འབྱུང་བའི་མཚན་ཉིད ་ཅན་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་འཇུག་པའི་རིམ་གྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་རྒྱུད་ཡོངསུ་དག་པ་རྣམས་ལ་རྣམ་པར་སྣང་མཛད་ཆེན་པོ་བཟང་པོ་དཔེ་མེད་པ་ཇི་ལྟར་སྟོན་པའི་དུས་བཞིན་རྟག་ཏུ་སྣང་བ་གང་ཡིན་པ་དེ་ནི ་བཅོམ་ལྡན་འདས་འདིའི་མངོན་པར་བྱང་ཆུབ་པའི་སྐུ་ཡིན་ཏེ། བྱང་ཆུབ་ཀྱི་སྙིང་པོ་ཉིད་ནི་དེ་ལྟ་བུས་འདུལ་བ་རྣམས་ལ་རྟག་ཏུ་སྣང་བར་འགྱུར་བའི་ཕྱིར་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་ཞེས་བཤད་དོ།། དེའི་མཚན་ཉིད་ཀྱང་འདི་ལས ་དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་སོགས་པ་དེ་དག་གིས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་བཞུགས་པར་མཐོང་ངོ་ཞེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ནོ།། དེ་བཞིན་དུ་ཆོས་ཀྱི་སྐུ་དེ་ཁོ་ན ་བརྙེས་པའི་དུས་ཉིད་དུ་ན། ཆོས་ཉིད་ཀྱིས་འཐོབ་པའི་སྐུ་དང་། གསུང་དང་། ཐུགས་མི་ཟད་པ་བཀོད་པས་སེམས་ཅན་མོས་པ་ཇི་ལྟ་བ་བཞིན་ཡང་དག་པར་མགུ་བར་མཛད་པ་འགྲོ་བ་གསུམ་ལ་སྣང་བར་གྱུར་པ་གང་དག་ཡིན་པ་དེ་དག་གི ་ནང་ནས་བྱང་ཆུབ་ཀྱི་སྙིང་པོ་འམ་གཞན་གང་ཡང་རུང་སྟེ། ཡུལ་དང་དུས་ལ་སོགས་པ་མ་ངེས་པ་ཉིད་དག་ན་བྱང་ཆུབ་སེམས་དཔའ་རྣམ་པར་དག་པ་རྣམས་ཁོ་ན་ལ་སྐུ་བཟང་པོ་དཔེ་མེད་པ་སྣང་བར་འགྱུར་བའི་སྒོ་ནས་ལུང་དང་རྟོགས་པའི ་བདག་ཉིད་ཀྱི་ཆོས་ཟབ་ཅིང་རྒྱ་ཆེ་བ་རབ་ཏུ་སྟོན་པ་ལྷུར་མཛད་པ་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་གིས་དམིགས་པ་གང་ཡིན་པ་དེ་ནི་འདིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་ཡིན་པར་བསྟན་ཏེ། བཅོམ ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་པ་འདི་ལས་འདི་ལྟ་སྟེ། སེམས་ཅན་ལས་ཀྱི་ཚེ་རྣམ་པར་སྨིན་པ་བསྐྱེད་པ་རྣམས་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། སོ་བཅུའི་བར་གནན་པ་ཉིད་ལ་ཡོངསུ་རྫོགས་པར་བྱ་བ་དང ་ལས་ཀྱི་ཚེ་བཀག་པ་རྣམས་ཡང་སྲིད་པའི་མྱུ་གུ་མངོན་པར་འགྲུབ་པར་བྱ་བའི་ཕྱིར་རྡོ་རྗེ་འཛིན་པའི་ལུས་འདྲ་བ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། ཕྱག་ན་པདྨོའི་ལུས་འདྲ་བ་ཕྱོགས་བཅུ་ན་གསང་སྦྲཌ་ཀྱི་ཚུལ་གྱི་ཚིག་རྣར་དག་པི་ཚིག་དག། ་གིས་ཆོས་སྟོན་པ་དག་ཀྱང་མཐོང་ངོ་ཞེས་བྱ་བའི་མདོ་ཚིག་དག་གིས་ཡོངསུ་བསྟན་ཏོ།། ལྷ་དང་མིའི་དང་། མི་མ་ཡིན་པ་ལ་སྣང་བའི་སྐུ་གང་དག་ལྷ་དང་མི་དབུ་མི་མ་ཡིན་པ་ལ་སོགས་པ་ཁོ་ན་ལ་སྐལ་བ་ཇི་ལྟ་བ་བཞིན་ཆོས་སྟོན་པ་ལ་སོགས་པ ་སྦྱོར་བར་སྣང་བར་འགྱུར་ཞིང་བྱིས་པ་སོ་སོའི་སྐྱེ་བོ་ལ་སོགས་པ་དག་ཅི་རིགས་པར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་ལ་གཟུང་བར་ཞུགས་པ་དེ་ནི་འདིར་སྤྲུལ་པའི་སྐུ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ།། འདིའི་མཚན་ཉིད་ཀྱང་བཅོམ ་ལྡན་འདས་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་སེམས་ཅན་རྣམས་ལ་རྣམ་པར་ཕྱེ་སྟེ། ཚུལ་སྣ ་ཚོགས་དང་བསམ་པ་སྣ་ཚོགས་དང་ཐབས་སྣ་ཚོགས་དག་གིས་སྟོན་ཅིང་། ཁ་ཅིག་ལ་ནི་ཉན་ཐོས་ཀྱི་ཐེག་པའི་ཚུལ། ཁ་ཅིག་ལ་ནི་རང་སངས་རྒྱས་ཀྱི་ཐེག་པའི་ཚུལ། ཁ་ཅིག་ལ་ནི་ཐེག་པ་ཆེན་པོའི་ཚུལ། ཁ་ཅིག ་ལ་ནི་མངོན་པར་ཤེས་པ་ལྔའི་ཚུལ། ཁ་ཅིག་ལ་ནི་ལྟར་སྐྱེ་བར་བྱ་བ་དང་། ཁ་ཅིག་ལ་ནི་མིར་སྐྱེ་བར་བྱ་བ་ནས། ལྟོ་འཕྱེ་ཆེན་པོ་དང་། ཀླུ་དང་། དྲི་ཟ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅིར ་སྐྱེ་བར་བྱ་བའི་བར་དུ་ཆོས་སྟོན་ལགས། དེ་ལ་སེམས་ཅན་ལ་ལ་སངས་རྒྱས་ཀྱིས་གདུལ་བ་ར་བྱ་བ་དག་གིས་ནི་སངས་རྒྱས་ཀྱི་གཟུགས་སུ་མཐོང་། ལཱ་ལས་ནི་ཉན་ཐོས་ཀྱི་གཟུགས། ལཱ་ལས་ནི་རང་སངས་རྒྱས་ཀྱི་གཟུགས ་ལོ་ལུས་ནི་བྱང་ཆུབ་སེམས་དཔའི་གཟུགས། ལ་ལས་ནི་དབང་ཕྱུག་ཆེན་པོའི་གཟུགསུ། ལ་ལོས་ནི་ཚངས་པའི་གཟུགས་སུ། ལ་ལས་ནི་རྣམ་ཐོས་ཀྱི་བུའི་གཟུགས་སུ། ལ་ལས་ནི་སྲེད་མེད་ཀྱི་བུའི་གཟུགས་ནས། ལ་ལས་ནི་ལྷ ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པའི་བར་དུ་མཐོང་སྟེ། རང་རང་གི་ཚིག་བརྗོད་པའི་ཚུལ་དག་དང་། སྤྱོད་ལམ་སྣ་ཚོགས་སུ་མཐོང་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི ་རོརརོ་གཅིག་པ་ལགས་ཞེས་བྱ་བ་ལ་སོགས་པ་གསུངས་པ་འདི་ཡིན་ནོ།། དེ་བཞིན་དུ་སངས་རྒྱས་ཀྱི་གསུང་བཀོད་པ་སྤྲུལ་པ་རྣམ་པར་སྤྲུལ་པ་བཤད་པ་འདི་ཡང་ཡིན་ཏེ། གསང་བའི་བདག་པོ་ངའི་གསུང་གིས་འཁོར་ལོའི་དཀྱིལ་འཁོར་སྤྲུལ་པ ་རྒྱ་ཆེན་པོ་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་ཁྱབ་པ། རྣམ་པར་དག་པའི་སྒོ་སེམས་ཅན་ཐམས་ཅད་རེ་བ་ཇི་ལྟ་བ་བཞིན་མགུ་བར་བྱེད་པ། ཆོས་ཀྱི་དབྱིངས་སོ་སོར་རྣམ་པར་རིག་པར་བྱེད་པའི་སྒོ་ནི་དེ་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ ་འཇིག་རྟེན་གྱི་ཁམས་ན་མཁའི་དབྱིངས་ཀྱིས་ཀླས་པ་མ་ལུས་པར་སངས་རྒྱས་ཀྱི་བྱ་བ་བྱེད་པ་ཞུགས་ཀྱང་གསང་བའི་བདག་པོ་སེམས་ཅན་རྣམས་ཀྱིས་འདི་ནི་བཅོམ་ལྡན་འདས་ཀྱི་གསུང་གི་འཁོར་ལོའི་དཀྱིལ་འཁོར་འབྱུང་བ་སྟེ། སངས་རྒྱས ་ཀྱི་གསུང་རྣམ་པར་བཀོད་པའི་རྒྱན་གྱི་སྙིང་པོ་འབྱུང་བའི་སངས་རྒྱས་ཀྱི་སྐུ་སེམས་ཅན་རེ་བ་ཇི་ལྟ་བ་བཞིན་དུ་མགུ་བར་མཛད་པ་འབྱུབ་བཞིན་ནོ།། ཞེས་བྱ་བར་རབ་ཏུ་མི་ཤེས་པ་ལྟོས་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ།། སྐུ་བཞི ་པོ་འདི་བྱིན་གྱིས་རློབ་པ་ཡང་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་རྣམ་པར་དགོད་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གཟུགས་དང་། ཕྱག་རྒྱ་དང་། རིག་སྔགས་དང་། གསང་སྔགས་ཀྱི་མཚན་མས་གསལ་བར་ཀུན་ཏུ་བསྟན་ཏེ། ་འདི་ལྟར་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་བྱིན་གྱིས་རློབ་པ་ནི་གྲུ་གསུམ་པའི་ཕྱག་རྒྱ་རྣམ་པར་དགོད་པར་བསྟན་ནོ།། བཅོམ་ལྡན་འདས་རྣམ་པར་སྣང་མཛད་བྱང་ཆུབ་ཀྱི་སྙིང་པོའི་དཀྱིལ་འཁོར་གྱི་དབུས་སུ་ཏིང་ངེ་འཛིན ་གྱི་ཕྱག་རྒྱ་ཅན་དུ་རྣམ་པར་བཞག་གོ།། དེ་བཞིན་དུ་སྙིང་པོའི་རིམ་པ་ཉིད་དུ་འཇིག་རྟེན་དབང་ཕྱུག་དང་། རྡོ་རྗེ་འཛིན་པ་ལ་སོགས་པ་རིགས་གསུམ་གྱིས་བསྡུས་པའི་ལྷའི་མཚོན་ཉིད་ཅན་ལོངས་སྤྱོད་རྫོགས་པའི་སྐུ་བྱིན་གྱིས་རློབ་པའི་གཟུག ་དག་བལྟ་བར་བྱའོ།། དེ་བཞིན་དུ་རིམ་པ་གཉིས་པར་སྤྲུལ་པའི་སྐུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྤྲུལ་པའི་སྐུ་འཇིག་རྟེན་པའི་ལྷའི་གཟུགས། དབང་པོ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། རླུང་ལྷ་དང་། མེ་ལྷ་དང་། ཚངས ་བ་དང་། ཁྱབ་འཇུག་དང་། བདེ་བྱེད་ལ་སོགས་པའི་གཟུགས་སུ་སྣང་བ་སེམས་ཅན་དེ་དག་ལ་མོས་པ་ཡང་དག་པར་མགུ་བར་བྱེད་པ་གཞན་དག་དང་ཐབས་གཅིག་ཏུ་རྣམ་པར་བཞུགས་སོ།། དེ་ལྟར་ན་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར ་ཆེན་པོའི་རིམ་པ་དང་པོ་དང་གཉིས་པའི་ལྷ་རྣམས་རྣམ་པར་དགོད་པས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཆོས་ཀྱི་སྐུ་དང་། མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་རྣམས་བསྡུས་པར ་བལྟའོ།། རིམ་པ་གསུམ་པར་ནི་ཕ་རོལ་ཏུ་ཕྱིན་པའི་སེམས་དཔའ་བཅོམ་ལྡན་འདས་འཇམ་པའི་དབྱིངས་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ས་བཅུའི་སའི་དབང་ཕྱུག་འཁྲོ ་དང་བཅས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་ལ་སོགས་པ་བལྟ་བར་འདོད་པས་ཉེ་བར་ལྷགས་པ་དག་རྣམ་པར་འཁོད་དོ།། དེ་ལྟར་ན་འདི་ནི་སྐུ་བཞིའི་མཚན་ཉིད་བསྟན་པས་བཅོམ་ལྡན ་འདས་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་བསྟན་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ།། ད་ནི་འདི་བསམ་པར་བྱ་སྟེ། སངས་རྒྱས་བརྒྱུད་པ་ཐོག་མ་མེད་པས་དེ་བཞིན་གཤེགས་པ་རེ་ཞིག་ཆོས་ཀྱི་སྐུ་ལ་རྣམ་པར་གནས་ཀྱང་བྱང་ཆུབ་སེམས ་དཔའ་ཆེན་པོ་ཁ་ཅིག་ལ་གདུལ་བའི་དུས་ལ་ལར་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུར་སྣང་བར་འགྱུར་རོ་ཞེས་བཤད་པའི་ཕྱིར། དེ་བཞིན་གཤེགས་པའི་སྐུ་མང་པོ་དག་དེ་ལྟར་སྣང་བར་བསྐྱེད་ན་དུས་གཅིག་ཁོ་ནར་མངོན་པར་རྫོགས་པར ་བྱང་ཆུབ་པའི་མཚན་ཉིད་ཅན་གྱི་དེ་བཞིན་གཤེགས་པའི་སྐུ་ཕལ་མོ་ཆེ་སྣང་བར་འགྱུར་ཞེ་ན། གལ་ཏེ་དེ་ལྟར་ཡིན་ན་ཡང་ཡིན་དུ་ཟད་མོད། ཉེས་པ་ཅི་ཞིག་ཡོད། འདི་ལྟར་ཐེག་པ་ཆེན་པོ་ལས་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུར ་སྣང་བའི་རྒྱལ་བ་དག་དུས་གཅིག་ཁོ་ནར་འདུ་བར་འདོད་པ་ཉིད་དེ། ཇི་ལྟར་སངས་རྒྱས་ཡང་དག་པར་བགྲོ་བ་ལ་སོགས་པའི་མདོ་དག་ལས་འབྱུང་བ་ལྟ་བུའོ།། གསང་སྔགས་ཀྱི་མདོ་འཕགས་པ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་ལས་ཀྱང་གདུལ ་བའི་སྐྱེ་བོ་དེ་ལྟ་བུའི་ངོར་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུར་སྣང་བ་དེ་ལྟ་བུ་ཡང་འབྱུང་བར་འགྱུར་རོ་ཞེས་འབྱུང་སྟེ། འདི་ལ་ཉེས་པ་ཅི་ཞིག་ཡོད། རྣམ་པ་གཅིག་ཏུ་ན། ཚོགས་དང་ཆོས་ཀྱི་སྐུ་དག་དང་།། འགྲོ་བའི་དོན་ནི་སྤྱོད་པ་ཡིས།། སང ་རྒྱས་ཐམས་ཅད་མཉམ་པ་ཉིད་ཅེས་འབྱུང་བའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུར་སྣང་བ་གཅིག་པོ་ཁོ་ན་ཡིན་ལ། གདུལ་བའི་སྐྱེ་བོའི་ཚོགས་ཐམས་ཅད་ཀྱི་དོན་མཛད་པ་ཉིད་དུ་འགྱུར་ཏེ། དེའི་ཕྱིར་ཡང ་ཉེས་པ་མེད་དོ།། དེ་ལྟ་བ་ན་འོ་ན་ནི། དེ་བཞིན་གཤེགས་པའི་སྐུ་སྣང་བ་གཅིག་ཁོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་འགྲུབ་པས་དེ་ལས་གཞན་པའི་དེ་བཞིན་གཤེགས་པ་རྣམས་འབྱུང་བ་དོན་མེད་པར་འགྱུར་རོ་ཞེ་ན། འདི་ནི་ཉེས་པ་མེད་དེ། ་འདི་ལྟར་དོན་དམ་པར་ན་འདུལ་བའི་སྐྱེ་བོ་རྣམས་རང་གི་རྒྱུད་ལ་ཡོད་པའི་འཁོར་བའི་སྡུག་བསྔལ་གསུམ་གྱི་མེ་འབར་བ་ཉེ་བར་ཞི་བར་བྱ་བའི་ཕྱིར་རིམ་གྱིས་ཡང་དག་པའི་ལམ་ཐབས་དང་། ཤེས་རབ་བཟུང་དུ་འབྲེལ ་པར་འབྱུང་བ་ལ་ཀུན་ཏུ་བསྟན་ཅིང་དེ་ལྟར་ཞུགས་པ་རྣམས་ལ་རྫོགས་པའི་བྱང་ཆུབ་རང་གི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བའི་མཚན་ཉིད་མངོན་དུ་འགྱུར་ཏེ། དེའི་ཕྱིར་སེམས་ཅན་གྱི་དོན་ལ་འཇུག་པ་ནི་སྔོན་ཡང་བྱང་ཆུབ ་ཐོབ་པའི་ཡན་ལག་ཏུ་གྱུར་པ་ཁོ་ན་ཡིན་ལ། ཕྱིས་ཀྱང་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་བཀོད་པ་མི་ཟད་པ་ལ་སོགས་པའི་སེམས་ཅན་གྱི་དོན་ལ་མངོན་དུ་འཇུག་པ་ཆོས་ཉིད་ཀྱིས་འཐོབ་པ་གང་ཡིན་པ་དེ་ཡང་དེ་བཞིན་གོ་ཤེགས ་པ་གཅིག་ཁོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པར་སྤྱོད་པས་བདག་གིས་ནི་མི་བྱའོ་ཞེས་བྱ་བར་ཡལ་བར་མི་འདོར་ཏེ་ཧ་ཅང་ཐལ་བར་འགྱུར་བས་ཆོག་གོ།། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་སྐུ་བཞིའི་མཚན་ཉིད ་བཤད་ཟིན་ཏོ།། དེ་ལྟ་བས་ན་སྐུ་བཞི་པོ་འདི་ཐོབ་པའི་རྒྱུ་ནི་མངོན་སུམ་དང་བརྒྱུད་པའི་རྒྱུ་གཉིས་ཀྱི་བྱེ་བྲག་གིས་རྣམ་པ་གཉིས་ཡིན་ཏེ། དེ་ལ་བརྒྱུད་པའི་རྒྱུའི་མཚན་ཉིད་ནི་བཤད་ཟིན་ཏོ།། འདི་ལྟ་སྟེ། འཇིག་རྟེན་པའི་སྦྱིན་པ་ལ་སོགས ་པའི་སེམས་ནས་བཟུང་སྟེ། དཔའ་བོ་ཆེན་པོ་རྫོགས་པར་བྱང་ཆུབ་པའི་གནས་སྐབས་ཀྱི་བར་ཡིན་ནོ།། ཉེ་བའི་རྒྱུ་ནི་བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ།། འཇིག་ཏན་པ་ང་ལ་ཉིས། འདས་པ་ལའང་ཚུལ་ནི་གཉིས་ཞེས་པས།། དེ་ལ ་བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་ནི། སངས་རྒྱས་ཀྱི་སའི་མདོ་ལས་གསུངས་ཏེ། འདི་ལྟ་སྟེ། བྱང་ཆུབ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།། ཐམས་ཅད་མཁྱེན་པ་ཉིད་ནི་སོ་སོར་རྟོགས་པའི་ཡེ་ཤེས་ལ་སོགས་པ་ཡིནོ།། ་ཞེས་བྱ་བ་ཡིནོ།། འདི་ལྟར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་ཡུན་རིང་པོ་ནས་འགྲོ་བ་སྣ་ཚོགས་སྒྱུ་མ་ལྟ་བུར་གོམས་པ་དང་ཡང་དག་པར་ན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གོམས་པ་གཉི་ག་ཡང་མཛད། དེ་ལྟ་བུ ་ན་རྒྱུ་རྣམ་པ་འདི་གཉིས་ཀྱི་འབྲས་བུ་ནི་སོ་སོར་རྟོག་པ་ལ་སོགས་པའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། རྣམ་པ་གཉིས་ཁོ་ན་ཡིན་ནོ།། མངོན་པར་རྫོགས་པའི་དུས་ན་སྐད་ཅིག་མ་དང་པོ་ལ་མཉམ་པ་ཉིད་དང་། སོ་སོར་རྟོགཔ ་སྒྱུམ་ལྷ་དང་སྟོང་པ་ཉིད་རྟོགས་པའི་ལ་སོགས་རིམ་པ་བཞིན་པའི་ཡེ་ཤེས་ལྔ་པོ་རྣམས་མེད་པ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དམིགས་པ་འབྱུང་བའི་བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ་དེའི་འོག་ཏུ་ནི་ཆོས་ཀྱི་སྐུའི་མིང་ཐོབ་བོ།། ་དེ་ཉིད་ཀྱི་ཕྱིར་འདི་ལས་སྙིང་རྗེ་ཆེན་པོ་འབྱུང་བ་ལ་སོགས་པའི་དཀྱིལ་འཁོར་དུ་ཆོས་ཀྱི་སྐུ་བྱིན་གྱིས་རློབ་པར་འགྱུར་བ་གྲུ་གསུམ་གྱི་ཕྱག་རྒྱ་དཀྱིལ་ན་ཡེ་ཤེས་ཀྱི་རྡོ་རྗེ་རྗེ་ལྔ་པོ་ཡོད་པ་ཡིན་པར་བཤད་དོ།། འདི་ལས་ཐམས་ཅད་མཁྱེན ་བཔ་ཉིད་དང་བྱང་ཆུབ་ཀྱི་མཚན་ཉིད་ཀྱི་ཡེ་ཤེས་ལྔ་པོ་འདི་ཡང་དེ་བཞིན་ཉིད་ལ་དམིགས་པའོམ། གཟོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པའི་རིགས་པ་མི་བཟོད་པ་ཉིད་ཀྱི་ཕྱིར་དོན་དམ་པར་ངོ་བོ་ཉིད་གཅིག་པར་བཤད་དེ། བྱང་ཆུབ་དང་ཐ~ཾད ་མཁྱེན་པ་ཉིད་འདི་གཉིས་ནི་གཉིསུ་མེད་དེ་གཉིསུ་བྱར་མེད་དོ་ཞེས་གསུངས་པ་ཡིན་ནོ།། འདི་ལས་ཐམས་ཅད་མཁྱེན་པ་དང་བྱང་ཆུབ་འདི་གཉིས་རྟོགས་པར་བྱ་བའི་ཕྱིར་འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་དང་ས་དང་པོའི་མཚན་ཉིད་ཅན་གྱི་བྱུང ་ཆུབ་ཀྱི་སེམས་དང་། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པ་དང་རྒྱུ་གསུམ་དུ་བཤད་དེ། ཇི་སྐད་དུ། འདི་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ཅན་སྙིང་རྗེ་རྩབའི་རྩ་བ་ཅན་ཐབས་ཀྱི་ཕ་རོལ་ཏུ་ཕྱིན ་བོ་ལ་སོགས་སུ་བཟུང་བ། ཞེས་བྱ་བ་གསུངས་པ་ཡིན་ནོ།། དེ་ལྟ་བས་ན་འདིས་ནི་བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་རྟོགས་པར་བྱེད་པའི་རྒྱུ་གསུམ་བཤད་པ་ཡིན་ཏེ། འདི་ལྟ་སྟེ། རྟོགས་པ་འཇུག་པའི་རྒྱུ་དང་རྟོགས་པ་ཉེ་བར་ལོན ་བའི་རྒྱུ་དང་། རྟོགས་པ་ལྷན་ཅིག་བྱེད་པའི་རྒྱུའོ།། དེ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བར་བྱེད་པའི་འཇུག་པའི་རྒྱུ་རྟོགས་པ་འབྱུང་བའི་ར། ནི་སྙིང་རྗེ་ཆེན་པོ་ཡིན་ཏེ། འདི་ལྟར་དེའི་མཚན་ཉིད་ནི་སེམས་ཅན་ཐམས་ཅད ་སྡུག་བསྔལ་དང་བྲལ་བར་འདོད་པ་ཡིན་ནོ།། ཉེ་བར་ལེན་པའི་རྒྱུ་ནི་ས་དང་པོའི་མཚན་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། འདི་ལྟར་དེ་ཉིད་ས་གོང་ནས་གོང་དུ་མི་མཐུན་པ་དང་གཉེན་པོའི་ཚུལ་གྱིས་ཡོངསུ་སྦྱངས་ནས་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་དུ་ཡང་འགྱུར་རོ།། ལྷན་ཅིག་བྱེད་པའི་རྒྱུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་ནན་ཏ་བྱིང་བའི་སྒྲུབ་པ་ཡིན་པ་ཉེ་བར་བསྟན་ཏོ།། བྱང་ཆུབ་ཀྱི་སེམས་ཤེས་པ་ནི་རྟགས་བྱ ་ཆུབ་ཤེས་པ་ལ་རག་པས་བྱང་ཆུབ་གང་ཞེ་ན། འདི་ལ་མདོར་བསྟན། རྒྱས་བཤད། དོན་བསྡུས་གསུམ་གྱི། དང་པོ་ནི། བྱང་སེམས་ཀྱི་ཉེར་ལེན་གྱི་རྒྱུ་བྱེད་པ། རྒྱས་བཤད་ནི་བྱང་ཆུབ་དང་། དེ་རྟོགས་པའི་ཐབས་ཀྱིས་ཤེས་དགོ་སོ།། དེ་ལ་རང་གི་སེམས་དང་ཆོས་ཐམས་ཅད་མངོན་པར་རྟོགས་པའི་དུས ་ན་སྐད་ཅིག་མ་དང་པོ་ལ་བྱུང་བ་ལ་མ་སྐྱེས་ཤིང་སྐྱེ་བ་མེད་པར་རྟོགས་པའི་མཚན་ཉིད་ཅན་གྱི་ཡེ་ཤེས་ནི་བྱང་ཆུབ་ཅེས་བྱ་སྟེ། གང་ཞིག་དེ་རྟོགས་འདོད་པ་དེ། བྱང་ཆུབ་སེམས་དཔའ་ཞེས་བྱའོ།། ཞེས་པ་ལ། གཉིས་པ་བྱང་ཆུབ་ཕུན་ཚོགས་རྒྱས་བཤད་ནི། མི་མཐུན་ཕྱོགས་རྟོག་པ་གཉིས ་རྟེན་པའི་རྣམས་ག9། ཉིས་ཀྱི་དང་། དེ་རྟོགས་པའི་ཐབས་ཀྱང་དེ་ལོ་བྱང་ཆུབ་གང་ཞེ་ན། རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་ཡོངསུ་ཤེས་པ་སྟེ། ཞེས་བྱ་བ་ལ་སོགས་པའི་ངོ་བོ་ཉིད་བརྗོད ་པས་སྟོན་ཏོ།། བྱང་དུ་དམ་@།། དེ་ཡ་དས་པོ་རྣམས་ལ་ཙུན་པའི་རྣམ་གཉིས་ཏེ་འདི་མྦྷ་སྟེ་སེམས་སྣང་བ་ལོ་གཏོགས་པ་འི་དོན་རྐྱེན་ཅིང ་པར་འབྱུང་བ་ལ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་ངོ་བོར་རྟོག་པ་དང་། དེ་ལས་གཞན་ཏེ་ཕྱིའི་དོན་མོད་པ་ཁོ་ནར་སྔོན་པོ་ཁོ་ནར་སྔོན་པོ་ལ་སོགས་པར་སྣང་བ་ཉིད་ཀྱིས་དེ་ཉིད་གཟུང་བ་དང་འཛིན ་པར་རྟོག་པའོ།། དེ་ལྟ་བས་ན་རྟོག་པ་འདི་གཉིས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་རྒྱུ་ཡིན་པ་ཉིད་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་བཞི་འཐོབ་པའི་མི་མཐུན་པར་གྱུར་པའི་ཕྱིར་སྤང་བར་བྱ་བ་ཡིན་ནོ།། འདི་གཉིས་མི་མཐུན་ཕྱོས། ་ཀྱི་རྟོག་པ་སྤོང་བའི་ལམ་སྟེ། གཉེན་པོར་གྱུར་པ་སྟེ་དེ་ལ་དངོས་ཀྱི་འགལ་བཅཝ་ལ་བྱའི་བར་ཆད་མེད་ལམ་མིན་ནོ།། ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་ལ། གཉིས་པ་ལ་གཉིས་ཏེ། སེམས་གཟུང་འཛིན་གྱི་རྟོག་པའི་གཉེན་པོར་དང ་ཆོས་ཕུང་སོགས་ཀྱི་རྟོག་པའི་གཉེན་པོའོ།། དང་པོ་གསུམ་ལས། དང་པོ་སེམས་ཅི་ལྟར་ཤེས་པར་བྱ་བ་ལུང་དང་སྦྱར་བ་ནི། དེ་ཡང་རེ་ཞིག་དང་པོར་རང་གི་སེམས་གཟུང་བ་དང་འཛིན་པའི་རྣམ་པ་ཅན་གྱི་གཉེན་པོར་གྱུར་པ་ཁོ་ན་ཡིན་པར་བསྟན་པའི་ཕྱིར། འདི་ལྟ་སྟེ། ་བྱང་ཆུབ་ནི་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་ཡོང་སུ་ཤེས་པ་སྟེ། ཞེས་བྱ་བ་གསུངས་སོ།། དེཇི་ལྟར་ཡིན་པ། རྒྱས་པར་སྟོན་པ་ལས། བྱང་ཆུབ་ནི་ལ་བྱང་ཆུབ་ཅེས་བྱ་བ་ནི་སྐད་ཀྱི་བྱིངས་ལས་རྟོག་པ་ཡིན་པར་འབྱུང་བས་བྱང་ཆུབ་ཅེས་བྱ་བའི་སྒྲ་བྱུང ་ཆུབ་སྤྱིར་སྟོན་པ་ཡིན་ནོ།། དེའི་ཕྱིར་བྱང་ཆུབ་ནི་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་ཡོངསུ་ཤེས་པ་སྟེ་ཞེས་བྱ་བ་ཁྱད་པར་དུ་བྱེད་དོ།། དེ་ལ་རང་གི་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པར་སྣང་བའི་སེམས་དབང་པོ་དང་ཡིད་ཀྱི་རྣམ་པར་ཤེས ་པ་ལ་སོགས་པའི་ངོ་བོ་ཉིད་དོ་སྙམ་དུ་དགོངས་པ་ཡིན་ནོ།། ཡང་དག་པ་ཇི་ལྟ་བ་བཞིན་ཡོངསུ་ཤེས་པ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པ་སྟོན་པར་བྱེད་པའི་རིག་པ་དང་ལུང་དེ་དག་གིས་གཟུང་བ་དང་འཛིན་པའི་རྣམ་པ་ཅན་གྱི་སེམས་དེའི་ངོ་བོ་ཉིད ་བརྟག་པའི་སྒོ་ནས་རྣམ་པ་ཐམས་ཅད་མི་དམིགས་པར་རྟོགས་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཡོང་སུ་ཤེས་པའི་བྱང་ཆུབ་ཡིན་པ་སྟེ། ཡང་དག་པ་ཞེས་བྱ་བའི་སྒྲ་ནི་ཕྱིན་པ་ཅི་མ་ལོག་པའི་སྟོན་པར་བྱེད་པ་ཡིན་པའི་ཕྱིར་རོ།། དེ་སྐད་དུ ་འདི་ལས་ཀྱང་། གསང་བའི་བདག་པོ་ཇི་ལྟར་རང་གི་སེམས་ཡོང་སུ་ཤེས་པར་བྱ་ཞེ་ན། འདི་ལྟ་སྟེ། རྣམ་པར་རམ། ཁ་དོག་ཏུ་འམ། དབྱིབསུ་འམ།། གཟུག་སུ་འམ། ཚོར་བ་འམ། འདུ་ཤེས་འམ། འདུ་བྱེད་དུ་འམ། རྣམ་པར་ཤེས་པར་རམ། ་བདག་ཏུ་འམ། བདག་གིར་རམཱ། གཟུང་བར་རམ། འཛིན་པར་རམྦྷ། དག་པར་རམ། མ་དག་པར་རཱམ། ཕུང་པོ་འམ། ཁམ་སུ་འམ། སྐྱེ་མཆེད་དུ་འམ། རྣམ་པ་ཐམས་ཅད་ཀྱི་བར་དུ་ཡོངསུ་བཙལ་ཡང་མི་དམིགས་པ་ཡིན་ཏེ་ཞེས་གསུངས ་ཏེ། གཉིས་པ་དེ་ལྟར་ཤེས་པ་ནི་བྱང་ཆུབ་ཁྱད་པར་ཅན་དུ་བསྟན་པ་ནི། རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོང་སུ་ཤེས་པའི་མཚན་ཉིད་ཅན་གྱི་བྱང་ཆུབ་འདི་ཡང་། དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་ཞེས་བྱ་བ་འདི ་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་དག་ལྔས་ཀྱང་ཁྱད་པར་དུ་བྱེད་དོ།། དེས་ན་དགོངས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལ་སོགས་པ་ནི་ཕུང་པོ་ལ་སོགས་པ་སྣང་བ་ཉིད་ཀྱིས་ཡང་དག་པ་ཀུན་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ ་བ་དག་གིས་གཉེན་པོ་ཉིད་མ་ཡིན་ནོ་སྙམ་པ་འདི་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་གསང་བའི་བདག་པོ་སེམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བར་ཤེས་པས་གཟུང་འཛིན་དང་བྲལ་བ་དེ་ལ་ནི་ཆོས་རྡུལ་ཙམ་ཡང་མེད་ཅིང་མི་དམིགསོ་ཞེས་བྱ་བ་འདི་ཕུང་པོ་ལ་སོགས ་པར་སྣང་བ་དང་བྲལ་བ་ཉིད་ཀྱིས་རྣམ་པ་ཐམས་ཅད་དུ་ཉོན་མོངས་པ་དང་ཤེས་ཤེས་བྱའི་སྐྱེ་པ་འ་ཚོ་ཉིད་གཟུང་བ་དང་འཛིན་པར། བྱའི་སྒྲིབ་པའི་གཉེན་པོ་ཉིད་ཡིན་པར་བསྟན་ཏེ། རུང་མལ་སོགས་པའི་རྫ་འདིའི་དོན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་དེ་ལ། ཆོས་རྡུལ་ཙམ་ཕྲ་མོ་ཡང་གཟུང་བའི་ངོ་བོར་མེད་ཅིང་དེ་བཞིན་དུ་འཛིན་པའི་ངོ་བོར་ཡང་མི་དམིགས་སོ་ཞེས་བྱ་བ་འདི་ཡིན་ནོ།། དེའི་ཕྱིར། དགོངས་པ་ནི་དེ་སྣང་བ་ཐམས་ཅད ་ཀྱིས་དབེན་པ་ཉིད་ཀྱི་རང་བཞིན་གྱིས་འོད་གསལ་བའི་ཕྱིར་གཟུང་བ་དང་འཛིན་པའི་རྣམ་པ་ཅན་གྱི་ཆོས་ཕྲ་མོ་ཡང་མེད་ཅིང་མི་དམིགས་སོ་སྙམ་པ་འདི་ཡིན་ནོ།། དེ་ཉིད་ཀྱི་ཕྱིར། བྱང་ཆུབ་ནམ་སེམས་རྟོག་པའི་བྱུག་ཕུང་པོ་ལ་སོཌ་པར་ཁའི ་མཚན་ཉིད་དེ་ཞེས་བྱ་བ་གསུངས་ཏེ། ངང་ཉིད་དུ་གནས་པའི། དེ་ལ་བློ་བུར་གྱི་དྲིམ། བྱང་ཆུབ་ཀྱི་དཔེ་ན་མཁའ་ཡང་རྣམ་པ་ཐམས་ཅད་ཀྱིས་དབེན་པ་ཉིད་ཀྱིས་རང་བཞིན་གསུམ་པ་དེ་ལས་བྱང་ཆུབ་ན་མཁའི་མཚན་ཉིད།། གྱིས་འོད་གསལ་ཁ་ཉིད་དུ ་སྟོན་པར་བྱེད་པ་ཡིན་གྱིས་མ་སྐྱེས་དངོས་པོའི་ངོ་བོ་ཉིད་ཁོང་དུ་ཆུད་པར་བྱེད་པ་ནི་མ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་དེ་ལ་བྱང་ཆུབ་པར་བྱེད་པ་ཡང་མེད་ལ་བྱང་ཆུབ་པར་བྱ་བ་ཡང་འགའ་ཡང་མེད་དོ།། ཞེས་བྱ་བ་གསུངས་ཏེ། དེ་བས་ཞེས་པའི་པེ ་ན་དགོངས་པ་ནི་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པའི་བདག་ཉིད་མཉམ་པ་ཉིད་ཀྱི་ཡེ་གང་གི་ཤེས་ཀྱི་ངོ་བོ་ཉིད་རང་བཞིན་གྱིས་འོད་གསལ་བའི་ངོ་བོ་ཉིད་ཀུན་ཏུ་རྟོག་པ་ཡང་སྤངས་ཞེསོ།། ཀྱི་བྱང་ཆུབ་ནི་ཡོད་པ་ཁོ་ན་ཡིན་ལ། ་འོན་ཀྱང་དེ་བྱང་ཆུབ་པར་བྱེད་པ་དང་། བྱང་ཆུབ་པར་བྱ་བའི་རྣམ་པར་རྟོག་པ་དང་བྲལ་བུ་ནི་བྲལ་ལོ་སྙམ་པ་འདི་ཡིན་ནོ།། ཡང་ཅིའི་ཕྱིར་བྱང་ཆུབ་དེ་ལ་བྱང་ཆུབ་པར་བྱེད་པ་དང་བྱང་ཆུབ་པར་བྱ་བའི་རྣམ་པར་རྟོག་པ་མི་སྲིད་སྙམ་པ་ལ། བྱང ་ཆུབ་ལ་མཚན་ཉིད་མེད་པའི་ཕྱིར་ཏེ་ཞེས་བྱ་བ་གསུངས་ཏེ། དེས་ན་དགོངས་པ་ནི་སྔོན་པོ་ལ་སོགས་པའི་སེམས་ཀྱི་རྣམ་པར་རྟོག་པ་གང་གིས་སྔོན་པོ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་དངོས་པོ་ཤེས་པར་བྱེད་མཚོན་པར་བྱེད་རྟོགས་ཡུལ ་རྣམས་ཅན་ནི་ཐ་དད་པས། བློ་ཡིས་རྟོག་པ་པ་དང་ཕྱིར། པར་བྱེད་པ་དེ་ནི་མཚན་ཉིད་ཅེས་བྱ་ན། དེ་ཡང་བྱང་ཆུབ་དེ་ལ་རྣ་རྣ་ས་མཱ་པ་མེད་ཅིང་རྣམ་པར་མི་རྟོག་ཏུང་བ་ག་པའི་ཕྱིར་མེད་དེ། དེའི་ཕྱིར་མཚན་ཉིད་ས་ཀྱི་རྣཾས་ལ་ཨུཏྤ་ལ་སྔོན་མོ་ནསོགས་ཀྱི་རྣམ་པའི་སྒོ་ནས། མེད ་པ་ཞེས་བཤད་དོ་སྙམ་པ་འདི་ཡིན་ནོ།། དེ་ལྟར་བྱང་ཆུབ། རྣམ་པ་གཟུང་བ་དང་། འཛིན་པའི་རྣམ་པ་ཅན་གྱི་སེམས་ཀྱི་གཉེན་པོ་ཉིད་ཡིན་པ་བརྗོད་ནས། གདུང་འཛིན་དུ་ཕུང་པོ་དང་ཁོམས་དང་སྐྱེ་མཆེད་རྣམས་ཀྱི་གཉེན་པོ་ཉིད་ཀྱང་ཡིན་པར་བསྟན་པའི ་ཕྱིར། གསང་བའི་བདག་པོ་ཆོས་ཐམས་ཅད་ཀྱང་མ་གཟུང་བ་དང་འཛིན་པ་རྣམས་སྤངས་ཞེས།། ཚན་ཉིད་མེད་པ་སྟེ་ཞེ་གཟུང་འཛིན་དུ་སྣང་བའི་ས་བྱ་བ་གསུངས་གཉིས་པ་ནི་ད་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་དང་། ཏེ། ཆོས་ཐམས་ཅད་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད ་ཀྱི་ངོ་བོ་ཉིད་དག་གོ། དེ་དག་གི་མཚན་ཉིད་ནི་ཆོས་མངོན་པ་ལས་གཟུགས་ཀྱི་མཚན་ཉིད་ནི་གཟུགསསུ་རུང་བའོ།། ཚོར་བའི་མཚོན་ཉིད་ནི་མྱོང་བའོ།། འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ་དེ་དག་གི་མཚན་ཉིད་འདི་ཡང་། ཆོས་བདག་མེད་པར་སྟོན་པའི་རིགས་པ་དག་གིས་བརྟགས་ན་ཡོད་པ་མ་ཡིན་པས་ཆོས་ཐམས་ཅད་ཀྱང་མཚན་ཉིད་མེད་པའོ་ཞེས་བཤད་དོ།། མཚན་ཉིད་དགག་པ་འདི་ཡང་ཕུང་པོ་ལ་སོགས་པ་ཀུན་རྫོབ ་བའི་ངོ་བོ་ཉིད་མེད་པ་ཁོ་ནར་སྟོན་པ་ཡིན་གྱི་འདི་དག་གི་དོན་དམ་པའི་ངོ་བོ་ཉིད་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་ཉིད་གང་ཡིན་པ་དེ་ནི་མི་འགོག་གོ་ཞེས་འདྲི་ལྟ་སྟེ། ན་མཁྭའི་མཚན་ཉིད་དོ་ཞེས་བྱ་བ་ན་མཁན ་དཔེས་བསྟན་ཏོ།། དེ་ན་ཆེས་རྣམས་འདི་སྐད་དུ་གང་དག་ལ་ན་མཁའ་ལྟ་བུའི་མཚན་ཉིད་ཀྱི་རང་བཞིན་ཁོ་ན་ཡོད་པ་དེ་དག་ནི་ན་མཁའི་མཚན་ཉིད་དོ་ཞེས་བཤད་པ་ཡིན་ཏེ། ནམ་མཁའི་དཔེ་ཡང་སྐབས་འདིར་ཕུང་པོ་ལ་སོགས་པའི་ངོ་བོ་ཀུན ་རྫོབ་པ་ངོ་བོ་ཉིད་མེད་པར་སྟོན་པར་བྱེད་པ་ཉིད་དུ་བཤད་དོ་སྙམ་དུ་དགོངས་པ་ཡིན་ནོ།། གསུམ་པ་དོན་བསྡུ་བ་ནི། དེ་ལྟར་ཕྱོགས་ཙམ་དུ་ན་བྱང་ཆུབ་ནི་རང་གི་སེམས་དང་། ཆོས་ཐམས་མཚན་ཉིད་ཀྱི་ཅད་ངོ་བོ་ཉིད་མེད་པར་རྟོགས་པ་ཡིན་ནོ་ཞེས ་བྱིབྱང་སྤྲུལ་པ་སྐུར་དོན་དམ་པར་ཆུབ་ཀྱི་མཚན་ཉིད་བཤད་པ་ཡིན་ནོ།། བྱང་ཆུབ་ཀྱི་ངོ་བོ་ཉིད་རང་བཞིན་གྱིས་འདི་གསལ་བའི་སེམས་འདི་ཡང་དེ་བཞིན་གཤེགས་པའི་ས་ལས་འབྱུང་བའི་སྐད་ཅིག་མ་དང་པོ་ལ་ནི་བྱང་ཆུབ་ཅེས་བྱའོ།། དེའི་འོག ་ཏུ་མི་གནས་པའི་མྱ་ངན་ལུས་འདས་པ་དང་དེ་བཞིན་གཤེགསོ་པའི་ཆོས་ཀྱི་སྐུ་ཞེས་བྱ་བའི་མིང་འགྲུབ་བོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱ་བར་ཆོས་ཀྱི་སྐུ་འདིའི་དབང་གིས་ཀྱང་གདུལ་བ་རྣམས་ལ་སྐལ་བ་ཇི་ལྟ་བ་བཞིན་ཇི་སྐད་བཤད ་པའི་སྐུ་སོ་སོར་སྣང་སྟེ། དེའི་ཕྱིར་འདི་ལས་བཤད་པའི་མཚན་ཉིད་ཅན་གྱི་སྐུ་བཞི་ཆར་ཡང་བྱང་ཆུབ་ཁོ་ནའི་རྒྱུ་ཡིན་ནོ།། ཞེས་བསྟན་པ་ཡིནོ།། ཡེ་ཤེས་ཀྱི་རང་བཞིན་གྱིས་འོད་གསལ་བ་རྫོགས་པར་བྱང་ཆུབ་པ་དང་མི་གནས་པའི་མྱ ་ངན་ལས་འདས་པའི་ངོ་བོ་ཉིད་འདི་ལ་ཡང་རང་གི་བདག་ཉིད་ལ་འམ། དེ་ལས་གཞན་པ་ལ་དངོས་པོའི་ངོ་བོ་ཉིད་དུ་རྟོག་པ་མི་སྲིད་དེ། འདི་ལྟར་རང་བཞིན་གྱིས་ཤིན་ཏུ་འོད་གསལ་བའི་ཕྱིར་དང་། བདག་དང་གཞན་མཉམ་པ་ཉིད་ཀྱི ་མཚན་ཉིད་ཀྱི་སྟོང་པ་ཉིད་འདྲིས་པར་བྱ་བའི་ཕྱིར་རྟག་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྣང་བ་རབ་འབྱམས་ཀྱི་ངང་དུ་གྱུར་པའི་ཕྱིར་རོ།། བཅོམ་ལྡན་འདས་དག་གིས་འདི་དང་གཞན་ལས་གདུལ་བ་རྣམས་ཀྱི་དངོས་པོ་དང་དངོས་པོ་མེད ་པར་རྣམ་པར་རྟོག་པ་དགག་པའི་ཕྱིར་ཐེག་པ་ཆེན་པོ་ལ་སོགས་པ་སྟོན་པ་ལུང་གི་བདག་ཉིད་ཀྱི་གཏོན་ཚིག་འབྱུང་བ་ལས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡོངསུ་དག་པ་དང་། ཡོངསུ་མ་དག་པའི་ངོ་བོ་ཉིད་དག་ཀྱང་སྤྱིར་གཟོད་མ་ནས ་མ་སྐྱེས་ཤིང་སྐྱེ་བ་མེད་པར་སྟོན་པ་ཁོ་ནས་དངོས་པོར་འཛིན་པ་དགག་པར་གསུངས་ཏེ། ཇི་སྐད་དུ་བློ་ཡིས་རྣམ་པར་གཞིགས་རྣམས་ཀྱིས། ངོ་བོ་ཉིད་ནི་ངོས་མ་ཟིན།། དེ་ཕྱིར་དེ་དག་ངོ་བོ་ཉིད།། མེད་ཅིང་སྐྱེ་བ་མེད་པར་བསྟོན་ཅེས་གསུངས ་པ་ལྟོ་བུའོ།། དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ཡེ་ཤེས་སྣང་བའི་རྒྱན་གྱི་མདོ་ལས། སྐྱེ་མེད་ཆོས་ནི་རྟག་ཏུ་དེ་བཞིན་གཤེགས།། ཆོས་རྣམས་ཐམས་ཅད་དེ་བཞིན་གཤེགས་དང་འདྲ།། བྱིས་པའི་བློ་ཅན་མཚན་མར་འཛིན་པ་དག ་འཛིན་རྟེན་ན་ནི་མེད་པའི་ཆོས་ལ་སྤྱོད་ཅེས་གསུངས་སོ།། དོན་འདི་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སུམ་བརྒྱ་པ་ལས། གང་དག་ང་ལ་གཟུགསུ་མཐོང་།། གང་དག་ང་ལ་སྒྲར་ཤེས་པ།། ལོག་པས་སྤོང་བར་ཞུགས་པ་སྟེ། ་སྐྱེ་བོ་དྲི་ཡིས་ང་མི་མཐོང་།། ཞེས་གསུངས་པ་ཡིན་ནོ།། ཇི་ལྟར་བཅོམ་ལྡན་འདས་དོན་དམ་པར་བལྟ་བར་བྱ་བ་དེ་བཞིན་དུ་ཡང་འདི་ཉིད་ལས། ཆོས་ཉིད་དུ་ནི་སངས་རྒྱས་བལྟ།། འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ།། ཆོས ་ཉིད་རིག་པར་མི་རུང་སྟེ། འདི་ནི་རྣམ་པར་ཤེས་མི་ནུས།། ཅེས་གསུངས་པ་ཡིན་ནོ།། བཅོམ་ལྡན་འདས་ཇི་ལྟར་ཀུན་རྫོབ་ཏུ་དེ་བཞིན་གཤེགས་པ་མི་མཐོང་བ་དང་། འདིའི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱང་དངོས་པོར་ཡོད་པ་མ་ཡིན་ནོ་ཞེས ་བྱ་བ་དེ་བཞིན་དུ། དེ་བཞིན་གཤེགས་པ་དག་ཆོས་ཟག་མེད་ཀྱི་གཟུགས་བརྙན་དག་ཏུ་གྱུར་པ་ཡིན་ཏེ། འདིར། དེ་བཞིན་ཉིད་མེད་དེ་བཞིན་གཤེགས་པ་མེད།། འཇིག་རྟེན་ཀུན་ན་གཟུགས་བརྙན་ཡང་དག་སྣང་།། ཞེས་གསུངས་པ་འདི་ཡིན། ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལས་ཀྱང་། འཕགས་པ་རབ་འབྱོར་གྱིས་གདུལ་བ་རྣམས་ལས་གཟིགས་ནས་ཡོངསསུ་དག་པ་དང་། ཡོངསུ་མ་དག་པའི་ཆོས་རྣམས་ལ་དངོས་པོར་འཛིན་པ་ཡང་དགག་པ་བཤད་དེ། འདི ་ལྟ་སྟེ། སངས་རྒྱས་ཀྱི་བྱང་ཆུབ་ཀྱང་སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུའོ།། ལྷའི་བུས་སྨྲས་པ། འཕགས་པ་རབ་འབྱོར་གྱི་མྱ་ངན་ལྡ་དཱ་པ་ཡང་སྒྱུ་མ་ལྟ་བུ་ཡིན་ནམ། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ ་བུ་རྨི་ལམ་ལྟ་བུ་ཡིན་ནོ།། ཞེས་སྨྲས་སོ། གང་མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ཞིག་ཡོད་ན་ཡང་དེ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཞེས་སྨྲའོ།། ཞེས་གང་སྨྲས་པ་ཡིན།། དེ་ལྟ་བས་ན། བཅོམ་ལྡན་འདས ་ཐུགས་རྗེ་ཆེན་པོའི་ཆུས་བརླན་པ་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆེན་པོར་ཕྱིན་པར་བྱེད་པའི་དེད་དཔོན་ཆེན་པོར་གྱུར་པ་དག་གིས་དེ་ལྟར་ཀུན་རྫོབ་དང་དོན་དམ་པའི་ངོ་བོ་ཡོང་སུ་དག་པ་དང་། ཡོངསུ་མ་དག་པའི་ངོ་བོ་ཉིད་ཀྱིས་དངོས་པོ ་རྣམས་ལ་དངོས་པོར་འཛིན་པའི་རྟོག་པས་ཀྱང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ངར་འཛིན་པ་དང་ངའིར་འཛིན་པ་ལ་སོགས་པ་སྔོན་དུ་འགྲོ་བ་འཇུག་པར་དགོངས་ནས་དེའི་མངོན་པར་ཞེན་པ་ཡོང་སུ་དོར་བའི་ཕྱིར། གདུལ་བའི་སྐྱེ་བོ་འདྲེན་པ ་ལ་ཕན་པར་བྱེད་པ་དངོས་པོ་ཐམས་ཅད་གཟོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པར་བསྟན་པར་མཛད་པར་ཁོང་དུ་ཆུད་པར་བྱ་སྟེ། འདི་ལྟར་དངོས་པོ་ཀུན་རྫོབ་པ་རྣམས་ནི་བསྐལ་པ་བརྒྱར་གཟོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པར་བསྟན་ཀྱང་ཐ ་སྙད་ཆད་པར་མི་སྣང་ངོ་།། དེ་སྐད་དུ་འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་ཀྱང་། བརྟགས་ཞེས་བྱ་བ་བཏགས་པ་ཙམ།། འཁོར་བ་ལ་ནི་མཐའ་མི་དམིགས།། ཞེས་གསུངསོ།། གཞན་ཡང་ཁ་ཅིག་དངོས་པོ་ཀུན་རྫོབ་པ་དང་དོན ་དམ་པ་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་རྗོད་པར་བྱེད་པའི་ལུང་ངེས་པའི་དོན་ཡང་དྲང་བའི་དོན་ཉིད་དུ་འདྲེན་པར་བྱེད་ལ། དེ་བཞིན་དུ་རང་གི་ཤེས་རབ་ཀྱི་སྟོབས་ཀྱིས་དོན་རིགས་པ་དང་ལྡན་པ་ཡང་ཚིག་སྟོན་པ་དག་གིས་རིགས་པ་དང་མི་ལྡན་པ ་ཉིད་དུ་རྣམ་པར་འཇོག་པར་བྱེད་དེ། འདྲི་ལོ་ཁོ་བོ་ཅག་ལྔར་མངོན་པར་ཞེན་པའི་སྤྱང་ཐག་ལ་འཇུ་བོ་ཡིད་ལོ་བྱེད་པས་ཅི་ཞིག་བྱཾ། དེའི་ཕྱིར་མཁས་པ་རྣམས་གཟུ་རྗེ་ལྟ་བུའི་རི་བོ་དམ་པ་ལ་འཛེགས་ཏེ། དམ་པ་མ་ཡིན་པའི་རྣམ་པར་རྟོག ་ཆོམ་རྐུན་བཟླས་བརྗོད་དང་བསམ་གཏན་ལ་སོགས་པའི་མདའ་དག་གིས་བསྣུན་ནས་རྫོགས་པར་བྱང་ཆུབ་པའི་ཕུན་སུམ་ཚོགས་པ་བླང་བ་ལྷུར་བྱའོ་སྙམ་ན་དེ་ལྟར་ན་ཆོས་རིགས་པར་ཞུགས་པ་ཡིན་ནོ་ཞེས་བརྗོད་དོ།། ་ཁོ་བོ་ཡང་དམ་པ་རྣམས་ལ་པུས་མོ་གཅིག་ས་ལ་བཙུགས་ཏེ་སྤྱི་བོར་ཐལ་མོ་སྦྱར་ནས། དམ་པ་བདེ་གཤེགས་ཇི་སྐད་བཤད་པ་ཡི།། རང་ལྷའི་རྣལ་འབྱོར་ཀུན་དང་བཟླས་བརྗོད་དང་། གསང་སྔགས་མཛོད་ཅིག་དེ་ནས་གྲུབ་པ་དང་། ་རྒྱལ་བ་གཟིགས་ནས་དེ་ཉིད་རིགས་མཁྱེན་མཛོད།། ཅེས་རྣམ་པ་ཐམས་ཅད་དུ་གསོལ་བ་འདེབ་སོ།། དེ་ལ་རང་གི་ལྷའི་ངོ་བོ་ཉིད་ཀུན་རྫོབ་པ་དང་དོན་དམ་པ་དང་ཀུན་ཏུ་སྦྱོར་ཞིང་ལྡན་པ་ཞེས་བྱ་བ་ནི་རང་གི་ལྷའི་རྣལ་འབྱོར་གྱི་མཚན་ཉིད་ཡིན་ནོ།། ་ཀུན་ཏུ་སྦྱོར་བ་རྒྱུད་ལས་གསུངས་པ་འདིའི་གོ་རིམས་ཀྱང་འདི་ཡིན་ནོ།། རྒྱུད་འདི་ལས་འདི་ལྟ་སྟེ། ཇི་ལྟར་མཐོང་བ་དང་། ཐོས་པའི་དངོས་པོ་རྣམས་གཟོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པའི་རིགས་པས་དོན་དམ་པའི་ངོ་བོ་ཉིད་སྐྱེ་བ་མེད་པའི ་མཚན་ཉིད་ལ་མོས་པར་བྱས་ནས། དེའི་འོག་ཏུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པར་རྟོག་པ་ཀུན་རྫོབ་དུ་ཡོད་པ་ཡང་གཅིག་དང་དུ་མར་དཔྱད་པས་རིགས་པས་ཆ་ཤེས་ནས་བརྟགས་ཏེ། དེ་དག་ཏུ་སྣང་བས་དབེན་པའི ་སེམས་མངོན་སུམ་དུ་བྱས་ནས་རང་གི་ལྷའི་རྣལ་འབྱོར་དུ་སྒྲུབ་པ་ཀུན་རྫོབ་པ་འོ་མ་དོན་དམ་པར་བྱའོ་ཞེས་འབྱུང་ངོ་།། དེ་ལ་ལྷའི་མཚན་ཉིད་དོན་དམ་པའི་ངོ་བོ་ཉིད་ནི་ཆོས་ཀྱི་དབྱིངས་ཡིན་ཏེ། རང་གི་ལྷ་དང་བདག་གི་དེ་བཞིན་ཉིད་དག་ཐ་མི ་དྲད་པའི་མཚན་ཉིད་དུ་མོས་པའི་སྒོ་ནས་དེ་དང་ལྷན་ཅིག་གཅིག་པ་ཉིད་འདི་ནི་རང་གི་ལྷའི་རྣལ་འབྱོར་དོན་དམ་པ་ཡིན་ནོ།། རང་གི་ལྷའི་རྣལ་འབྱོར་ཀུན་རྫོབ་པའི་གོ་རིམས་ཀྱང་འདི་ལས་རྣམ་པ་གཉིསུ་བསྟན་ཏེ། དེ་ལ་གཅིག་ནི་རང་གི ་སེམས་ཀྱི་རྣམ་པ་སྣང་བ་ཐམས་ཅད་ཀྱིས་དབེན་པ་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་རྣམ་པར་བསྒྱུར་བས་བདག་ཉིད་ལྷར་སྣང་བ་བསྒྲུབས་པ་ཡིན་ནོ།། དེ་ལས་གཞན་པ་ནི་སྣང་བས་དབེན་པའི་སེམས་ལས་ལངས་ཏེ། བདག་དང ་རང་གི་ལྷ་སྒྱུ་མ་ལྟ་བུར་མཉམ་པ་ཉིད་དུ་མོས་པ་སྔོན་དུ་འགྲོ་བ་ཆོས་ཉིད་མཉམ་པར་གཅིག་ཏུ་མོས་པས་བདག་ཉིད་ལྷའི་གཟུགསུ་མོས་པར་བྱས་ཏེ། བདག་གི་རྣམ་པར་སྨིན་པའི་གཟུགས་ཀྱི་རྣམ་པ་ཁོ་ན་རང་གི་ལྷ་ཉིད་དུ་ང་རྒྱལ ་བྱ་བ་ནི་འདི་ལྟ་སྟེ། རང་གི་ལྷའི་རྣལ་འབྱོར་ཀུན་རྫོབ་པ་གཉིས་ཡིན་ནོ།། དོན་འདི་ཡང་རྒྱུད་འདི་ལས་ལྷའི་དེ་ཁོ་ན་ཉིད་ལ་སོགས་པ་རིམ་པོར་ཕྱེ་བ་དག་ལས་བསྟན་པར་ཁོང་དུ་ཆུད་པར་བྱའོ།། ཞར་ལ་འོངས་པ་རྫོགསོ།། ། ་རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པར་དཔྱད་པའི་རིམ་པ་ལ་བབ་པའི་དཀྱུས་ཉིད་བརྗོད་པར་སྟེ། དེ་ནི་སྤྱི་དོན་ལྔ་པ་དང་དྲུག་པ་མངོན་ཀྱང་དེའི་རྣམ་པར་སྤྲུལ་པ་གང་གི་ཚེ་བྱུང་བ་དང་། སྤྲུལ་པ་དེའི་ངོ་བོ་ཉིད་གང་ཡིན་པ་ཞེས་པ་ལས། གང་གི་ཚེ་ཀྲུང་ཞེ་ན། ་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་དེ་ཁོ་ན་རྟོགས་པའི་དུས་ཉིད་ན་སྔོན་གྱི་སྨོན་ལམ་གྱི་འཕེན་པས་སྐུ་དང་གསུང་དང་ཐུགས་རབ་འབྱམ་སེམས་དང་སེམས་མ་ཡིན་པ་ཐམས་ཅད་དང་འདྲ་བ་སེམས་ལ་སྐལ་པ་ཇི ་ལྟ་བ་བཞིན་དུ་སྣང་བ་དག་གིས་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་ཁྱབ་པ་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་རྣམ་པར་སྤྲུལ་པ་ཡིན་ནོ་ཞེས་བྱ་བ་ཤེས་པར་བྱའོ།། དེའི་མཚན་ཉིད་ཀྱང་འདི་ལས་གོང་དུ་བསྟན ་ཟིན་ཏེ། བསྟན་བཅོས་འདིའི་ཐོག་མར་མངོན་བྱང་གི་འབྲས་བུ་ཕུན་ཚགས་ཀྱི་སྐབ་སུ། བྱང་ཆུབ་དེ་བརྙེས་པ། དེ་ཁོ་ནའི་ཆན་ཆོས་ཉིད་ཀྱི་ཐོབ་པ། སྲུ་ལ་སོགས་པ་བཀོད་པ་སེཾན་ཡོངསུ་དག་པ་དང་མ་དག་པ་ལ་སོགས་པ་དང་འདྲ་བ་དང་། སངས་རྒྱས་ཀྱི་གསུང་བཀོད་པ་ཡིན་པ་ཀྱི་སྐ་དུ་གསུང་བར་མཁས་པ་དང ་ཡེཤེས་ཀྱི་དཀྱིར་དོན་དམ་པ་དང་ཀྱོབ་ཀྱི་བདེན་པའི་ཡུལ་ཅན་གྲུབ་པ་ནི་རྣམ་པར་སྣད་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་ལ་ཡིན་ཏེ། དེ་བཞིན་གཤེ་ལ་སྐྱེ་བ་འཐུང་བའི་མདོ་དང་སྦྱར་ནས་གསུངས་པ་དེ་དག་ཉིད་དོ།། འདི་ལྟ་སྟེ། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ ་སོགས་པ་དེ་དག་དང་། གསང་བའི་བདག་པོ་ལ་སོགས་པ་རྡོ་རྗེ་འཛིན་པ་དེ་དག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱིན་གྱིས་བརླབས་ཀྱིས་སྐུ་མཉམ་པ་ཉིད་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་ལ་ཞུགསོ།། དེ་བཞིན་དུ་གསུང ་དང་ཐུགས་མཉམ་པ་ཉིད་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་ལ་ཞུག་སོ་ཞེས་བྱ་བ་ལ་སོགས་པ་འདི་ཡིན་ནོ།། རྣམ་པར་སྤྲུལ་པ་འདི་འགྲུབ་པ་རྫོགས་པར་བྱང་ཆུབ་པའི་དུས་ཀྱང་གཞན་ལས་ཀྱང་གསུངས་ཏེ། དེ་སྐད་དུ། དེ་བཞིན ་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པའི་མདོ་ལས་ཀྱང་ཡང་དག་པར་བསྟན་ཏོ།། སྔར་བྲིས་ཟིན་པ་གང་ཡིན་པ་དེ་ཡང་མཚམས་སྦྱར་བའི་ཕྱིར་སྐབས་འདིར་བྲི་བར་བྱ་སྟེ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་མངོན་པར་རྫོགས ་པར་སངས་རྒྱས་ནས་ཏིང་ངེ་འཛིན་སངས་རྒྱས་ཤིན་ཏུ་རྣམ་པར་སངས་རྒྱས་པ་ཞེས་བྱ་བ་ལ་སྙོམས་པར་འཇུག་པ་སྟེ། སྙོམས་པར་ཞུགས་མ་ཐག་ཏུ་སེམས་ཅན་རྣམས་ཇི་སྙེད་པ་དེ་སྙེད་ཀྱི་སྐུ་ཀུན་ཏུ་གནས་སོ།། སྐུ་ཇི་སྙེད་པ་དེ་སྙེད་ཀྱི་གསུང་དང ་སྐུ་དང་གསུང་ཇི་སྙེད་པ་དེ་སྙེད་ཀྱི་ཐུགས་ཀུན་ཏུ་གནས་སོ།། ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་ཡིན་ནོ།། སྐུ་མི་ཟད་པའི་བཀོད་པ་ལ་སོགས་པ་བསྟན་པ་འདིས་ཀྱང་བཅོམ་ལྡན་འདས་ཀྱིས་དེ་ཡི་རང་གི་ངོ་བོ་རྟོགས་པར་བྱ་བའི་ཕྱིར་ཐབས། ་ཡང་དག་པར་བསྟན་པས་སེམས་ཅན་ཡོང་སུ་དག་པ་ཀུན་ཏུ་བཟང་པོ་ལ་སོགས་པཱི་སྤྱི་དོན་བདུན་པ་རྣམ་པ་སྤྲུལ་པ་དེ་ཇི་ལྟར་ན། ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པའི་སྒོ་ནས་མཚོན་པ་དེ་ཡང་བཤད་པ། དོན་མཛད་པ་ཡིན་ནོ་ཡོངསུ་མ་དག་པ་ཐུབ་པ་དང་མི ་དང་ལྷ་དང་། ལྷ་མ་ཡིན་དང་དྲི་ཟ་ལ་སོགས་པ་གང་ཡིན་པ་དེ་དག་ནི་དེའི་མི་ཟད་པ་བཀོད་པ་གསུམ་གྱི་ངོ་བོ་རང་གི་ངོ་བོའི་སྒོ་ནས་མཐོང་བའི་ལམ་དུ་མི་འཇུག་སྟེ། དེའི་ཕྱིར་དེ་དག་ལ་ཕན་གདགས་པའི་ཕྱིར་རྒྱུད་འདི་ལས་དེའི་སྐུ་ལ་སོགས ་པའི་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། གསང་སྔགས་ཀྱི་མཚན་མར་བྱིན་གྱིས་བརླབས་ནས་བསྟན་ཏེ། འདི་ལྟར་དེ་དག་གིས་དེའི་སྐུ་ལ་སོགས་པ་བཀོད་པའི་དཀྱིལ་འཁོར་དང་ཕྱག་རྒྱ་དང་། གསང་སྔགས་ཀྱི་ངོ་བོར་གྱུར་པ་ཡང་དེ་དག་མཉེས ་པར་བྱེད་པའི་སྦྱོར་བས་བཅོམ་ལྡན་འདས་ཀྱི་ཉེ་བར་བསྟན་པ་དག་ཁོ་ནས་མཉེས་པར་བྱ་སྟེ། འབྲས་བུ་ལེགས་པར་ངེས་པ་དང་མངོན་པར་མཐོ་བ་བསྟེན་པར་འགྱུར་རོ།། དེའི་མཚན་མ་ཡང་རྒྱུ་དང་། ངོ་བོ་ཉིད་དང་འབྲས་བུའི་མཚན་མའི ་བྱེ་བྲག་གིས་རྣམ་པ་གསུམ་ཡིན་ནོ།། དེ་ལ་འདིའི་རྒྱུ་ནི་མངོན་སུམ་དང་བརྒྱུད་པའི་ངོ་བོ་ཉིད་གཉིས་ཀྱིས་བྱེ་བྲག་གི་རྣམ་པ་གཉིས་ཏེ། དེ་ལ་འདིའི་རྒྱུད་པའི་རྒྱུ་ནི་འཇིག་རྟེན་པ་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས ་དང་། རྫོགས་པར་བྱང་ཆུབ་པའི་ཏིང་ངེ་འཛིན་དང་གཞིའི་བྱེ་བྲག་གིས་ཤེས་པར་བྱའོ།། མངོན་སུམ་གྱི་རྒྱུ་ནི་རྫོགས་པར་བྱང་ཆུབ་པ་དང་ཆོས་ཀྱི་སྐུའོ།། རྣམ་པར་སྤྲུལ་པ་འདིའི་ངོ་བོ་ཉིད་ནི་ཇི་སྐད་དུ། མཚན་ཉིད་སྔར་བཤད་པ་ཡིན་ནོ།། ་འདིའི་འབྲས་བུ་ནི་ཐབས་སྣ་ཚོགས་ཀྱིས་སེམས་ཅན་ཐམས་ཅད་འདུལ་བ་ལ་སྦྱོར་བ་དག་ཡིན་ནོ།། དེ་ལྟ་བས་ན་རྒྱུད་འདི་ལས་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་འདི་བྱིན་གྱིས་རློབ་པ་ན་ངོ་བོ་ཉིད་གསུམ་པོ་འདི་དག་དཀྱིལ་འཁོར་དང་། ཕྱག ་རྒྱ་དང་། གསང་སྔགས་དང་། ཏིང་ངེ་འཛིན་གྱི་མཚན་མར་བསྟན་པའི་སྒོ་ནས་ཅི་རིགས་པར་བྱིན་གྱིས་བརླབས་པའི་རྗེས་སུ་དཔག་པའོ།། དེ་ལ་སྐུ་བཀོད་པ་བྱིན་གྱིས་རློབོ་པ་ནི་འདི་ལས་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་གྱི་སྒོ་ནས་དངོས ་སུ་བསྟན་ཏེ། དེ་ལས་ནི་དཀྱིལ་འཁོར་གྱི་སྦྱོར་བའི་སྒོ་ནས་ལྷའི་སྐུ་གཟུགས་དག་ཁོ་ནར་དགོད་པར་གསུངས་ཏེ། ཇི་སྐད་དུ། དེའི་སྙིང་པོའི་དབུས་སུ་ནི།། རྒྱལ་མཆོག་གཙོ་བོ་གསེར་གྱི་མདོག། འབར་བཅས་ཐོར་ཚུགས་དབུ་རྒྱན་ཅན། ་ཞེས་བྱ་བ་ལ་སོགས་པ་དང་། མགོན་པོ་ཡི་ནི་བྱང་ཕྱོགསུ།། སྤྱན་རས་གཟིགས་ཀྱི་དབང་པོ་ནི།། པདྨ་དཀར་པོའི་སྟན་ལ་འདུག། དུང་དང་ཀུན་ད་ཟླ་འདྲ་ལ།། མགོ་ལ་འོད་དཔག་མེད་བཞུགས་ཤིང་།། བཞིན་ནི་བག་ཙམ་འཛུམ་པར་བྲི།། ཞེས་བྱ་བ་ལ ་སོགས་པ་དང་། མགོན་པོ་རྣམ་སྣང་མཛད་ཆེན་གྱི།། ལྷོ་ཡི་ཕྱོགསུ་རྡོ་རྗེ་འཛིན།། རེ་བ་ཐམས་ཅད་སྐོང་བྱེད་པ།། མདོག་ནི་པྲི་ཡང་ཀུ་ལྟ་བུར།། ལྗང་སེར་རམ་ནི་མར་གད་ལྟར།། སྔོ་སངས་མགོན་པོ་དབུ་རྒྱུན་ཅན།། སེམས་དཔའ་ཆེན་པོ་རྒྱན ་ཀུན་གྱིས།། རྣམ་པར་བརྒྱན་ཅིང་མཐའ་ཡས་པར།། འཇུག་པ་རྒྱ་ཆེན་རྡོ་རྗེར་བཅས།། ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་སྟེ། སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ལས་རིག་པར་བྱའོ།། གསུང་མི་ཟད་པོ་བཀོད ་པ་བྱིན་གྱིས་རློབ་པ་ཡང་འདི་ལས་དངོསུ་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་གྱི་རྣམ་པར་བསྟན་ཏེ། འདི་ལྟར་དེར་ནི་དཀྱིལ་འཁོར་དུ་ལྷ་རྣམས་ཕྱག་རྒྱ་དག་གམ་ས་བོན་གྱི་ཡི་གེ་དག་ཏུ་དགོད་པར་བཤད་དོ།། འདི་སྐད་དུ་ཡི་གེ་འཁོར ་ལོ་བསྐོར་བའི་དཀྱིལ་འཁོར་བསྟན་པ་ལས་དཀྱིལ་འཁོར་གྱི་བདག་པོ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གཟུགས་དང་། ཕྱག་རྒྱ་དང་ས་བོན་གྱི་ཡི་གེ་རྣམས་ལས་གང་རུང་བ་ཞིག་ཏུ་བགོད་པར་ཡང་དག་པར་བརྗོད་ནས། དེ་ལས ་གཞན་པ་རྣམས་ཕྱག་རྒྱ་འམ་ས་བོན་གྱི་ཡི་གེ་དག་ཏུ་དགོད་པར་བསྟན་པར་འབྱུང་སྟེ། དེ་སྐད་དུ་ཤར་ཕྱོགསུ་སངས་རྒྱས་ཐམས་ཅད་ཀྱི་ཡི་གེ་ཨ་ཞེས་བྱ་བ་ཀླང་ཀོར་དང་བཅས་པ་སྟེ། ཨ་མེའི་ཕྱོགསུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག ་རྒྱ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའམ། ཡི་གེ་ཀ་བྲི་སྟེ་ཀ་དེ་བཞིན་དུ་དཀྱིལ་འཁོར་བསྟན་པ་འདི་ལས་ནི་གཞན་དུ་ཡང་ཕལ་ཆེར་ས་བོན་གྱི་ཡི་གེ་དག་ཁོ་ནར་བསྟན་ཏོ།། དེ་བཞིན་དུ་གསང་བའི་དཀྱིལ་འཁོར་ནི་ཐུགས་མི་ཟད་པ་བཀོད་པ ་བསྡུས་པར་བསྟན་ཏེ། འདི་ལྟར་གསང་བའི་དཀྱིལ་འཁོར་དུ་ལྷ་རྣམས་ཕྱག་རྒྱའི་ཁྱད་པར་རང་གི་རྣམ་པར་ཐར་པའི་དོན་གྱི་རྗེས་སུ་བྱེད་པ་པདྨ་དང་རྡོ་རྗེ་ལ་སོགས་པ་དག་དང་། དེ་བཞིན་དུ་རང་གི་སེམས་སྣང་བའི་ཁྱད་པར ་མེ་དང་རླུང་དང་ས་དང་ཆུའི་དཀྱིལ་འཁོར་དགོད་པ་དག་གིས་དགོད་པར་འབྱུང་སྟེ། གསང་བཱི་འི་དཀུ་གཞན་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་དཀྱིལ་འཁོར་ནི། ཟླ་བའི་དཀྱིལ་འཁོར་འདྲ་བ་མདོག་དུང་ལྟ་བུའི་དབུས་སུ་ནི། སངས་རྒྱས་ཀུན་གྱི་གྲུ་གསུ ་བ། པདྨ་དཀར་པོའི་སྟེ་ན་འདུག། ཀླང་ཀོར་བཅས་པའི་མཚན་མས་བཏཱབ།། རྡོ་རྗེའི་མཚན་མ་རྣམས་ཀྱིས་མཚན།། དཔྱད་མི་དགོས་པ་ཀུན་ནས་ནི།། འོད་ཟེར་དག་ནི་གཉིས་བྱ་བ།། གསང་སྔགས་མགོན་ལས་བྱུང་ན་སུ།། དེ་ནི་ཕྱོགས ་བཅུ་རྣམསུ་སོང་།། ཞེས་བྱ་བ་དང་། དེ་བཞིན་འཇིག་རྟེན་མགོན་གྱི་ནི།། སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་ནི།། ངེས་པས་ནན་ཏན་མཉན་པར་གྱིས།། ཀུན་ཏུ་གྲུ་བཞི་ལྷམ་པ་ལ།། དབུས་སུ་དུང་འདྲ་བཞག་པར་བྱ།། དེ་ཡི་སྟེང་དུ་པདྨ ་ནི། ན་ས་བོན་བཅས་བྱས་རྒྱས་པར་བྲི།། དེ་ཡི་སྟེང་དུ་རྡོ་རྗེ་ཆེ།། རྡོ་རྗེ་ལས་ཀྱང་པདྨ་ཆེ།། ཐམས་ཅད་ས་བོན་རྣམས་ཀྱིས་མཚན།། རང་གི་ས་བོན་ལེགས་པར་སྦྱོར།། ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། རྒྱས་པར་གསང་བའི ་དཀྱིལ་འཁོར་བསྟན་པ་ལས་ཁོང་དུ་ཆུད་པར་བྱའོ།། དཀྱིལ་འཁོར་འདི་གསུམ་ཡང་གྲངས་བཞིན་དུ་སྐུ་གསང་བ་ལ་སོགས་པའི་གསུམ་བསྡུས་པར་གྱུར་པོ་ཡིན་པར་བཤད་མོད་ཀྱི། འོན་ཀྱང་སྐུ་མེད་པར་ཡང་གསུང་མེད་ལ། ཐུགས་ཀྱང་ཕལ ་ཆེར་སྐུ་མེད་པར་མེད་པས་དཀྱིལ་འཁོར་རེ་རེ་ལ་ཡང་སྐུ་ལ་སོགས་པ་སུམ་ཆར་བྱིན་གྱིས་རློབ་པར་རིག་པར་བྱའོ།། དེ་བཞིན་དུ་དཀྱིལ་འཁོར་སུམ་ཆར་ལ་ཡང་ཕལ་ཆེ་བའི་ཕྱིར། ལ་ལར་སྐུ་དང་གསུང་དང་ཐུགས་དག་བྱིན་གྱིས་རློབ་པར་གྱུར་པ ་གཟུགས་དང་། ཕྱག་རྒྱ་དང་ས་བོན་རྣམས་བཀོད་པ་ཡང་སྣང་ངོ་།། དེ་བཞིན་དུ་འདི་ལས་རིམ་པ་མདོར་བསྡུས་པ་ལ་སོགས་པའི་མཚན་ཉིད་ཀྱི་དཀྱིལ་འཁོར་བསྟན་པ་གཞན་དང་གཞན་དག་ཀྱང་འདིའི་རྒྱུད་ཕྱི་མ་ལས་བཤད་པ་གསང་བའི་རིམ་པ ་ཕྱེ་བ་ལ་སོགས་པ་ལས་བལྟ་བར་བྱ་སྟེ། དེ་དག་ཏུ་ཡང་དགོངས་པ་ནི་འདི་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱའོ།། ཡང་སྐུ་ལ་སོགས་པ་བཀོད་པ་འདི་ཉིད་ལས་སྒྲུབ་པ་པོ་རྣམས་ལ་བཟླས་བརྗོད་ཡན་ལག་བཞི་པ་ལ་སོགས་པ་བསྟན་པར་ལྷ་སངས ་རྒྱས་དང་། བྱང་ཆུབ་སེམས་དཔའི་གཟུགས་འཆགས་པ་རང་དང་ཕྱི་རོལ་ཏུ་གྱུར་པ་བསམ་གཏན་བྱ་བའི་སྒོ་ནས་བསྟན་ཏོ།། འདི་ལས་ཇི་སྐད་དུ། ཡི་གེ་དང་ནི་ཡི་གེར་སྦྱར།། དེ་བཞིན་གཞི་ལས་གཞིར་གྱུར་པ།། ཤིན་ཏུ་བསྡམས་པས་ཡིད་ལ ་ནཻ། བཟླས་བརྗོད་འབུམ་ཕྲག་གཅིག་བྱའོ།། ཞེས་བྱ་བ་དང་། ཡི་གེ་བྱང་ཆུབ་སེམས་ཡིན་ཏེ།། གཉིས་པ་སྒྲ་ཞེས་བྱ་བ་ཡིན།། གཞི་ནི་རང་གི་ལྷ་བཞག་པ།། རང་གི་ལུས་ཀྱི་གནས་ལ་བྱ།། གཞི་གཉིས་པ་ནི་རྫོགས་སངས་རྒྱས།། རྐང ་གཉིས་མཆོག་ཏུ་ཤེས་པར་བྱ།། ཟླ་བའི་དཀྱིལ་འཁོར་རྣམ་དག་པ།། སྔགས་པས་དེ་ལ་གནས་པར་བསམ།། ཡི་གེ་རྣམས་ནི་གོ་རིམས་བཞིན།། དེ་ཡི་དབུས་སུ་ལེགས་པར་དགོད།། ཅེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུ་ཡིན་ནོ།། དེ་བཞིན་དུ་རི་མོའི ་སྐུ་གཟུགས་ཀྱི་རྣམ་པར་བྱིན་གྱིས་རློབ་པའི་སྒོ་ནས་ཀྱང་ཁོང་དུ་ཆུད་པར་བྱའོ།། གསུང་མི་ཟད་པ་བཀོད་པ་ཡང་འདི་ལུས།། གསང་སྔགས་དང་རིག་སྔགས་ཀྱི་ས་བོན་གྱི་ཡི་གེ་བྱིན་གྱིས་རློབ་པའི་སྒོ་ནས་བསྟན་པར་སྣང་སྟེ། ་འདི་ལྟར་གསང་སྔགས་ནི། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨཱཿབི་ར་ཧཱུཾ་ཁཾ་ཞེས་བྱ་བ་ལ་སོགས་པ་དང་། ན་མཿས་མནྟ་བུདྡྷཱ་ནཱ~ཾ། ཨ་ས་མེ་ཏྲི་ས་མེ་ས་མ་ཡེ་སྭཱཧཱ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། རིག་སྔགས་ཀྱི་ས་བོན་གྱི་ཡི་གི་དག་ནི་ཨ ་ཨཱཾ་ཨཿཞེས་བྱ་བ་ལ་སོགས་པ་ཡིན་ནོ།། དེ་བཞིན་དུ་ཐུགས་མི་ཟད་པ་བཀོད་པ་ཡང་ལག་པའི་ཕྱག་རྒྱ་དགོད་པ་དང་བྲི་བའི་ཕྱག་རྒྱ་དགོད་པའི་སྒོ་ནས་བསྟན་པར་བལྟ་བར་བྱའོ།། དེ་ལྟར་ན་སྐུ་ལ་སོགས་པ་བཀོད་པ་འདིའི་རྒྱུ་དང་ངོ་བོ་ཉིད་དང ་འབྲས་བུའི་མཚོན་མ་ཡང་འདི་ལས་དེ་ལྟ་བུ་ལ་སོགས་པ་བསྟན་པ་ལས་བལྟ་བར་བྱའོ།། ཞེས་བཤད་པ་ཡིན་ནོ།། རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པའི་བསྡུས་པའི་དོན་ན་འདི་ལས་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པའི་དཀྱི ་འཁོར་དང་། རིག་སྔགས་དང་། གསང་སྔགས་དང་། ཕྱག་རྒྱ་དང་། ས་བོན་ངོ་བོ་མཉེས་པར་བྱེད་པའི་སྒོ་ནས་རང་གཞན་གྱི་དོན་འགྲུབ་པར་བྱ་བའི་ཕྱིར་སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་ཅན་ལ་སོགས་པའི་གསང་སྔགས་བསྟན་པ་ཡིནོ།། ཞེས ་སྤྱོད་པའི་ཚུལ་འབྱུང་བ་ཞེས་པ་དེ་ཉིད་།། སྤྱོད་པ་དེ་ཡང་སྤ་ར་རྣམ་པ་གཉིས་ཏེ། དེ་ལ་གཅིག་ནི་བླ་བན་པོ་མ་པ་རྣམ་པར་གནག་སཔ། དཀྱིལ་འཁོར་གྱི་ཆོ་ག་ལ་དཔྱོང་གསུམ་ཀྱིལས་ཀྱི་མཚན་ཅི་། ཡང་དག་པར་བསྟན་པ་ཡིན་ནོ།། སྐྱེས་འཇུག་བསྐྲུན་པོའི་འཇོག་པའི་སྤྱོད་པ་ལ་ག་ག ་དེ་ལས་གཞན་པ་ནི་རིག་སྔགས་དང་། གསང་སྔགས་ལ་སོགས་པ་བསྟན་པའི་མཚན་ཉིད་ཡིན་ཏེ། ཅི་རིགས་པར་རྒྱུད་ཀྱི་རྗེ་སུ་འབྲངས་ནས་རིག་པར་བྱའོ།། དེ་ལ་དཀྱིལ་འཁོར་གྱི་ཆོ་ག་ལ་ཡང་དག་པར་བརྟེན་པ་ནི་འདིར་རྣམ་པ་བཅུ་བཞིས་བསྟན་ཏེ། ་འདི་ལྟ་སྟེ། སློབ་དཔོན་གྱི་མཚན་ཉིད་བསྟན་པ་དང་། བཟླས་སོད་དཀྱིལ་འཁོ་ཀར་གྱིས། བསྟན་པ་དང་། དེ་ཡོངས་སུ་དག་པའི་མཚན་ཉིད་བསྟན་པ་དང་། དེའི་བྱིན་གྱིས་རློབ་པའི་ཆོ་ག་དང་། སློབ་མའི་མཚན་ཉིད་བསྟན་པ་དང་། སློབ་མ་སྟ་གོན་དུ ་གནས་པའི་ཆོ་ག་བསྟན་པ་དང་། དཀྱིལ་འཁོར་གྱི་ཐིག་གདབ་པའི་ཆོ་ག་བརྗོད་པ་དང་། པ་དཀྱིལ་འཁོ་སྦྱང་དུའིའདི་ལ་རྗེན་ས་ཡང་དེ་སར་གྱི་རིམ་པ་ལ་སོགས་ཡུ་པ་རྣམ་པར་དབྱེ་བ་དང་། དཀྱིལ་འཁོར་གྱི་ཚོན་གྱི་མཚན་ཉིད་དང་། དེ་དགྱེ་བ་ལ ་སོགས་པའི་ཆོ་ག་བསྟན་པ་དང་། དཀྱིལ་འཁོར་གྱི་ལྷ་རྣམས་ཉེ་བར་བྱ་བ་སྦྱོར་བ་དང་། དེ་དག་མཆོད་པའི་ཆོ་གའི་ཡན་ལག་བསྟན་པ་དང་། སློབ་མ་གཟུང་བའི་ཆོ་ག་བསྟན་པ་དང་། དེ་དབང་བསྐུར་བའི་ཆོ་ག་བརྗོད་པ་དང་། མེས་བྱ་བའི་ཆོ་ག་བསྟན ་བ་ནི་བཅུ་བཞི་ཡིན་ནོ།། དེ་ལ་སློབ་དཔོན་ཉིད་དུ་འཇུག་པ་དང་། མངོན་པར་འདུ་བྱེད་པ་དང་། གྲུབ་པའི་བྱེ་བྲག་གིས་རྣམ་པ་གསུམ་མོ།། དེ་ལ་སློབ་དཔོན་ཉིད་དུ་འཇུག་པའི་མཚན་ཉིད་ནི་སྙིང་རྗེ་ཅན་སྒྱུ་རྩལ་དག་ལ་མཁས་བ་ཤེས་རབ་ཀྱི་ཕ ་ཏུ་ཕྱིན་པའི་ཚུལ་ལ་རྟག་ཏུ་མཁས་པ་ཐེག་པ་གསུམ་གྱི་ཁྱད་པར་ཤེས་པ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ལ་མཁས་པ་བསམ་པ་ཤེས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དད་པ་ལ་སོགས་པ་ཡིན་ནོ།། སློབ་དཔོན་ཉིད ་དུ་མངོན་པར་འདུ་བྱེད་པའི་མཚན་ཉིད་ཟབ་པ་དང་མི་ཟབ་པའི་བྱེ་བྲག་གི་སྒོ་ནས་ཏེ། གསང་སྔགས་ཕྱག་རྒྱ་རྟོགས་ཤེས་པའོ།། སློབ་དཔོན་རྣམ་པ་གཉིས་ཞེས་བྱ་བ།། ཟབ་དང་མི་ཟབ་བྱེ་བྲག་ལས།། དེའི་མཚན་ཉིད་ཤེས་པར ་བྱན་ཟབ་མོ་རྒྱ་ཆེར་ཤེས་པར་བྱ།། ལུས་ཅན་རྣམས་ནི་ཡིད་མི་རྟོན།། སངས་རྒྱས་རྣམས་ཀྱི་སྲས་མཆོག་སྟེ།། མཐོང་བའི་ཆོས་ནི་རྣམ་པར་སྤངས།། གཉིས་པ་མཐོང་བའི་ཆོས་རྣམས་ཀྱིས།། མོས་པར་གྱུར་པ་དམིགས་པ་ཅན།། སངས ་རྒྱས་རྐང་གཉིས་མཆོག་རྣམས་ཀྱིས།། འཇིག་རྟེན་པའི་དཀྱིལ་འཁོར་ཀུན།། དེ་ཡིས་བྲི་བར་བྱ་བའི་ཕྱིར།། རྗེས་སུ་གནང་ཞིང་དབང་ཡང་བསྐུར།། ཅེས་གང་གསུངས་པ་ཡིན་ཏེ། སློབ་དཔོན་དམིགས་པ་ཅན་མངོན་པར་འདུ་བྱས་པ་འདི ་ནི་གཉིས་པ་ཡིན་ནོ།། སློབ་དཔོན་གྱི་ཐབས་སྐྱོབ་པའི་མཚན་ཉིད་ནི། འདི་ལས་རྣམ་པ་གཉིསུ་བསྟན་ཏེ། འདི་ལྟ་སྟེ། སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་དང་། ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་འདྲི་བའི་སློབ་དཔོན་དུ་དབང་བསྐུར ་བ་དང་། གསང་བའི་དཀྱིལ་འཁོར་འདྲི་བར་དབང་བསྐུར་བ་ཡིན་ཏཱཾ། སངས་རྒྱས་རྣམས་ཀྱི་མདོར་ན་ནི།། དམ་ཚིག་ཅན་རྣམས་ལྔར་བཤད་དེ།། དཀྱིལ་འཁོར་འདི་ནི་མཐོང་བ་ལས།། དམ་ཚིག་ཤེས་པ་གཅིག་ཅེས་བྱ། དེ་ལ་ཕྱག་རྒྱ ་མི་བསྟན་ཅིང་།། སྔགས་ཀྱང་སྦྱིན་པར་མི་བྱའོ།། བྱང་ཆུབ་སེམས་ཀྱི་བྱེ་བྲག་ལས། སྔགས་དང་ཕྱག་རྒྱ་ཡོངསུ་གཟུང་།། དཀྱིལ་འཁོར་མཐོང་ཞེས་བྱ་བ་ནི།། དམ་ཚིག་ཅན་གཉིས་ཤེས་པར་བྱ།། དཀྱིལ་འཁོར་དང་ནི་ཕྱག་རྒྱ་མཐོང་།། ཝ ་དང་བྱ་བ་ལ་ཡང་སྦྱར།། བླ་མས་ལུང་ནི་མ་བྱིན་པ།། དེ་ཡང་དམ་ཆོག་ཤེས་པར་བཤད།། ཕྱག་རྒྱ་དཀྱིལ་འཁོར་བྲི་བ་རྣམས།། དེ་ཚེ་ཆོ་ག་བཞིན་བསྟན་ན།། གསང་བའི་ཡེ་ཤེས་འབྱུང་བ་ཡི།། དབང་བསྐུར་མེད་པ་སྔགས་པ་ཡིན།། གས། ་བའི་དཀྱིལ་འཁོར་དབུས་སུ་ནི།། སྔགས་པ་ཚིགས་དབང་བསྐུར་བ།། དམ་ཚིག་ཤེས་པ་ལྔརརོ་ཤེས་བྱ།། དམ་ཚིག་ཅན་ཞེས་གཞན་མི་བྱ།། ཞེས་གང་གསུངས་པ་ཡིན་ནོ།། དེ་བས་ན་རིམ་པ་འདིས་ནི་དཀྱིལ་འཁོར་གསུམ་གྱི་སློབ་དཔོན་ཉིད ་ཀྱི་ཐབས་ཐོབ་པས་དཀྱིལ་འཁོར་འདྲ་བའི་ཚེ་རིག་པའི་རྒྱལ་པོ་ཡན་ལག་བཅུ་གཉིས་པ་འབྱུང་བསོ་སྔར་བསྙེན་པ་བྱ་སྟེ། ཇི་སྐད་དུ། དཀྱིལ་འཁོར་གྱི་ནི་སྔོན་རོལ་ཏུ།། བྱ་བ་རྣམས་ནི་ངེས་པས་ཉོན།། སོ་སོའི་ལས་རྣམས་འདོད་པ་ཡིས ་ཚུལ་ཤེས་པས་ནི་ཅི་རིགས་པར།། རང་གི་ཏིང་ངེ་འཛིན་ལ་གནས་ཏེ།། རིག་སྔགས་རྒྱལ་པོ་སྟོབས་པོ་ཆེ།། ཡན་ལག་བཅུ་གཉིས་ཚིག་འབྱུང་བ།། གོ་རིམས་བཞིན་དུ་བཟླས་བརྗོད་བྱ།། ཞེས་གསུངས་པ་ལྟ་བུ་ཡིན་ནོ།། དེའི་ཕྱིར་སློབ་མ་བྱང ་ཆུབ་ཀྱི་སེམས་ཤིན་ཏུ་གོམས་པ་དཀྱིལ་འཁོར་གྱི་སློབ་དཔོན་ཉིད་དུ་གྱུར་པའང་རུང་། བྱང་ཆུབ་ཀྱི་སེམས་མ་གོམས་པ་གཉིད་ཀྱིས་དམིགས་པ་ཅན་ཡང་རུང་སྟེ། དཀྱིལ་འཁོར་འབྲི་བའི་ཚེ་རིག་པའི་རྒྱལ་པོ་ཚིག་ཡན་ལག་བཅུ་གཉིས ་པ་འབྱུང་བ་སྔར་བསྙེན་པ་བྱའོ།། ཞེས་བསྟན་པར་འགྱུར་རོ།། རང་གི་ཏིང་ངེ་འཛིན་ལ་གནས་ཏེ་ཞེས་བྱ་བའི་དགོངས་པ་ནི། སློབ་དཔོན་རང་གི་ཏིང་ངེ་འཛིན་ལ་གནས་ཏེ། རིག་པའི་རྒྱལ་པོ་འདི་བཟླས་བརྗོད་བྱའོ་ཞེས་བཤད་པར་འགྱུར་བ ་འདི་ཡིན་ནོ།། ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་ས་མཱནྠ་དྷཱརྨྨ་བྷཱུ་ཏུ་ཀརྱཱག་ཏཱི་གྲ་ཏཱ་ནཱཾ་སརྦ་ཐཱ། ཨཱཾ་ཁཾ་ཨཾ་ཨཿསཾ་ས་ཧཱ་ཧ་རྀ་ར་བཾ་བ་སྱཱཧྨ། ཧཾ་ཧཱ་སྭཱ་ཧཱ། རཾ་རཱ་སྭཱ་ཧཱ།། རིག་པའི་རྒྱལ་པོ་ཚིག་ཡནཱ་ལག་བཅུ་གཉིས་འབྱུང་། ་བཱ་ཡིན་ནོ།། སློབ་དཔོན་གྱི་ཏིང་ངེ་འཛིན་གྱི་མཚན་ཉིད་བཤད་པ་འདི་ཡིན།། བདག་ཉིད་ཨ་ཞེས་བྱ་བས་ཟླུམ་པར་སྣང་མཛད་ཀྱི་སྐུར་བྱིན་གྱིས་བརླབས་བཱ་ལ་ཡི་གེའི་འཁོར་ལོ་མཐའ་དག་རང་གི་ལུས་ལ་དགོད་དེ། ཀཾ་ནི་ལྐོག་མར ་ཤེས་པར་བྱ་ཞེས་བྱ་བ་ལ་སོགས་གསུངས་པ་གང་ཡིན་པ་རིམ་གྱིས་རང་གི་ལུས་ལ་དགོད་པ་ནི་སློབ་དཔོན་གྱི་ཏིང་ངེ་འཛིན་གཅིག་པོ་ཡིན་ནོ།། དེ་བཞིན་དུ་དེ་ཁོ་ན་དང་འདྲ་བར་རྣམ་པར་སྣང་མཛད་ཀྱི་སྐུར་བྱསྡུ་ལ། རིགས་ཀྱི་བདག ་པོ་གསུམ་གྱི་ས་བོན་གསུམ་དགོད་པ་ནི་སློབ་དཔོན་གྱི་ཏིང་ངེ་འཛིན་གཉིས་པ་ཡིནྡ་ནོ།། ཡང་ན་དཔའ་བོ་ཆེན་པོའི་ཡི་གེ་ལྔ་བཀོད་པས་ཤཱཀྱ་ཐུབ་པའི་སྐུར་བྱིན་གྱིས་བརླབས་ཏེ། སློབ་དཔོན་གྱི་ཏིང་ངེ་འཛིན་གསུམ་པ་ཡིན་ནོ།། ་ཅི་ཞིག་འཚལ་ནས་སློབ་དཔོན་འགྱུར་ཞེས་གང་གསུངས་པ་ལ་གླེངས་ཏེ། ཨ་ནི་གསང་སྔགས་ཐམས་ཅད་ཀྱི།། སྙིང་པོ་ཡིན་པར་ཡང་དག་བཤད།། འདི་ལས་འབྱུང་བའི་གསང་སྔགས་ནི།། གྲངས་མེད་རྣམས་ཀྱང་འབྱུང་བར ་འགྱུར།། སྤྲོས་པ་ཐམས་ཅད་ཞི་བ་ཡི།། ཡེ་ཤེས་མཐའ་དག་སྐྱེ་བར་འགྱུར།། ཞེས་བྱ་བ་དང་། རྫོགས་པའི་སངས་རྒྱས་རྐང་གཉིས་གཙོས།། ཨ་ནི་འཚེ་བ་ཡིན་པར་གསུངས།། དེ་བས་འདི་ཀུན་ཐམས་ཅད་དེ།། ཡན་ལག ་ཀུན་ལ་རྣམ་པར་གནས།། ཡན་ལག་རྣམས་ཀྱང་ཅི་རིགས་པར།། རྟག་པར་ཀུན་ཏུ་རིག་པར་གྱིས།། ཡི་གེ་རྣམས་ཀྱིས་ཐམས་ཅད་ཁྱབ།། ཡི་གེ་རྣམས་ཀྱང་དེ་ཡིས་ཁྱབ།། ཡི་གེ་རྣམས་ལ་སྒྲ་འབྱུང་བ།། ཆ་དང་ཆ་ལས ་བྱུང་བའོ།། དེ་བས་འདི་ཀུན་ཐམས་ཅད་དེ།། ལུས་ནི་སྣ་ཚོགས་ལས་བྱུང་བའོ།། དེའི་དགོད་པ་ཡང་དག་བསྟན།། སྙིང་པོ་དག་ནི་ངེས་པས་ཉོན།། ཡན་ལག་རྣམས་ལ་ཡན་ལག་དགོད།། བློ་ལྡན་རྣལ་འབྱོར་སྟན་འདུག་སྟེ། ་བདག་ལུས་རྫོགས་སངས་རྒྱས་ཀྱི་སྐུར།། བྱས་ནས་དེ་བཞིན་གཤེགས་པ་རྣམས།། དྲན་པར་བྱས་ཏེ་འདི་ཀུན་བྱ།། གང་གིས་ཡེ་ཤེས་རྒྱ་ཆེན་ཏེ།། ཆོ་ག་བཞིན་དུ་ཤེས་གྱུར་ན།། དེ་ཚེ་སངས་རྒྱས་མཐུ་ཚོན་གྱིས།། དེ་ནི་སློས ་དཔོན་ཡིན་པར་བཤད།། དེ་བས་དེ་ཉིད་དེ་བཞིན་གཤེགས།། དེ་ཉིད་རྫོགས་སངས་རྒྱས་ཤེས་གོ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། ཚངས་དང་ཁྱབ་འཇུག་དབང་ཕྱུག་ཆེ།། ཞེས་བྱ་བ་ལ་སོགས་པ་ཕན་ཡོན་རྒྱས་པར ་རྒྱུད་ལས་བརྟག་པར་བྱའོ།། སློབ་དཔོན་བྱང་ཆུབ་ཀྱི་སེམས་ལེགས་པར་བསྒོམས་པ་རང་གི་ལུས་ལ་ཡི་གེ་འཁོར་ལོ་དགོད་པ་ནི།། དོན་དམ་པར་འཇུག་པའི་ཐབས་ཡིན་པ་ཉིད་ཀྱིས་འབྲས་བུའི་ཕན་ཡོན་ཆེ་བར་བསྟན་པའི ་ཕྱིར། གང་ཞིག་བྱང་ཆུབ་སེམས་བརྟན་ཞིང་།། སྒྲ་ཤེས་པས་ནི་ལྷུར་ལེན་གང་།། ཆོས་རྣམས་ཀུན་ལ་མ་ཆགས་པ།། རྣམ་པ་ཀུན་ཏུ་ཀུན་ཞེས་བྱ།། ཡི་གེའི་འཁོར་ལོ་ཐམས་ཅད་ནི།། གང་གི་ལུས་ལ་རྣམ་གནས་པ།། དེ་ན། ་སྔགས་པས་གསང་སྔགས་འཆང་།། དཔལ་ལྡན་སྔགས་རྒྱལ་རྡོ་རྗེ་འཛིན།། ཞེས་བྱ་བ་གསུས།། འདི་ནི་སློབ་དཔོན་གྱི་ཏིང་ངེ་འཛིན་ཡི་གེའི་འཁོར་ལོ་དགོད་པའི་རིམ་པ་རྒྱས་པ་ཡིན་ཏེ། སློབ་དཔོན་གྱི་རྣལ ་འབྱོར་གྱི་ཆོ་ག་འདི་ནི་སློབ་དཔོན་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་བྱང་ཆུབ་ཀྱི་སེམས་བརྟན་པ། སྒྲའི་དེ་ཁོ་ན་ཉིད་ལ་མཁས་པ་ཁོ་ནའི་ཐུན་མོངས་མ་ཡིན་པ་ཉིད་ཡིན་ནོ།། ད་ནི་སློབ་དཔོན་རྣམ་པ་གཉིས་ཀའི་ཡང་ཆོ་ག་མདོར་བསྡུས ་པ་དང་། བར་མའི་རིམ་གྱིས་སོ་སོར་སློབ་དཔོན་གྱི་རྣལ་འབྱོར་གཉིས་སྟོན་ཏེ། སློབ་དཔོན་ཉིད་ལུས་རྣམ་པར་སྨིན་པ་ཁོ་ནཱ་ལ་རིགས་ཀྱི་བདག་པོ་གསུམ་གྱི་ས་བོན་གྱི་ཡི་གེ་གསུམ་བཀོད་པ་ལས་སྒྲའི་དེ་ཁོ་ན་ཉིད་ལ་གཏང ་པབའི་སྒོ་ནུས་དེ་མདོར་བསྡུས་པ་བསྟན་པའི་ཕྱིར། སྨན་མཚོམས་དབུས་སུ་ཡི་གེ་ཧཱུཾ།། རྡོ་རྗེ་ཅན་གྱི་གཞི་ཡིན་ནོ།། བྲང་དུ་ཡི་གེ་ར་ཞེས་བྱ།། ཕྱག་ནཱ་པདྨའི་གཞི་ཞེས་བྱ།། ཨ་ནཱི་སྙིང་གཱའི་གནས་བཞག་པ།། ཀུན་གྱི་རྗེ་སྟེ་དབང ་ཕྱུག་ཡིན།། རྒྱུ་དང་རྒྱུ་མིནྡ་སྣ་ཚོགས་པ།། མཐའ་དག་ངས་ནི་རབ་ཏུ་ཁྱབ།། ཅེས་བྱ་བ་གསུངས་སོ།། དེ་བཞིན་དུ་གཞན་ཡང་སློབ་དཔོན་གྱི་རྣལ་འབྱོར་པར་མ་ནི་གསང་བའི་དཀྱིལ་འཁོར་འདྲི་བའི་ཚེ་ཉིད་ན་སྔོན་གྱི་རྣམ་པར ་སྨིན་པའི་ལུས་ཁོ་ན་ལི་ཡི་གེ་ལྔ་པ་འདི་དག་བཀོད་པ། སྒྲའི་དེ་ཁོ་ན་ཉིད་ལ་གཏོང་བའི་སྒོ་ནས་དངོས་སུ་གསུངས་ཏེ། དེ་བསྟན་པའི་ཕྱིར། ཨོཾཿཞེས་བྱ་བ་སྲོག་གི་མཆོག། བཱི་ཞེས་བྱ་བ་ཚིག་ཏུ་བཤད།། ར་ཞེས་བྱ ་བ་མེ་ཞེས་བརྗོད།། ཧཱུཾ་ཞེས་བྱ་བ་ཁྲོ་བོར་བཤད།། ཁ་ནཱི་ན་མཁར་ཤེས་པར་བྱ།། ཀླང་ཀོར་སྟོང་པའི་མཆོག་ཅེས་བྱ།། གང་ཤེས་སློབ་དཔོན་ཞེས་བྱ་བ།། འདི་ནི་ཡང་དག་དམ་པ་ཡིན།། ཞེས་བྱ་བ་གསུངས།། ཡི་གེ་ཝཱ། ་པོ་འདི་དག་ནི་དཔའ་བོ་ཆེན་པོའི་སྙིང་པོ་དགོད་པའི་རིམ་པར་གོ་རིམས་བཞིན་དུ་ཆུ་སོ་དང་། ལྟེ་བ་དང་། བྲང་དང་། སྨིན་མོཚམས་དང་། ཀླད་པར་དགོད་པ་ཤེས་པར་བྱའོ།། དེ་ལྟ་བས་ན་དེ་ལྟར་ཏིང་ངེ་འཛིན་གང་ཡང་རུང་བ་ལ་གནས ་རིག་པའི་རྒྱལ་པོ་ཚིག་ཡན་ལག་བཅུ་གཉིས་པ་འབྱུང་བ་བརྗོད་པར་བྱའོ།། ཞེས་བཤད་པར་བྱའོ།། དེ་ལ་དཀྱིལ་འཁོར་གྱིས་ནི་ཕྱི་དང་ནང་གི་བྱེ་བྲག་གི་རྣམ་པ་གཉིས།། དེ་ལ་ཕྱིའི་སའི་མཚན་ཉིད་བསྟན་པའི་ཕྱིར། མེ་ཏོག ་འབྲས་བུ་ལྡན་པའི་རི།། གཙང་ཞིང་ཡིད་འོང་ཆུའི་གནས།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རྒྱས་པར་རྒྱུད་ལས་ཤེས་པར་བྱའོ།། དེ་ནི་སྦྱོང་བ་ཡང་ཀུན་རྫོབ་པ་ཁོ་ནར་བཤད་དེ། རྡོ་བ་དང་བོང་བ་དང་། གྱོ་མོ་དང་གསེག ་མ་མེད་ཅིང་ཞེས་བྱ་བ་ལ་སོགས་པས་གསུངས་པ་ཡིན་ནོ།། སྦྱང་བ་ནི་སྔར་སའི་ལྷ་ལ་སྦྲན་པར་བཤད་དེ། སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི།། སྤྱོད་པའི་ཚུལ་དང་ཁྱད་པར་དང་།། ས་དང་ཕ་རོལ་ཕྱིན་པ་ལ།། ལྷ་མོ་ཁྱོད་ནི ་དབང་དུ་གྱུར།། ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན།། དོན་དམ་པའི་ས་ནི་སློབ་དཔོན་ཟབ་མོ་སྤྱོད་པའི་རང་གི་སེམས་ཁོ་ན་ཡིན་ལ། དེ་ལ་སྦྱང་པ་ཡང་བྱང་ཆུབ་ཀྱི་སེམས་གོམས་པའི་སྒོ་ནས་ཡིནོ།། དེ་གཉིས་ཀ་ཡང་བསྟན ་།། ས་སམ་ཀྱུ།། མས་ཀྱི་ཨུ་ནུ་བ་མ། ཏུ་རྫུན་སྨྱན་གྱུས། ། དྷཱ་ཆུ་མ་དུ་རྒྱུན་དྷ། ་བྱཱ། ཞེས་བྱ་བྱ་བར་དྲུགསུངས་པ་ཡིན་ཏེ། དེ་སྦྱོང་བ་དེ་ནི་བྱུང་ཆུབ་ཀྱི་སེམས་སེམས་པཧཱུ~ཾ་ཧཱུ~ཾ་བ་ཡིན་པར་བ་སྐྱེད་དོ།། དེ་ལྟ་སྦྱིན་དགོངས་པནིཕྱི་རོལ་སྦྱང་བ་མེད་པར་སྣ་སེམས་རྣམས་དེའི་ནི ་སྦྱིན་དུན་བྱུ་རྟོག་པ་མ་ག་རྣམ་ས་འདུ་།། མི། ས་སུ་སྷོ། ས་སྐྱེད་པ་། ཆུབ་སམས་ནི་མྦྷ་སྨ ་ནི་མ་འདྀ། ཙྪབྷྲཱུ~ཾ་བྷི་རྣམ་སྨྲས་། རྣ་ང་བ་།། དྷཱ་མས་འི་ན་ཆོས་བྱ།། རྫོགརྒྱས་པར་ང་བ།། དེ་དག་ས་སྦྱིན་པའོ།། རྨི་སྟྭཾ་མས་ས ་དྷཱ་གྱུ་། ཇི་སྲིང་མ་སྨོས་པ་ཛིན།། འཛིམ་རྟེན་འདི་ནི་སངས་རྒྱས་མིམ།། ཀུནྟྲ་མཁྱེན་ཞེས་ཀྱང་བ་ས་ཀྱི།། ཞེས་འ་།། གིསམ་ཀྱིས་ཡོངས་སྤྱ་འི་དོན་ཉིད་ཉིད།། དོ་ཛིན ་རྒྱ་མི་ཆགས་པའི་རྒྱུད་ལས་རྒྱས་པར་བསྟན་ཏོ།། དེ་ནས་ཞག་གསུམ་ན་དཀྱིལ་འཁོར་འདྲི་འི་ཙམ་པས་ས་ཡོང་སུ་གཟུང་བར་བྱ་སྟེ།། དེ་མ་ཚན་ཉིད་ནི།། ས་བྱེ་རླབ་པ་དང་ཐོན།། རྫོགས་སངས་རྒྱས་ཀྱིས་བྱ་བ ་བཤད།། གཉིས་པ་སེམས་ཀྱིས་དབང་གིས་ཏེ།། འདི་ནི་གཞན་དུ་མི་བྱའོ།། ཞེས་བྱ་བ་གསུངསོ།། དེ་ལ་སེམས་ཀྱི་དབང་གིས་ཞེས་བྱ་བ་ནི། སློབ་དཔོན་གྱི་སེམས་ཀྱི་དབང་ས་ཕྱོགས་འདིར་བདག་གིས་དཀྱིལ་འཁོར་བྲི་བར་བྱའོ།། ་སྙམ་པ་དེ་ལྟ་བུའི་རྣམ་པར་རྟོག་པསོ།། རྫོགས་སངས་རྒྱས་ཀྱིས་ས་ཡོངསུ་གཟུང་བའི་རྣམ་པ་བཅུར་བཤད་དེ། འདི་ལྟ་སྟེ། ཡོངསུ་འཛིན་པའི་ཚེ་བའི་ལྕི་བ་ལ་མ་ལྷུང་བ་དངོ་བའི་གཅིན་གྱིས་བྱུག་པ་དང་། གསང་སྔགས་ཀྱིས ་མངོན་པར་བསྔགས་པས་བགེགས་ཉེ་བར་ཞི་བར་བྱ་བ་དང་། བྱུག་སྤོས་ཀྱིས་ལྷ་རྣམས་ཀྱི་དཀྱིལ་འཁོར་བྱ་བ་དང་། དཀྱིལ་འཁོར་གྱི་སར་ཅི་རིགས་པར་རྫོགས་པའི་སངས་རྒྱས་རྣམས། ཉེ་བར་བྱ་བ་དང་། དྲི་དང་མེ་ཏོག་ལ ་སོགས་པས་མཆོད་པ་བྱ་བ་དང་། ཡོངསུ་གཟུང་བའི་བསམ་པས་ལག་པ་ས་ལ་བཞག་སྟེ། འཕགས་པ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་། མི་གཡོ་བའི་སྔགས་དག་ལས་གང་ཡང་རུང་བ་ཞིག་བརྗོད་པ་དང་། ་དཀྱིལ་འཁོར་གྱིས་ལྷོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྱན་དྲང་བ་དང་། གསང་སྔགས་ཀྱིས་སའི་ལྷ་ཡང་དག་པར་མགུ་བར་བྱ་བ་དང་། དཀྱིལ་འཁོར་གྱི་སྐུ་ཉིད་དུ་ཉལ་བར་བྱ་བ་དང་། རྨི་ལམ་བཟང་པོ་བརྟག ་པའོ།། རྣམ་པ་བཅུ་པོ་འདི་དག་ནི་ས་ཡོངསུ་གཟུང་བར་བྱ་བ་ལ་བསྟོན་པ་སྟེ། དེ་ལ་ཇི་སྐད་དུ་བསྟེན་པའི་གནས་གང་ཡང་རུང་བར་ས་གཞི་རབ་ཏུ་འཐས་པ་བཅགས་ཏེ་བའི་ལྕི་བ་ས་ལ་མེ་ལྷུང་བ་དང་གཅིན་དུ་བསྲེས་པས་བྱུརོ།། ་ཞེས་བྱ་ས་ན་ནུ་ནས་པས་ལཱམ་དྷམྦྷ་ན་ས་སུ་དུ་འབྱུན་ནན་། སྤྱ་སྨྲས་རྒྱས་ལྡན་འས།། སེམས་ཅནཱ་རྣམས་སུ་པ་དྷའཾ་ཥྚིམྦྷ། རླུ ་ཉིད་ཀུན་ཏུ་སྩོལ་འབ་པོའམ།། བདག་ལ་མཱ~ཾ་ཧཱུ~ཾས་།། སེམས་དཔ་ཆེན་པོ་རྗེ་ཁྱོད་ལགས།། དེལ་འཛིན་སྲུང་རྣཾས་ཤིག་ཅིག་ཧཱུ~ཾད་པ་མཐོང་ཡིད་དྲང་།། ཞེས་བྱ་བའི་བར་དུ་གསུ་མི་སྟེ་མིན་ནོ།། ་ས་ཡོངསུ་གཟུང་བར་བྱས་ནས་སང་ལ་དཀྱིལ་འཁོར་འདྲི་བ་དང་། སློབ་མ་དེ་དགུ་ཧཱུ~ཾ་བརྟགས་ནས་བཱམྦི་པ་ག་སུམ་པ། དེ་ལ་སློབ་མོ་རྣམས་ཀྱི་མཚན་ཉིད་ནི་རྣམ་པ་ག ་སྐྱེ། ཧྲཱིམྦྷ་སྟྭ~ཾ། སྤྱོད་པར་གྱི་མཚན་ཉིད་དྲུང་། སྤྱི་མཚན་ཉིད་ད་། ཏུ་མཚན་ཉིད་དོ།། དེ་ལ་ལྟུང་ཀྱི་མཚན་ཉིད་བསྐྲུན་པའི་ཕྱིར། སྒྲིབ་མ་དང་ཅིང་རིག་སྟེ་བསྙེན་པ།། དེ་བཞིན་དག། ན་མཆོག་གསུམ་ཡོ ་ཟབ་མོ་ཡཻ་ནི་བློ་དང་ལྗོན།། ཞེས་བྱ་ལ་སོགས་པ་གསུངས་སོ།། དེའི་ཕྱི་མཚན་ཉིད་འདི་ལྟ་བྷུ་དང་ལེན་པ་མང་པོ་མི་སྲིད་པ།། བཅུའི་མ་བསྐྱོད་དམ་བདུན་ནམ་ལྱ།། གཅིག་གཉིས་བཞི་ལྔས་ལྷག་ཀྱང་ཆུ།། ་གྲངས་ངེས་པ་ཀུན་ཏུ་སྟོན་ཏོ།། དེ་ཉིད་ཀྱི་ཕྱིར། གང་དག་གིས་སྔོན་ཐེག་པོ་ཆེན་པོ་གསང་སྔགས་ཀྱི་སྤྱོད་པའི་ཚུལ་སྒོ་མཐའི་ཡས་པ་སྒྲུབ་པ་ལ་གོམས་པར་བྱས་པ་དེ་དག་ནི་རྡོ་རྗེ་སེམས་དཔའ་ཡིན་ཏེ། དེ་རྣམས་ཉིད་ཀྱི་ངན་རྒྱ ་ཕྱིར་གྲངས་ཀྱི་ཚད་འདི་བྱས་ཞེས་བྱ་བ་གས་སོ།། དེ་ལ་སྤྱིའི་མཚན་ཉིད་ནི་ཡོན་ཏཱནྟ་དི་ཛྙཱ་བྲུ་མེད་པ་རྣམས་ཀྱང་དཀྱིལ་འཁོར་དུགཟུང་བ་བྱུར་སོང་སུ་གཟུང་བ་གང་ཡིན་པ་སྟེ། ཉིད་ཀྱི་མྱུར། འོན་ཀྱང་སློབ་དཔན་རྙེ་རྗེ་ཆེན། ་པོ་དང་ལྡན་པས། སེམས་ཅན་གྱི་ཁམས་མ་ལུས་པར་བསྒྲོལ་བར་ཡི་དམ་བཅའ་བ་ཁོ་ནར་བྱ་སྟེ། དེས་བྱང་ཆུབ་ཀྱི་སེམས་རྒྱུར་འགྱུར་བ་བྱེ་བའི་ཕྱིར། སེམས་ཅན་ཚད་མེད་པ་རྣམས་ཡོངསུ་གཟུང་བར་བྱའོ་ཞེས་བྱ་བ་གསུངས།། ་སློབ་མ་རབ་ཏུ་དབྱེ་བའི་མཚན་ཉིད་ཀྱི་དབང་དུ་མཛད་ནས། དུས་དང་དུས་མིན་བྱེ་བྲག་ལས།། སློབ་མ་རྣམ་བཞིར་ཤེས་བྱ་སྟེ།། གཅིག་ནི་དེའི་མོད་ལོ་སྒྲུབ།། གཉིས་སྒྲུབ་དང་གཉི་གར་མིན།། མཚན་ཉིད་ཐམས་ཅད་རྫོགས་པ་ཡི།། སློབ ་མ་དེ་ནི་རྒྱལ་བའི་མཆོག། ཅེས་བྱ་བ་གསུངས་སོ།། དེ་ལ་གཅིག་ནི་དེའི་མེདོ་ལས་བསྒྲུབ་ཅེས་བྱ་བ་ནི་སློབ་མ་དཀྱིལ་འཁོར་མཐོང་བ། བྱང་ཆུབ་ཀྱི་སེམས་གོམས་པ་དག་ཏུ་གྱུར་པ། སློབ་དཔོན་ལས་ཕྱག་རྒྱ་དང་གསང་སྔགས ་མནོས་པ་རྒྱུད་ཐོས་པ་ལས་གསང་སྔགས་སྤྱད་པའི་བྱ་བའི་ཆོ་ག་ཤེས་པ་ཞི་བ་ལ་སོགས་པའི་ལས་དང་། དངོས་གྲུབ་མཆོག་ལ་སོགས་པའི་ལས་ཀྱི་ཆོ་ག་ལ་མཁས་པ་གང་ཡིན་པ་སྟེ། ཡོན་ཏན་དེ་ལྟ་བུ་དང་ལྡན་པ་ནི་སློབ ་དཔོན་གྱི་ཐངསུ་སྒྲུབ་པ་ཉིད་ཀྱི་ཕྱིར་དཀྱིལ་འཁོར་དུ་བཅུག་པའི་ཚེ། མཇུག་ཐོགས་ཁོ་ནར་དབང་བསྐུར་བའི་དཀྱིལ་འཁོར་དབང་བསྐུར་ནས་སྒྲུབ་ཅིང་རྫོགས་པར་བྱའོ།། ཞེས་བྱ་བའི་ཐ་ཚིག་གོ།། གསང་སྔགས་མནོས་པ་ནི་གསང ་སྔགས་རབ་ཏུ་འབྱིན་པས་བཟླས་བརྗོད་བྱེད་པ་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ཏེ། དེ་ལྟ་བས་ན་འདི་ཡང་། དེའི་མོད་བསྒྲུབ་པར་བྱ་ཞེས་བྱའོ།། གཉིསུ་སྒྲུབ་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་མ་གོམས་པ་ཀྱི ་འཁོར་དུ་བཅུག་ནས་ཕྱིས་བྱང་ཆུབ་ཀྱི་སེམས་བསྒོམ་དུ་བཅུག་སྟེ། ཕྱག་རྒྱ་དང་གསང་སྔགས་བྱིན་ནས། དེ་ཡང་བཟླས་བརྗོད་བྱེད་པ་ཉིད་དུ་བསྒྲུབ་པར་བྱ་སྟེ། དེ་ལྟ་བས་ན་འདི་ནི་དུས་གཉིསུ་བསྒྲུབ་པར་བྱ་བ་ཡིན་པས་གཉིས ་སུ་བསྒྲུབ་ཅེས་བྱའོ།། ཡང་ན་དེ་ཉིད་རྒྱུད་ཉན་དུ་བཅུག་ནས། བྱ་བོའི་ལས་ལ་མཁས་པར་བྱོས་ལ། སློབ་དཔོན་དུ་དབང་བསྐོར་ཏེ། སློབ་དཔོན་གྱི་ཐོབསུ་བསྒྲུབ་པའི་སྒོ་ནས་བསྒྲུབ་པར་བྱ་སྟེ། དེ་ལྟ་བོས་ན་འདི་ཡང་དུས ་གཉིསུ་སྒྲུབ་པ་ཡིན་པ་སྟེ། དང་པོ་དཀྱིལ་འཁོར་དུ་བཅུག་པའི་དུས་ནི་གཅིག་ཡིན་ལ་དེ་ལས་གཞན་པ་ནི་སློབ་དཔོན་དུ་དབང་བསྐུར་བའི་དུས་ཡིན་པས། གཉིས་པ་ནི་དུས་སུ་བསྒྲུབ་པར་བརྗོད་པ་ཡིན་ནོ།། གང་ཞིག་བྱང ་ཆུབ་ཀྱི་སེམས་གོམས་པ་དང་དུ་མ་གྱུར་པ་དེ་ནི་དང་པོ་དཀྱིལ་འཁོར་དུ་འཇུག་པ་ན་ཡང་ཕྱག་རྒྱ་དང་གསང་སྔགས་ཀྱི་འོས་མ་ཡིན་ལ་ཕྱིས་ཀྱང་བྱང་ཆུབ་ཀྱི་སེམས་གོམས་པར་མི་ནུས་པའི་ཕྱིར་དང་། དེ་བཞིན་དུ་རྒྱུད་ལ ་སོགས་པ་ཐོས་པར་འཛིན་མི་ནུས་པའི་ཕྱིར། གཉིས་གར་ཡང་མིན་ཞེས་བྱའོ།། མཚན་ཉིད་ཐམས་ཅད་རྫོགས་པ་ཡི།། སློབ་མ་དེ་ནི་རྒྱལ་པོའི་མཆོག། ཅེས་བྱ་བ་ནི་གང་ཞིག་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་དང་། ཡི་གེ ་འཁོར་ལོ་བསྦྱོར་བ་དང་། གསང་བའི་དཀྱིལ་འཁོར་གསུམ་ཆར་དུ་དབང་བསྐུར་བ་དེ་ནི་སློབ་དཔོན་གྱི་མཚན་ཉིད་རྣམ་པ་ཐམས་ཅད་དུ་རྫོགས་པར་འགྱུར་བ་ཡིན་པསྡུ། མཚན་ཉིད་ཐམས་ཅད་རྫོགས་པ་ཡི།། སྐྱོབ་མཱ་དྷེ་ནི ་རྒྱལ་བའི་མཆོག་ཅེས་བྱའོ།། འདི་ལྟར་སློབ་དཔོན་གྱི་ལམ་ཐབས་ཐོབ་པ་དེ་ལྟ་བུ་ཡང་བསོད་ནམས་མངོན་པར་འཕེལ་བར་བྱ་བའི་ཕྱིར་དང་། བགེགས་ཉེ་བར་ཞི་བར་བྱ་བའི་ཕྱིར་དང་སྡིག་པ་རྣམས་ཟད་པར་བྱ་བའི་ཕྱིར ་སློབ་དཔོན་གཞན་གྱིས་དཀྱིལ་འཁོར་ལེགས་པར་བྲིས་པ་མཐོང་བར་བྱེད་པས་འདི་ཡང་སློབ་མའི་གྲངསུ་འགྲོའོ།། ཞེས་བྱ་བར་ཁོང་དུ་ཆུད་པར་བྱ་སྟེ། དེ་སྐད་དུ་ཇི་ལྟ་ཇི་ལྟར་རིག་སྔགས་ཚོགས་ཀྱིས་ནི།། བསྟེན་པའི་དཀྱིལ ་འཁོར་བསོད་ནམས་ཅན་མཐོང་བ།། དེ་ལྟ་དེ་ལྟར་རྡོ་རྗེ་རིགས་བསྟེན་པོའི།། ལུས་ལ་འདིར་ནི་བྱིན་བརླབས་ཀུན་ཏུ་འཇུག། རྡོ་རྗེའི་ལུས་ནི་རྒྱ་ཆོ་མཐོང་འགྱུར་ན།། བགོགས་རྣམས་མཐའ་དག་འཇིག་པར་རབ་ཏུ་འགྱུར་ཞེས ་གསུངས་ཏེ། རྒྱས་པར་ནི་ལག་བཟུངས་ཀྱིས་ཞུས་པ་ལས་འབྱུང་ངོ་།། གོ་རིམས་འདི་ནི་དམ་ཚིག་ཅན་རྣམ་པ་ལྔའི་མཚན་ཉིད་བསྟན་པ་ལས་ཁོང་དུ་ཆུད་པར་བྱ་སྟེ། རྒྱུད་འདི་ལས་ཇི་སྐད་དུ། དཀྱིལ་འཁོར་འདི་ནི་མཐོང་བ ་ལས།། དམ་ཚིག་ཤེས་པ་གཅིག་ཅེས་བྱ།། དེ་ལ་ཕྱག་རྒྱ་མི་བསྟན་ཅིང་།། སྔགས་ཀྱང་སྦྱིན་པར་མི་བྱའོ།། བྱང་ཆུབ་སེམས་ཀྱི་བྱེ་བྲག་ལས།། སྔགས་དང་ཕྱོག་རྒྱུ་ཡོངསུ་བཟུང་།། དཀྱིལ་འཁོར་མཐོང་ཞེས་བྱ་བ་འདི།། ་དམ་ཚིག་ཅན་གཉིས་ཤེས་པར་བྱ།། དཀྱིལ་འཁོར་དང་ནི་ཕྱག་རྒྱ་མཐོང་།། ལས་དང་བྱ་བ་ལ་ཡང་སྦྱར།། བླ་མས་ལུང་ནི་མ་བྱིན་པ།། དེ་ཡང་དམ་ཚིག་ཤེས་པར་བཤད།། ཕྱག་རྒྱ་དཀྱིལ་འཁོར་བྲི་བཱ་རྣམས།། དེ ་ཚེཆོག་བཞིན་དུ་བསྟན།། གསང་བའི་ཡེ་ཤེས་འབྱུང་བ་ཡི།། དབང་བསྒྱུར་མེད་པོའི་སྔགས་པ་ཡིན།། གསོང་བའི་དཀྲོལ་འཁོར་དབུས་སུ་མི།། སྡིགས་པ་ཚུལ་བཞིན་དབང་བསྐུར་བ།། དམ་ཚིག་ཤོས་པོ་ལྔར་ཤེས་བྱ།། དམ་ཚིག་ཅན་ཞེས ་གཞན་མི་བྱ་ཞེས་གསུངས་པ་ལྟ་བུའོ།། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཆེན་པོ་ལས་ལེའུ་ཉི་ཤུ་རྩ་བརྒྱད་དེ།། སེམས་ཀྱི་ཁྱད་པར་རིམ་པར་ཕྱེ་བ་དང་།། ཕྱིའི་སྔགས་ཀྱི་བགེགས་ཉེ་བར་ནི་བར་བྱེད་པའི་རིམ་པར་བྱ་བ་དང་། ཕྱིའི་སྔགས་ཀྱི་དེའི་རིམ་པར་ཕྱེ་བ་དང་། འཇིག་རྟེན་པའི་དངོས་སྒྲུབ ་སྒྲུབ་པའི་རིམ་པར་ཕྱེ་བ་དང་། དངོས་གྲུབ་སྒྲུབ་པའི་དེ་ཁོ་ན་ཉིད་ཀྱི་རིམ་པར་ཕྱེ་བ་དང་། ལྷའི་ཏིང་ངེ་འཛིན་གཏན་ལ་དབབ་པའི་རིམ་པར་ཕྱེ་བ་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་རིམ་པར་ཕྱེ་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ཀྱི་རིམ་པར་ཕྱེ་བ་དང་། ཡི་གེ་འཁོར་མོ་བསྐོར་བའི ་མ་པར་ཕྱེ་བ་དང་། ཕྱག་རྒྱའི་རིམ་པར་ཕྱེ་བ་དང་། ཐམས་ཅད་དུ་འཇུག་པའི་སྒོ་ཆོས་ཀྱི་ཡི་གེའི་ཚུལ་རིམ་པར་ཕྱེ་བ་དང་། གསང་བའི་དཀྱིལ་འཁོར་རིམ་པར་ཕྱེ་བ་དང་། གསང་བའི་ཕྱག་རྒྱ་རིམ་པར་ཕྱེ་བ་དང་། གསང་བའི་ཕྱག་རྒྱ་བརྒྱད་རིམ་པར་ཕྱེ་བ་དང་། གསང་བའི་དཀྱིལ་འཁོར་ལ་གཟུང་བའི་རིམ་པར་ཕྱེ ་དང་། རིག་སྔགས་ཀྱི་བརྟུལ་ཞུགས་རིམ་པར་ཕྱེ་བ་རྒྱས་པ་དང་། སློབ་དཔོན་གྱི་ད་ཁོ་ན་ཉིད་ངེས་པར་ཕྱེ་བ་དང་། ཡི་གེ་བཀོད་པའི་རིམ་པར་ཕྱེ་བ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་ཐབས་དང་བཅས་པ་རིམ་པར་ཕྱེ་བ་དང་། ཡི་གེ་བརྒྱ་པ་འཐུང་བ་བསྟན་པ་རིམ་པར་བྱེ་བ་དང་། འབྲས་བུའི་སྦྱོར་བ ་རིམ་པར་ཕྱེ་བ་དང་། ཡི་གེ་བརྒྱ་མངོན་པར་དགོད་པ་སྒྲུབ་པ་སྟེ་རྫོགས་པའོ།། རྒྱུད་ཕྱི་མའི་ལེའུ་བཤད་དེ། ཞི་བའི་སྦྱིན་སྲེག་ཆོ་ག་དང་། རྒྱས་པའི་སྦྱིན་སྲེག་གི་ཆོ་ག་དང་། དབང་དུ་བྱ་བའི་ཆོ་ག་དང་། དྲག་ཡུལ་སྤྱོད་པའི་སྦྱིན་སྲེག་གི་ཆོ་ག་དང་། བསྒོམ་པའི་ཡི་གེ་དགོད་པ་དང་། དབང་བསྐུར་བ་རྣམ་པར་དབྱེ་བ་དང་། ་བཟླས་བརྗོད་ཀྱི་ཆོ་ག་རིམ་པར་དབྱེ་བ་དང་། དེ་བཞིན་གཤེགས་པ་འཐུང་བ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་བྱིན་གྱིས་རློབ་པ་བསྟན་པ་སྟེ་རྫོགས་སོ།། ། འདིའི་དོན་བཤད་མ་ཐག་པ་ཁོ་ན་ཡིན་པས་རྣམ་པར་མི་བཤད་དོ།། དེ་ལ་སློབ་མ་སྟ་གོན་དུ་གནས་པ་ནི་རྣམ་པ ་དགུ་སྟེ། འདི་ལྟ་སྟེ། གསུམ་ལ་སྐྱབསུ་བཏང་བ་དང་། སྡིག་པ་རྣམས་བཤགས་པ་དང་། དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་འཛིན་དུ་གཞུག་པ་དང་། སྟ་གོན་དུ་གནས་པར་བྱ་བ་ལ། མེ་ཏོག་དང་དྲི་ལ་སོགས་པ་སྦྱིན ་པ་དང་། སོ་ཤིང་བཅའ་བའི་མཚན་མོ་བརྟག་པ་དང་། འཕགས་པ་མི་གཡོ་བ་ལ་སོགས་པས་བཟླས་བརྗོད་བྱས་པའི་སྐུད་པས་བཅིངས་ཏེ་བསྲུང་བའི་སྦྱོར་བ་དང་། སློབ་མ་སྟ་གོན་དུ་གནས་པ་ཡང་དགྲ་པར་དགའ་བར་བྱ་བའི་སྦྱོར་བ་དང་། ་སྟ་གོན་དུ་གནས་པ་རྣམས་གཉིད་ལ་ཉལ་བར་རྨི་ལམ་བཟུང་ངན་གྱི་ཁྱད་པར་བརྗོད་པ་དང་། དེ་དག་ཁོ་ན་ལ་ཆོས་བཤད་པས་སེམས་བུངས་བསྐྱེད་པའོ།། སྟ་གོན་དུ་གནས་པའི་དུས་ན། དགོས་པའི་ཆོ་ག་རྣམ་པ་འོད་དགུ་ཡོད་། གསུམ ་ལ་སྐྱབསུ་བཏང་བར་བྱའོ།། སྡིག་པ་མི་བྱ་བ་རྣམས་ཀྱང་བསྒོ་བར་བྱའོ།། ཞེས་བྱ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ནི་ལུས་དང་ངག་དང་ཡིད་ཡོངསུ་མ་བཏང་བར་བསླབ་པ་འཛིན་པར་མི་བྱེད་དེ། ཞེས་བྱ་བའི་བར་གྱི་གསུཾ ་འདིས་བསྟན་ཏོ།། དེ་ལ་དཀྱིལ་འཁོར་གྱི་ཐིག་གདབ་པའི་ཆོ་ག་ལ་སྦྱོར་བ་དྲུག་སྟེ། འདི་ལྟ་སྟེ། སློབ་དཔོན་དང་སྲང་བུ་འཛིན་པ་དག་དཀྱིལ་འཁོར་གྱི་ཐིག་གདབ་པར་གསུངས་པའི་ལྷའི་རྣལ་འབྱོར་མངོན་དུ་བྱ ་བ་དང་། དཀྱིལ་འཁོར་གྱི་ཐིག་གདབ་པའི་རབ་ཏུ་དབྱེ་བ་བསྟན་པ་དང་། དེའི་རིམ་པ་རྣམ་པར་དབྱེ་བ་དང་། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་གནས་དགོད་པ་བརྗོད་པ་དང་། སྒྲོ་དང་རྟ་བབས་དང་སྒོ་ཁྱུད་རྣམ་པར་དབྱེ་བའོ།། དེ་ལ་སྙིང་རྗེ ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་གྱི་ཐིག་འདོབས་པའི་ཚེ་ནི་དཀྱིལ་འཁོར་གྱི་སློབ་དཔོན་རྣམ་པོར་སྣང་མཛད་ཀྱི་རྣལ་འབྱོར་དུ་བྱ་བ་ཁོ་ནར་བསྟན་ཏེ། སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་གྱི་ཐིག་གདབ་པ་བསྟན་པ་ལས། ་ཚེན་སྣ་ལྔ་པའི་སྲད་བུ་ཐོགས་ཏེ་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དུ་བྱིན་གྱིས་བརླབས་ལ་ཞེས་བྱ་བ་གང་རྒྱས་པར་གསུངས་པ་ཡིན་ནོ།། ཡི་གེ་འཁོར་ལོ་སྒྱུར་བའི་དཀྱིལ་འཁོར་གྱི་ཐིག་གདབ་པའི་ཆོས་ཀྱི་སྐུར་མོས ་པས་གདབ་སྟེ། འདི་ལྟར་བདག་ཉིད་གཟོད་མ་ནས་ཞི་བ་གཉིས་སུ་མེད་པའི་རྣལ་འབྱོར་གྱི་གཟུགས་དེ་བཞིན་གཤེགས་པའི་གཟུགས་སྟོང་པ་ཉིད་ཀྱི་རང་གི་ངོ་བོར་བྱིན་གྱིས་བརླབས་ལ་ཞེས་གང་གསུངས་པ་ཡི་ནོ།། གསང་བའི་དཀྱིལ ་འཁོར་ནི་བདག་ཉིད་རྫོགས་པར་སངས་རྒྱས་པའི་སྐུའི་དཀྱིལ་འཁོར་ལ་སོགས་པ་བཞི་དང་ལྡན་པས་བྱིན་གྱིས་བརླབས་ལ་བྲི་བ་དང་ཐིག་གདབ་པར་བྱ་སྟེ། ཇི་སྐད་དུ། དང་པོར་སྔགས་པས་དཀྱིལ་འཁོར་དེ།། རང་གི་ལུས་ལ་དགོད་བྱ་སྟེ། ་རྐང་པ་ནས་ནི་ཆུ་སྲོ་9། ཐུག་གི་བར་དུ་ས་ཡི་བསམ། དེ་ནས་གོང་དུ་སྙིང་གུའི་བར།། སྡོམ་བརྩོན་ཅན་གྱི་ཆུ་ཡི་བསམ།། ཆུ་ཡི་ཡན་ཆད་མེ་ཡི་སྟེ། ཡི་ཡན་ཆད་རླུང་གིའོ།། བསམས་ནས་དེ་ནས་མཁས་པ་ཡིས།། ས་ལ་གཟུགས་བརྙན་བཞས ་བྷུཔཱུརྱ་བྱའོ།། ཞེས་གང་གསུངས་པ་ཡིན་ནོ།། སློབ་མ་རྣམས་གཟུང་བའི་ཚེ་ནི་སློབ་དཔོན་གྱི་ཏིང་ངེ་འཛིན་སྔར་བཤུད་པ་ཡི་གེ་བཀོད་པའི་རྣལ་འབྱོར་གྱི་སྒོ་ནས་རྒྱས་པ་དང་བར་མ་དང་། མདོར་བསྡུས་པ་ཁོ་ན་བྱ་བར་ཁོང་དུ་ཆུད་པར་བྱའོ།། ་བྷཻ་རཾ་གྱི་ཐིག་གདབ་པའི་ཚེ་སློབ་དཔོན་གྱི་ཏིང་ངེ་འཛིན་ཁྱད་པར་དུ་བཤད་ཟིན་ཏོ།། ད་ནི་དཀྱིལ་འཁོར་གྱི་ཚད་ཀྱི་ཆོ་ག་དཔྱད་པར་བྱ་སྟེ། དེ་ལ་རྒྱུད་འདི་ལས་དཀྱིལ་འཁོར་འདི་སུམ་ཆར་ཡང་གདན་དང་ར་བའི་རི་མོ་དང་ལྷའི་གཟུགས་དང་ཕྱག ་རྒྱ་རྣམས་ཁྲུ་དང་མཐོ་ལ་སོགས་པའི་གྲངས་ངེས་པ་ཉིད་དུ་མ་བསྟན་གྱི་ཁྲུ་ལ་སོགས་པའི་ཚད་མ་ངེས་པར་ཀུན་ཏུ་བསྟན་ཏོ།། ཇི་ལྟར་དཀྱིལ་འཁོར་ཆེན་པོ་གཞན་དག་ལས་ར་བའི་རི་མོ་ངེས་པར་བྱ་བའི་ཕྱིར། དཀྱིལ་འཁོར་གྱི་མི ་ཁྲུ་བདུན་དང་བརྒྱད་ལ་སོགས་པ་ངེས་པར་སྣང་བ་དང་། ཇི་ལྟར་དཀྱིལ་འཁོར་ཆེན་པོ་བཀོད་པ་ལ་སོགས་པའི་རྒྱུད་དག་ལས། ལྷའི་གཟུགས་དང་ཕྱག་རྒྱ་བྲི་བར་བྱ་བ་རྣམས། ཁྲུ་དང་མཐོ་བ་ལོ་སོགས་པ་རབ་ཏུ་ཕྱེ་སྟེ་བསྟན་པ་དེ ་སྦྱོར་རྣམ་པར་སྣང་མཛད་ཀྱི་རྒྱུད་འདི་ལས་ནི། སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་དག་ཏུ་རྫོགས་པར་བྱང་ཆུབ་པ་རྣམས་ཀྱི་རོ་བའི་རི་མོ་དང་། ལྷའི་གཟུགས་དང་། ཕྱག་རྒྱ་བྲི་བར་བྱ་བ་རྣམས་ངག་གིས་ཆད ་ངེས་པར་མ་བསྟན་ཏོ།། དེས་ན་དཀྱིལ་འཁོར་འདི་གསུམ་ནི་ཁྲུ་ལ་སོགས་པའི་གྲངས་ཀྱི་ཚད་མ་ངེས་སོ་ཞེས་བྱ་བར་གནས་སོ།། དེ་སྐད་དུ་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་བསྟན་པ་ལས། རྣམ་པར་སྣང་མཛད ་ཀྱི་གདན་པདྨའི་མཚན་ཉིད་འདི་བཤད་དེ། དེའི་ཚད་ཀྱང་སོར་བཅུ་དྲུག། ཡན་ཆད་དུ་ནི་བཤད་པ་ཡིན།། ཞེས་གང་གསུངས་པ་ཡིན་ནོ།། འདིའི་དྲོན་ནི་རྣམ་པར་སྣང་མཛད་ཀྱི་གདན་པདྨའི་ཚད་སོར་བཅུ་དྲུག་ཡན་ཆད་སོར་བཅུ་བདུན་དང ་བཅོ་བརྒྱད་ལ་སོགས་པར་བྱའི། སོར་བཅུ་དྲུག་གི་འོག་མ་གྲངས་བཅུ་བཞི་དང་བཅོ་ལྔ་ལ་སོགས་པའི་མཚན་ཉིད་དུ་བྱ་བ་ན་མ་ཡིནོ།། ཞེས་བྱ་བ་འདི་ཡིན་ནོ།། དེ་ལྟར་དཀྱིལ་འཁོར་སུམ་ཆར་ལ་ཡང་རྣམ་པར་སྣང་མཛད་ཀྱི་གདན་པདྨ་འབའ ་ཞིག་སོར་དྲུག་ལས་མི་ཆུང་བར་བྱའི། དཀྱིལ་འཁོར་གྱི་ལྷའི་བྱེ་བྲག་ལྷག་མ་རྣམས་ཀྱི་གདན་པདྨ་ནི་མ་ངེས་པ་ཁོ་ནར་བཤད་པར་བལྟ་བར་བྱའོ།། དེ་ལྟར་ན་དཀྱིལ་འཁོར་སུམ་ཆར་ཡང་སྤྱིར་ལྷའི་གཟུགས་དང་གདན་དང་ཕྱག་རྒྱ་རྣམས ་ཀྱི་ཚད་ངེས་པ་མེད་པ་ཁོ་ནར་གཞུང་འདིས་བསྟན་ཏེ། ཡིད་ཀྱི་རྒྱུན་ཇི་ཙམ་པ།། སྟན་དང་ཕྱག་རྒྱ་དྲུག་དང་ནི།། ལྷའི་ཚད་ཀྱང་གོ་རིམས་བཞིན།། དེ་ཙམ་དུ་ནི་ཤེས་པར་བྱ།། ཞེས་གང་གསུངས་པོ་ཡིན་ནོ།། ཚུལ་འདིས་ནི་ཡིད་ཀྱི་ཕྱག་རྒྱ་ཇི་ལྟ ་བར་རྣམ་པར་སྣང་མཛད་ཀྱི་གདན་པདྨའི་སོར་དག་ཇི་ལྟ་ཇི་ལྟར་བསྐྱེད་པ་དེ་བཞིན་དུ་དཀྱིལ་འཁོར་གྱི་ར་བ་ལ་ལྷའི་གཟུགས་དང་། ཕྱག་རྒྱ་ཚད་མ་ངེས་པ་རྣམས་ཀྱང་རྣམ་པར་སྣང་མཛད་ཀྱི་གདན་པདྨའི་རྗེ་སུ་མཐུན་པར་མངོན་པར་བསྐྱེད་པར ་བྱའོ།། ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ།། སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་ལ་སོགས་པ་འདི་ནི་སྐུ་མི་ཟད་པ་ལ་སོགས་པ་བཀོད་པ་བསྡུས་པ་ཡིནོ།། ཞེས་བྱ་བར་གནསོ།། དེ་ལ་དཀྱིལ་འཁོར་གྱི་ཐིག་གདབ་པ་ནི་ཚོན་སྣ་ལྔ། ་པོའི་སྲད་བུ་རྣམ་པ་གཉིསུ་བསྟན་ཏོ། འདི་ལྟ་སྟེ། བཱར་སྣང་ལ་རང་བཞིན་གྱི་དཀྱིལ་འཁོར་གྱི་ཐིག་གདབ་པ་དང་། ས་ལ་དེའི་གཟུགས་བརྙན་དུ་གྱུར་པ་བྱིན་གྱིས་བརླབས་པའི་དཀྱིལ་འཁོར་གྱི་ཐིག་གདབ་པ་སྟེ། སྲད་བུ་རྣམ་པ་བཞིར ་བཤད་དེ། དཀར་པོ་སེར་པོ་དམར་པོ་དང་།། ནག་པོ་ཞེས་ནི་བརྗོད་པར་བྱའོ།། ལྔ་པ་ན་མཁའ་ལྷ་བུར་བཤད།། བར་སྣང་ལ་ནི་བཟུང་ནས་སུ།། དེར་ནི་དཀྱིལ་འཁོར་བརྟག་པར་བྱ།། སྲད་བུ་དག་ནི་གཉིས་པ་ཡིས།། ས་ལ་དཀྱིལ ་འཁོར་དགོད་པར་བྱ།། ཞེས་གང་གསུངས་པ་ཡིན་ནོ།། དེ་ལ་བར་སྣང་ལ་ནི་བཟུང་ནསུ།། ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་དུ་ཚོན་སྣ་ལྔའི་སྲད་བུ་བསྐོར་ནས་བར་སྣང་ལ་ཚངས་པའི་སྲད་བུའི་ཆོ་གས་དཀྱིལ་འཁོར ་གྱི་ཐིག་གདབ་པར་བྱའོ་སྙམ་དུ་དགོངས་པ་ཡི་ནོ།། སྲད་དུ་གཉིས་པ་ཡི་ཞེས་པས་ཚོར་སྣ་ལྔའི་སླད་དུ་མ་གཉིས་དགོས་པར་བསྟན་ཞེས་འབྲེལ་ལ་བྱེད་ཀྱི་དགོངས་པའི་མ། དག་ནི་གཉིས་པ་ཡིས།། ཞེས་བྱ་བ་ནི་ཚོན་སྣ་ལྔ་པའི་སྲད་བུ་གང་གིས་བར་སྣང་གི་དཀྱིལ་འཁོར་ཐིག ་གདབ་པའི་སྲད་བུ་དེ་འདི་ན་མཁའ་གདབ་པ་འདི་ལ་ཚལ་ཁྲིག་གཉིས་ལས་ལྷག་པ་མ་། ཉིད་ཀྱིས་སའི་དཀྱིལ་འཁོར་གྱི་ཐིག་གདབ་པར་མི་བྱ་སྟེ། རྒྱུ་དེའི་མཚན་ཡང་གཅིཀྲ་དེ་ནི་དཀྱིལ་འཁོར་གཞན་དུ་སྤྱད་ཟིན་པ་ཉིད་ཀྱིས་སྨན་མ་སྟེ་ལྷག་མ་དང་འདྲ་བའི་ཕྱིར ་རོ་སྙམ་དུ་དགོངས་པ་ཡིན་ནོ།། གཤེར་ཐིག་ནི་མཚན་ཉིད་མ་བསྟན་ཀྱང་། ཁ་དོག་འཆོལ་བ་ཡོངས་སུ་སྤང་བའི་ཕྱིར།། དཀར་པོ་ཁོ་ནར་བྱའོ་ཞེས་ཁོང་དུ་ཆུད་པར་བྱའོ།། ཚིག་གིས་ནི་བོང་དག་ཚོན་སྣ་ལྔ་པ་གཉིས་པ་འདི་ག་ཤེ་ཐིག་ཏུ ་འདོད་པའང་གསལ་བ་ཡིན་ཏེ། གཤེར་ཞིག་ནི་ཞེས་བྱ་བའི་དེས་གཟུང་ལསོ།། དེས། རྒྱུད་འདི་ཁ་དོག་ལ་སོགས་པའི། ཚེན་སྣ་ལྔ་པ་གཉིས་ནི་གཤེར་མེད་པའོ།། དེ་ལ་འདི་ནི་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་གྱི་ཐིག་གདབ་པའི་ཆོ་ག་བཤད་པ་ཡིན་ཏེ། འདི་ལ ་ཡང་ཐིག་ནི་རྣམ་པ་གཉིས་སོ།། གཅིག་ནི་བར་སྣང་གི་དཀྱིལ་འཁོར་རྣམ་པར་དབྱེ་བའི་ཐིག་ཡིན་ཏེ། གང་གིས་དབང་དུ་མཛད་ནས། ཚངས་ཐིག་པས་ཤར་ཕྱོགས་སྲད་བུ་བྲེ་བ་ནི།། ལྟེ་བའི་ཕད་ཀར་བཟུང་ནསུ།། བར་སྣང་ལ་ནི་བཟུང་བར་བྱའོ།། དེ་ན ་ལྷོ་ཕྱོགས་སོང་ན་སུ།། བྱང་ཕྱོགསུ་ནི་བྲེ་བར་བྱ།། ཞེས་གསུངས་པ་ཡིན་ནོ།། འདིའི་དོན་ནི་དཀྱིལ་འཁོར་གྱི་ཐིག་གི་ཐོག་མྱུ་གཉིས་སློབ་དཔོན་རང་གི་ལྟེ་བའི་ཐཱད་ཀ་དང་ཐིག་འཛིན་པར་བྱེད་པའི་ལྕེ་བའི་ཐད་ཀར་བཟུང་ནས་མྱུར་དུ་བཅོམ་ལྡན་འདས ་རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱི་དཀྱིལ་འཁོར་སྐུ་མི་ཟད་པ་ལ་སོགས་པ་བཀོད་པའི་མཚན་མཁའི་དཀྱིལ་འཁོར་ན་ཉིད་བསམས་ནས། ཕྱིས་དེ་གསལ་བའི་ཕྱིར་སི་ལ་ཚོན་ལྔ་པའི་སྲད་བུ་གཞན་གྱིས། དེའི་གཟུགས་བརྙན་དུ་ཞེས་པ་དེ་མ་ཐག་ཁོ་ནར། ་གྱུར་པ་བྱིན་གྱིས་བརླབས་པའི་སྒྲུབ་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱའོ།། ཞེས་བྱ་བ་ཡིན་ནོ།། འདིར་དཀྱིམ་འཚ་ནམཁས་གཉིས་ཏེ། ནམ་ཁ་མ་ཚངས་སེས་གཉིས་གདབ་བོ།། མགཔའ་དེའི་བདགས། རང་བཞིན་གྱི་དཀྱིལ་འཁོར་བ་ཚང་བཞིན་གྱི་དཀྱིལ་འཁར་བྱིན་གྱིས་བརླབ་པའི་དཀྱིལ་ལ་མ ་ན་ཋ་པའི་དཀྱིལ་འཁོར་ཏེ་མཚོན་བྱའོ།། གཉིས་པ་ན་ས་ལ་བཏབ་པ་དེའི་གཟུགས་བརྟན་གྱི་སྟེ་ན་མཁའ་དེ་བྱིན་གྱིས་རློབ་བྱེད་ཡིན་པས་དེ་སྐད་ཅེས་བྱ་ཞིང་བྱིན་གྱིས་རློབ་ཅེས་པའང་མཚོན་པར་བྱེད་པ་པོའི་བརྡའ་ཙམ་ཡིན་པ་ལ་བྱའོ།། དེ་ལ་ཡང་དང་པོ་ཁོ་ནར་དཀྱིལ་འཁོར་གྱི་སའི་དབུས་གཏན་ལ་དབབ་པའི་ཕྱིར་ཚངས ་པའི་སྲད་བུའི་ཆོ་ག་བསྟན་པ་འདི་ལྟ་སྟེ། དེ་ནས་སྲད་བུ་གཉིས་པ་ནི།། རང་གིས་བླངས་ནས། དེ་ཉིད་དུ།། དེ་བཞིན་གཤེགས་པ་རྗེས་དྲན་ཞིང་།། ཤར་ཕྱོགས་བལྟས་ཏེ་བྲེ་བར་བྱ།། དེ་ནས་ལྷོ་ཕྱོགས་སོང་ནས་ནི།། བྱང་ཕྱོགས་སུ་ནི་བྲེ་བར་བྱ།། ཞེས་བྱ། ་པབཔ་ཡིན་ནོ།། དེའི་རྗེས་ལཾ་ཀུན་ནས་དཀྱིལ་འཁོར་གྱི་ཐིག་གདབ་ལ་ག་སྔལ་པར་བྱ་བ་དེ་སྟོན་ཏེ་རྒྱ་ས་མ་ཁས། བློ་ཅམ་དེ་ནས་སླར་ལོག་ནས།། བདེན་བྲལ་ཕྱོགསུ་གནས་ནས་ཚས་མི་འོ་ནི།། བྱང་ཕྱོགསུ་ནི་བྲེ་བར་བྱ།། དེ་ནས་གཡ་སུ་ཆེས་ཡིན་གཉིས ་བསྒྱུར་བར་བྱ།། བསྒྱུར་ཏེ། ཕྱོགས་བཞི་པོ། རྒྱུད་འདི་དང་ཀྱི་རླུང་དག་ཚངས་ཚིག་མག་ཅིག་མ་གཏོགས་ཟུ་པོག་མ་བཤད་ཅིང་། སྤྱི་དྲུང་དུ་ལོག་ཐིག་སྔོན་དང་། ཚངས་ཅིག་ཕྱིས་འདེབས་པར་གསུངས་པ་ནི་ག་རིམས་ཀྱི་ཁྱད་པ་འོ། འདིར་དེ་ནས་སླར་ལོག་པས་བདེན་བྲལ་དུ་སང་མིའི་འགྱུར་ལྟར་ས། སྔར་མྦྷ་ཕྱོག་སུ་གྲོབ་སུ་ཆུ་ནས་གསས ་སྐོར་བྱིས་པར་ཤེས་དགས་པས་འདིར་གཡོན་སྐོར་འདུ་ཤེས་པའམ། ཚིག་འབྲེལ་གྱི་འགྱུར་དུ་བློ་ཅན་དེ་ནས་སྐོར་ནས་སུ། ཞེས་པ་ལྟར་ན་གཡས་སྐོར་ཡང་རུང་བས་འདིར་ཡང་གཡས་སྐོམ་ཉིད་ཅེས་པ་དག་ལས་བརྟགས་ཏེ་ཁས་བླང་བར་བྱའོ།། དེ་རུ་འདུག་ནས་ནི།། ལྷོ་ཡི་ཕྱོགསུ་བྲེ་བར་བྱ།། དེ་ནས་གནས་དེ་བཏང་ན་སུ། ་མེ་ཡི་ཕྱོགསུ་གནས་ནས་ནི།། སྔགས་པས་གསང་སྔགས་ཆོ་གར་གནས།། ཤར་དུ་སྲད་བུ་བྲེ་བར་བྱ།། དེ་ནས་དེ་བཞིན་དབང་ལྡན་ཕྱོགས།། སོང་ནས་ནུབ་དུ་ཁ་བལྟས་ཏེ།། རླུང་གི་ཕྱོགས་ཀྱི་བར་དུ་ནི།། བྱང་ཕྱོགསུ་ནི་བྲེ་བར་བྱ།། སྔགས་པ་ཡིས་ནི་དེ་ལྟ ་བུ། ཀུན་ནས་གྲུ་བཞི་ལྷམ་པ་བྱ།། ཞེས་བྱ་བ་ཡིན་ནོ།། ད་ནི་ཆའི་སྒོ་ནས་དཀྱིལ་འཁོར་གྱི་གནས་གྲུ་བཞིར་བྱས་ལ་དེའི་ནང་དུ་རིམ་པ་གསུམ་གྱི་ཆར་བརྟག་པར་བྱའོ།། ཞེས་སྟོན་ཏེ། དེ་ནས་དབུས་སུ་ཞུགས་ནས་ནི། ་དེ་ལ་ཆ་ནི་གསུམ་དུ་བརྟག་ཅེས་བྱ་བ་ཡིན་ནོ།། དེ་ལ་དཀྱིལ་འཁོར་གྱི་སའི་ཆ་གསུ་བཞི་པ་དེའི་རིམ་པར་ཕྱེ་བ་བཤད་པམ་དུ་བརྟག་པའི་རིམ་པ་ནི་འདི་ཡིན་ནོ།། དཀྱིལ་འཁོར་གྱི་སའི་ཐིག་གིས་ཀུན་ནས་གྲུ་བཞིར་བྱས་པའི་ནང་དུ་ངོས་གཉིས་ནས་རི་མེ ་བརྒྱད་བརྒྱད་ཀྱིས་ཡོངསུ་བཅད་ལ་རེའུ་མིག་བརྒྱད་ཅུ་རྩ་གཅིག་ཏུ་བྱའོ།། རེའུ་མིག་དེ་དག་ཀྱང་ཆ་གསུམ་བྱས་ནས་ཆ་རེ་རེ་ལ་རེའུ་མིག། ཉི་ཤུ་རྩ་བ་དང་དུན་ཉི་ཤུ་རྩ་བདུན་དུ་འགྱུར་རོ།། དེའི་ཕྱིར་དཀྱིལ་འཁོར་གྱི་ཚངས་པ་རིམ་པ་རེ་རེའི་ལ ་རེའུ་མིག་ཉི་ཤུ་རྩ་བདུན་ཉི་ཤུ་རྩ་བདུན་དག་ཏུ་བསྒྲུབུ་བུར་བྱའོ་ཞེས་བྱ་བ་གནས་སོ།། དེ་ལ་རེའུ་སྦྲེངས་པ་ངོས་བཞིན་གནས་པ་དང་པོས་དཀྱིལ་འཁོར་གྱི་རིམ་པ་དང་པོ་བྱའོ།། རེའུ་མིག་གི་ཕྲེང་བ་དང་པོ་ངོས་བཞིན་གནས་པ་དེ་ཡང་འདི་པོ་སྐལ ་བགྲང་ན་རེའུ་སུམ་ཅུ་རྩ་གཉིས་སུ་འགྱུར་ཏེ། དེའི་ཕྱིར་འདི་ལ་རེའུ་མིག་ལྔ་ལྷག་པར་འགྱུར་ཏོ།། སྔར་ནི་རིམ་པ་གསུམ་རེའུ་མིག་ཉི་ཤུ་རྩ་བདུན་དག་ཏུ་ཤེས་པར་བྱའོ་ཞེས་བཤད་དེ། དེའི་ཕྱིར་རེའུ་ལྔ་པོ་འདི་དག་གིས་སའི་ཆ་དང་ནང ་རོལ་དུ་འབྲེལ་པར་མངོན་ཏེ། འདི་ལྟར་རེའུ་ལྔ་པོ་འོད་དག་མེད་པར་ནང་རོལ་གྱི་རིམ་པ་གཉིཿ་དག་རེའུ་ཉི་ཤུ་རྩ་བདུན་དུ་མི་འགྱུར་རོ།། དེའི་ཕྱིར་རེའུ་ལྔ་པོ་འདི་དག་རྣམས་ཀྱིས་སའི་ཆ་རིམ་པ་དང་པོའི་རེའུ་དག་གི་ནང་ནས་ཀུན་ནས་དྲངས་ཏེ། ་ནང་རོལ་གྱི་རིམ་པ་གཉིས་ཀྱི་སར་བསྣན་པར་བྱའོ།། དེའི་རིམ་པ་ཡང་འདི་ཡིན་ཏེ། རེ་ཞིག་དང་པོར་རེའུ་བཞི། ལས་རེའུ་རེ་རེ་ཞིང་ཆ་བརྒྱད་དུ་བྱས་ན་རེའུ་བཞི་པོ་འདི་དག་ཆ་སུམ་ཅུ་རྩ་གཉིསུ་འགྱུར་རོ།། དེའི་ཕྱིར་རིམ་པ་དང་པོའི་རེའུ་སྦྲེངས་པ་སུམ་ཅུ་རྩ ་གཉིས་དག་ལས་ཆ་རེ་རེ་ཞིག་ཀུན་ནས་དྲངས་ཏེ། ནང་རོལ་གྱི་རིམ་པ་གཉིས་ཀྱི་རེའུའི་ས་ངག་ཏུ་ནས་བསྣན་ཕྲད་པར་བྱའོ།། དེ་ལྟར་ན་རིམ་པ་དང་སྔོན་པོའི་རེའུ་སྦྲེངས་པ་དག་ལས་རེའུ་བཞི་ཀུན་ཏུ་དྲངས་པར་འགྱུར་རོ།། འོདར་རིམིག ་བསྣན་པར་གསུངས་པ་འདི་ཡང་རགས་རྩིས་ཡིན་ཏེ། དོན་དུ་བརྒྱད་མ་སུམ་ཅུ་རྩ་གཉིས་བསྣན་པ་མེད་པའི་ཕྱིར་ཏེ། ཟུར་གྱི་རེ་མིག་བཞི་ནས་རེ་མིག་དེའི་བརྒྱད་ཆ་ནང་དུ་ནོན་རྒྱུ་ལ་ནི་བརྒྱད་ཆ་ཅིག་ལ་བརྒྱད་དུ་བགོས་པའི་ཆ་བདུར་ནང་དུ་སོང་བ་དང་། དེ་བཞིན་དུ་རེ་མིག་དེའི་སོ་གཉིས་མནོན་སྒྱུ་ལ་ཡང་། སོ་གཉིས་ཆ་ཅིག་སོ་གཉིས ་བགོས་པའི་ཆ་སོ་ཅིག་ནང་དུ་ས་སོང་བའི་ཕྱིརརོ།། དེ་ལྟ་ནའང་འདི་ངག་ནང་དུ་བསྔོན་པའི་འབད་པ་མི་བྱ་སྟེ། གློབ་དཔོན་གྱིས་བཏང་སྙོམ་སུ་མཛད་པ་གཞན་དོན་དུ་འང་ལྷག་མེད་དུ་མི་འགྱུར་བའོ།། མ་སྙོམས་པར་ཕྱིས་ཀྱི་ཐིག་རོ་དང་བཅས་པས་ཐིག་རོ་མས་པོར་འགྱུར་བས་དེའི་ཕྱིར་མེ་རུང་བའོ། རེའུ་ལྦ་པ་གང་ཡིན་པ་དེ་ལ། ་ཡང་ཆ་བཞིར་བྱས་ལ། ཆ་རེ་རེ་ལ་ཡང་བརྒྱད་བརྒྱད་དུ་བྱས་ན། ཆ་སུམ་ཅུ་རྩ་གཉིསུ་འགྱུར་རོ།། དེའི་ཕྱིར་འདིར་ཡང་སྔ་མ་བཞིན་དུ་རིམ་པ་དང་པོའི་རེའུ་སྦྲེངས་པ་ཕྱོགས་བཞི་ན་གནས་པ་དག་ལ་ཆ་རེ་རེ་ཞིག་ཀུན་ནས་དྲངས་ཏེ། ལྡན་དགོས་པ། གཅིག་དུ། ་ནང་རོལ་གྱི་རིམ་པ་གཉིས་ཀྱི་རེའུས་དག་ཏུ་ཀུན་ནས་བསྣན་པར་བྱའོ།། དེ་ལྟར་ན་རེའུ་ལྔ་པོ་འདི་ཡང་རིམ་པ་དང་པོའི་རེའུ་སྦྲེངས་པ་དག་ལས་ཀུན་ནས་དྲངས་ཏེ། ནང་རོལ་གྱི་རིམ་པ་གཉིས་ཀྱི་རེའུ་ས་དག་ཏུ་ཀུན་ནས་བསྣན་པར་འགྱུར་རོ།། དེ ་ལྟར་ན་རིམ་པ་དང་པོའི་རེ་མིག་གིས་ཉི་ཤུ་རྩ་བདུན་དག་ཏུ་བྱས་པར་འགྱུར་རོ།། དེ་ལྟར་རིམ་པ་དང་པོའི་ལས་དྲངས་པའི་རེའུ་ལྔ་པོ་ནང་རོལ་གྱི་རིམ་པ་གཉིས་ཀྱི་རེའུ་ས་དག་ཏུ་བསྣན་པ་དག་གིས་རིམ་པ་གཉིས ་པོ་དེ་རེའུ་ས་ཉི་ཤུ་རྩ་བདུན་དག་ཏུ་མཉམ་པར་འགྱུར་མོད་ཀྱི་འོན་ཀྱང་། རེའུ་བགོ་བ་སྔ་མ་དང་སྦྱར་ན་ནང་རོལ་གྱི་རིམ་པ་གཉིས་པོ་འདི་བྱར་མི་རུང་སྟེ། དེ་ལྟ་བས་ན་ནང་རོལ་གྱི་རིམ་པ་གཉིས་རྣམ་པར་དབྱེ་བའི་ཕྱིར། རིམ་པ་དང་པོའི ་རེའུས་ཀུན་ནས་དྲངས་པ་གང་ངན་ཡིན་པ་དེ་དག་ཐམས་ཅད་ནང་ནང་གས་བྱེད་ན། དེ་ཉིད་མ་ཁྱེ་དཀྱིལ་འཁོར་རོལ་གྱི་རིམ་པ་གཉིས་ཀྱི་རེའུ་མིག་དང་བཅས་ཏེ། ཅིག་ཅར་ཕྱི་ནས་ནང་གི་ཆ་དང་གཅིག་ཏུ་བྱས་ལ། ཡང་རི་མོ་དྲུག་པོ ་ངག་གིས་ཀུན་ནས་ཡོངསུ་བཅད་དེ། རེའུ་བཞི་བཅུ་རྩ་དགུ་པར་ཐིག་གདབ་པར་བྱའོ།། དེའི་ཕྱིར་རིམ་པ་དང་པོ་དང་ཉེ་བར་ཕྱོགས་བཞིར་ཡང་རེའུ་སྦྲེངས་པ་དག་གིས་རེའུ་ཉི་ཤུ་རྩ་རང་ནས་ཀྱི་རྒྱག་སེལ་བཞིར་འགྱུར་ཏེ། དེ་དག་གིས་རིམ་པ ་གཉིས་པ་བརྟག་པར་བྱའོ།། དེའི་ནང་དེས་ན་ཕྱོགས་རེརརེ་རེ་མིག་བདུན་བདུན་ཡིན་པས་ཡོང་སུ་རོལ་ན་ལྷག་མ་རེའི་ཉི་ཤུ་རྩ་ལྔ་པོས་དེའི་བྱོར་ཞིག་ལུས་པ་བ། ཁོར་ཡུག་ཏུ། ང་དག་ཡིན་པ་དེ་དག་གཱི་མཆུང་ཟད་ཆེར་སོང་བ་མ་གཏོགས་གྲངས་ནེ་མ་སྩོས་དུས་རངམཉམ་པ་ཉིད་དོ།། རང་ནས ་རེའུ་ཉི་ཤུ་རྩ་བཞི་ནང་རོལ་གྱི་རིམ་པ་ཀྱང་གསུམ་པ་བྱའོ།། མལ་འདིར་ཡང་ནང་ལྔ་བའི་ཕྱིད་མེལ་གཉིས་པལ་ལ་ཀྱང་ཚི་ལ་བྱམས་པ་ངས་ལ། རེའུ་ཉི་ཤུ་རྩ་ལྔ་པ་གང་ཡིན་པ་དེའི་ཕྱེད་རིམ་པ་དབུ་མ་ཁོ་ནར་བཞག་ལ། ཕྱེད་གཞན་གང་ཡིན་པ ་བཅུ་དྲུག་ཏུ་བྱ་སྟེ། དེའི་ཚེ་རེ་རེའི་ཚད་དུ་ནི་རིམ་པ་དབུ་མ་དང་འབྲེལ་པའི་རེའུ་བཅུ་དྲུག་ངོས་བཞིན་གནས་པ་ལས་ཆ་རེ་རེ་ཞིག་ཀུན་ནས་དྲངས་ཏེ། རིམ་པ་གཉིས་པའི་རེའུ་མིག་གིས་ཕྱོགས་བཞི་ན་གནས་པ་དག་ཏུ་ཡང ་བསྣན་པར་ར་བྱའོ།། དེ་ལྟར་ན་རིམ་དཀྱི་ལ#། པ་གཉིས་པ་དང་། གསུམ་པ་ནི་སོ་སོར་རེའུ་ཙ་རྣམ་པར་བྱེ་ས་ཉི་ཤུ་རི་མིག་བྱེད་བུ་དྲུག་ལ། ཕྱིརས་ཅ་རྩཝ་ཕྱེད་དང་ལྔ་དག་ཏུ་བྱས་པར་འགྱུར་རོ།། དེ་ལྟ་བས་ནཱ་དེ་ལྟར་རིམ་པ་གསུམ་ཆར་ཡང་ཆ ་དང་ཞེང་གི་ཚད་དག། མདོར་ན་བར་སྐོར་རེ་མིག་བཅུ་དྲུག་པའི་མཐའ་ནས་སོ་གཉིས་ཆ་དོར་བས་རེ་མིག་ཕྱེད་ཀྱིས་དཀྱིལ་འཁོར་བར་མའི་ས་ལ་ཕན་པར་འགྱུར་ཏེ་རོ་མིག་ཅིག་གིས་སོ་གཉིས་ཆ་བཅུ་དྲུག་ནི་རེ་མིག་གཅིག་གིས་བྱེད་ཡོན་པའི་ཕྱིར། གིས་སོ་སོའི་རེའུའི་ས་ཉི་ཤུ་རྩཝ་བདུན་ཉི་ཤུ་རྩ་བདུན་དག་ཏུ ་ཀུན་ནས་ཆ་མཉམ་པར་ཐིག་གདབ་པར་འགྱུར་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ།། དེའི་རྗེས་ལ་ཕྱོགས་བཞི་ཆར་དུ་ཡང་རིམ་པ་རེ་རེ་ཞིང་ཆུ་དང་ཞེང་གི་ཚད་དག་ལས་ཐིག་གིས་ཆ་གསུམ་དུ་བྱ་སྟེ། རིམ་པ་རེ་རེ་ཞིང་ཆ་རེ་རེ་འཁོར་སར་བྱའོ།། ལྷག་མ ་རིམ་པ་རེ་རེ་ཞིང་ཆ་གཉིས་ལུས་པ་གང་ཡིན་པ་དེ་ནི་སོ་སོརང་རང་གི་ལྷ་རྣམས་ཀྱི་གནསུ་བརྟག་པར་བྱ་སྟེ། རེ་ཞིག་འདི་ནི་རྣམ་པར་སྣང་མཛད་ཀྱི་རྒྱུད་འདི་ལས་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་གྱི་རིམ་པ་སུམ་ཆར ་ཡང་སོ་སོར་ཆུ་དང་ཞེང་གི་ཚད་དག་གིས་མཉམ་པར་བརྟག་པར་བཤད་པ་ཡིན་ནོ།། གསང་བའི་རྒྱུད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་མ་བཤད་པ་ཐམས་ཅད་བསྡུས་པ་ལས་ནི། རིམ་པ་རྩོ་པྲ་པའི་དང་པོ་ལྷག་པར་བྱ་བར་གསུངས་ཏེ། འདི་ལྟར ་དེ་ལ་བཅོམ་ལྡན་འདས་རྡོ་རྗེ་འཛིན་གྱིས་འདི་སྐད་དུ་དཀྱིལ་འཁོར་ཡང་དག་པར་བསྡུ་བར་བྱ་བ་ལ་ཡང་། རིམ་པ་གཉིས་སམ་གསུམ་མམ་བཞི་ཡང་རུང་། རིམ་པ་མང་པོ་ཡང་རུང་སྟེ། ཕྱི་རོལ་གྱི་རིམ་པ ་པ་གང་ཡིན་པ་དེ་ནི་རྒྱ་ཆེ་བ་དང་། འདིས་ཀྱི་རྒྱུད་སྟོན་པ་ལས་ཕྱག་ན་རྡོ་རྗེས་ཤེས། སྒོ་གཅིག་པར་རབ་ཏུ་བརྟག་པར་བྱའོ་ཞེས་གསུང་འདི་ནི་གས་ཀྱི་ཐུང་ལས་དཀྱིལ་འཁོར་ཉིས་རིམ་སུམ་རིམ་འམ། བཞི་འམ་ཡང་ཡང་པོ་ལ། དྷི་རིམ་གང་ཡིན་ར་ལ་ནི།། སྒོ་དངོས་དང་རྒྱ་ཆེར་བྱ།། ། ་དེ་ཡང་ཇི་ལྟར་འགྱུར་ཞེ་ན། གོང་དུ་བཤད་པའི་ལུས་སུ་རེའུ་གཅིག་པོ་འདི་ཁྲོ་ན་རིམ་པ་དང་པོ་ལས་ཀུན་ཏུ་དྲངས་ཏེ། ནང་རོལ་གྱི་རིམ་པ་གཉིས་ཀྱི་སར་མ་བསྣན་ན། དེ་ལྟར་ན་རིམ་པ་དང་པོ་འདི་ནང་རོལ་གྱི་རིམ་པ་གཉིས་པས་རེའུ་ས ་གཅིག་གིས་ལྷག་པར་འགྱུར་རོ།། དེ་ལྟར་ན། དེ་ནས་དབུས་སུ་ཞུགས་ནསུ།། དེ་ལ་ཚྭ་ནི་གསུམ་དུ་བརྟགས། ས་རྣམས་ཐམས་ཅད་ཀུན་ཏུ་ཡང་། ཆ་གསུམ་དག་ཏུ་བརྟགས་ནས་ནི།། ཆ་རྣམས་ཀྱང་ནི་རེ་རེ་ལ།། ཆ་གསུམ་དག་ཏུ་རབ་ཏུ་བརྟག། ཞེས ་བྱ་བ་གསུངས་པ་གང་ཡིན་པ་དེ་གང་ཐུས་མའི་དོན་ནི་སེལ་བ་ཡིན། ཏེ། འདི་ནི་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་ལྔ་ལ་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་གནས་བཀོད་པ་རྗོད་པ་ནི། པའི་དཀྱིལ་འཁོར་གྱི་ཐིག་གདབ་པ་དང་རིམ་པར་དབྱེ་བ་སྤྱི་ཡིན་པར་རིག ་པཔོར་བྱའོ།། དེ་ལ་གོང་དུ་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱི་ར་བསྟན་ག་ལ་འཁོར་གྱི་སྐུ་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་བྱིན་གྱིས་རློབ་པར་གྱུར་པ་ཡིན་ནོ།། ཡི་གེ་འཁྲོ་ག་སུམ་ལོ་སྒྱུར་བའི་དཀྱིལ་འཁོར་ནི་གསུང་བཀོད་པ་ཟད་པ ་མཛོད་རྣམ་པར་བསྒྱིངས་པ་བྱིན་གྱིས་རློབ་པ་ཡིན་ནོ།། གསང་བའི་དཀྱིལ་འཁོར་ནི་ཐུགས་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་བྱིན་གྱིས་རློབ་པར་གྱུར་པ་ཡིན་པར་རིག་པར་བྱའོ།། ཞེས་བཤད་དོ།། དེ་ལ་དཀྱིལ་འཁོར་སུམ་ཆར ་ལ་ཡང་ཕྱག་རྒྱའི་གཟུགས་གྲུ་གསུམ་བྲི་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ་ལ་རྣམ་པར་ཞུགས་པ་ཐམས་ཅད་ཡིན་ཏེ། སྙིང་པོ་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པས་མཚན་པ། རྣམ་པར་ཐར་པ་སྟོང་པ་ཉིད་དང་། མཚན་མ་མེད ་པ་དང་། སྨོན་པ་མེད་པ་དང་། གསུམ་སྟོན་པར་བྱེད་པ། གྲུ་གསུམ་པར་བྱིན་གྱིས་རློབ་པ། གྲུ་གསུམ་དག་ཏུ་རྣམ་པར་རིག་པར་བྱའོ།། དེ་ལ་སྙིང་རྗེ་ཆེན་པོ་ཅན་གྱི་དཀྱིལ་འཁོར་དུ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ ་མངོན་པར་རྫོགས་པར་བྱང་ཆུབ་རྟོགས་པའི་ཚེ་བརྙེས་པ་གནས་གྱུར་པའི་སྐུ་དང་རང་གི་སྐུའི་ཁྱད་པར་རིགས་གསུམ་དུ་སྣང་བ་འཇིག་རྟེན་དབང་ཕྱུག་དང་རྡོ་རྗེ་འཛིན་པ་ལ་སོགས་པའི་མཚན་ཉིད་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་དེ་ལྟ ་བུ་དག་དང་ཐབས་གཅིག་ནང་གི་དཀྱིལ་འཁོར་ན་རྣམ་པར་བཞུག་སོ།། འཇིག་རྟེན་དབང་ཕྱུག་དང་རྡོ་རྗེ་འཛིན་པ་ལ་སོགས་པའི་སྙིང་པོའི་དཀྱིལ་འཁོར་ན་གནས་པ་རྣམས་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་ཡིན་པར་ཡང་འདི་ལས་གྲོང ་དུ་འདི་ལྟ་སྟེ། སེམས་ཅན་ལས་ཀྱི་ཚེ་རྣམ་པར་བསྐྱེད་པ་རྣམས་སེམས་དང་པོ་སྐྱེད་པ་ནས་བཟུང་སྟེ། ས་བཅུ་པའི་བར་ལ་གནས་པ་འདི་ཉིད་ལ་ཡོངསུ་རྫོགས་པར་བྱ་བ་དང་། ལས་ཀྱི་ཚེ་བཀག་པ་རྣམས་ལ་ཡང་སྲིད་པའི་མྱུ་གུ་མངོན ་པར་གྲུབ་པར་བྱ་བའི་ཕྱིར་རྡོ་རྗེ་འཛིན་པའི་ལུས་འདྲ་བ་དང་བྱང་ཆུབ་ཀུན་ཏུ་བཟང་པོ་དང་། ཕྱག་ན་པདྨའི་ལུས་འདྲ་བ་དང་ཕྱོགས་བཅུ་ནི་གསང་སྔགས་ཀྱི་ཚུལ་གྱི་ཆོ་ག་རྣམ་པར་དག་པའི་ཚིག་གི་ཆོས་སྟོན་པ་དག ་ཀྱང་མཐོང་ངོ་ཞེས་བྱ་བའི་གཞུང་འདིས་ཡོངསུ་བསྟན་ཏོ།། རིམ་པ་གཉིས་པ་ན་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཉིད་ཀྱི་སྤྲུལ་པའི་སྐུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྤྲུལ་པའི་སྐུ་ཡོངསུ་དག་པ་དང་། ཡོངསུ་མ་དག་པའི་ལྷ ་ངག་དང་ཐབས་གཅིག་ཏུ་རྣམ་པར་བཞུགས་སོ།། རིམ་པ་གསུམ་པ་ན་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཉིད་ཀྱི་སྐུ་ལ་སོགས་པ་མཉམ་པ་ཉིད་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་རྫོགས་པར་བྱང་ཆུབ་པའི་གནས ་སྐབས་ན། བརྙེས་པ་དང་དེ་བཞིན་དུ་སེམས་ཅན་གྱི་དོན་གྱི་ཐབས་སྒོ་དུ་མ་ལྟ་བ་དང་མཉན་པའི་ཕྱིར་ཡང་དག་པར་ལྷགས་པ་བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་དག་སྐུ་སྣ་ཚོགས་སུ ་སྣང་བ་ཁྲོ་ནར་རྣམ་པར་བཞུགས་པར་ཤེས་པར་བྱའོ།། དྲི་བཞིན་དུ་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དང་། གསང་བའི་དཀྱིལ་འཁོར་དུ་ཡང་ལྷ་དགོད་པའི་རིམ་པ་ནི་འདི་ཁོ་ནར་ཟད་དོ།། འོན་ཀྱང་འདི་ལས་ཡི་གེ་འཁོར་ལོ་བས ་བིའི་དཀྱིལ་འཁོར་ནི་གསུང་བཀོད་པ་མི་ཟད་པའི་མཛོད་བྱིན་གྱིས་རློབ་པ་ཡིན་པར་བསྟན་ཏེ། འདི་ལྟར་འདི་ལས་དཀྱིལ་འཁོར་གྱི་ལྷ་དེ་དག་ཉིད་གསུང་བྱིན་གྱིས་རློབ་པར་གྱུར་པ་ས་བོན་གྱི་ཡི་གེ་དེ་དག་གི་ཏིང་ངེ་འཛིན་སྟོན་པར་བྱེད་པ ་རྣམས་སུ་དགོད་པར་བསྟན་ཏོ།། འདི་ལས་དཀྱིལ་འཁོར་གྱི་ལྷ་རྣམས་ས་བོན་དག་གམ། ཕྱག་རྒྱ་དག་ཏུ་དགོད་པར་བྱའོ་ཞེས་གསུངས་པ་གང་ཡིན་པ་དེར་ཡང་དགོངས་པ་ནི་འདི་ཡིན་ཏེ། རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་དེ་དག་ནི་དཀྱིལ་འཁོར ་གྱི་ལྷ་རྣམས་ཀྱི་ཡེ་ཤེས་ཀྱི་མཚན་མར་གྱུར་པ་ཡིན་ལ་ཡེ་ཤེས་ཀྱི་དབང་གིས་ཀྱང་གདུལ་བ་རྣམས་ལ། ལྷའི་སྐུ་དང་གསུངས་དང་ཐུགས་དག་ཏུ་སྣང་ངོ་།། དེའི་ཕྱིར་དངོསུ་ན་ཡེ་ཤེས་དེ་ཉིད་དེ་ལྟར་སྣང་བས། ཡེ་ཤེས་གང་ཡིན་པ་དེ་སྐུ་དང ་གསུང་ཡིན་ཏེ། ཡེ་ཤེས་ཀྱི་མཚན་མ་དེས་གསུང་གིས་མཚན་མ་ཡང་མཚོན་པར་གྱུར་པས་ཉེས་པ་མེད་དོ།། དེ་བཞིན་དུ་གསང་བའི་དཀྱིལ་འཁོར་གྱི་ལྷ་དེ་དག་ཉིད་ཐུགས་བཀོད་པ་མི་ཟད་པའི་མཛོད་བྱིན་གྱིས་རློབ་པར་གྱུར་པ། རལ་གྲི ་དང་པདྨ་དང་། རྡོ་རྗེ་ལ་སོགས་དྲུག་པ་སྒོ་དང་རྟ་བབས་དང་སྟེ་གྲུར་རྣམ་པར་དབྱེ་བ་ནི་པ་ཕྱག་རྒྱའི་ཁྱད་པར་མེ་དང་རླུང་དང་ས་དང་ཆུའི་དཀྱིལ་འཁོར་ལ་གནས་པ་དག་ཏུ་དགོད་པར་རིག་པར་བྱའོ།། སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་འདི ་དག་གསུམ་ཆར་ལ་ཡང་རིམ་པ་རེ་རེ་ཞིང་སྒོ་རེ་རེ་ཁོ་ནར་བསྟན་ཏེ། དེ་ལ་ནང་གི་དཀྱིལ་འཁོར་གྱི་སྒོའི་ནང་གི་ཆུ་ནི་རྣམ་པར་སྣང་མཛད་ཀྱི་པདྨའི་ཚད་དུ་བྱའོ།། དཀྱིལ་འཁོར་གྱི་རིམ་པ་གཉིས་པ་དང་། གསུམ་པའི་སྒོ་ནི་དེ་དང་འཚམ་པར་རིམ ་གྱིས་ཅུང་ཟད་ལྷག་པར་བྱ་བར་ཁོང་དུ་ཆུད་རྟག་ཏུ་ཕྱེ་བའི་བར་བྱ་སྟེ། དང་པོའི་སྒོ་ནི་སྙིང་པོ་ཡི།། དཀྱིལ་འཁོར་དང་ནི་མཉམ་ཞེས་བྱ།། འཇིགས་མེད་དག་གིས་རིམས་ཀྱིས་ནི།། བསྐྱེད་དེ་དེ་ལས་ལྷག་ཅེས་བྱ།། ཞེས་གང་གསུངས་པ ་ཡིན་ནོ།། དཀྱིལ་འཁོར་གྱི་ཕྱི་རོལ་དུ་ཡང་ཕྱོགས་བཞི་ཆར་དུ་ཡང་རྟ་བབས་བྲི་བ་འམ་ཤིང་ལ་སོགས་པའི་རྒྱུ་ལས་བྱའོ།། དེ་བཞིན་དུ་དཀྱིལ་འཁོར་གྱི་ཕྱི་རོལ་ཉིད་དུ་རྟ་བབས་དང་འབྲེལ་བའི་སྒོ་ཁྱུད་དག་བྲི ་བར་བྱའོ།། དེ་བཞིན་དུ་གཞན་ཡང་། བློ་དང་ལྡན་པས་ཕྱོགས་བཞི་རུ།། སོ་སོའི་ཕྱོགས་ཚར་སྒོ་ཁྱུད་ནི།། སྡོམ་བརྩོན་ཅན་གྱིས་ནན་ཏན་དུ།། ལྷ་རྣམས་གཙོ་བོའི་གནས་སུ་བྱ།། ཞེས་གང་གསུངས་པ་དང་། འདི་སུམ་ཆར་གྱི་ཡང ་ཚད་བསྟན་པའི་ཕྱིར་རྟ་བབས་རྣམས་ཀྱི་ཚད་ཀྱང་ནི།། དཀྱིལ་འཁོར་དབུ་མ་དང་མཉམ་མོ།། སྒོ་ཁྱུད་དག་ཀྱང་དེ་དང་མཉམ།། པདྨ་སོར་བཅུ་དྲུག་ཏུ་བཤད།། ཞེས་བྱ་བ་གསུངས་ཏེ། འདིའི་དོན་ནི་རྟ་བབས་དང་། སྒོ་ཁྱུད་དག་གི་ཚད་རིམ ་པ་དབུ་མའི་སྣམ་བུ་གཅིག་གི་ཞེང་གི་ཚད་དུ་བྱ་བ་ཡིན་ནོ།། དེ་བཞིན་དུ། པདྨ་སོར་བཅུ་དྲུག་ཏུ་བཤད་ཅེས་བྱ་བ་འདི་ཡི་དོན་ནི། རྣམ་པར་སྣང་མཛད་ཀྱི་པདྨ་ནི་སོར་བཅུ་དྲུག་ཏུ་བཤད་ལ། སྒོ་ཁྱོད་དག་ནི་ཕྱོགས་བཞིར་པདྨ་སོར་བཅུ ་དྲུག་པ་དེ་ཡ་ནི་ཆད་ཚད་མ་ངེས་པ་ཁོ་ནར་བྱའོ་སྙམ་དུ་དགོངས་པ་ཡིན་ནོ།། གང་ཡང་ཕྱོགས་ཆ་ཕྱོགས་ཆར་ལྷ་གཙོ་བོ་རྣམས་ཀྱི་སྒོ་ཁྱུད་བྱའོ་ཞེས་བཤད་པ་འདིའི་དོན་ནི་ལྷའི་གཙོ་བ་རྣམས་ཀྱི་སྟན་པདྨ་དེ་དག་གི་ཡང་སྒོ་ཁྱུད་དུ་རྣམ་ར་ནི་ངྒེ་ཅི ་ཐོག་མར་མ་དགུར་ཕྱེ་བའི་བྱ་སྟེ། འོན་ལྷ་མང་བ་ཡོད་ཨཽ་ནོ་ཁྲུད་ལྷ་རེ་རེ་བྱ་ལས། ཞེ་ན། འོན་ཀྱང་ཀྱི་དས་ཚིག་འདི་ནི་དེ་ཡི་ཚད་ཀྱང་སོར་བཅུ་དྲུག་ཡིན་འདུ་ནི་བཤད་པ་ཡིན། ཞེས་པ་རྣས་སྣང་གི་འབྲུ་རི་མ་མབ་ལཱས་རྣཾས་པར་སྟོན་པའི། ཤི་དཀྱིལ་འཁོར་རེ་འི། ངོས་གཅིག་ཁོ་ནར་སྒོ་ཁྱུད་གཅིག་ཁོ་ན་ཞིག་བྱའོ་སྙམ ་དུ་དགོངས་པ་འདི་ཡིན་ནོ།། དེ་ལ་དབུས་ཀྱི་དཀྱིལ་འཁོར་དུ་ནི་རྣམ་པར་སྣང་མཛད་ཀྱི་གདན་པདྨའི་སྒོ་ཁྱུད་དག་ཁོ་ནའི་ནང་དུ་ཕྱོགས་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་དང་། འཇིག་རྟེན་དབང་ཕྱུག་དང་། རྡོ་རྗེ་འཛིན་དག་དགོད ་པར་བྱའོ།། རིམ་པ་གཉིས་དཀྱི་ད་པར་ནི། དཀྱིལ་འཁོར་དབུ་མིའི་རྒྱབ་གས་པའི་དང་འབྲེལ་པའི་སྒོ་ཁྱུད་དག་བྱ་སྟེ། དེར་ཤར་ཕྱོགསུ་ནི་ཤཱཀྱ་ཐུབ་པའི་རྒྱལ་པོ་དགོད་པར་བྱ་སྟེ། དེ་བཞིན་དུ་བྱང་ཕྱོགསུ་ནི་ལྷའི་རྒྱལ་པོའོ།། ལྷོ་ཕྱོགསུ་ནི ་གཤིན་རྗེ་དགོད་པར་བྱའོ།། དེ་བཞིན་དུ་རིམ་པ་གཉིས་པ་དང་འབྲེལ་དཀྱིལ་འ་ཉིས་པའི་ཤར་ཕྱོགས་ལ་སོགས་པའི་སྒོ་ཁྱུད་དག་གི་བྱངས་ཏུ། བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་སོགས་པ་དཀྱིལ་ནི་བྷངཿའཁོར་གསུམ་པའི་བདག་པོ་ལྟ ་གཙོ་བོའི་རང་བཞིན་ཅན་བཞི་ཕྱོགས་བཞིར་དགོད་པ་\ུ0f7fདཀྱིལ་འཆི་གསུ་པར་བྱའོ།། ། ད་ནི་དཀྱིལ་འཁོར་གྱི་ཐིག་གདབ་པའི་འོག་ཏུ་དཀྱིལ་འཁོར་གྱི་ཚོན་དགྱེ་བར་བྱའོ།། དེའི་ཡན་ལག་ནཱི་ལྔ་སྟེ། འདི་ལྟ ་སྟེ། སློབ་དཔོན་གྱིས་ཚོན་བྱིན་གྱིས་བརླབས་པའི་ཏིང་ངེ་འཛིན་བསྟན་པ་དང་། ཚོན་བྱིན་གྱིས་བརླབ་པའི་ཆོ་ག་དང་། ཚོན་དགྱེ་བའི་ཏིང་འཛིན་དང་། དཀྱིལ་འཁོར་གྱི་ཚོན་དཀར་པོ་ལ་སོགས་པའི་ར་བའི་རིམ་པ་བསྟན་པ་དང ་ཚོན་དགྱེ་བའི་ཐབ་སོ།། དེ་ལྷ་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་ནི། བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུར་བྱིན་གྱིས་བརླབས་ཏེ། དེ་ནས་ཡང་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དུ་དེའི་ཕྱག་རྒྱས་བྱིན ་གྱིས་བརླབས་ལ་ཆོས་ཀྱི་དབྱིངས་རྒྱ་ཆེན་པོར་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་གང་གསུངས་པ་ཡིན་ནོ།། དེ་ལ་ཚོན་བྱིན་གྱིས་རློབ་པ་ནི་ཚོན་དཀར་པོ་ནིར་ཞུས་བྱ་བ་བཀོད་ནས། ཆོས་ཀྱི་དབྱིངས་ཀྱི ་བཞིན་དུ་བྱིན་གྱིས་རློབ་བོ།། ཚེན་དམར་པོ་ནི་ཨཱཾ་ཞེས་བྱ་བ་བཀོད་ནས་རྫོགས་པའི་སངས་རྒྱས་ཐུབ་དཀའ་བའི་ངོ་བོ་ཉིད་དུ་བྱའོ།། ཚེན་སེར་པོ་ནཱི་ཡི་གེ་ཀ་ཞེས་བྱ་བ་བཀོད་ནས་གསེར་ཐུབ་ཀྱི་ངོ་བོ་ཉིད་དུའོ།། ཚོན་ལྗང་གུ་ནི་བ་ཞེས་བྱ་བ་བཀོད ་ནས་ཐུབ་པ་བྱང་ཆུབ་ཀྱི་སྙིང་པོ་ཅན་གྱི་ངོ་བོ་ཉིད་དུའོ།། ནག་པོ་ལ་ནི་ཧ་ཞེས་བྱ་བ་བཀོད་ནས་ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ངོ་བོ་ཉིད་དུའོ་སྙམ་དུ་རྣམ་པར་བསམ་པར་བྱ་སྟེ། ཐོག་མར་ཚོན་རྩི་དཀར་པོ་བླངས་ལ་འདི་ལྟར ་བྱིན་གྱིས་བརླབ་པར་བྱའོ།། འདི་ནི་ཆོས་དབྱིངས་དག་པ་སྟེ། སེམས་ཅན་ཁམས་ནི་རྣམ་སྦྱོང་བ།། འདི་ནི་བདག་ཉིད་དེ་བཞིན་གཤེགས།། ཉེས་པ་ཐམས་ཅད་རྣམ་པར་སྤངས།། ཞེས་བྱ་བ་ནས་རྒྱས་པར། བདུད་སྡེ་སྡང་བ་ཐམས་ཅད་ལ།། ་རྣམ་པ་ཀུན་ཏུ་བསྡིགས་པར་བྱེད།། ཞེས་བྱ་བའི་བར་གང་གསུངས་པའོ།། ཚེན་དགྱེ་བའི་ཏིང་ངེ་འཛིན་དེ་ལས་ལངས་ཏེ་དཀྱིལ་འཁོར་བསྐོར་ལ་ནང་དུ་ཞུགས་པ་ནས་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་སྒྲུབ་པ་པོ་ལ་དམིགས ་ཏེ། བདག་ཉིད་ཅེས་བྱ་བས་ལས་ཀྱི་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ། རྡོ་རྗེ་དམ་པ་སྦྱིན་པ་དང་ལྷན་ཅིག་ཏུ་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་བྲི་བར་བྱའོ་ཞེས་བྱ་བ་གང་གསུངས་པ་ཡིན་ནོ།། དཀརི་བོ་ལ་སོགས་པའི ་ར་བའི་རི་མོའི་རིམ་པ་འདི་ནི་འདི་ལྟ་སྟེ། དཀར་པོ་ཐོག་མར་བཏང་བར་བྱ།། དེ་ཡི་འོག་ཏུ་དམར་པོ་སྟེ།། དེ་ནས་སེར་པོ་བཏང་བར་བྱ།། དེ་ཡི་འོག་ཏུ་ལྗང་གུ་བཏང་།། ཀུན་གྱི་ནང་རོལ་ནག་པོ་སྟེ།། ཚོན་རྩིའི་ཆོ་ག་དེ་ལྟར་བཤད།། ཅེས་བྱ་བ་ཡིན།། ་ར་བ་རྣམས་ཀྱི་ཚོན་དགྱེ་བའི་ཐབས་ཀྱི་དབང་དུ་མཛད་ནས། ཚོན་ནཱི་ནོང་ནས་དགྱེ་བར་བྱ།། ཕྱི་རོལ་ནས་ནི་ཚོན་མི་དགྱེ།། ཞེས་བྱ་བ་གསུངསོ།། དཀྱིལ་འཁོར་བྲིས་ནས་མཆོད་པ་བྱའོ།། དེའི་ཡན་ལག་ནི་བཞི་སྟེ། འདི་ལྟ་སྟེ། མཆོད་པའི་ཏིང ་ངེ་འཛིན་མངོན་དུ་བྱ་བ་དང་། དཀྱིལ་འཁོར་བསྲུང་བ་དང་། དཀྱིལ་འཁོར་གྱི་ལྷ་རྣམས་ཡང་དག་པར་གནས་པར་བསམ་པ་དང་། མཆོད་པ་རྣམ་པ་བཞི་སྒྲུབ་པའོ།། དེ་ལ་མཆོད་པའི་ཏིང་ངེ་འཛིན་གྱི་དབང་དུ་མཛད་ནས། ཆོས་ཀྱི་དབྱིངས ་ལ་གཞོལ་བ་ཡི།། སྔགས་པ་དེ་ནས་འདུག་ནསུ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི།། བྱང་ཆུབ་སེམསུ་གྱུར་པ་ཡི།། ཤར་ཕྱོགས་ཁ་བལྟས་གནས་ནས་ནི།། རྡོ་རྗེ་ཅན་གྱི་རྒྱ་བཅིངས་ནས།། དེ་ནས་ལས་ནི་རྡོ་རྗེར་འགྱུར།། ནན་ཏཱན་དུ་ནི་མཆོ ་བཱ་བྱཱ་ཞེས་བྱ་བ་གསུང་སོ།། དཀྱིལ་འཁོར་བསྲུང་བ་ནི་ཕྱག་རྒྱ་རིམ་པར་ཕྱེ་བ་ལས་བཤད་པ་མརྣམས་བཅད་པ་ལ་སོགས་པའི་ཕྱག་རྒྱ་དག་གིས་བྱའོ།། དེ་ལ་ལྷ་ཡང་དྲུག་པར་གནས་པར་བསམ་པ་ནི་རྒྱུད་ཐམས་ཅད་ལས་འདི་ལྟ་སྟེ། ་དཀྱིལ་འཁོར་ལ་སོགས་པར་ལྷ་སྤྱན་དྲངས་པ་རྣམས་དོང་སྤྱན་མ་དྲངས་པ་རྣམས་ཀྱང་།། ཆོས་ཀྱི་དབྱིངས་ལས་བྱུང་བ་དེའི་ངོ་བོར་མོས་པའི་སྒོ་ནས་ཏེ་རྣམ་པ་གཉིསོ།། དེ་ལ་རྣལ་འབྱོར་གྱི་ལུགས་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལ་སོ། ་པ་དང་བྱ་བའི་རྒྱུད་ཐམས་ཅད་ལས་ཀྱང་ལྷ་རྣམས་ཡང་དག་པར་གནས་པར་བསམས་པ་ཕལ་ཆེར་སྤྱན་འདྲེན་པ་སྔོན་དུ་འགྲོ་བ་ཅན་ཁོ་ནར་མཐོང་སྟེ། འདི་ལྟར་རྒྱུད་དེ་དག་ལས། བཅོམ་ལྡན་འདས་འདུལ་བའི་སྐྱེ་བོའི ་ངོར་ཡུལ་དང་། དུས་མ་ངེས་པ་ན་ཡང་བཞུགས་པར་བསྟན་ཏོ།། འདི་ལྟར་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་སྟུག་པོར་མངོན་པར་རྫོགས་པར་སངས་རྒྱས་ནས་རི་རབ་ཀྱི་སྟེང་དུ་གཤེགས་ཏེ། ལུང་དང་། ་རྟོགས་པའི་བདག་ཉིད་ཀྱི་ཆོས་སྟོན་ཏོ།། དེ་ནས་ཀྱང་འཛམྦུའི་གླིང་ལ་སོགས་པར་གཤེགས་ཏེ་ཕན་གདགས་པར་མཛད་དོ།། ཞེས་འབྱུང་སྟེ། རྣལ་འབྱོར་གྱི་རྒྱུད་དག་ལས་དེ་ལྟ་བུ་ལ་སོགས་པ་བསྟན་པར་སྣང་ངོ་།། བྱ་བའི་རྒྱུད་དག་ལས་ཀྱང་རིག ་སྔགས་དང་གསང་སྔགས་ཀྱི་ལྷ་རྣམས་གནས་མ་ངེས་པ་ཁོ་ནར་བསྒྲགས་ཏེ། དེའི་ཕྱིར་རྒྱུད་དེ་དག་ལས་ལྷ་རྣམས་མཆོད་པའི་ཕྱིར། སྤྱན་དྲངས་པའི་ཚི་ག་ཉིད་སྔོན་དུ་འགྲོ་བ་ཉིད་དུ་རུང་བར་འབྱུང་བས་དེ་ཁོ་ན་ལྟར་བྱའོ།། རྣམ་པར་སྣང་མཛད་ཀྱི ་རྒྱུད་འདི་ལས་ནི། དཀྱིལ་འཁོར་གྱི་ཆོ་ག་དག་དང་བཟླས་བརྗོད་ལ་སོགས་པའི་ལས་ལ། ལྷ་རྣམས་སྤྱན་མ་དྲངས་པ་ཉིད་དུ་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་བསམས་པ་ཁོ་ནས། ལྷ་རྣམས་ཡང་དག་པ་ཁོ་ནས་གནས་པར་བསམ་པར་བཤད ་དེ། འདི་ལྟར་འདི་ལས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོ་ཉིད་ན་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལོ་སྙོམས་པར་ཞུགས་པ། སྐུ་བཀོད་པ་མི་ཟད་པ་ལ་སོགས་པ་བྱང་ཆུབ་རྟོགས་པའི་དུས་ན་བརྙེས་པ་རྟག་ཏུ་འགྲོ་བ་གསུམ་ལ་ཁྱབ་པར ་མཛད་པས། སེམས་ཅན་ལ་སྐལ་བ་ཇི་ལྟ་བ་བཞིན་འཚམ་མར་སྣང་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིག་སྔགས་དང་གསང་སྔགས་ལ་སོགས་པའི་ངོ་བོ་ཉིད་དག་གིས་སེམས་ཅན་རྣམས་ཀྱི་དོན་མཛད་ཅིང་གང་ནས་ཀྱང་མི ་བྱིན། གང་དུ་ཡང་མི་བཞུད་དོ་ཞེས་འབྱུང་སྟེ། འདི་ལས་ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱིན་གྱིས་རློབ་པའི་རྡོ་རྗེ་ཆེན་པོ་རྒྱ་ཆེ་བ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རྡོ་རྗེ་འཛིན་ཐམས་ཅད་འདུལ་བ་ཞེས་བྱ་བ་ནས་རྒྱས ་པར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། བྱམས་པ་དང་། འཇམ་དཔལ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ་དག་གིས་ཀྱང་སྐོར་ཅིང་མདུན་གྱིས་བལྟས་པ་ལ་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཉི་མ་དུས ་གསུམ་ལས་འདས་པར་བྱིན་གྱིས་བརླབས་ནས་སྐུ་དང་གསུང་དང་ཐུགས་མཉམ་པ་ཉིད་ཀྱི་བཞི་ཞེས་བྱ་བའི་ཆོས་ཀྱི་སྒོའི་ཆོས་བསྟན་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་དག་དང་། ་གསང་བའི་བདག་པོ་ལ་སོགས་པ་རྡོ་རྗེ་འཛིན་དེ་དག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱིན་གྱིས་བརླབས་ཀྱིས། སྐུ་མཉམ་པ་ཉིད་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་ལ་ཞུགསོ།། དེ་བཞིན་དུ་གསུང་དང་ཐུགས་མཉམ ་པ་ཉིད་བཀོད་པའི་མཛོད་རྣམ་པར་བསྒྱིངས་པ་ལ་ཞུགས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུའམ་གསུང་ངམ་ཐུགས་ལ་ནི་འཇུག་པའམ་ལྡོག་པ་ནི་མི་དམིག་སོ།། ཐམས་ཅད་དུ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད ་ཀྱི་སྐུའི་ཕྲིན་ལས་ཐམས་ཅད་དང་། གསུང་གི་ཕྲིན་ལས་ཐམས་ཅད་དང་། ཐུགས་ཀྱི་ཕྲིན་ལས་ཐམས་ཅད་དང་སེམས་ཅན་གྱི་ཁམས་ཐམས་ཅད་ཀུན་ཏུ་གསང་སྔགས་ཀྱི་ཚུལ་གྱི་ཚིག་དག་གིས་ཆོས་སྟོན ་དག་མཐོང་ན་ནི་འདི་ལྟ་སྟེ། སེམས་ཅན་ལས་ཀྱི་ཚེ་རྣམ་པར་བསྐྱེད་པ་རྣམས་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ས་བཅུ་པའི་བར་གནོན་པ་འདི་ཉིད་ལ་ཡོང་སུ་རྫོགས་པར་བྱ་བ་དང་། ལས་ཀྱི་ཚེ་བཀག་པ་རྣམས་ཡང་སྲིད་པའི ་མྱུ་གུ་མངོན་པར་བསྒྲུབ་པར་བྱ་བའི་ཕྱིར་རྡོ་རྗེ་འཛིན་པའི་ལུས་འདྲ་བོ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། ཕྱག་ན་པདྨའི་ལུས་འདྲ་བ་དང་། ཕྱོགས་བཅུ་ནས་གསོང་སྔགས་ཀྱི་ཚུལ་གྱི་ཚིག་རྣམ་པར་དག་པའི་ཚིག་དག ་གོས་ཆོས་སྟོན་པ་དག་ཀྱང་མཐོང་ངོ་ཞེས་བྱ་བའི་བར་དུ་གསུངས་པ་འདི་དག་ཡིན་ནོ།། འདིར་ལས་ཀྱི་ཚེ་བཀག་པ་ནི་ཉན་ཐོས་དང་། རང་སངས་རྒྱས་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་རྣམ་པར་གནས ་བ་དག་ཡིན་པར་དགོངསོ།། དེ་དག་ཡང་སྲིད་པའི་མྱུ་གུ་མངོན་པར་འགྲུབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། སངས་རྒྱས་ཀྱི་ཞིང་ཡོང་སུ་དག་པ་དག་ཏུ་སྐྱེས་པ་རྣམས་ལ་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་ཕྲོ་བ ་པར་བྱ་བའི་ཕྱིར་ཆོས་སྟོན་པར་མཛད་དོ།། སྙམ་དུ་དགོངས་པ་ཡིན་ནོ།། འདི་ལྟར་དེ་དག་ནི་ཟོད་པ་དང་། མི་སྐྱེ་བ་དང་། འགོག་པ་ཤེས་པ་དང་སྙོམས་པར་འཇུག་པའི་སྟོབས་བསྐྱེད་པསོ།། དུས་རེ་ཞིག་གཅིག་ཏིང་འཛིན་གྱི་བདེ་བ་ཉི་མ་སུ་མྱོང ་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྐུལ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངསུ་དག་པ་དག་ཏུ། དེ་དག་ལས་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡོངསུ་རྫོགས་པར་བྱེད་པའི་ཐབས་དག་ཐོབ་ནས། དེས་སྒྲུབ་པ་དག་ལྷུར་ལེན ་ཅིང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྒོ་ནས་མི་གནས་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པའི་བར་དུ་འགྱུར་རོ་ཞེས་བཤད་པར་འགྱུར་རོ།། འདི་ལྟར་དེ་ཉིད་རྣམ་པར་སྣང་མཛད་ཀྱི་རྒྱུད་འདི་ཁོ ་ནའི་རྒྱུད་ཕྱི་མ་དང་འབྲེལ་པ་གསང་བའི་རིམ་པར་ཕྱེ་བ་ལས་རྒྱས་པར་ཡང་དག་པར་བསྟན་ཏེ། བྱང་ཆུབ་སེམས་དཔའ་སྤྱོད་པ་གསང་སྔགས་ཀྱི་སྒོའི་ལམ་ཤེས་པ་ཉིད་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་དང་རང ་སངས་རྒྱས་ལམ་གྱི་རྣམ་པ་ཤེས་པ་དམིགས་པ་དང་བཅས་པའི་ས་ལ་གནས་པའི་རང་གི་སེམས་ཀྱི་སྤྱོད་ཡུལ་མ་ཐོབ་བོའི་སེམས་དང་ལྡན་པ་རྣམས་ཇི་སྐད་དུ། བཤད་པ་རྒྱས་པར་བརྗོད་ནས། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པས ་བསྒྲིབས་པ་རྣམས་བདག་ཉིད་ལ་དམིགས་ནས་ཉོན་མོངས་པ་རྣམས་རྣམ་པར་མནན་ཏེ། མཐའ་གཉིས་ཤིན་ཏུ་མེད་པར་བྱ་བ་ལ། ཡེ་ཤེས་མེད་ཅིང་རྒྱུ་དང་འབྲས་བུ་འགག་པ་དང་མཐའ་གཉིས་མེད་པ་དང་། སེམས་འགོག་པོ་མེད་པའི་ཕྱིར ་ཉན་ཐོས་ཀྱི་ཡེ་ཤེས་ཀྱི་མིག་ཡོངསུ་མ་དག་པའི་ཏིང་འཛིན་ལས་ལྡང་བའི་སྦྱོར་བ་ཅན་རྣམས་གཟུགས་དང་རྣ་བ་དང་དེ་ལས་སྐྱེས་པའི་རྐྱེན་བག་ཆགས་ཀྱི་མཚམས་སྦྱོར་བ་ལ་འཛིན་པར་བྱེད་ཅིང་ཁམས་གསུམ་ན་ཉོན་མོངས་པའི་སྤྱོད ་པ་རྣམ་པར་མནན་ཏེ། སྔོན་གྱི་སྨོན་ལམ་གྱི་དབང་གིས། ཕུང་པོ་ཡོངསུ་བོར་ནས། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་སྐྱེ་བ་འཐོབ་སྟེ། ཡང་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ས་དང་ཕ་རོལ་ཏུ་ཕྱིན་པ ་གནོན་པའི་སྒོ་ནས། ཐམས་ཅད་མཁྱེན་པ་ཉིད་དོན་དུ་གཉེར་བར་བྱེད་དོ།། ཟད་པ་དང་མི་སྐྱེ་བ་དང་འགོག་པ་དང་སྙོམས་པར་འཇུག་པའི་སྟོབས་ཀྱིས་འཕེན་པས་ལོ་དྲུག་ཁྲིར་པདྨའི་སྙིང་པོ་ལོ་མྱོས་ཤིང་གནས་སོ།། དེ་ནས་སྨོན་ལམ་ཇི་ལྟ་བ ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྣམ་པར་དག་པར་འགྱུར་རོ་ཞེས་གང་གསུངས་པ་ཡིན་ཏེ། རྒྱས་པར་གསང་བའི་རིམ་པར་ཕྱེ་བ་ལས་བརྟག་པར་བྱའོ།། དེའི་ཕྱིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་ལ་སོགས ་པ་ཐམས་ཅད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གསང་སྔགས་དང་རིག་སྔགས་ལ་སོགས་པའི་ངོ་བོར་རྣམ་པར་གནས་ན། དེ་ལ་སྤྱན་དྲངས་པ་དང་གཤེགསུ་གསོལ་པོ་ལྟ་ཅི་ཞིག་དགོས། ཡང་དོན་འདི་ཉིད་བཅོམ་ལྡན་འདས ་ཀྱིས་མདོར་བསྡུས་ཏེ། རྒྱུད་འདི་ལས་གཞུང་འདིས་བསྟན་ཏེ། གསང་བའི་བདག་པོ་གཞན་ཡང་དེ་བཞིན་གཤེགས་པ་ནི་ཐམས་ཅད་དང་རྗེ་སུ་མཐུན་པ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་མཐུན་པ་སེམས་ཅན་ཐམས་ཅད་ཡང ་དག་པར་མགུ་བར་མཛད་པ་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་གསང་སྔགས་སྤྱད་པ་སྤྱོད་པ་རྣམས་ཀྱི་མདུན་དུ་གཟུགས་བརྙན་ལྟ་བུར་བཞུགས་སོ།། དེ་བཞིན་གཤེགས་པ་ནི་རྣམ་པར་མི་རྟོག་ཅིང་ཡིད་ཀྱི་ཡུལ་ལས་ཡང་དག་པ ་འདས་པ་དུས་དང་ཡུལ་དང་དབྱེ་བ་དང་། ལས་དང་ཆོས་མ་ཡིན་པ་རྣམ་པར་སྤངས་ཀྱང་། གསང་སྔགས་སྤྱོད་པ་ལས་བྱུང་བའི།། ཐམས་ཅད་མཁྱེན་པའི་གོ་འཕང་སྒྲོལ།། དེ་བས་ཀུན་མཁྱེན་དས་གྲུབ་དང་།། གོ་འཕང་མཆོག ་ཀྱང་སྒྲུབ་པར་བྱ།། ཞེས་གང་གསུངས་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་པ་རྣམས་རིམ་པ་གསུམ་པར་བྲི་བར་བྱའོ།། ཞེས་བཤད་པ་མ་ཡིན་ནམ། དེ་དག་ནི་བཅོམ་ལྡན་འདས ་རྣམ་པར་སྣང་མཛད་ཁོ་ནའི་སྐུ་མི་ཟད་པ་ལ་སོགས་པ་རྣམ་པར་སྤྲུལ་པ་རྟག་ཏུ་འགྲོ་བ་གསུམ་ལ་ཁྱབ་པ་མ་ཡིན་པས་དེའི་ཕྱིར་གདོན་མི་ཟ་བར་དེ་དག་ཡང་དག་པར་གནས་པར་བསམ་པར་བྱ་བའི་ཕྱིར་སྤྱན་དྲང་དགོས་པ་ན།། དེ་ཅིའི ་ཕྱིར་དེ་དག་གི་སྤྱན་དྲང་བའི་རིམ་པ་མ་བརྗོད་ཅེས་ན། འདི་ནི་ཉེས་པ་མེད་དེ། བྱང་ཆུབ་སེམས་དཔའ་དེ་དག་ནི་རྟག་ཏུ་ཡེ་ཤེས་ཀྱི་མིག་གིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་མི་ཟད་པ་ལ་སོགསོ་བ་བཀོད་པ་ཅི་འདྲ་བ་དང ་དེ་ཇི་ལྟར་སེམས་ཅན་གྱི་དོན་དུ་འཇུག་པ་དེ་ཁོ་ན་ངེས་པར་རྟོག་པ་ལྷུར་ལེན་པ་ཉིད་ཡིན་ཏེ། དེའི་ཕྱིར་གང་དུ་བཅོམ་ལྡན་འདས་སེམས་ཅན་གྱི་དོན་དུ་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་གྱི་སྒོ་ནས་སྣང་བ་དེ་དག ་གི་མངོན་སུམ་ཁོ་ནར་འགྱུར་ཏོ།། དེའི་ཕྱིར་དེ་དག་ཀྱང་དམ་ཚིག་གོ་དབང་གིས་དེ་ན་བྱིན་གྱིས་རློབ་པར་བྱེད་དོ།། རྣམ་པ་གཅིག་ཏུ་ན་དེ་དག་ཀྱང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པ་ཡིན་པས་གནས་གཅིག་ན་འདུག་ཀྱང་སྨོན་ལམ ་གྱི་དབང་གིས་སེམས་ཅན་གྱི་དོན་དུ་དེ་ལྟར་སྣང་སྟེ། དེའི་ཕྱིར་ཉེས་པ་མེད་དོ།། གཞན་ཡང་རྣམ་པར་སྣང་མཛད་ཀྱི་རྒྱུད་འདི་འབའ་ཞིག་ལས། དཀྱིལ་འཁོར་ལ་སོགས་པའི་རིག་སྔགས་དང་། གསང་སྔགས་རྣམས། ་སྤྱན་མ་དྲངས་པ་ཁོ་ནར་བྱིན་གྱིས་རློབ་པར་བཤད་པར་ཡང་མ་ཟད་ཀྱི་རྣལ་འབྱོར་གྱི་རྒྱུད་དང་། བྱ་བའི་རྒྱུད་གང་དག་ལས་དཀྱིལ་འཁོར་ལ་སོགས་པར་སྤྱན་མ་དྲངས་པ་ཉིད་ཀྱི་ལས་བསྟན་པ་དེ་དག་ལས་ཀྱང་། རིག་སྔགས་དང་གསང། ་སྒྲོགས་རྣམས་སྤྱན་མ་དྲངས་པ་ཁོ་ནར་ལག་པའི་ཕྱག་རྒྱ་ལ་སོགས་པས་བདག་བསྲུང་བ་དང་། གནས་བསྲུང་བ་དང་། མེ་ཏོག་ལ་སོགས་པའི་མཆོད་པ་སྔགས་ཀྱིས་གདབ་པ་དང་། བགེགས་ལ་སོགས་པ་བསྡིགས་པ་རྣམ་པ་ཏུ ་མ་ཡང་སྣང་ན། དེ་ཇི་ལྟར་ལས་ཀྱི་ཕྱག་རྒྱ་དང་སྔགས་དག་ཀྱང་སྤྱན་མ་དྲངས་པར་རང་བྱིན་གྱིས་རློབ་པར་མཛད། དེའི་ཕྱིར་རྒྱུད་དེ་དག་ལས་ཀྱང་སྤྱན་དྲང་བ་ངེས་པར་མ་བརྗོད་པ་ཉིད་པས་ཉེས་པ་མེད་དོ།། རྣམ་པར་སྣང་མཛད་ཀྱི་རྒྱུད་འདི ་ལས་ནི་རྣམ་པ་ཐམས་ཅད་དུ་རིག་སྔགས་དང་གསང་སྔགས་རྣམས་སྤྱན་མ་དྲངས་པ་ཁོ་ནར་ཡང་དག་པར་གནས་པར་བསམ་པར་བྱའོ་ཞེས་བསྟོན་ཏོ།། འདིར་དཀྱིལ་འཁོར་ནི་དང་པོར་ན་མཁའི་ཕྱོགསུ་ངེས་པར་བསམ་པ་དང་། ས ་ལ་དཀྱིལ་འཁོར་བྲི་བ་དང་། རྣམ་པ་གཉི་སུ་བསྟན་ཏོ།། དཀྱིལ་འཁོར་རྣམ་པ་འདི་གཉི་ག་ལ་ཡང་དག་པར་གནས་པར་བསམས་པར་བྱ་བའི་ཕྱིར། དམ་ཚིག་གསུམ་གྱི་ཕྱག་རྒྱ་བཅིངས་ནས། དམ་ཚིག་གསུམ་གྱི་སྔགས་ཟློས་ཤིང་དང་། ་བོར་ན་མཁའི་ཕྱོགསུ་རང་བཞིན་གྱི་དཀྱིལ་འཁོར་ཐམས་ཅད་དུ་ཁྱབ་པ་ཆོས་ཀྱི་དབྱིངས་ལས་ངེས་པར་སྐྱེས་པ་བསམས་ལ། ཕྱི་ས་ལ་ཡིད་ཀྱིས་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་མཚན་ཉིད་བསྒྲུབས་ནས་མཆོད་པ་བྱ་སྟེ། ་དེ་ནས་ལས་ཀྱི་རྡོ་རྗེར་གྱུར།། ནན་ཏན་དུ་ནི་མཚོན་པར་བྱ།། ཀུན་ཏུ་ཁྱབ་པའི་ཡིད་ཀྱིས་སུ།། སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི།། དམ་ཚིག་ཅེས་བྱའི་རྒྱུ་བསྟན་ནས།། གསང་སྔགས་ལན་གསུམ་བཟླས་པར་བྱ་ཞེས་གང་གསུངས་པ་ཡིན་ནོ།། ་རྣམ་བྱ་གང་གིས་དཀྱིལ་འཁོར་ལོ་སོགས་པར་ལྷ་རྣམས་སྤྱན་མོ་དྲངས་པ་ཉིད་དུ་ཡང་དག་པར་གནས་པར་བསམ་པར་རུང་བའི་སྦྱོར་བ་བཤད་ཟིན་ཏོ།། མཆོད་པའི་ཆོ་ག་ལེགས་པར་བརྗོད་པར་བྱ་སྟེ། དེ་ལ་དཀྱིལ་འཁོར་འདི་ལས་ནི ་ཕྱི་དང་ནིང་གིས་མཆོད་པའི་བྱེ་བྲག་གིས་མཆོད་པ་རྣམ་པ་གཉི་སུ་བསྟན་ཏོ།། དེ་ལ་ཕྱིའི་མཆོད་པ་ནི་འདི་ལྟ་སྟེ། མེ་ཏོག་དང་། དྲི་དོང་། བདུག་པ་དང་། ལྷ་བཤོས་དང་། མར་མེ་དང་། ན་བཟའ་དང་། བུམ་པ་དག་དབུལ་བའི་སྒོ་ནས་རྣམ ་པོ་བདུན་ཏི། དེ་ནས་སྔགས་པ་དེ་ཡིས་སུ།། མེ་ཏོག་དཀར་པོ་སེར་པོ་དམར།། ཡིད་དུ་འོང་བས་ནན་ཏན་དུ།། ལྷ་རྣམས་ལྔ་ནི་མཆོད་པར་བྱ།། ཞེས་བྱ་བ་ལ་སོགས་པ་རྒྱས་པར་ལྷའི་གཙོ་བོ་རྣམས་ལ་ནི། རས་ནི་ཟུང་རེ་དབུལ་བར་བྱ།། ་སེམས་དཔའ་ཆེན་པོ་ཕལ་རྣམས་ལ།། ཡ་རེ་དབུལ་བར་རབ་ཏུ་བསྒྲགས། ཞེས་གང་གསུངས་པ་ཡིན་ནོ།། འདིར་ཚུལ་ནི་འདི་ལྟ་བུ་ཡིན་ཏེ། འདི་ལྟ་སྟེ། དཀྱིལ་འཁོར་གྱི་ཐིག་གདབ་པའི་ཆོ་ག་གོང་དུ་བཤད་པ་ལྟ་བུས་པར་སྣང་གི་དཀྱིལ ་འཁོར་ལ་གནས་པར་བསམ་པའི་ལྷ་དག་ནི།། ཕྱིའི་ཚོན་དགྱེ་བ་ལ་སོགས་པའི་མཚན་མ་ལ་མི་བལྟོས་པའི་ཕྱིར། འཇིག་རྟེན་ལས་འདས་པའོ་ཞེས་བསྟན་ཏོ།། ལྷ་དེ་དག་ཉིད་སྔར་བཤད་པའི་ཆོ་གས་ས་ལ་གནས ་པའི་དཀྱིལ་འཁོར་དུ་བྲིས་པ་རྣམས་ནི། ཕྱིའི་ཚེ་ན་དགྱེ་བ་ལ་སོགས་པ་བྱ་བ་བལྟོས་པ་དང་བཅས་པའི་ཕྱིར་འཇིག་རྟེན་པ་ཞེས་བྱ་སྟེ། འདི་ལྟར་གང་གི་ཚེ་འདི་ལས་བཟླས་བརྗོད་དང་སྦྱིན་སྲེག་དང་མཆོད་པ་ལ་སོགས་པའི་ཕྱིའི་བཟླས་བརྗོད་དང ་སྦྱིན་སྲེག་དང་མཆོད་པའི་ཡན་ལག་ལ་བལྟོས་པ་དང་བཅས་པ་ཉིད་དུ་མཛད་པ་དེའི་ཚེ་ནི་རྒྱུད་འདི་ལས་ཕལ་ཆེར་འཇིག་རྟེན་པའོ་ཞེས་ཐ་སྙད་དུ་འདོགས་སོ།། གང་གི་ཚེ་བཟླས་བརྗོད་ལ་སོགས་པ་དེ་དག་ཉིད་ཕྱིའི་མཚན་མ་ལ་མི་བལྟོས་ཤིང་སེམས ་ཙོམ་གྱི་རྣམ་པར་རྟོག་པས་བསྒྲུབ་པར་བྱེད་པའི་ཚེ་ནི་ཕལ་ཆེར་འཇིག་རྟེན་ལས་འདས་པ་ཞེས་ཀྱང་བཤད་དོ།། དེའི་ཕྱིར་གང་དག་གི་ངེས་པའི་ཚིག་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཞེས་བྱ་བ་དེ་སྐབས་དང་སྦྱར་ཏེ། སྐབས་ཁ་ཅིག་ཏུ་ནི་འཇིག་རྟེན ་པའི་ལྷའི་ཁྱད་པར་ཇི་ལྟར་བསྒྲུབ་ས་པ་དག་ཁོ་ན་ཡིན་པར་ཤེས་པར་བྱའོ།། སྐབས་དང་སྦྱར་ཏེ་ལ་ལར་ནི་འཇིག་རྟེན་ལས་འདས་པ་དག་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱའོ།། དེ་ལ་བར་སྣང་གི་དཀྱིལ་འཁོར་དུ་བསམ་པའི་ལྷའི་ཁྱད་པར་འཇིག་རྟེན་ལས ་འདས་པར་བསྒྲགས་པ་རྣམས་ལ་མེ་ཏོག་དབུལ་བའི་སྦྱོར་བ་ནི། མཐེ་བོང་སྲིན་ལག་སྦྱར་བ་ནི།། བཀྲ་ཤིས་པ་ཞེས་བཤད་པ་སྟེ།། དེ་ཡིས་མེ་ཏོག་བླངས་ནས་སུ།། བདག་གི་སྙིང་ཁའི་ཕྱོགས་ནས་དབུལ།། ཞེས་གསུངས་པ་འདི་ཡིན་ཏོ།། དེ་དག་ཉིད ་སའི་དཀྱིལ་འཁོར་ལ་བྱིས་ཤིང་འཇིག་རྟེན་པ་ཞེས་བསྒྲགས་པ་རྣམས་ལ་མེ་ཏོག་དབུལ་བའི་ཚུལ་བསྐྲུན་པའི་ཕྱིར། འཇིག་རྟེན་པའི་ལྷ་རྣམས་ལ། ལྟེ་བའི་བད་ཀནས་ཤེས་བྱ།། ཞེས་བྱ་བ་གསུངས་པ་ཡིན་ནོ།། འཇིག་རྟེན་ལས་འདས་པ་རྣམས་ལ།། ་དྲུདྲུག་པ་དབུལ་བའི་སྦྱོར་བའི་ཁྱད་པར་བཤད་པ། བངས་ས་རྡོ་རྗེ་བུ་ཙུ་རཱ་མ།། ཡང་ན་པདྨའི་བྱུང་བ་ཡིས།། བར་སྣང་ལ་ནི་གཟུ་ནས་སུཾ།། འཇིག་རྟེན་མགོན་སྐྱོ་རྣམས་ལ་དབུལ།། ཞེས་བྱ་བ་གསུངས་པ་ཡིནོ།། དེ་བཞིན་དུ་སའི་དཀྱིལ་འཁོར་དུ་བྲིས ་པའི་རྣམས་ལ་འབུལ་པོའི་ཆོ་གོ་ཡང་། དེ་ལས་གཞན་པའི་འཇིག་རྟེན་པའི།། ལྷ་རྣམས་ལ་ནི་གི་རིམས་བཞིན།། ཞེས་གང་གསུངས་པ་ཡིན།། དེ་ལྟར་ན་འདི་ནི་སྔོར་བཤད་པའི་ཚུལ་གྱིས་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར ་ལྷ་ན་མཁའི་དཀྱིལ་འཁོར་དུ་བསམས་པ་རྣམས་དང་། སའི་དཀྱིལ་འཁོར་ལ་བྲིས་པ་རྣམས་དང་། མེ་ཏོག་ལ་སོགས་པའི་ཕྱིའི་མཆོད་པའི་རིམ་པ་བསྟན་པ་ཡིན་ནོ།། ། བམ་པོ་བཞི་པ།། འདི་ལ་ནང་གི་མཆོད་པ་ནི་རྣམ་པ་ནི ་གསུམ་དུ་བཤད་དེ། ཕྱག་འཚལ་བའི་ཐལ་མོ་སྦྱར་བ་དང་། བྱམས་པ་དང་སྙིང་རྗེ་གོམས་པ་དང་། དེ་བཞིན་དུ་ཡིད་ཀྱི་མཆོད་པ་ཞེས་བྱ་བ་དང་། རྣམ་པ་གསུམ་མོ།། སྔར་བཤད་པའི་ཕྱིའི་མཆོད་པ་དང་རྣམ་པ་བཞིར་བཤད་དོ།། དེ་ཉིད་ཀྱི་ཕྱིར། ་མཆོད་པ་རྣམ་པ་བཞིར་ཤེས་པར་བྱ་སྟེ། ཕྱག་འཚོལ་བ་དང་ཐལ་མོ་སྦྱར་བ་དང་། དེ་བཞིན་བྱམས་དང་སྙིང་རྗེ་དང་།། མེ་ཏོག་བདུག་སྤོས་འཇིག་རྟེན་པའི།། སོར་མོ་ལས་བྱུང་མེ་ཏོག་རྣམས།། སྐྱོབ་པ་ཀུན་ལ་དབུལ་བར་བྱ།། ཡན་ལག་ཀུན་འབྱུང ་ཕྱག་རྒྱ་ནི།། བཅིངས་ནས་བྱང་ཆུབ་སེམས་བསྒོམས་ཏེ།། སོ་སོར་མགོན་པོ་ཐམས་ཅད་དང་།། དེའི་སྲས་རྣམས་ནན་ཏན་བྱའོ།། འདི་ནི་སྐྱོན་མེད་མེ་ཏོག་སྟེ། རབ་ཏུ་བསྲུང་ཞིམ་རྣམ་པར་མཛེས།། ཆོས་ཀྱི་དབྱིངས་ཀྱི་ལྡན ་ཤིང་རྣམས།། རྒྱལ་བ་མཆོད་པའི་ཕྱིར་འབྱུང་བ།། ཏིང་འཛིན་དབང་གིས་བསྒྱུར་བ་ཡི།། སྔགས་ཀྱིས་དེ་དག་བྱིན་བརླབས་ནས།། ཆོས་ཀྱི་དབྱིངས་ལས་བྱུང་བ་ཡི།། སྤྲིན་མང་རྒྱ་ཆེན་དམ་པ་རྣམས།། སངས་རྒྱས་རྣམས་ཀྱི་སྤྱན་སྔར་ནི།། དེ་ཚེ་རྟག ་ཏུ་ཆར་བཞིན་དབབ།། ལྷ་རྣམས་ཕལ་པ་གཞན་ལ་ནི།། མེ་ཏོག་འདི་རྣམས་བསྒྲགས་པ་སྟེ།། རང་གི་སྔགས་རྒྱུད་རྟོག་ཤེས་པས།། ཇི་ལྟར་རིགས་པས་དབུལ་བར་བྱ།། ཞེས་བྱ་བ་གསུངསོ།། དེ་ལ་འདིར་མེ་ཏོག་བདུག་སྤོས་འཇིག་རྟོན ་པའི་ཞེས་བྱ་བ་ནི་ཕྱིའི་མཆོད་པ་བསྟན་པར་གསུངས་པ་ཡིན་ཏེ། དེ་ནི་མེ་ཏོག་ལ་སོགས་པའི་ཕྱིའི་མཆོད་པ་ཡན་ལག་ལ་བལྟོས་པ་དང་བཅས་པའི་ཕྱིར་འཇིག་རྟེན་པ་ཞེས་བྱའོ།། སོར་མོ་ལས་བྱུང་མེ་ཏོག་རྣམས་ཞེས་བྱ་བ་ལ་སོགས་པས ་ནི་ཡིད་ཀྱི་མཆོད་པའི་སྦྱོར་བ་ཀུན་ཏུ་བསྟན་པར་མཛད་དོ།། འདིར་ཡང་ཆོས་ཀྱི་དབྱིངས་ལས་བྱུང་པོ་ཡི།། སྤྲིན་མང་རྒྱ་ཆེན་དམ་པ་རྣམས།། སངས་རྒྱས་རྣམས་ཀྱི་སྤྱན་སྔར་ནི།། དེ་ཚེ་རྟག་ཏུ་ཆར་བཞིན་དབབ་ཞེས་བྱ་བ་འདིས་ནི་རང་བཞིན་གྱི་དཀྱིལ ་འཁོར་དུ་ཡིད་ཀྱི་མཆོད་པ་བྱ་བའི་མཆོད་པའི་སྦྱོར་བ་དངོསུ་བསྟན་ཏེ།། དེ་ཉིད་ཀྱི་ཕྱིར། ལྷ་རྣམས་ཕལ་པོ་གཞན་ལ་ནི།། མེ་ཏོག་འདི་དག་བསྒྲགས་པ་སྟེ། ཞེས་བྱ་བ་གསུངས་ཏེ།། ཕལ་པ་ཞེས་བྱ་བའི་སྒྲས་ནི་འཇིག་རྟེན་ལས་འདས་པའི་ལྷ་དེ ་ཉིད་སྐུའི་དཀྱིལ་འཁོར་དུ་བྷ་སྣརུམས་གཟུང་གི་ཇིག་རྟེན་ལས་འདས་པཱའི་ལྷ་སའི་དཀྱིལ་འཁོར་དུ་ཐོས་པ་རྣམས་ལ་མོ་ཏོག་ལ་སོགས་པར་བྱའི་མཆུདང་བ་བཀཀྲ་པདྨ་འགྱུར་དུ་འོང་བས་ཕལ་བྱ་ཞེས་བྱའི་སྒྲས་ཁྱབ་ལཇུག་དང་ཚངས་པ། ་ལ་སོགས་པ་འཇིག་རྟེན་པོ་ཉིད་ནི་མི་གཟུང་ངོ་།། དཀྱིལ་འཁོར་འདིར་ནི་འཇིག་རྟེན་པའི་ལྷ་ཁྱབ་འཇུག་དང་ཚངས་པ་ལ་སོགས་པ་ཇི་ལྟར་གྲགས་པ་བྲི་བ་ཡང་མེད་དོ།། འདིར་དབུས་ཀྱི་དཀྱིལ་འཁོར་དུ་འཇིག་རྟོན་པའི་ལྷའི་ཁྱད་པར་གང་དག ་ཡིན་པ་དེ་དག་ནི།། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཉིད་ཀྱི་སྤྲུལ་པའི་སྐུའི་སེམས་ཅན་དག་ཡིན་པར་ལྟ་བར་བྱ་སྟེ། འདི་སྐད་དུ་འདི་ལས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཀྱི་ཕྱག་རྒྱ་རིམ་པར་ཕྱེ་བ་ཡོངསུ ་རྫོགས་པར་མཛད་ནས། གསང་བའི་བདག་པོ་དེ་ལྟ་བུ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་མོས་པ་ལ་བྱུང་བ།། བྱང་ཆུབ་ཀྱི་མཚན་མར་གྱུར་པ་ཕྱག་རྒྱ་རབ་འབྱམ་རྣམས་ཏེ་ཞེས་བྱ་བ་ལ་སོགས་པ་རྒྱས་པར ་གསུང་སོ།། མཆོད་པ་རྣམ་པ་བཞི་དབུལ་བའི་རིམ་པ་ནི་འདི་ལྟ་སྟེ། དང་པོར་བདག་ཉིད་ལུས་ཀྱི་རྡོ་རྗེ་སེམས་དཔར་བསྒོམས་ནས། དྲི་དང་མཻ་ཏོག་ལ་སོགས་པ་ཕྱིའི་མཆོད་པའི་ཡན་ལག་ཆོས་ཀྱི་དབྱིངས་ཀྱི་ཡི་གེས་རྣམ་པར་དག་པ་འཕགས ་པ་མི་གཡོ་བའི་སྙིང་པོས་སྔགས་ཀྱིས་བཏབ་པ་དྲི་དང་མེ་ཏོག་ལ་སོགས་པ་མཆོད་པའི་སྔགས་ངག་གིས་སྔགས་ཀྱིས་གདབ་པར་བྱའོ།། དེ་ནས་ས་ལ་བྲིས་པོའི་དཀྱིལ་འཁོར་དུ་བསྲུང་བར་བྱའོ།། དེ་ནས་དམ་ཚིག་གི་གསུམ་ཕྱག་རྒྱ་བཅིངས ་ནས། དམ་ཚིག་གི་སྔགས་ཟློས་ཤིང་ན་མཁའི་ཕྱོགསསུ་རང་བཞིན་གྱི་དཀྱིལ་འཁོར་ཡང་རྣམ་པར་བསམས་ལ། དེའི་གཟུགས་བརྙན་གྱི་དཀྱིལ་འཁོར་ས་ལ་ཇི་ལྟར་བྱིས་པ་ཡང་སྲོག་དང་བཅས་པ་ལྟ་བུ་ཡིད་ཀྱི་ས ་བསམས་ཏེ། དེ་བྲིས་པའི་ལྷ་རྣམས་ལ་སོ་སོ་རང་གི་ཕྱག་རྒྱ་བཅིངས་ནས་དེའི་སྔགས་ཟློས་ཤིང་མྱུར་དུ་དེའི་བསམ་གཏན་བྱའོ།། དེ་ནས་མཆོད་པ་རྣམ་པ་བཞི་བྱ་སྟེ། དེའི་རིམ་པ་ནི་དང་པོར་པུས་མོ་གཉིས་ས་ལ་བཙུགས་ཏེ། ཕྱུག ་འཚལ་བའི་ཐལ་མོ་སྦྱར་ནས་ཕྱག་བྱ་སྟེ་འདི་ནི་ཕྱག་འཚལ་བའི་མཆོད་པ་ཡིན་ཏེ་དང་པོའོ།། དེ་ནས་སྔར་བཤད་པའི་ཚུལ་དུ་དྲི་དང་མེ་ཏོག་ལ་སོགས་པ་ཇི་ལྟར་ཡང་དག་པར་བསྒྲགས་པ་རྣམས་ཀྱིས་མཆོད་པར་བྱ་སྟེ། འདྲི་ནི་ཕྱི ་མཆོད་པའི་མཚན་ཉིད་ཡིན་ཏེ་མཆོད་པ་གཉིས་པའོ།། དེ་ནས་གསང་བའི་ཕྱག་རྒྱ་བརྒྱད་རིམ་པར་ཕྱེ་བ་ལས་བཤད་པ་ཡན་ལག་ཐམས་ཅད་འབྱུང་བའི་ཕྱག་རྒྱ་བཅིངས་ནས། དེ་བཞིན་གཤེགས་པའི་དཀྱིལ་འཁོར་འཇིག་རྟེན ་གྱི་ཁམས་རབ་འབྱམ་ན་རྣམ་པར་བཞུགས་པ་ཐམས་ཅད་མཆོད་པའི་ཡན་ལག་བཟང་པོ་དཔེ་མེད་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ངེས་པར་འབྱུང་བ་རྣམས་འབྱུང་བར་གྱུར་ཅིག་ཅེས་རྣམ་པར་བསམས་ཏེ། ་དེ་ནས་བྱང་ཆུབ་ཀྱི་སེམས་སྔོན་དུ་བྱས་ནས་ལངས་ལ། ན་མཁའ་མཛོད་ཀྱི་རིག་སྔགས་ལན་གསུམ་བརྗོད་པར་བྱ་སྟེ། འདི་ནི་ཡིད་ཀྱི་མཆོད་པའི་མཚན་ཉིད་ཡིན་ཏེ་མཆོད་པ་གསུམ་པའོ།། དེ་ནས་བྱམས་པ་དང་སྙིང་རྗེ་གོམས་པའི ་མཚན་ཉིད་ཅན་སྒྲུབ་པའི་མཆོད་པ་རྣམ་པ་གཉིསུ་བྱ་སྟེ། དེའི་སྦྱོར་བ་ནི་འདི་ཡིན་ནོ།། བདག་གིས་དགེ་བ་ཇི་ལྟར་བྱས་པའི་རྩ་བས་སེམས་ཅན་ཐམས་ཅད་ངན་སོང་གི་སྡུག་བསྔལ་ཐམས་ཅད་ནི་རབ་ཏུ་ཞི་བར་གྱུར་ཅིག། འཇིག་རྟེན་དང ་འཇིག་རྟེན་ལས་འོདུས་པའི་ཕུན་སུམ་ཚོགས་པ་དག་ནི་འབྱོར་པར་གྱུར་ཅིག་ཅེས་བསམ་པར་བྱ་སྟེ། འདི་ནི་མཆོད་པ་བཞི་པ་སྟེ། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་གོམས་པའི་མཚན་ཉིད་ཅན་བསྒྲུ་བ་པའི་མཆོད ་བཱབ་ཡིན་པར་བསྟན་ཏོ།། །། ད་ནི་སློབ་མ་གཟུང་བའི་ཆོ་ག་དཔྱད་པར་བྱ་སྟེ། དེ་ལ་སློབ་མའི་མཚན་ཉིད་ནི་གོང་དུ་འདི་ལྟ་སྟེ། ཁྱད་པར་གྱི་མཚོན་ཉིད་དང་། སྤྱིའི་མཚན་ཉིད་དང་། རབ་ཏུ་དབྱེ་བ་ཞེས་བྱ་བའི་མཚན ་ཉིད་རྣམ་པ་གསུམ་དུ་བཤད་དོ།། སློབ་མ་དེ་དག་ཀྱང་སྔོན་རིག་སྨྲ་ཌ་མནོས་ཀྱང་རུང་རིག་སྨ་ཌ་མ་མནོས་ཨ་ཅིང་དུ་འཛུད་དེ་དག་གི་ནང་ནས། སྔོན་གྱི་དཀྱིལ་འཁོར་མ་མཐོང་བ་ཉིད་ཀྱིས་རིག་སྔོགས་མ་མནོས་པ་དམ་ཚིག་ནོད་པ་ཁོ་ནའི་ཕྱིར་དཀྱིལ ་འཁོར་དུ་འཇུག་པ་ནི་གཅིག་ཡིན་ནོ།། གཞན་ནི་དངོས་གྲུབ་མཆོག་དང་འབྲིང་དང་ཐ་མ་ལ་སོགས་པ་དོན་དུ་གཉེར་བ་སྟེ། དཀྱིལ་འཁོར་དུ་བཅུག་ནས་བྱང་ཆུབ་ཀྱི་སེམས་གོམས་པར་མ་བྱས་པ་དེ་གོམས་པར་བྱ་སྟེ། རིག་སྔགས་ནོད ་པ་སྔོན་དུ་འགྲོ་བའི་སྒྲུབ་པ་ལ་བརྩོན་པར་བྱེད་པའོ།། གཞན་དག་ནི་སྔོན་བྱང་ཆུབ་ཀྱི་སེམས་གོམས་པར་བྱས་ཀྱང་རུང་།། བྱང་ཆུབ་ཀྱི་སེམས་གོམས་པར་མ་བྱས་ཀྱང་རུང་། རིག་སྔགས་དང་གསང་སྔགས་མནོས་པ། རེག་སྔགས་དང་གས ་སྔགས་ཀྱི་རྟོག་པ་དག་ལ་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་སེམས་ཤིན་ཏུ་གཏན་ལ་ཕབ་པ་སྟེ། སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་རམ། ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ་བཅུག ་ནས། དེ་ལས་བྱུང་བའི་སློབ་དཔོན་དུ་དབང་བསྐུར་བ་དོན་དུ་གཉེར་བ་ཡིན་ནོ།། དེ་བཞིན་དུ་གཞན་དག་ནི་སྔར་བཤད་པའི་རིམ་པས་སློབ་དཔོན་དུ་དབང་བསྐུར་བ་ཐོབ་ཀྱང་། གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་དོན་དུ་གཉེར་བ་སྟེ། གསང་བའི ་དཀྱིལ་འཁོར་དུ་འཇུག་པར་བྱས་ནས་དེ་ལས་བྱུང་བའི་དབང་བསྐུར་བ་ནོད་པ་ཡིན་ནོ།། དེ་ལས་གཞན་དག་ནི་དྲང་པོ་ཉིད་ནས་དམ་ཚིག་ཅན་ཡིན་ལ། རིག་སྔགས་མནོས་ཀྱང་རུང་མ་མནོས་ཀྱང་རུང་། དེ་བཞིན་དུ་སློབ་དཔོན་གྱི་ཐབས་ཐོབ་ཀྱང་རུང ་མ་ཐོབ་ཀྱང་རུང་སྟེ། རང་གི་བསོད་ནམས་འཕེལ་བར་བྱ་བ་ཁོ་ནའི་ཕྱིར། དཀྱིལ་འཁོར་གང་ཡང་རུང་བ་ལྟ་བར་བྱེད་པ་ཡིན་ནོ།། གཞན་དག་ནི་བགེགས་ཀྱིས་འཚོ་བ་ལ་སོགས་བཞི་པ་ལ་དོན་དུ་གཉེར་བ་འམ་འབྱོར་པ་འདོད་པས་དཀྱིལ་འཁོར་ལྟ་བར ་ཡིད་དགའ་བ་ཡིན་ནོ།། དེ་ལྟ་བས་ན་འདི་དག་ནི་དང་པོ་ནས་ཅི་རིགས་པར་དཀྱིལ་འཁོར་མཐོང་བ་ཉིད་ཀྱིས་དམ་ཚིག་ཅན་ཁོ་ན་ཡིན་ནོ།། དེ་ལས་གཞན་པ་ནི་དཀྱིལ་འཁོར་གཅིག་ཀྱང་མ་མཐོང་བའི་ཕྱིར་དམ་ཚིག་ཅན་མ་ཡིན་ནོ།། དེའི་ཕྱིར་རེ། ་ཞིག་སློབ་མ་འདི་རྣམས་དཀྱིལ་འཁོར་གསུམ་དུ་འཇུག་པའི་སྤྱིའི་ཆོ་ག་བཤང་བར་བྱ་སྟེ། དེ་ལ་རེ་ཞིག་དང་པོར་སློབ་དཔོན་གྱི་སྔར་བཤད་པའི་རིམ་པས་བདག་ཉིད་ལས་ཀྱི་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་པ་ལ། ཇི་སྐད་བཤད་པའི་མཆོད་པ ་རྣམས་མངོན་པར་བསྒྲུབ་པར་བྱའོ།། དེ་ནས་སྔར་བཤད་པའི་སློབ་དཔོན་གྱི་རྣལ་འབྱོར་རྣམས་ལས་གང་ཡང་རུང་བ་ཞིག་གིས། བདག་ཉིད་རྣམ་པར་སྣང་མཛད་ཀྱི་སྐུར་བྱིན་གྱིས་བརླབས་ལ། སློབ་མ་རྣམས་བོས་ཏེ་དཀྱིལ་འཁོར་གྱི ་སྒྲོའི་ཕྱི་རོལ་ཏུ་འདུག་པ་ལ། ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བས་བཟླས་བརྗོད་བྱས་པའི་ཆུས་བསང་གཏོར་བྱས་ནས། སློབ་དཔོན་བདག་ཉིད་ཀྱིས་དམ་ཚིག་གསུམ་གྱི་ཕྱག་རྒྱ་བཅིངས་ཏེ། རས་ལ་དམ་ཆོག་གསུཾ ་གྱིས་ལནཱ་གསུམ་དུ་སྔགས་ཀྱིས་གདབ་བོ།། དེ་ནས་རས་དེས་སློབ་མའི་གདོང་བཀབ་སྟེ། དཀྱིལ་འཁོར་གསུམ་པའི་སྒོར་སྒོ་ཁྱུད་ཀྱི་ནང་དུ་ལེགས་པར་བཞག་པར་བྱའོ།། དེར་བཞག་ནས་གསུམ་ལ་སྐྱབསུ་འགྲོ་བ་དང་། བྱང་ཆུབ་ཀྱི ་སེམས་བྱིན་ཏེ། ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་བཅིངས་ལ། དེའི་གསྡང་སྔགས་བརྗོད་ཅིང་སློབ་མ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་སྟོང་པར་བྱིན་གྱིས་བརླབ་པར་བྱའོ།། དེའི་རྗེས་ལ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་བཅིངས་ནས་དེའི་སྔགས ་བརྗོད་ཅིང་སློབ་མ་དེ་ཉིད་རྡོ་རྗེ་སེམས་དཔའི་སྐུར་བསམ་པར་བྱའོ།། དེ་ནས་དེ་ལ་དམ་ཚིག་གི་ཕྱག་རྒྱ་བཅིངས་པའི་ལག་པར་ཏོག་བཞག་ནས་དམ་ཚིག་གསུམ་གྱི་སྔགས་ལན་གསུམ་བརྗོད་པར་བྱའོ།། དེའི་རྗེས་ལ་དེའི་སྤྱི་བོར་ཆོས ་ཀྱི་དབྱིངས་ཀྱི་ཡི་གེ་བསམ་པར་བྱའོ།། དེ་ནས་བདེན་པའི་བྱིན་གྱིས་བརླབས་བྱ་སྟེ། ཕྱག་རྒྱ་ལོ་འདུག་པའི་མེ་ཏོག་དཀྱིལ་འཁོར་དུ་འདོར་དུ་འཇུག་ལ། གང་ལ་མེ་ཏོག་བབ་པ་དེའི་གསང་སྔགས་དེ་ལ་སྦྱིན་པར་བྱའོ།། སློ་བ་མ་སྔོན་དེ་ལས ་གཞན་པའི་དཀྱིལ་འཁོར་མཐོང་བ་དམ་ཚིག་ཅན་གསང་སྔགས་མནོས་པ་ནི་གདོང་ལ་བསླབ་པ་ཕྱེ་སྟེ། ཕྱིས་ཕྱག་རྒྱ་ལ་འདུག་པའི་མེ་ཏོག་རྣམས་དཀྱིལ་འཁོར་གྱི་བདག་པོ་བཅོམ་ལྡན་འདས་རྣམ་པར་སྣང ་མཛད་དམ། སྔོན་དེ་ལས་གཞན་པའི་དཀྱིལ་འཁོར་དུ་རང་གི་རིག་སྔགས་མནོས་པ་ཡང་ན་དབུལ་བར་བྱའོ།། གཏན་ཚིགས་ནི་སྔོན་གྱི་དཀྱིལ་འཁོར་མཐོང་བ་གསང་སྔགས་མནོས་པ། དམ་ཚིག་ཅན་རྣམས་ནི་གདོང་མ་བཀབ་པ ་ནར་བདེན་པའི་བྱིན་གྱིས་བརླབས་སྔོན་དུ་འགྲོ་བ་ཉིད་ཀྱིས་མེ་ཏོག་དོར་བར་འདོད་པ་ཉིད་དེ་ལྟར་རིག་སྔགས་ཀྱི་ཆ་མང་པོ་ཉིད་ཀྱིས་བསྒྲུབ་པ་པོ་རིག་སྔགས་དུ་མ་བསྒྲུབ་པའི་སྣོད་ཅན། སྔོན་མནོས་པའི་རིག་སྔགས་ལ་མ་གཏོགས་པ་དེ ་ལས་གཞན་པོའི་རིག་སྔགས་ལ་མེ་ཏོག་བབ་ན།། རིག་སྔགས་གཉིས་བཟླས་བརྗོད་བྱེད་པའི་གོ་སྐབསུ་འགྱུར་དུ་འོང་བའི་ཕྱིར་རོ།། རྣམ་པ་གཅིག་ཏུ་ནཱ་རིག་སྔགས་གང་ཡང་རུང་བ་ཞིག་བཟླས་བརྗོད་བྱེད་ཅིང་དེ་ལས་གཞན་པའི་རིག ་སྔགས་ཁྱད་པར་དུ་བསད་ན། ཕུང་པོ་འབྱུང་བར་འགྱུར་ཏེ། དེ་སྐད་དུ། གླང་ལ་མེ་ཏོག་བབ་པའང་།། དེ་ཉིད་བསྒྲུབ་བྱའི་རིག་སྔོགས་གཞན།། བཟླས་བརྗོད་བྱས་ན་བརླག་པར་འགྱུར།། ཞེས་གསུང་སོ།། དཀྱིལ་འཁོར་གསུམ་དུ་སློབ་མ ་གཟུང་པོའི་ཆོ་ག་འདི་ཡང་། རྒྱུད་འདི་ལས་གཞུང་འདི་ཁོ་ནས་བསྟན་ཏེ། ཇི་སྐད་དུ། སློབ་མ་དཀྱིལ་འཁོར་དྲུང་པོ་ཀུ་ག་སྟེ།། སྔགས་པ་ཡིས་ནི་བསང་གཏོར་བྱ།། དྲི་དང་མེ་ཏོག་སྦྱིན་པར་བྱ།། དེ་བཞིན་གཤེགས་པ་དྲན་བྱས་ནས།། བྱང་ཆུབ ་སེམས་ཀྱང་འཛིན་དུ་གཞུག། དེས་ན་རྒྱལ་བའི་རིགས་དགེ་ལ།། ཐམས་ཅད་རབ་ཏུ་སྐྱེས་པར་འགྱུར།། ཆོས་ཀྱི་དབྱིངས་ལས་སྐྱེས་པ་ཡི།། ཕྱག་རྒྱ་དེ་དག་རྣམས་ལ་བཅིང་།། ཆོས་ཀྱི་འཁོར་ལོ་བཅིངས་ནས་ནི།། རྡོ་རྗེ་སེམས་དཔར་བྱིན་གྱིས་བརླ ་དེ་ནས་སངས་རྒྱས་ཀུན་གྱི་ནི།། དམ་ཚིག་སྡོམ་བརྩོན་བདག་གིས་བཅིང་།། དེ་ཚེ་སྔོགས་པས་ཆོ་ག་བཞིན།། རས་ལ་ལན་གསུམ་གདབ་པར་བྱ།། སྙིང་རྗེར་གྱུར་པའི་ཡིད་ཀྱིས་སུ།། དེ་དག་གི་ནི་གདོང་ཡང་དག་པ།། དམ་ཚིག་ལན་གསུམ་བཟླས ་ནས་ནི།། སྤྱི་བོར་ཡི་གེ་ར་ཞེས་བྱ།། ཀླད་ཀྱི་འཁོར་བཅས་བརྗིད་དང་ལྡན།། འབར་བའི་ཕྲེང་བ་རྣམ་པར་འཕྲོ།། ཟླ་བ་འཆར་ཀ་ལྟ་བུ་ཡི།། ཁ་དོག་དཀར་པོ་བཞག་པར་བྱ།། སྐྱོབ་པ་ཀུན་གྱི་སྤྱན་སྔར་ནི།། དེ་ནས་མེ་ཏོག་འདོར་དུ་གཞུག། མེ་ཏོག ་གང་ལ་ཐོབ་པ་དེ།། སྔགས་པོས་དེ་ལ་སྦྱིན་པར་བྱ།། དཀྱིལ་འཁོར་དང་པོའི་སྒོ་ཡི་དྲུང་།། སྒོ་ཁྱུད་ཀྱི་ནི་དབུས་ཀྱི་ཆ།། དཀྱིལ་འཁོར་གྱི་ནི་སྒོ་གཉིས་ཀྱི།། བར་དུ་སློབ་མ་གཟུང་བར་བྱ།། དོར་གནས་པ་ལ་ཚེ་ག་ཀུནྡ། རིམ་པ་བཞིན་དུ་ལོགས ་བཔར་བྱ།། ཞེས་གསུངས་པ་ལྟ་བུ་ཡིན་ཏོ།། འདི་ནི་དཀྱིལ་འཁོར་གསུམ་ཆར་དུ་འཇུག་པའི་སྤྱིའི་ཆོ་ག་ཡིནོ།། གསང་བའི་དཀྱིལ་འཁོར་དུ་འཇུག་པ་ལ་ནི་ཁྱད་པར་དུ་ཆོ་ག་གཞན་བསྟོན་པས་དེ་བརྗོད་པར་བྱ་སྟེ། རེ་ཞིག་དང་པོར་སྙིང་རྗེ་ཆེན ་པོ་ཅན་དང་། ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་སློབ་མ་སྔར་བཤད་པའི་ཆོ་ག་ཁོ་ནས་གསང་བའི་དཀྱིལ་འཁོར་དུ་བཅུག་ལ། དེའི་ནང་དུ་ལེགས་པར་བཞག་ནས་དེའི་སྙིང་གར་ར་ཞེས་བྱ་བའི་མེའི ་དཀྱིལ་འཁོར་ལ་གནས་པ་འབར་བའི་ཕྲེང་བས་འཁྲིགས་པ་རྣམ་པར་བསམ་སྟེ། དེའི་འབར་བས་དེའི་ལུས་ཐམས་ཅད་ཐལ་བར་བརླག་པར་བསམ་པར་བྱའོ།། ཐལ་བའི་དབུས་སུ་ས་བོན་དུ་གྱུར་པའི་ཡི ་གེ་ཨོཾ་ཞེས་བྱ་བ་མེ་ཏོག་ཀུནྡ་དང་ཟླ་བ་ལྟ་བུར་དཀར་བ་རྣམ་པར་བརྟག་པར་བྱ་སྟེ། དེས་ཀྱང་ལུས་དེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུར་བསྒྲུབས་ནས། དེའི་གདན་པདྨ་ལ་རིག་པའི་རྒྱལ་པོ་ཆོ་ག་ཡན་ལག་བཅུ་གཉིས་འབྱུང ་བར་བསམ་པར་བྱའོ།། སློབ་མཱ་ལ་ཡང་ཁྱོད་ཉིད་ཀྱིས་ཀྱང་འདི་ལྟར་བསྒོམས་ཤིག་བྱ་བའི་ལུང་འདི་བསྒོ་བར་བྱ་སྟེ། དེ་སྐད་དུ། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་གསུངས་པ། ཀུན་ཏུ་བསླབ ་བའི་སྔགས་པ་ནཱི།། གསྟང་བའི་དཀྱིལ་འཁོར་ལ་མཁས་པས།། དེ་ཚེ་སློབ་མའི་སྡིག་པ་ཀུན།། ཆོ་ག་བཞིན་དུ་བསྒྲོག་པར་བྱ།། ཅི་ནས་སླར་ཡང་མི་སྐྱེ་བར།། དེའི་འཚོ་བའང་བསྲེགས་པར་བྱའོ།། བསྲེགས་ཏེ་ཐལ་བར་གྱུར་ནས་ཀྱང་།། དེ་ནི་སླར་ཡང ་གསོ་བར་བྱ།། ཡི་གེ་ཡིས་ནི་མི་འགྱུར་བསྲེག། འཚོ་བས་སླར་ཡང་གསོ་བར་བྱ།། འཚོ་བས་ཐམས་ཅད་གསོས་པ་ནི།། ཀུན་ཏུ་དག་ཅིང་དྲི་མ་མོད།། ཡན་ལག་བཅུ་གཉིས་ཚིག་རྣམས་ནི།། དེ་ཡི་སྣོད་ལ་དགོད་པར་བྱ།། བྱང་ཆུབ་སེམས ་དཔའ་སྐྱོབ་རྣམས་དང་།། སངས་རྒྱས་རྣམས་ཀྱི་དམ་ཚིག་ནི།། སངས་རྒྱས་རྣམས་དང་ཉན་ཐོས་དང་། འཇིག་རྟེན་རྣམས་ཀྱིས་བསྒྱུར་བ་ཡིན།། གསང་བའི་དཀྱིལ་འཁོར་དབུས་གནས་པའི།། དམ་ཚིག་འདི་ནི་སུས་རིག་པོ།། རྒྱུད་རྣམས་ཀུན་ཏུ ་ཞུགས་པ་དང་།། དཀྱིལ་འཁོར་ཀུན་ལ་དབང་བ་ཡིན།། སྔགས་པ་དེ་ནི་རྭ་དང་འདྲ།། དམ་ཚིག་ཅེས་ནི་གཞན་མི་བྱ།། ཅེས་གསུངས་པ་ལྟ་བུ་ཡིན་ནོ།། དྲིའི་དོན་ནི་ཀུན་ཏུ་བསླབས་པའི་སྔགས་པ་ནི།། གསང་བའི་དཀྱིལ་འཁོར་ལ་གནས ་བས།། ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་དཀྱིལ་འཁོར་བྱི་བའི་ཆོ་ག་དང་། རིག་སྔགས་དང་གསང་སྔགས་ཐམས་ཅད་བསྒྲུབ་པའི་ཡན་ལག་གི་ཆོ་ག་དགྲ་ལཱ།། ཐོས་པ་དང་བསམ་པ་དང་བསྒོམས་པ་ལས་བྱུང་བའི ་ཤེས་རབ་ཀྱིསོ།། ཅི་ནུས་སུ་ནན་ཏན་དུ་བསླབས་པ་ཞེས་བྱ་བར་དགོངས་པ་ཡིནོ།། དེའི་ཚེ་སློབ་མའི་སྡིག་པ་ཀུན།། ཆོ་ག་བཞིན་དུ་བསྲེག་པར་བྱ།། ཞེས་བྱ་བ་ལ་འདིར་སྡིག་པ་ཞེས་བྱ་བའི་སྒྲ་ནི་འདིར་ནི་མི་འདོད་པའི་ལས་ཀྱི་བག་ཆགས ་ངན་སོང་བ་ཡིན་པར་དགོངས་པ་ཡིན་ནོ།། དེ་སྲེག་པ་ནི་སློབ་མའི་རྒྱུད་ལས་བསྔལ་བ་ཡིན་ནོ།། དེ་ལ་དགོངས་པ་ནི་སློབ་མའི་སྙིང་གར་ཆོས་ཀྱི་དབྱིངས་ཀྱི་ཡི་གེ་དགོད་པ་དང་དེའི་དོན་སེམས་པའི་སྒོ་ནས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ ་བརྟག་པར་བྱ་ཞིང་སློབ་མ་ཡིས་ཀྱང་དེ་བཞིན་ཉིད་དུ་བདག་ཉིད་ལ་མིས་པར་བྱ་སྟེ། དེའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་མོས་པ་ནི་མི་འདོད་པའི་ལས་ཀྱི་བག་ཆགས་ཀྱི་མི་མཐུན་པའི་ཕྱོགས་ཡིན་པས། སྡིག་པ་ཀུན་ཆོ་ག་བཞིན་བསྲེག་པར ་བྱ་ཞེས་བཤད་པ་ཡི་ནོ།། དེའི་འཚོ་བའང་བསྲེག་པར་བྱ་ཞེས་བྱ་བ་ལ་འཚེ་བ་ནི་རང་གི་ལུས་ལ་བྱ་སྟེ། དེ་བས་ན་དགོངས་པ་ནི་ཆོས་ཀྱི་དབྱིངསུ་མོས་པ་སྡིག་པའི་བག་ཆགས་ཀྱི་གཉེན་པོ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་རང་གི་ལུས་སུ ་སྣང་བའི་གཉེན་པོ་ཡང་ཡིན་ནོ་སྙམ་པ་འདི་ཡིན་མོ།། ཅི་ནས་སླར་ཡང་མི་སྐྱེ་བར་ཞེས་བྱ་བ་ནི་སློབ་དཔོན་དང་སློབ་མ་དག་ཆོས་ཀྱིས་དབྱིངསུ་ཤིན་ཏུ་མོས་པ་སྟོན་པར་བྱེད་དོ།། བསྲེགས་ཏེ་ཐལ་བར་གྱུར་ནས་ཀྱང་། ་ཞེས་བྱ་བ་འདིས་ནི་ཆོས་ཀྱི་དབྱིངས་ཀྱི་ཡི་གེ་སྙིང་གར་དགོད་པ་དེའི་དོན་སེམས་པའི་སྒོ་ནས་སློབ་མ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་བྱིན་གྱིས་བརླབས་པར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི་རོ་ཞེས་བྱ་བ་སྙིང་གར་བཀོད་པ་འབར་བའི་ཕྲེང་བས ་འཁྲིགས་པ་དེ་ཁོ་ནས་སློབ་མ་ཐལ་བར་རླགས་པ་ཡང་རྣམ་པར་བསམ་པར་བྱ་བ་འདི་སྟོན་པར་བྱེད་དོ།། དེ་ནི་སླར་ཡང་གསོ་བར་བྱ་ཞེས་བྱ་བ་ནི་ཡང་རང་གི་ལུས་སུ་སྣང་བར་བྱའོ།། སྙམ་དུ་དགོངས་པ་ཡིན་ནོ།། དེའི་འཚོ་བའང་བསྲེག་པར་བྱ་ཞེས ་གང་གསུངས་པ་གང་གིས་བསྲེག་པར་བྱ་བ་མ་གསུངས་པས་དེའི་ཕྱིར། ཡི་གེ་ཡིས་ནི་མི་འགྱུར་བསྲེག་བྱ་བ་གསུངས་ཏེ། དེ་ལོ་ཡི་གེ་ཡིས་ཞེས་བྱ་བ་ནི་རེ་ཞེས་བྱ་བ་མོའི་དཀྱིལ་འཁོར་ལ་གནས་པས་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ།། མི ་འགྱུར་བསྲེག་ཅེས་བྱ་བ་ནི་ངོ་བོ་ཉིད་ལོས་མི་འགྱུར་བས་ན་མི་འགྱུར་བའོ།། བསྲེགས་པ་ནི་ལེགས་པར་བསྲེགས་ཅེས་བཤད་པ་ཡིན་ནོ།། ད་ནི་སླར་ཡང་གསོ་བར་བྱ་ཞེས་བཤད་ཀྱི། ཇི་ལྟར་གསོ་བར་བྱ་བ་ནི་མ་བཤད་པས་དེའི་ཕྱིར། 2 ་བས་སླར་ཡང་གསོ་བར་བྱ་ཞེས་གསུངས་སོ།། དེ་ལ་འཚོ་བ་ཞེས་བྱ་བ་ནི་འདིར་ཨ་ཞེས་བྱ་བ་ཡི་གེ་ཐམས་ཅད་ཀྱི་འཚོ་བ་ཡིན་པར་བཤད་དེ། ཇི་སྐད་དུ། ཨ་ཞེས་བྱ་བ་འཚོ་བར་བཤད།། ཀུན་ཏུ་གཙོ་བོ་དབང་ཕྱུག་ཡིན།། ཞེས་གསུངས ་བ་ལྟ་བུ་ཡིན། དེའི་ཕྱི་ཨ་ཞེས་བྱ་བས་རྣམ་པར་སྣང་མཛད་ཀྱི་སྒྲར་བྱིན་གྱིས་བརླབ་པར་བྱར་སྙམ་དུ་དགོངས་པ་ཡིན་ནོ། ཉུ་ཀྱི་ཕྱིར་འཚབ་བདགས་པ་འི་ཀུན་ག་ཅི་བྲྀ་དྲེ་བྱེ་བ་གསུངས་ཏེ། འདི་ནི་གདན་པདྨ་ལ་བཅུགས་པའི་བྱིན་གྱིས་བཅཝ ་བར་བྱ་བ་ཡིན་ནོ།། པདྨོ་དེའི་འདབ་མ་དག་ལ་རིག་པའི་རྒྱལ་པོ་ཚིག་ཡོན་ལག་བཅུ་གཉིས་པོ་འབྱུང་བར་བསམ་པར་བྱ་སྟེ། དེའི་ཕྱིར་ཡན་ལག་བཅུ་གཉིས་ཚིག་རྣམས་ནི།། དེའོ་སྣོད་ལ་དགོད་པར་བྱ།། ཞེས་བྱ་བ་གསུངས་ཏེ། སྣོད་ནི་འདིར་སྟན ་ཡིན་པར་བཤད་དོ།། དེ་ལྟ་བས་ན་རིམ་པ་འདིས་སློབ་མ་རྣམ་པར་སྣང་མཛད་ཀྱི་སྐུར་བསྒྲུབ་པ་གང་ཡིན་པ་དེ་ཉིད་འདིར་མི་རུང་བའི་དོན་ཏམ་རྟོགས་པར་བྱ་བའི་དོན་གྱིས་དམ་ཚིག་ཡིན་ནོ།། གཞན་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི ་གཟུགས་ཀྱི་སྐུར་མོས་པར་བྱས་པའི་དམ་ཚིག་གང་ཡིན་པ་འདི་ནི་དམ་ཚིག་ཅན་གྱིས་བཀུར་ཞིང་མངོན་པར་འདོད་པ་ལ་འདའ་བར་བྱ་བ་མ་ཡིནོ་ཞེས་བྱ་བའི་ཐ་ཚིག་སྟེ་དེ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྐྱོ་བ་རྣམས་དང་།། སངས་རྒྱས་རྣམས་ཀྱི ་དམ་ཚིག་འདི།། སངས་རྒྱས་རྣམས་དང་ཉན་ཐོས་དང་།། འཇིག་རྟེན་རྣམས་ཀྱིས་བཀུར་བ་ཡིན།། ཞེས་གསུང་སོ།། རྣམ་པར་སྣང་མཛད་ཀྱི་སྐུའི་མཚོན་ཉིད་ཀྱི་དམ་ཚིག་འདི་ཡང་གསོང་པོའི་དཀྱིལ་འཁོར་གྱི་ནང་ཁོ་ནར་བྱིན་གྱིས་བརླབ་པའི་དམ ་ཚིག་ཞེས་བྱའི་གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གསང་བའི་དཀྱིལ་འཁོར་དབུས་གནས་པའི།། དམ་ཚིག་འདི་ནི་སུས་རིག་པ།། ཞེས་བྱ་བ་གསུངསོ།། གསང་བའི་དཀྱིལ་འཁོར་གྱི་ནང་དུ་བྱས་པའི་དམ་ཚིག་འདིའི་ཕན་ཡོན་བསྟན ་བའི་ཕྱིར། རྒྱུད་རྣམས་ཀུན་ཏུ་ཞུགས་པ་དང་།། དཀྱིལ་འཁོར་ཀུན་ལ་དབང་བ་ཡིན།། ཞེས་བྱ་བ་གསུངས་ཏེ་དེ་ལ་རྒྱུད་རྣམས་ཀུན་ཏུ་ཞུགས་པ་དང་། ཞེས་བྱ་བ་འདི་ནི་རྒྱུད་ཐམས་ཅད་ཀྱི་དཀྱིལ་འཁོར་དག་ཏུ་དམ་ཚིག་ཅན་དག་ཏུ ་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ།། དཀྱིལ་འཁོར་ཀུན་ལ་དབང་བ་ཡིན་ཞེས་བྱ་བ་ནི། རྒྱུད་ཐམས་ཅད་ཀྱི་དཀྱིལ་འཁོར་ཀུན་ལ་དབང་བ་ཡིན་ཞེས་བྱ་བ་ནི་རྒྱུད་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་སློབ་དཔོན་དུ་འགྱུར་རོ་ཞེས་བཤད་པར་འགྱུར་རོ།། གོང་དུ་འཚེ ་བུས་ཐམས་ཅད་གསོས་པ་ནི། ཀུན་ཏུ་དག་ཅིང་དྲི་མ་མེད།། ཅེས་བཤང་པོའི་ཚིག་འདི་སློབ་མ་རྣམ་པར་སྣང་མཛད་ཀྱི་སྐུར་བྱའོ་ཞེས་གསལ་བར་ཀུན་ཏུ་མ་བསྟན་པས། སྔགས་པ་དེ་ནི་ང་དང་འདྲ།། དམ་ཚིག་ཅན་ནི་གཞན་མི་བྱ།། ཞེས་བྱ་བ་གསུངས ་ཏེ། འདིའི་དོན་ནི་སློབ་མ་དེས་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུར་བསྒོམ་པར་བྱའོ་ཞེས་བྱ་བ་ཡིན་ནོ།། ད་ནི་དབང་བསྐུར་བའི་རིམ་པ་ཀུན་ནས་བཏུ་བར་བྱ་སྟེ། དེ་ལ་དབང་བསྐུར་བའི་སྒྲའི་དོན་ནི་འདི་ཡིན་ཏེ། དཀྱིལ་འཁོར་གྱི་ལྷ ་བྲིས་པའི་རྣམས་ཀྱི་མདུན་དུ་ཤེས་པར་བྱ་བའི་ཁྲུས་གང་ཡིན་པ་དེ་ནི་དབང་བསྐུར་བ་ཞེས་བྱ་བའི་ཚིག་གི་དོན་ཡིན་ནོ།། དབང་བསྐུར་བ་དེ་ཡང་སློབ་མ་ཇི་ལྟ་བུ་ཞིག་ལ་བྱ་བ་དང་། ཅི་ལྟར་བྱ་བ་དང་། ཅིའི་ཕྱིར་བྱ་བ་ཞེས་བྱ་བ་འདི་གསུམ་བརྗོད་པར་བྱ་སྟེ། ་དེ་ལ་རྒྱུད་འདི་ལས་དབང་བསྐུར་བར་འོས་པའི་སློབ་མ་གཉིས་ཀྱི་མཚན་ཉིད་གསུངས་ཏེ། འདི་ལྟ་སྟེ། དམ་ཚིག་གི་དཀྱིལ་འཁོར་མཐོང་བ་བྱང་ཆུབ་ཀྱི་སེམས་ལེགས་པར་གོམས་པར་བྱས་པ་ཉིད་ཀྱིས་ཤེས་རབ་ཟབ་མོ་དང་ལྡན་པ་ཐོས་པ་དང ་བསམས་པ་ལས་བྱུང་བའི་ཤེས་རབ་ཤིན་ཏུ་རྣམ་པར་ངེས་པས་རིག་སྔགས་དང་གསང་སྔགས་དང་། རྒྱུད་དང་རྟོག་པ་ལ་སོགས་པའི་དོན་གྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་ཐེག་པ་ཆེན་པོའི་ཚུལ་ཟབ་མོ་ལ་མོས་པ་ལས་བྱུང་བའི་བློས་མོས་པ་ཤིན ་ཏུ་བརྟན་པར་བྱས་པའི་སློབ་མ་འདི་ནི་དབང་བསྐུར་བར་འོས་པ་གཅིག་ཡིན་ནོ།། གཉིས་པ་ནི་དམ་ཚིག་གི་དཀྱིལ་འཁོར་མཐོང་བ་དེ་བཞིན་དུ་རིག་སྔགས་དང་གསང་སྔགས་དང་རྒྱུད་དང་རྟོགས་པ་དག་ལ་ཐོས་པ་དང་བསམ་པ་གོམས་པས་སེམས་ཀྱི་རྒྱུད ་ཤིན་ཏུ་དྲི་མ་མེད་པར་བྱས་པ། བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་དུ་མ་གྱུར་པའི་ཕྱིར། དམིགས་པ་ཅན་ཉིད་ཀྱིས་ཕྱིའི་བྱ་བ་ལ་མངོན་པར་ཞེན་པ་ཡིན་ཏེ། དེ་གཉིས་ཀྱི་མཚན་ཉིད་ཀྱང་རྒྱུད་འདི་ལས་སློབ་དཔོན་རབ་ཏུ་དབྱེ་བ་བསྟན་པ་ཁོ་ན་ལས་ཁོང་དུ ་ཆུད་པར་བྱའོ།། དེ་ལས་ནི་སློབ་མོ་ཤེས་རབ་ཟབ་མོ་ལ་མོས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དག་བྲི་བར་བྱ་བའི་སློབ་དཔོན་ཉིད་དུ་དབང་བསྐུར་བར་བྱ་བ་ནི་གཅིག་ཡིན་ནོ།། དེ་ལས་གཞན་པ་ནི་འཇིག་རྟེན་པའི་དཀྱིལ་འཁོར ་གྱི་སློབ་དཔོན་དུ་དབང་བསྐུར་བར་བྱ་བ་ཡིན་ནོ་ཞེས་བཤད་དོ།། ཇི་སྐད་དུ། གསང་སྔགས་ཕྱག་རྒྱ་རྟོག་ཤེས་པའི།། སློབ་དཔོན་རྣམ་པ་གཉིས་ཞེས་བྱ།། ཟ་བ་དང་མི་ཟབ་བྱེ་བྲག་ལས།། དེ་ཡིས་མཚན་ཉིད་ཤེས་པར་བྱ།། ཟབ་མོ་རྒྱ་ཆེན་ཤེས་པར་བྱ།། ལུས ་ཅན་རྣམས་ནི་ཡིད་མི་རྟོན།། སངས་རྒྱས་རྣམས་ཀྱི་སྲས་མཆོག་སྟེ།། མཐོང་བའི་ཆོས་ནི་རྣམ་པར་སྤངས།། གཉིས་པ་མཐོང་བའི་ཆོས་རྣམས་ཀྱིས།། མོས་པར་གྱུར་པ་དམིགས་པ་ཅན།། སངས་རྒྱས་རྐང་གཉིས་མཆོག་རྣམས་ཀྱིས།། འཇིག་རྟེན ་པའི་དཀྱིལ་འཁོར་ཀུན།། དེ་ཡིས་བྲི་བར་བྱ་བའི་ཕྱིར།། རྗེས་སུ་གནང་ཞིང་དབང་ཡང་བསྐུར།། ཞེས་གསུངས་པ་ལྟ་བུ་ཡི་ནོ།། འདིར་འཇིག་རྟེན་པའི་དཀྱིལ་འཁོར་ཀུན། དེ་ཡིས་བྲི་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་གོང་དུ་འཇིག་རྟེན ་ལས་འདས་པའི་དཀྱིལ་འཁོར་ཚོན་དགྱེ་བ་ལ་སོགས་པའི་བྱ་བ་ལ་ལྟོས་པ་དང་བཅས་པ་དག་ཁོ་ན་འཇིག་རྟེན་པ་ཞེས་བྱའོ་ཞེས་བཤད་པ་ཡིན་ནོ།། དཀྱིལ་འཁོར་འདི་ནི་མཐོང་བ་ལས།། དམ་ཚིག་ཤེས་པ་གཅིག་ཅེསོ་བྱ།། དེ་ལ་ཕྱག་རྒྱ་མི་བསྟན་ཅིང་།། ་སྔགས་ཀྱང་སྦྱིན་པར་མི་བྱའོ།། བྱང་ཆུབ་སེམས་ཀྱི་བྱེ་བྲག་ལོས།། སྔགས་དང་ཕྱག་རྒྱ་ཡོངསུ་གཟུང་།། ཞེས་བཤད་པ་མོ་ཡིན་ནམ། འདི་ལྟར་དམིགས་པ་དང་བཅས་པ་བྱང་ཆུབ་ཀྱི་སེམས་མ་གོམས་པ་ཉིད་ཀྱིས་སློབ་དཔོན་དུ་དབང་བསྐུར་བའི་གོ་སྐབ ་སུ་འགྱུར།། འདི་ལྟར་གང་ལ་ཕྱག་རྒྱ་དང་སྔགས་ཀྱང་མི་སྦྱིན་པའི་སློབ་མ་དམིགས་པ་ལ་སྤྱོད་པ་དེ་ལ། ཇི་ལྟར་སློབ་དཔོན་དུ་དབང་སྦྱིན་པར་བྱ་ཞེས་བརྗོད་ཅེ་ན་འདི་ནི་ཉེས་པ་མེད་དེ་འདི་ལྟར་ཚིག་འདི་ནི་སྒྲུབ་པ་པོ་ལ་དགོངས་པས་བཤད་པར་བྱ་བ ་ཡིན་ཏེ། སྐྱོབ་མ་གང་ཞིག་སྔགས་ཀྱི་དངོས་གྲུབ་སྒྲུབ་པར་འདོད་པ་དེ་ལ་བྱང་ཆུབ་ཀྱི་སེམས་མ་གོམས་པར་སྔགས་སྦྱིན་པར་མི་བྱའོ།། གང་ཞིག་དཀྱིལ་འཁོར་གྱི་སློབ་དཔོན་ཉིད་ཀྱིས་སེམས་ཅན་གྱི་དོན་བྱེད་པར་འདོད་པ་འམ་གསང་སྔགས་བཟླས་བརྗོད ་བྱེད་པ་ལ་སོགས་པས་བསོད་ནམས་སྒྲུབ་པ་དེ་ལ་བྱང་ཆུབ་ཀྱི་སེམས་མི་གོམས་ཀྱང་སྔགས་སྦྱིན་པར་བྱའོ་སྙམ་དུ་དགོངས་པ་ཡིན།། དེ་ལྟ་བས་ན་ཡང་དག་པར་བརྗོད་པའི་ཡོན་ཏན་དང་ལྡན་པའི་སློབ་མ་དམིགས་པ་ཅན་དང་། དམི ་བུ་མེད་པ་གཉིས་ཀ་ལ་ཡང་དཀྱིལ་འཁོར་གྱི་སློབ་དཔོན་གྱི་དབང་བསྐུར་བར་བྱའོ་ཞེས་བྱ་བར་གནསོ།། དཀྱིལ་འཁོར་དེ་ཡང་གོང་དུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བྱེ་བྲག་གིས་རྣམ་པ་གཉིསུ་བཤད་པ་ཡིན་ཏེ། འདི་ལྟར་གང་གི ་ཚེ་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་ཆེན་དགྱེ་བ་ལ་སོགས་པའི་ཕྱིའི་བྱ་བ་ལ་བལྟོས་པ་དང་བཅས་པ་དག་སྒྲུབ་པར་བྱེད་པ་དེའི་ཚེ་ནི་འཇིག་རྟེན་པའོ་ཞེས་ཐ་སྙད་འདོག་སོ།། འདི་ལྟར་རྒྱུད་འདི་ལས་གསང་སྔགས་མཉེས་པར་བྱ ་བའི་ཡན་ལག་ཕྱིའི་བཟླས་བརྗོད་དང་། སྦྱིན་སྲེག་དང་མཆོད་པ་ལ་སོགས་པ་སྒྲུབ་པར་གཞན་དག་བཤད་པའི་སྦྱིན་སྲེག་ལ་སོགས་པ་དེ་དག་གི་མཚན་ཉིད་ཀྱི་ཚིག་དག་ལ་ཡང་འཇིག་རྟེན་པའོ་ཞེས་བཤད་དེ། ཕྱིའི་མེ་ཏོག་ལ་སོགས་པའི་མཚན ་མ་ལ་བལྟོས་པོ་དང་བཅས་པའི་ཕྱིར་རོ།། སྙམ་དུ་དགོངས་པ་ཡིན་ནོ།། གང་གི་ཚེ་སློབ་དཔོན་གྱིས་སློབ་མ་སེམས་ཟབ་ཅིང་རྒྱ་ཆེ་བ་དང་སྐལ་བ་མཉམ་པ་རྣམས་ཁོ་ནའི་ཆེད་དུ། སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར ་དེ་ཉིད་དམ་དཀྱིལ་འཁོར་གཞན་ཡང་རུང་སྟེ། ཡིད་ཀྱི་བཤད་པ་མཚན་ཉིད་ཅན་ཡིད་ཀྱིས་བསྒྲུབས་ཏེ་སློ་བོ་མ་དེ་དག་ལ་དམ་ཚིག་སྦྱིན་པ་ལ་སོགས་པའི་བྱ་བ་ལ་འཇུག་པའི་ཚེ་ནི་རྒྱུད་འདི་ལས་དཀྱིལ་འཁོར་དེ་ཕྱིའི་བྱ་བ་ཚོན་དགྱེ་བ་ལ་སོགས ་པ་ལྟོས་པ་དང་བཅས་པ་མ་ཡིན་པ་ཉིད་ཀྱིས་འཇིག་རྟེན་ལས་འདས་པ་ཞེས་བཤད་དོ།། ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ།། དེ་ལྟར་ན་བྱང་ཆུབ་ཀྱི་སེམས་གོམས་པ་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་ནི་ཁྱད་པར་མེད་པར་འཇིག་རྟེན་པ་དང་འཇིག ་རྟེན་ལས་འདས་པའི་དཀྱིལ་འཁོར་གཉི་ག་བྲི་བར་དབང་བསྐུར་བ་ཁོ་ནར་རྗེསུ་དཔག་ལ། སློབ་མའང་དམིགས་པ་ཅན་ནི་འཇིག་རྟེན་པའི་དཀྱིལ་འཁོར་དག་ཁོ་ན་བྲི་བར་གནང་ངོ་།། ཞེས་བྱ་བར་རྗེསུ་དཔག་གོ།། ་དབང་བསྐུར་བ་དེ་ཡང་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་དག་ཏུ་རྣམ་པར་གསུམ་དུ་བསྟན་ཏོ།། ཚུལ་འདི་ལ་བཅོམ་ལྡན་འདས་ཀྱི་དགོངས་པ་ནི་སློབ་མ་དབང་བསྐུར་བ་རྣམ་པ་སུམ་ཆར་ཡང་རིམ་གྱིས་ཐོབ་ནས་སློབ ་དཔོན་གྱི་མཚན་ཉིད་ཡོངསུ་རྫོགས་པ་ལྡན་པར་འགྱུར་རོ་སྙམ་པ་ཡིན་པར་མངོན་ནོ།། དེ་ལ་དཀྱིལ་འཁོར་སུམ་ཚར་ཡང་དབང་བསྐུར་བ་ནོད་པའི་རིམ་པ་འདི་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་དང་པོར་སྙིང་རྗེ་ཆེན་པོ་ཅན་གྱི་དཀྱིལ་འཁོར་བྲིས ་པའི་མདུན་དུ། བྱང་ཆུབ་ཀྱི་སྙིང་པོ་དང་མཐུན་པར་བྱེད་པའི་དབང་བསྐུར་བའི་དཀྱིལ་འཁོར་བྲིས་པར་སློབ་མ་ཇི་ལྟར་རྩ་བའི་དཀྱིལ་འཁོར་དུ་འཇུག་པའི་ཚེ། རྡོ་རྗེ་སེམས་དཔའི་སྐུ་ཁོ་ནར་བྱིན་གྱིས་བརླབས་པ་ལྟ་བུ་ཁོ་ནས་སློབ་དཔོན་ཉིད་ཀྱིས་ཐམས་ཅད ་ཐོབ་པར་བྱ་བའི་ཕྱིར་དབང་བསྐུར་རོ།། དེ་ནས་དམ་གཽ་བསྒྲགས་པར་བྱ་སྟེ། འདིའི་སློབ་མ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་ཀྱི་སྙིང་པོར་དབང་བསྐུར་ཏེ། དང་པོ་ཡིན་པ ་ཁོང་དུ་ཆུད་པར་བྱའོ།། དབང་བསྐུར་འདིའི་མཚན་ཉིད་ཀྱང་། སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་བསྟན་པ་ལས་གསུངས་ཏེ། གསང་བའི་བདག་པོ་དེ་ལ་སློབ་དཔོན་གྱིས་རྩ་བའི་དཀྱིལ་འཁོར་གྱི་མདུན་དུ་བར་ཁྲུ་དོ་བར་ནས། ཕྱི་རོལ ་གྱིས་ལ་དཀྱིལ་འཁོར་གཉིས་པ་གྲུ་བཞི་པ་སྒོ་གཅིག་པ་བྲི་བར་བྱའོ།། གྲཝ་བཞིར་རྡོ་རྗེ་འཛིན་པ་བཞི་དགོད་དེ། བཞི་གང་ཞེ་ན། འདི་ལྟ་སྟེ། སྤྲོས་པ་མེད་པ་ལ་གནས་པ་དང་། ན་མཁའ་དྲི་མ་མེད་པ་དང་། དྲི་མ་མེད་པའི་མིག་དང་། གོས་སྣ ་ཚོགས་གོན་པ་རྣམ་སོ།། དབུས་སུ་པདྨ་ཆེན་པོ་འདབ་མ་བརྒྱད་པ་ཟོ་བ་དང་བཅས་པ་བཞག་སྟེ། འདབ་མ་བཞི་ལ་བྱང་ཆུབ་སེམས་དཔའ་གྲོགསུ་གྱུར་པ་སྔོན་གྱི་སྨོན་ལམ་གྱི་མཐུ་ཅན་བྲི་བར་བྱ་སྟེ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང་། དྲན་པ་དང ་ཤེས་བཞིན་ཅན་དང་། ཕན་པའི་ལྷག་པའི་བསམ་པ་ཅན་དང་སྙིང་རྗེ་ཅན་ནོ།། འདབ་མ་གཞན་རྣམས་ལ་ནི་ཕྱག་བརྙན་བཞི་བྲིས་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཀྱི་ཁྱད་པར་ལེ་སྤྱོད་པ་དང་། འདོད་པ་ཡོངསུ་རྫོགས་པར་བྱེད་པ་དང་། ་མ་ཆགས་པ་དང་རྣམ་པར་གྲོལ་བའོ།། དབུས་སུ་ནི་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་གཟུགས་བཞག་གོ།། དེ་ནས་རིན་པོ་ཆེའི་བུམ་པ་བཞི་རིན་པོ་ཆེ་དང་སྨན་ཐམས་ཅད་བླུགས་པ་ཀུན་ཏུ་བཟང་པོ་དང་བྱམས་པ་དང་། སྒྲིབ་པོ་ཐམས་ཅད ་རྣམ་པར་སེལ་བ་དང་། ངན་སོང་ཐམས་ཅད་སྤོང་བ་རྣམས་ཀྱིས་བྱིན་གྱིས་བརླབས་པོས་སྤྱི་བོ་ནས་དབང་བསྐུར་རོ།། པུདྨ་དམ་པ་དེ་ལ་ནི་སྔགས་པས་བདག་གིས་དེ་བཞག་ནས། སྤོས་དང་མེ་ཏོག་གིས་མཆོད་ནས།། མར་མེ་མཆོད་ཡོན་སྦྱིན་པར ་བྱ།། གདུགས་དང་རྒྱལ་མཚན་བ་དན་དང་།། རྔ་སྒྲ་ཡིད་དུ་འོང་བ་དང་།། བཀྲིས་རྒྱ་ཆེན་སྟོན་པ་ཡིས།། ཚིག་གིས་ལེགས་པར་མངོན་དགེའ་བྱ།། སྐྱོབ་པ་རྣམས་ཀྱི་སྤྱན་སྔ་རུ།། དེ་ནི་བསྒྲིམས་ཏེ་དབང་བསྐུར་རོ།། སྤོས་དང་མེ་ཏོག་བཟང་པོ་ཡིས།། ་དེ་ལ་ཡང་ནི་མཆོད་པར་བྱ།། དེ་ནས་གསེར་གྱི་ཐུར་མ་ནི།། ཐོགས་ཏེ་མདུན་དུ་འདུག་ནས།། སློབ་མའི་སྙིང་ལ་འབབ་པའི་ཚིག། འདི་སྐད་དུ་ནི་སྨྲ་བར་བྱ།། སྔོན་གྱི་མིག་མཁན་རྒྱལ་པོ་ཡིས།། འཇིག་རྟེན་ལིང་ཐོག་བསལ ་བ་བཞིན།། བུ་ཁྱོད་ཀྱིས་ནི་མི་ཤེས་པའི།། ལིང་ཏོག་རྒྱལ་བ་རྣམས་ཀྱིས་བསལ།། དེ་ནས་མེ་ལོང་བླངས་ནས་སུ།། ཆོས་ཀྱི་མཚན་ཉིད་བཤད་པར་བྱ།། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ།། དངས་ཤིང་དག་ལ་རྙོག་པ་མེད།། གཟུང་དུ ་མེད་ཅིང་བརྗོད་དུ་མེད།། རྒྱུ་དང་ལས་ལ་འབྱུང་བ་སྟེ།། ངོ་བོ་ཉིད་མེད་གནས་པ་མེད།། དེ་ལྟར་ཆོས་རྣམས་ཤེས་ནས་སུ།། སེམས་ཅན་དོན་ནི་མཉམ་མང་བྱོས།། འོན་ཏང་སངས་རྒྱས་སྲས་སུ་སྐྱེ།། དེ་ནས་རྐང་པའི་བར་འོག་ཏུ།། ཆོས་ཀྱི་འཁོར་ལ ་གཞག་པར་བྱ།། དེ་ནུས་ལག་པ་གཡས་པར་ཡང་།། ཤིན་ཏུ་བཟང་པོའི་དུང་བྱིན་ཏེ།། ཆོས་ཀྱི་དུང་ནི་བླ་མེད་པ།། ཀུན་ཏུ་རྒྱས་པར་བུས་ནས་ཀྱང་།། དེ་རེང་ཕན་ཆད་འཇིག་རྟེན་ལ།། སྐྱོབ་པ་རྣམས་ཀྱི་འཁོར་ལོ་བསྐོར།། སོམ་ཉེ་ཡིད་གཉིས་མི་བྱ་ཞིང་།། ་དོགས་པ་མེད་པའི་སེམས་ཀྱིས་ཁྱོད།། གསང་སྔགས་སྐྱོང་པོ་ཚུལ་གྱི་མཆོག། འཇིག་རྟེན་འདི་ལ་རབ་ཏུ་ཤོད།། ད་ལྟར་བྱས་ན་སངས་རྒྱས་ལ།། ཕན་འདོགས་བྱས་པ་གཟི་ཞེས་བྱའོ།། རྡོ་རྗེ་འཛིན་པ་དེ་ཀུན་ཡང་།། ཁྱོད་ལ་རྣམ་པ་ཀུན་ཏུ་བསྲུང་།། ཞེས ་གང་གསུངས་པ་ཡིན་ནོ།། དེ་ལ་རིན་པོ་ཆེའི་བུམ་པ་བཞི་ཞེས་བྱ་བ་ནི། རིན་པོ་ཆེ་ཁ་དོགས་དཀར་པོ་དང་སེར་པོ་དང་དམར་པོ་དང་སྔོན་པོ་སྣང་བ་ལས་བྱས་པའམ། དེ་དང་མཐུན་པར་ཁམ་པ་ལ་བྱས་པ་དག་སྙམ་དུ་དགོངས་པ་ཡིན།། བུམ་པ ་ཀུན་ཏུ་བཟང་པོ་དང་། བྱམས་པ་དང་། སྒྲིབ་པ་རྣམ་པར་སེལ་བ་དང་། ངན་སོང་ཐམས་ཅད་སྤོང་བ་རྣམས་ཀྱིས་བྱིན་གྱིས་བརླབས་པས་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སྐལ་ལྡན་དེ་དག་གིས་མིང་དོན་དང་མཐུན་པ་དག་ཁོ་ནས་བུམ ་པ་བཞིའི་དབང་བསྐུར་བར་དགོངས་པར་བཤད་པ་ཡིན་ཏེ། འདི་ལྟར་ངན་སོང་བའི་ལས་ཐམས་ཅད་ཟད་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ངན་སོང་ཐམས་ཅད་སྤོང་བས་བྱིན་གྱིས་བརླབས་པའི་བུམ་པས་དབང་བསྐུར་རོ།། དེ་བཞིན་དུ ་ཉོན་མོངས་པ་ཐམས་ཅད་རྣམ་པར་གནོན་པའི་ཕྱིར་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་བུམ་པས་དབང་བསྐུར་རོ།། དེའི་ཕྱིར་དབང་བསྐུར་བ་འདི་དག་གཉིས་ནི་འཁོར་བའི་ཉེས་པ་ཐམས་ཅད་རྣམ་པར་བཟློག་པའི་ཕྱིར། ལས་དང་ཉོན ་མོངས་པ་ཐམས་ཅད་འཇོམས་པའི་གཉེན་པོའི་ས་བོན་བཏབ་པ་ཡིནོ།། ཀུན་ཏུ་བཟང་པོའི་བྱིན་གྱིས་བརླབས་པའི་བུམ་པོས་དབང་བསྐུར་བས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངསུ་རྫོགས་པའི་གནས་སྐབས་ཀྱི་ས་བོན་བཏབ ་པ་ཡིནོ།། བྱམས་པས་བྱིན་གྱིས་བརླབས་པའི་བུམ་པས་དབང་བསྐུར་བས་ནི་རྒྱལ་ཚབ་ཀྱི་སྒོ་ཐོབ་པའི་ས་བོན་བཏབ་པ་ཡིན་ནོ།། དེའི་ཕྱིར་དབང་བསྐུར་བ་འདི་གཉིས་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཇེད་ཀྱི་གོ་འཕང་འཐོབ་པའི་རྒྱུའི ་ས་བོན་བཞག་པ་བྱས་པ་ཡི་ནོ།། ཞེས་བྱ་བར་བལྟ་བར་བྱའོ།། དེའི་ཕྱིར་སློབ་དཔོན་གྱི་རིམ་པ་འདི་ཉིད་ཀྱིས་བུམ་པ་དག་གིས་དབང་བསྐུར་བར་བྱ་ཞིང་། དོན་དེ་ལྟ་བུ་དང་ལྡན་པའི་ཚིག་དག་གིས་མངོན་པར་དགའ་བར་སྔོན་དུ་འགྲོ་བ་བརྗོད་པ ་བུམ་པས་དབང་བསྐུར་བར་བྱའོ་ཞེས་ཁོང་དུ་ཆུད་པར་བྱའོ།། དེ་ལྟར་དབང་བསྐུར་བའི་སློབ་མ་ཡང་རྩུ་བའི་དཀྱིལ་འཁོར་གྱི་ནང་དུ་བཅུག་སྟེ་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་དོན་དུ། གོང་དང་མཐུན་པར་བྱས་ན ་སྔགས་རྣམས་མཉེས་པར་བྱས་པ་དང་། དཀྱིལ་འཁོར་རྣམས་བྲི་བར་བྱ་བ་ལ་དབང་བསྐུར་བར་འགྱུར་བ་ལ་ལུས་དང་ངག་དང་ཡིད་ཀྱིས་བསླབ་པ་དགེ་བ་དང་། མི་དགེ་བ་ལ་འཇུག་ཅིང་ལྡོག་པའི་ངོ་བོ་དམ་ཚིག་ཅེས་བྱ་བ་ནོད་དུ་གཞུག་གོ།། ་བསླབ་པ་དེ་ནི་འདིས་དངོས་གྲུབ་ལ་སོགས་པ་ཀུན་ནས་ཐོབ་པར་འགྱུར། རྟོགས་པར་འགྱུར་བས་རྒྱུད་འདི་ལས་དམ་ཚིག་ཅེས་བཤད་དོ།། དེ་ཉིད་འདའ་བར་མི་རུང་བའི་དོན་གྱིས་ཀྱང་དམ་ཚིག་ཅེས་བྱ་བ་བསྟན་ཏོ།། དོམ་ཚིག་དེ་ནོད་པའི་ཚེ ་ག་ནི། དེ་ནས་སློབ་མ་དེ་བསླང་ལ།། སྔགས་པ་སྙིང་རྗེར་གྱུར་པ་ཡིས།། ཡིད་ཀྱི་ནང་དུ་བཅུག་ནས་ནི།། དེ་ལ་དམ་ཚིག་བསྟན་པར་བྱ།། དེ་རིང་ཕན་ཆད་ཁྱོད་ཀྱིས་ནི།། དམ་པའི་ཆོས་དང་བྱང་ཆུབ་སེམས།། སྲོག་གི་ཕྱིར་ཡང་ད་ཕྱིན་ཆད།། ཡོངསུ ་བཏང་བར་མི་བྱའོ།། ཁྱོད་ཀྱི་སེར་སྣ་དང་ནི་གང་།། སེམས་ཅན་གནོད་པར་མི་བྱའོ།། དམ་ཚིག་འདི་དག་སངས་རྒྱས་ཀྱི།། བརྟུལ་ཞུགས་བཟང་པོ་ཁྱོད་ལ་བོ་ཤད།། ཇི་ལྟར་བདག་གི་སྒྲོག་བསྲུང་བ།། དེ་ལྟར་ཁྱོད་ཀྱིས་འདི་དག་བསྲུངས།། ཞེས་བྱ ་བ་གསུངས་པ་ཡིན་ནོ།། སློབ་དཔོན་གྱི་དམ་ཚིག་བསྒོ་བ་དང་། སློབ་མས་ཁ་སོ་བླང་བའི་ལུང་ནི།། སློབ་མས་བླ་མའི་རྐང་པ་ལ།། ད་ཅིང་གུས་པས་ཕྱག་བྱས་ནས།། ཤིན་ཏུ་ངེས་པའི་ཡིད་ཀྱིས་ནི།། དེ་དག་ཐམས་ཅད་ཁས་བླང་ངོ་།། ཞེས ་གསུངས་པ་ཡིན་ནོ།། དེ་ལྟར་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་མནོས་པའི་སློབ་མ་དེའི་འོག་ཏུ་ཡི་གེ་འཁོར་ལོ་བསྐུར་བའི་དཀྱིལ་འཁོར་བྲིས་པ་དེའི་མདུན་དུ་དབང་བསྐུར་བར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས ་ཀྱི་ཡི་གེས་ས་བོན་བྱས་པའི་པདྨ་ཅན་གྱི་དཀྱིལ་འཁོར་བྲིས་པར་འདུག་ཏུ་བཅུག་ལ། སློབ་མ་ཡན་ལག་ཐམས་ཅད་འབྱུང་བའི་ཕྱག་རྒྱས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ལོངས་སྤྱོད་རྫོགས་པོའི་སྐུ་འོག་ནས་འབྱུང་པོའི ་རིམ་གྱིས་ཡི་གེ་དགོད་པ་སྔོན་དུ་འགྲོ་བ་ཅན་གྱི་སྐུར་བྱིན་གྱིས་བརླབས་ཏེ། རིན་པོ་ཆེ་སྣ་བཞིའི་བུམ་པ་སྔ་མ་བཞིན་དུ། བྱང་ཆུབ་སེམས་དཔའ་ཆེན་པོའི་སྔགས་ཀྱིས་བཏབ་པ་དག་གིས་དབང་བསྐུར་བར་བྱའོ།། དེ་ནས་ཡང་འོག་ནཱ ་འབྱུང་བའི་རིམ་གྱིས་ཨཾ་ཞེས་པ་ལ་སོགས་པའི་ཡི་གེ་དགོད་པའི་སྒོ་ནས། རྣམ་པར་སྣང་མཛད་ཀྱི་སྐུ་རྫོགས་པར་མོས་པ་བྱ་སྟེ། ཇི་སྐད་དུ། གསང་བའི་བདག་པོ་དེ་ལ་སློབ་དཔོན་གྱིས་བདག་ཉིད་དེ་བཞིན་གཤེགས་པའི་གཟུགསསུ ་དེའི་སྔགས་སམ་ཕྱག་རྒྱས་བྱིན་གྱིས་བརླབ་བོ།། དེ་ནས་སློབ་མ་རྣམས་བོས་ཏེ། ཆོས་ཀྱིས་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་པདྨའི་རྒྱལ་པོ་ཞེས་བྱ་བ་ལ་བཞུག་སྟེ། ཡན་ལག་ཀུན་འབྱུང་བའི་ཕྱག་རྒྱ་བཅིངས་ལ་བྱང་ཆུབ་སེམས་དཔའ་བཞིའི་ཕྱག ་རྒྱུརྒྱ་བྱིན་གྱིས་བརླབས་པའི་རིན་པོ་ཆེ་སྣ་བཞིའི་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བར་བྱའོ།། ཨ་ནི་ཀླང་ཀོར་བཅས་པ་རུ།། མཁས་པས་སྤྱི་བོར་བཞག་ནས་ནི།། ཨ་ཞེས་བྱ་བ་སྙིང་ཁར་བཞག། རོ་ཞེས་བྱ་བ་བྲང་དུ་བཞག། ་ཡང་ན་ཨ་ནི་ཀུན་ཏུ་བཞག། གསེར་གྱི་ཁ་དོག་འབར་དང་བཅས།། ཐོར་ཚུགས་དང་ནི་དབུ་རྒྱན་ཅན།། པདྨ་དཀར་པོའི་གདན་ལ་བཞུགས།། རྒྱལ་བའི་མཆོག་ནི་ཏིང་འཛིན་གནས།། ཞེས་གསུངས་པ་ལྟ་བུ་ཡིན་ནོ།། ཆོས།། ་ཀྱི་དབྱིངས་ཀྱི་པདྨ་ལ་དབང་བསྐུར་བའི་དགོངས་པ་ནི། ཆོས་ཀྱི་དབྱིངས་ནི་ཆོས་ཐམས་ཅད་སྟོང་པ་ཡིན་ནོ།། དེ་བརྗོད་པར་འགྱུར་བའི་ས་བོན་ནི་རྒྱུད་འདི་ལས་ར་ཞེས་བྱ་བར་བཤད་པ་ཡིན་ནོ།། དེས་མཚོན་པའི་པདྨ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན ་བར་བཤད་དོ།། དེ་ལ་འདུག་པའི་སློབ་མ་ལ་དབང་བསྐུར་བ་སྦྱིན་པར་བྱ་སྟེ། ཇི་ལྟར་ཆོས་ཀྱི་དབྱིངས་ཉེས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་དེ་ལྟར་འདིར་དབང་བསྐུར་བའི་སློབ་མ་ལ་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་གཉིས་ཐོབ་པའི་ས་བོན་དང་། ་ལྡན་ལ་ཡང་རིམ་གྱིས་སྐུ་གཉིས་ཐོབ་ནས། སེམས་ཅན་གྱི་དོན་གྱི་རྗེ་སུ་ཆགས་པའི་ཆོས་སྟོན་ཀྱང་། ཆོས་ཀྱི་དབྱིངས་ལྟ་བུར་ཉེས་པ་ཐམས་ཅད་ཀྱིས་མ་གོས་པར་འགྱུརརོ་སྙམ་པ་འདི་ཡིན་ནོ།། དེ་བཞིན་དུ་གསང་བའི་དཀྱིལ་འཁོར་བྲིས་པར ་བཤད་པའི་ཚོ་གས་བཅུག་ལ། དེའི་ནང་དུ་བཞག་སྟེ། ཡི་གེ་ཡིས་ནི་མི་འགྱུར་བསྲེག། ཅེས་བྱ་བ་ལ་སོགས་པའི་ཏིང་དུ་འཛིན་བསྒོམ་པའི་ལུང་གིས། ཆོས་ཀྱི་སྐུའི་དབང་བསྐུར་བས་དབང་བསྐུར་བར་བྱ་བ་འདི་ནི། བཅོམ་ལྡན་འདས ་རྣམ་པར་སྣང་མཛད་ཆོས་ཀྱི་སྐུ་འཐོབ་པར་འགྱུར་བའི་དབང་བསྐུར་བ་སྟེ་གསུམ་པ་ཡིན་པར་བལྟའོ།། འདི་ལྟར་གསང་བའི་དཀྱིལ་འཁོར་ལས་དབང་བསྐུར་བའི་དཀྱིལ་འཁོར་ཇི་སྐད་བཤད་པ་ལྟ་བུ་བྲིས་པ་ཡང་མ་སྨོས་ལ་གསང་བའི ་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་གཞན་ཡང་ཡང་དག་པར་མ་བསྟན་གྱི་གསང་བའི་དཀྱིལ་འཁོར་དུ་འཇུག་པའི་ཕན་ཡོན་བསྟན་པའི་སྐབསུ། གསང་བའི་དཀྱིལ་འཁོར་དབུས་གནས་པའི།། དམ་ཚིག་འདི་ནི་སུས་རིག་པ།། རྒྱུད་རྣམས།། ་ཀུན་ཏུ་ཞུགས་པ་དང་།། དཀྱིལ་འཁོར་ཀུན་ལ་དབང་བ་ཡིན།། ཞེས་བྱ་བ་འདི་གསུངསོ།། དཀྱིལ་འཁོར་ཀུན་ཞེས་བྱ་བ་ནི། འདིར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་རྣམས་གཟུང་ངོ་།། དེ་དག་ལ་དབང་པོ་ནརྀ་བྲི་བ་དང་། ལུང ་འབྲུག་པོ་ལ་སོགས་ཏེ། དེ་ཡང་ཤུགས་ཀྱིས་སློབ་དཔོན་གྱིས་དབང་བསྐུར་བ་རྣམས་ཐོབ་ནས། འཐོབ་པར་འགྱུར་རོ་ཞེས་བཤང་བ་ཡིན།། གསང་བའི་དཀྱིལ་འཁོར་གྱི་ནང་དུ་བཅུག་པོའི་ཚེ། ཏིང་ངེ་འཛིན་བསྒོམ་པའི་ལུང་། ཡི་གེ་ཡིས ་ནི་མི་འགྱུར་བསྲེག། ཅེས་བྱ་བ་ལ་སོགས་པའི་མཚན་ཉིད་ཅན། སློབ་མ་དང་སློབ་དཔོན་བདག་ཉིད་ཀྱིས་ཡི་གེས་ལུས་བསྲེག་པའི་རིམ་གྱིས། སློབ་མ་ཆོས་ཀྱི་སྐུར་བསམ་པ་གང་ཡིན་པ་འདི་ཉིད་གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན། ་པར་རྗེ་སུ་དཔག་གོ། གསང་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་འདིའི་མཚན་ཉིད་ཀྱང་གསང་བའི་དཀྱིལ་འཁོར་དུ་འཇུག་པའི་སྐབས་ཁོ་ནར་བསྟན་པར་བྱའོ།། དཀྱིལ་འཁོར་སུམ་ཆར་དུ་སློབ་མ་དབང་བསྐུར་བའི་ཆོ་ག་བཤད་ཟིན་ཏོ།། ཇི་ལྟར ་ན་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་དང་། ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ་ཕྱིའི་དབང་བསྐུར་བ་གཉིས་བཤད་པ་ཡིན་ནོ།། དབང་བསྐུར་བ་དེ་གཉིས་དབང་བསྐུར་བའི་ཕྱིར། ཡོ་བྱད་རྣམས་འབྱོར་ཀྱང་རུང་། མ་འབྱོར་ཀྱང་རུང་སྟེ། ་ཟབ་ཅིང་རྒྱ་ཆེ་བ་ལ་སྤྱོད་པའི་སློབ་མ་ལ་ཡིད་ཀྱིས་དབང་བསྐུར་བ་འདི་གཉིས་བཤད་དོ།། དེ་ལ་ཡིད་ཀྱི་དབང་བསྐུར་བའི་ཆོ་ག་ནཱི། སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ནི་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་བྲིས་པའི་མདུན ་བཞག་ནས་ཅི་རིགས་པར་དཀྱིལ་འཁོར་གཉིསུ་དབང་བསྐུར་བའི་ཆོ་ག་ཡིད་ཀྱིས་བསྒོམས་ཏེ། འདི་སྐད་དུ། ངས་ཁྱོད་ཆོ་ག་ཅི་ནུས་སུ་དབང་བསྐུར་ཟིན་གྱིས་གསང་སྔགས་ཀྱི་ཚུལ་ལ་འཇུག་པར་གྱིས་ཤིག་ཅེས་བརྗོད་པར་བྱའོ།། དེ་ལྟ་བས་རྣ ་ཡིད་ཀྱིས་དབང་བསྐུར་བ་འདི་དང་། འོག་ནས་འབྱུང་བའི་ཚོ་གས་ཡན་ལག་ཐམས་ཅད་འབྱུང་བའི་ཕྱག་རྒྱས་དབང་བསྐུར་བ་དང་། གོང་དུ་བཤད་པའི་ཕྱིའི་དབང་བསྐུར་བ་ཞེས་བྱ་བ་དང་རྣམ་པ་གསུམ་མོ།། རྣམ་པ་འདི་གསུམ་གྱི་མཚན་ཉིད་ཀྱང་རྒྱུད ་ལས་བཤད་དེ། དབང་བསྐུར་གསུམ་དུ་ཤེས་བྱ་སྟེ།། དེ་བས་ནན་ཏན་མཉན་པར་གྱིས།། ཕྱག་རྒྱ་གོང་ཞིག་དབང་བསྐུར་བ།། ལས་དང་བྱ་བ་སྤངས་པ་སྟེ།། སློབ་པ་རྣམས་ཀྱིས་དབང་བསྐུར་བ།། དེ་ནི་མཆོག་སྟེ་དང་པོ་ཡིན།། གཉིས་པ་ལས་དང་བྱ་བ ་ཡིས།། ཀུན་ནས་བསླང་བར་ཡང་དག་བཤད།། གསུམ་པ་ཡིད་ཀྱིས་ཤེས་བྱ་སྟེ།། ཡུལ་དང་དུས་ནི་སྤང་བའོ།། བླ་མ་ལེགས་པར་མགུ་བྱས་ན།། ཕྲན་པར་བྱེད་པ་གང་སྨྲས་པ།། དབང་བསྐུར་འདི་ནི་མཆོག་ཡིན་པར།། རྫོགས་པའི་སྔངས་རྒྱསཽ་རྣམས ་ཀྱིས་བསྒྲགས།། ཞེས་གང་གསུངས་པ་ཡིན་ནོ།། དེ་ལ་སློབ་མ་ཕྱག་རྒྱས་གང་ཞིག་དབང་སྐུར་བ་ཞེས་བྱ་བ་ནི་སློབ་མི་དབང་བསྐུར་བ་སྦྱིན་པར་འོས་པ་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་རམ་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་བྲིས ་པར་བཅུག་ལ་དཀྱིལ་འཁོར་གྱི་མདུན་དུ་གཞུག་སྟེ། ཡན་ལག་ཐམས་ཅད་འབྱུང་བའི་ཕྱག་རྒྱས་དབང་བསྐུར་བར་བྱའོ།། ཁྱད་པར་དུ་ནི་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་བྲིས་པའི་མདུན་དུ་དབང་བསྐུར་བའི་ཚེ་ནི་དབང་བསྐུར་བ ་སུམ་ཆར་ལ་ཡང་ཅི་རིགས་པར་སློབ་མ་རྡོ་རྗེ་སེམས་དཔའི་སྐུ་ཁོ་ནུར་བྱིན་གྱིས་བརླབ་པར་བྱའོ།། ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚེ་ནི།། སློབ་མ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཉིད་ཀྱི་སྐུ་ཉིད་དུ་བསྒོམས་ནས ་དབང་བསྐུར་བར་བྱའོ།། གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚེ་ནི།། སློབ་མ་རྡོ་རྗེ་སེམས་དཔའི་སྐུ་ཉིད་དུ་བསྒོམས་ནས། དཀྱིལ་འཁོར་དར་བཅུག་སྟེ། དེ་ལས་བཤད་པའི་མཚན་ཉིད་ཅན་ཆོས་ཀྱི་སྐུའི་དབང་བསྐུར་བས་དབང་བསྐུར་བར་བྱའོ།། ་དེ་ལ་སློབ་མ་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ནི། བྱང་ཆུབ་ཀྱི་སྙིང་པོ་ཅན་གྱི་སྐུ་ཐོབ་པར་བྱེད་པ་ཡིནོ།། ཡི་གེ་འཁོར་ལོ་བསྐོར་བར་དབང་བསྐུར་བ་ནི་ཕྱིས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་ཐོབ་པར་བྱེད་པ་ཡིན་ནོ།། ་གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་གང་ཡིན་པ་དེ་ནི་འདིའི་ཆོས་ཀྱི་སྐུ་ཐོབ་པ་ཡིན་པར་ལྟའོ་ཞེས་སྔར་བཤོད་པ་ཡིན་ནོ།། དེ་ལ་འདི་ལ་བྱང་ཆུབ་ཀྱི་སྙིང་པོའི་སྐུ་ལ་སོགས་པ་ལ་འཇུག་པའི་མཚན་ཉིད་བཤད་པ་ནི།། ད་ནི་འཇིག་རྟེན་དང ་ཡི།། འཇིག་རྟེན་མགོན་ཞེས་བསྒྲགས་པ་ཡིན།། བླ་མེད་གཟོད་ནས་ཞི་བ་ནི།། མཉམ་པ་མེད་པའི་ཆོས་བཤད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགསུ་བཅད་པ་དེ་དག་གསུངས་ནས། བྱིན་གྱིས་བརླབས་པ་གང་གིས་བྱིན་དུ་བརླབས་ནས། ་བྱང་ཆུབ་སེམས་དཔའ་དེ་རྣམས་དང་། རྡོ་རྗེ་འཛིན་པ་དེ་རྣམས་ཀྱིས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་བཞུགས་པ་ནམཁའ་བཞིན་དུ་སྤྲོས་པ་མེད་པ། སྤྱོད་པ་ལ་གཉི་སུ་མེད་པའི་རྣལ་འབྱུང་། ་གྱི་མཚན་ཉིད་ལས་ཀྱི་རྣམ་པར་སྨིན་པ་བཞིན་དུ་མཐོང་བར་གྱུར་པ་དེ་ལྟ་བུའི་བྱིན་གྱིས་བརླབས་པ་མཛད་དོ་ཞེས་གང་གསུངས་པ་ཡིན་ཏེ། དེ་ལ་ང་ནི་འཇིག་རྟེན་དང་པོའི་ཅེས་བྱ་བ་ལ་སོགས་པའི་ཚིགསུ་བཅད་པས་ནི། བདག་ཉིད་ལོངས། ་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་གཉིས་ཀྱིས་འཇིག་རྟེན་ལ་ཆོས་སྟོན་པར་མཛད་པ་ཉིད་དུ་སྟོན་པར་བྱེད།། དེ་ལ་དང་པོ་འབྱུང་བའི་འཇིག་རྟེན་ནི་འཇིག་རྟེན་དྲང་པོ་སྟེ། མུ་སྟེགས་བྱེད་ཁྱབ་འཇུག་དང་། ལྷ་ཆེན་པོ་དང་། ཚངས་པ་ལ ་སོགས་པའི་ཡིན་ཏེ། འོཆགས་པའི་བསྐལ་པ་དང་པོ་ཉིད་དུ་བྱུང་བའི་ཕྱིར་རོ།། འཇིག་རྟེན་དྲང་པོ་དེ་དག་གི་ནང་ན་ང་ནི་འཇིག་རྟེན་གྱི་མགོན་ཡིན་ནོ།། ཁྱོད་ཇི་ལྟར་འཇིག་རྟེན་མགོན་པོ་ཡིན་ཞེ་ན། བཤད་པ་ནི། ཞེས་བྱ་བའི་སྒྲ་ནི་གང ་གི་ཕྱིར་ཞེས་བྱ་བའི་དོན་ཏེ།། གང་གི་ཕྱིར་ཆོས་བླ་ན་མེད་པ་གཟོད་མ་ནོས་ཞི་བ། མཉམ་པ་མེད་པ་སྟོན་པས་ཞེས་བྱ་བའི་དོན་ཡིན་ནོ།། དེ་བས་ན་དགོངས་པ་ནི་དེ་དག་གྲི་ལམ་ཟག་པ་དང་བཅས་ཤིང་དམིགས་པ་དང་བཅས་པ་སྟོན ་པར་བྱེད་པ་ཉིད་ཀྱིས་ཡང་དག་པར་འཇིག་རྟེན་སྐྱོང་བ་མ་ཡིན་ནོ་སྙམ་པ་འདི་ཡི་ནོ།། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་བཞུགས་པར་མཐོང་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་རྣམས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ ་རྣམས་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་ལ་འཇུག་པ་སྟོན་ཏོ།། འདི་ལྟར་དང་པོར་དེ་དག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་ལ་འཇུག་པར། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ ་བཟང་པོ་ལ་སོགས་པ་དེ་དག་དང་། གསང་བའི་བདག་པོ་ལ་སོགས་པའི་རྡོ་རྗེ་འཛིན་པ་དེ་དག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱིན་གྱིས་བརླབས་ཀྱིས་སྐུ་མཉམ་པ་ཉིད་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་ལ་ཞུག་སོ།། ་དེ་བཞིན་དུ་གསུང་དང་ཐུགས་མཉམ་པ་ཉིད་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་ལ་བཞུགས་ཏེ། ཞེས་བྱ་བའི་གཞུང་འདིས་བསྟན་ཏེ། དེའི་ཕྱིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་མི་ཟད་པ་ལ་སོགས་པ་མཐོང་བས།། ་ཡོན་ཏན་གྱི་ཁྱད་པར་རྫོགས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་མཐོང་བའི་ལམ་དུ་གྱུར་པ་དེ་རྣམས་ཀྱིས་ཤེས་པར་བྱ་བར་ཁོང་དུ་ཆུད་པར་བྱའོ།། གཞན་ཡང་ང་ནི་འཇིག་རྟེན་དང་པོ་ཡི།། ་འཇིག་རྟེན་མགོན་ཞེས་བསྒྲགས་པ་ཡིན།། བླ་མེད་གཟོང་ནིས་ཞི་བ་ནི།། མཉམ་པ་མེད་པའི་ཆོས་བཤད་དོ།། ཞེས་བྱ་བའི་ཚིག་འདི་རྣམས་ཀྱི་ཚིག་གི་དོན།། ཁ་ཅིག་ཆོས་ཀྱི་སྐུའི་དགོངས་པས་གཞན་དུ་ཡང་དཔོག་པར་བྱེད་དེ། འདི ་ལྟ་སྟེ། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་གསུམ་གྱི་བྱེ་བྲག་གིས་གསུམ་ཡིན་ནོ།། དེ་ལ་དེ་དག་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ནི། ངོ་བོ་ཉིད་གཅིག ་པ་མི་འགྱུར་བར་ཡོངསུ་གྲུབ་པས་རྟག་པར་འགྲོ་བ་སྐྱེ་བ་དང་། འཇིག་པ་དང་ལྡན་པ་ཐོག་མ་མེད་པ་ཐམས་ཅད་ཀྱི་དང་པོར་གྱུར་པ་ཡིན་ནོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུ་དེ་བདག་ཉིད་ཀྱི་ཐུགས་ལ ་བཞག་ནས། ང་ནི་འཇིག་རྟེན་དང་པོའོ་ཞེས་བྱ་བ་གསུངས་ཏེ། དེས་ན་དགོངས་པ་ནི་ང་ཉིད་ཆོས་ཀྱི་སྐུའི་ངོ་བོ་ཉིད་ཀྱིས་འཇིག་རྟེན་སྐྱེ་བ་དང་། འཇིག་པ་དང་ལྡན་པ་རྣམས་ཀྱི་དང་པོ་ཡིན་ནོ།། ཕྱོགས་འདྲ་ལ་ནི་ཚིགསུ་བཅད་པ་དང ་མཐུན་པར་རྣམ་པར་དབྱེ་བ་དང་པོ་མི་མངོན་པར་བསྟན་པར་རིག་པར་བྱའོ།། ཆོས་བཤད་དོ་ཞེས་བྱ་བ་འདིའི་དོན་ཡང་ཆོས་ཀྱི་སྐུའོ་དབང་གིས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་གསུངས་བཀོད་པའི་རྒྱན་སེམས་ཅན་ཐམས་ཅད་དག ་བར་བྱེང་བ་འགྲུབ་པའི་ཕྱིར་རོ་སྙམ་པ་ཡིནོ།། ཆོས་ཀྱི་སྐུ་ལ་འཇུག་པ་ཡང་གསང་བའི་དཀྱིལ་འཁོར་བསྟན་པའི་སྒྲུབ་སུ་བསྟན་ཏོ། རིག་པའི་རྒྱལ་པོ་ཚིག་ཡན་ལག་བཅུ་གཉིས་འབྱུང་བ་བཤད་པའི་སྐྱབས་དེར་ཇི་སྐད་དུ། དེ་ནས་ཕྱུག ་ན་རྡོ་རྗེ་བཅོམ་ལྡན་འདས་རྣམ་པར་སྣང་མཇེད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ས་ལ་བཞུགས་ནས་ཆོས་མཉམ་པ་ཉིད་ལ་ལྟས་ཏེ། མ་འོངས་པའི་སྐྱེ་བོ་རྣམས་ལ་རྟགས་ནས་རིག་སྔགས་ཀྱི་རྒྱལ་པོ་ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད ་འདི་སྨྲས་སོ་ཞེས་བྱ་བ་ལ་སོགས་པ། དེ་ནས་དཔམི་ལྡན་རྡོ་རྗེ་འཛིན།། བསམ་པ་མཆོག་རབ་མགུ་གྱུར་པ།། རྫོགས་སངས་རྒྱས་ཀྱིས་བྱིན་བརླབས་པསོ།། འདི་སྐད་ཀྱི་ནི་ཚིག་ཏུ་སྨྲས།། ཆོས་འདི་རྣམས་ནི་མཚན་ཉིད་མེད།། ངོ་བོ་ཉིད་མེད་གོ་ནས ་མེད་པ། ལས་དང་ཚྭ་ལས་རྣམ་པར་གྲོལ།། རྫོགས་པའི་སངས་རྒྱས་འདྲ་བར་འདོད་པ།། ཐུགས་རྗེ་མངའ་ནི་མཛད་པ་ཡི།། མགོན་པོ་རྣམས་ཀྱི་ཐུགས་ཀྱིས་ནི།། རྣམ་པར་སྤྲུལ་ནས་ཆོས་རྣམས་ཀྱི།། མཚན་ཉིད་འདི་དག་རྟོགས་པར ་འགྱུར།། ཞེས་བྱ་བའི་བར་བསྟན་པ་ལྟ་བུ་ཡིན་ནོ།། དཀྱིལ་འཁོར་དུ་སློབ་དཔོན་དུ་དབང་བསྐུར་བའི་ཆོ་ག་རྣམ་པ་སུམ་ཆར་ཡང་བཤད་ཟིན་ཏོ།། །། མེས་བྱ་བའི་ཆོ་ག་ནི་འོག་ནས་མཚན་མ་དང་བཅས་པ་དང་། ་མཚན་མ་མེད་པ་ལ་སྦྱོར་བ་ལ་གོམས་པའི་སྒོ་ནས་ཀུན་ནས་བསྡུ་བར་བྱ་སྟེ། འདི་ནི་དཀྱིལ་འཁོར་རྣམ་པ་གསུམ་ཆར་ལས་བཤད་པའི་ཆོ་ག་བསྡུས་པའི་དོན་ཡིན་ནོ།། །། བམ་པོ་ལྔ་པ།། ད་ནི ་རིག་སྔགས་དང་གསང་སྔགས་ལ་སོགས་པ་མཉེས་པར་བྱ་བའི་ཕྱིར་སྒྲུབ་པ་པོ་རྣམས་ཀྱི་སྤྱོད་པའི་འབྲས་བུ་དང་བཅས་པ་རྒྱུད་ལས་བཤད་པའི་བསྡུས་པའི་དོན་དཔྱང་པར་བྱའོ།། དེ་ལ་སྒྲུབ་པ་པོའི་སྤྱོད་པ་ནི་རྣམ་པ་གསུམ་སྟེ། ་འདི་ལྟ་སྟེ། གསང་སྔགས་མཉེས་པར་བྱ་བ་ལ་འཇུག་པའི་སྤྱོད་པོ་དང་། གསང་སྔགས་མཉེས་པར་བྱ་བའི་ཕྱིར་སྔར་བསྙེན་པའི་ཆོ་གའི་མཚན་ཉིད་ཅན་གྱི་སྦྱོར་བའི་སྤྱོད་པ་དང་། དེ་བཞིན་དུ་སྤྱོང་པོ་གསུམ་པ་གསང་སྔགས ་བསྒྲུབས་པས་གསང་སྔགས་ཀྱི་འབྲས་བུ་འགྲུབ་པ་སྟེ། འབྲོས་བུ་ནི་གསང་སྔགས་ཀྱི་འབྲས་བུའི་ངོ་བོ་ཉིད་དངོས་གྲུབ་ཀྱི་མཚན་ཉིད་བསྟན་པ་ཡིན།། དེ་ལ་གསང་སྔགས་མཉེས་པར་བྱ་བ་ལ་འཇུག་པའི་སྤྱོད་པ་ནི།། ཕྱི་དང་ནང་གི ་བྱེ་བྲག་གིས་རྣམ་པ་གཉིས་སོ།། དེ་ལ་ཕྱིའི་ནི་དཀྱིལ་འཁོར་དུ་འཇུག་པ་དང་། དབང་བསྐུར་བའི་མཚན་ཉིད་ཇི་སྐད་དུ་བཤད་པ་དག་ཡིན་ནོ།། དེ་ལས་གཞན་པ་དག་ནི་རིག་སྔགས་དང་གསང་སྔགས་མཉེས་པར་བྱེད་པནི། ་དམ་ཚིག་གི་ངོ་བོ་ཉིད་ཡོན་ཏེ། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས།། དམ་པའི་ཆོས་དང་བྱང་ཆུབ་སེམས།། སྲོག་གི་ཕྱིར་ཡང་ང་ཕྱིན་ཆད།། ཡོངསུ་བཏང་བར་མི་བྱའོ།། ཡང་དང་ཡང་དུ་སྙིང་རྗེ་དང་། བྱམས་པའི་སེམས་ནི་ཉེར་བཞག་སྟེ།། ཁྱོད་ཀྱིས་སེ ་སྣ་དང་ནི་གང་།། སེམས་ཅན་གནོད་པར་མི་བྱའོ།། སློབ་དཔོན་བརྙས་པར་མི་བྱ་སྟེ།། འདི་ནི་སངས་རྒྱས་ཀུན་དང་འདྲ།། ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། རེ་ཞིག་འདི་ནི་གསང་སྔོགས་མཉེས་པར་བྱེད་པ་རྣམས་ཀྱི་འཇུག་པའི་སྤྱོད ་པ་ཕལ་ཆེར་ཐུན་མོང་དུ་བྱ་བའི་ངོ་བོ་ཉིད་ཡིན་ནོ།། དེ་ལས་གཞན་པ་དག་ནི་འདི་ལས་བྱང་ཆུབ་སེམས་དཔའི་ཐེག་པ་རྣམས་དང་། གསང་སྔགས་སྤྱོད་པ་ལ་མངོན་པར་བརྩོན་པ་རྣམས་ཀྱི་སྤྱོད་པ་ཐུན་མོང་དུ་བཤད་པ་དག་ཡིན་ཏེ། དེ་ཡང་འདི ་ལས་བསླབ་པ་བཟུང་བ་རིམ་པ་ཕྱེ་བ་ལས་དགེ་བ་བཅུའི་ལས་ཀྱི་ལམ་ཐབས་དང་བཅས་པའི་རྗེསུ་བྱེད་པའི་ངོ་བོ་བསྟན་པ་ཡིན་ནོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསླབ་པའི་གཞི་ཐབས་དང་ཤེས་རབ་ཀྱིས ་ཡོངསུ་ཟིན་པ་གང་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐེ་ཙོམ་དང་ཡིད་གཉིས་མ་མཆིས་ཤིང་། འཁོར་བ་ན་འཁོར་བའི་ཚེ། ཉམས་པར་མི་འགྱུར་བ་བཤད་དུ་གསོལ་ཞེས་བྱ་བ་རྒྱས་པར་གསུངས་པ་ནས ་བྱང་ཆུབ་སེམས་དཔའ་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་ལས་ཕྱིར་ལྡོག་པར་བྱའོ།། བརྫུན་དུ་སྨྲ་བ་དང་། ངག་རྩུབ་མོ་སྨྲ་བ་དང་ཕྲ་མ་ཟེར་བ་དང་། ཚིག་ཁྱལ་པར་སྭཱ་པཱ་ལ་ཕྱིར་ལྡོག་པར་བྱའོ།། ་བོརྣ་བ་སེམས་དང་། གནོད་སེམས་དང་ལོག་པར་ལྟ་བ་ལས་ཀྱང་ཕྱིར་ལྡོག་པར་བྱའོ།། ཞེས་བྱ་བ་གང་གསུངས་པོ་ཡིན་ཏེ། འདི་དག་ཐབས་དང་ཤེས་རབ་ཀྱིས་ཡོངསུ་ཟིན་པ་ལས། འདའ་བ་དང་མི་འདའ་བ་ནི་རྒྱུད་འདི་ལས་ཡོངསུ་དཔྱོད་པར ་བྱ་སྟེ། འདིར་སྒྲུབ་པ་པོ་རྣམས་མཉམ་པར་མ་བཞག་པའི་གནས་སྐབས་ན་ཡང་འཇུག་པས་སྒྲུབ་པ་པོའི་འཇུག་པའི་སྤྱོད་པ་ཕྱིའི་ཞེས་བཤད་པ་ཡིན་ནོ།། ནང་གི་ནི་སྒྲུབ་པ་པོའི་འཇུག་པའི་སྤྱོད་པ་མཉམ་པར་འཇོག་པ་དང་མཐུན་པ ་ཁོ་ན་ཡིན་ཏེ། དེ་ཡང་འདི་ལས་སེམས་ཀྱི་རྒྱུན་མཚན་མ་དང་བཅས་པ་དང་མཚན་མ་མེད་པའི་མཉམ་པར་འཇོག་པ་དང་མཐུན་པོ་ཉིད་དུ་རྣམ་པ་གཉིསུ་བསྟན་པར་ཤེས་པར་བྱ་སྟེ། སྒྲུབ་པ་པོ་རྣམས་ཀྱི་གོམས་པའི་མཐུ་དང་མཐུན་པར ་བསྟན་པ་ཡིན་ནོ།། དེ་ལ་སྒྲུབ་པ་པོའི་འཇུག་པའི་སྤྱོད་པ་མཚན་མ་མེད་པ་ནི་བྱང་ཆུབ་ཀྱི་སེམས་གོམས་པའི་མཚན་ཉིད་དེ་གང་གི་དབང་དུ་མཛད་ནས། དཀྱིལ་འཁོར་འདི་ནི་མཐོང་བ་ལས།། དམ་ཚིག་ཤེས་པ་གཅིག་ཅེས་བྱ།། དེ་ལ་ཕྱག ་རྒྱ་མ་བསྟན་ཅིང་།། སྔགས་ཀྱང་སྦྱིན་པར་མི་བྱའོ།། བྱང་ཆུབ་སེམས་ཀྱི་བྱེ་བྲག་ལས།། སྔགས་དང་ཕྱག་རྒྱ་ཡོངསུ་གཟུང་ཞེས་གསུངས་པ་ཡིན་ནོ།། རེ་ཞིག་འདི་ནི་གས་པ་སྔགས་སྒྲུབ་པ་ཐམས་ཅད་ཀྱིས་འཇུག་པའི་སྤྱོད་པ་བྱང་ཆུབ་ཀྱི་སེམས ་གོམས་པའི་མཚན་ཉིད་ཅན་སྤྱི་ཡིན་ནོ།། དེ་བཞིན་དུ་ཁྱད་པར་དུ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་རྣམས་བསྒྲུབ་པའི་སྐབས་ནས། འཇུག་པའི་སྤྱོད་པ་བྱང་ཆུབ་ཀྱི་སེམས་གོམས་པའི་མཚན་ཉིད་ཅན་ཁོ་ན་བཤ།། ་གང་གི་དབང་དུ་མཛད་ནས། སྐྱེད་མོས་ཚལ་ལམ། གོཙུག་ལག་ཁང་ངམ། ཕུག་གམ་ཡིད་གང་དུ་དབེན་པ་དེར་བྱང་ཆུབ་ཀྱི་སེམས་བསྐྱོབ་ཞིང་ནམ་མཚན་མ་བྱུང་གི་བར་དུ་དེ་སྲིད་དུ་འདུག་པར་བྱའོ།། ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ་འདིར་མཚན་མ་ནི། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པར་རྟོགས་པའི་ཏིང་ངེ་འཛིན་ལ་སེམས་དུས་ཇི་སྲིད་འདོད་ཀྱི་བར་དུ་བརྟན་པར་གྱུར་པ་ཡིན་ཏེ། དེ་སྐད་དུ། འདི་ལས། སློབ་མས་བསྒྲིམས་ཏེ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ཏུ་དག་པར་བྱའོ།། གང་ཚེ ་དདམིགས་པ་རྣམས་ཀྱིས་ནི།། སློབ་མ་ནམ་ཡང་མི་གཡོ་བ།། དེ་ཚེ་ན་མཁའ་ལྔ་བུར་ནི།། དྲི་མེད་ཀུན་ཏུ་དག་པ་ཡིན་ཞེས་བཤད་པ་ཡིན་ནོ།། དེ་བཞིན་དུ་གཞན་ལས་ཀྱང་སེམས་ཡོངས་སྦྱོར་བ་མཚན་མོ་དང་བཅས་པ་དང་མཚན་མ་མེད་པ་ལ་དམིགས་པའི ་ཏིང་ངེ་འཛིན་གོམས་པ་ལས་སེམས་དམིགས་པ་གཅིག་ལ་དུས་ཇི་སྲིད་འདོད་ཀྱི་བར་དུ་བརྟན་པར་གྱུར་པས་བཟླས་བརྗོད་ལ་སོགས་པ་ལྔ་བཏུབ་པའི་སེམས་མཉམ་པར་འཇོག་པ་གྲུབ་པ་གང་ཡིན་པ་དེ་ཉིད་དེ་ཡོངསུ་སྦྱོར་བའི་མཚན་ཉིད་དུ་གསུངས་ཏེ། ་སྣའི་རྩེ་མོར་ལྟ་ཞིང་རྣམ་རྟོག་སྤོང་།། གང་ཚེ་རྣམ་པར་སྐྱོད་ཀྱང་མི་གཡོ་བ།། དེ་ཚེ་སེམས་ནི་དམིགས་པ་ལ་གནས་པ།། ཐོབ་པར་འགྲུབ་ཅེས་བྱ་བ་ཤེས་པར་བྱའོ།། ཞེས་གང་གསུངས་པ་ཡིན་ནོ།། དེ་ཉིད་ལས་སེམས་དམིགས་པ་གཅིག་ལ། བརྟན ་པ་ལུས་དང་སེམས་ཀྱི་ཡོན་ཏན་འབྱུང་བས་བཟླས་བརྗོད་ཀྱི་ལྷ་བསྒོམ་པ་ལ་སོགས་པ་བཏུབ་པ་ཉིད་དུ་བསྟན་པའི་ཕྱིར། སྒྲུབ་པ་པོ་ནི་བསམ་གཏན་དང་ལྡན་པའི།། མི་ལ་དགའ་བའི་མཆོག་ནི་སྐྱེ་བར་འགྱུར།། དགའ་བས་ལུས་ནི་ཤིན་ཏུ་སྦྱངས་པར ་འགྱུར།། ཤིན་ཏུ་ལུས་སྦྱངས་པ་ལས་བདེ་སྟེར་འགྱུར།། དགའ་ཞིང་བདེན་དེ་ཚེ་ངོགས་མེད་པར།། བཟླས་བརྗོད་དོག་ལ་ཡིད་གཅིག་ཏིང་འཛིན་སྐྱེ་ཞེས་གསུངསོ།། དེ་བཞིན་དུ་དེ་ཉིད་ལས་བཟླས་བརྗོད་བྱུང་པ་སེམས་བརྟན་པའི་བཟླས་བརྗོད་བྱེད ་བའི་ཕན་ཡོན་བཤད་དེ། བཟླས་བརྗོད་ཀྱིས་ནི་ཚེ་རབས་བརྒྱུད་པར་གང་།། སྡིག་པ་བྱས་དེ་མ་ལུས་ཟད་པར་འགྱུར།། སྡིག་པ་ངན་པ་ཀུན་ནས་ཟད་གྱུར་ན།། དངོས་གྲུབ་ཡིད་དུ་འོང་བ་ཐོབ་པར་འགྱུར།། ཞེས་གང་གསུངས་པ་ཡིན་ནོ།། དེ་བཞིན ་དུ་དེ་ཉིད་ལས་སེམས་བརྟན་པར་མ་བྱས་པའི་བཟླས་བརྗོད་ཀྱི་སྦྱོར་བའི་ལུང་ཡང་བསྟོན་ཏེ། ལེ་ལྀ་དགའ་དང་སྡུག་བསྔལ་མཚུངས་ལྡན་པའི།། སེམས་ནི་གང་དང་གོང་དུ་རྒྱུ་གྱུར་པ།། དེ་དང་དེ་ནས་བསྒྲིམས་ཏེ་དེ་བཟློག་ནས།། གསང་སྔགས་ཡི ་གོ་མཆོད་བྱ་དག་ལ་སྦྱར།། ཞེས་གང་གསུངས་པ་ཡིན་ནོ།། སེམས་མཉམ་པར་བཞག་པའི་མཚན་མ་འདི་ནི། རང་གི་སེམས་ཡོངསུ་སྦྱང་བ་དང་། མཚན་མ་དང་བཅས་པ་དང་། མཚན་མ་མེད་པ་འོག་ནས་འབྱུང་བ་དག་ལས་ཀྱང་ཁོང་དུ ་ཆུད་པར་བྱའོ།། དེ་བཞིན་དུ་མཚན་མ་མེད་པའི་ཏིང་ངེ་འཛིན་གོམས་པའི་སྒོ་ནས། འཇུག་པའི་སྤྱོད་པ་མཚན་མ་མེད་པའི་རྣལ་འབྱོར་གོམས་པ་མཚན་ཉིད་ཅན་ཡང་བཤད་དེ། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ ་སེམས་དཔའི་སྤྱད་བ་སྤྱོད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་བསྒྲུབ་པར་འདོད་པས་འདི་ལྟར་བསམ་པར་བྱའོ།། མཚན་མ་རྣམས་གང་ནས་བྱུང་། ཅི་བདག་གི་ལུས་སམ་བདག་གི་སེམས་སམ། བདག་གི་ཡིད ་ལས་བྱུང་། དེ་ལས་ལུས་ནི་ལས་ལས་སྐྱེས་པ་སྟེ། རྩཝ་དང་ཤིང་དང་བོང་བ་ལྟ་བུ་ངོ་བོ་ཉིད་ཀྱིས་བྱ་བ་མེད་པ། བླུན་པ། ཕྱི་རོལ་གྱི་རྣམ་པ་ལྟ་བུ་ལ། བཟོས་བྱས་པའི་གཟུགས་ལྟ་བུར་བརྟག་པར་བྱའོ།། ཇི་ལྟར་བཟོས་བྱས་པའི་གཟུགས ་དེ་ལས་མི་ཞིག་ཁྲོས་ཏེ། མའམ་དུག་གོམ་མཚོན་ནམ་ཆུ་འམ། རྡོས་བཤིག་གམ་བསྲེགས་སམ་བཅད་ཀྱང་མི་དགའ་བ་ཅུང་ཟད་ཀྱང་མེད་ལ། བཟའ་བོ་འམ་བཏུང་བ་འམ། བཀྲུ་བ་འམ། བྱུག་པ་འམ་སྤོས་སམ་ཕྲེང་བ་འམ་གོས ་སམ་ཙན་དྲན་ནམ་ག་བུར་ལ་སོགས་པ་ལྷའི་དང་མིའི་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱིས་མཆོད་ཀྱང་། མི་དེ་ལ་དགའ་བར་འགྱུར་བ་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། གང་ངོ་བོ་ཉིད་ཀྱིས་སྟོང་པའི་གཟུགས་དེ་ལ། རང་གི་ང་རྒྱལ་ཀུན་ནས ་བསླང་བའི་ཕྱིར་ཕྱིན་ཅི་ལོག་གི་ཡང་དག་པ་མ་ཡིན་པར་རྟོགས་པ་ལས་བྱུང་བའི་མཆོད་པའམ་གནོད་པར་བྱེད་པའི་མི་གང་ཡིན་པ་དེ་ནི་བྱིས་པའི་རང་བཞིན་ཅན་ཡིན་ནོ།། གསང་བའི་བདག་པོ་དེ་ལྟར་ལུས་ལ་ལུས་ཀྱི་རྗེས་སུ་སོང་བའི་དྲན ་པས་ངོ་བོ་ཉིད་ཀྱིས་སྟོང་པར་བསྒྲུབ་པར་བྱའོ།། གསང་བའི་བདག་པོ་གཞན་ཡང་སེམས་ནི་ངོ་བོ་ཉིད་མེད་པ་མཚན་མ་ཐམས་ཅད་དང་བྲལ་བ། ངོ་བོ་ཉིད་ཀྱིས་སྟོང་པར་བསམ་པར་བྱའོ།། གསང་བའི་བདག་པོ་སེམས་ལས་ནི་དུས་གསུམ ་མེད་དོ།། དུས་གསུམ་དང་བྲལ་བ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱི་མཚན་མ་དང་བྲལ་བའོ།། སྙམ་དུ་བསམ་པར་བྱའོ།། གསང་བའི་བདག་པོ་གཞན་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཡིད་མཚན་མ་དང་བཅས་པར་རྟོགས་པ་ཏེ། འདི་ནི་ཡང་དག་པ ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ཚིག་བླ་དགས་ཡིན་ནོ།། ཡང་དག་པ་མ་ཡིན་པ་གང་ཡིན་པ་དེ་ནི་མ་སྐྱེས་པའོ།། ཞེས་བྱ་བར་རབ་ཏུ་མི་ཤེས་སོ།། གསོང་བའི་བདག་པོ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི ་སྤྱད་པ་སྤྱོད་པས་དེ་ལྟར་བསམས་ན་མཚན་མ་མེད་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ།། གསང་བའི་བདག་པོ་ནམ་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པར་གྱུར་པ་དེའི་ཚེ་དེ་ལ་དེ་བཞིན་གཤེགས་པའི་གསང་སྔགས་རྣམས་མངོན་དུ ་ཕྱོགས་ཤིང་གཞོལ་བར་འགྱུར་རོ།། ཞེས་གང་གསུངས་པ་ཡིན་ནོ།། འདྲིར་སེམས་ཞེས་བྱ་བའི་སྒྲ་ནི་གཟུགས་ལ་སོགས་པ་ལ་དམིགས་པ། མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་གཟུང་སྟེ། སེམས་ཀྱི་དམིགས་པ་གཟུགས་ལ ་སོགས་པ་དེ་དག་ནི་གཅིག་དང་དུ་མའི་རིགས་པའམ། གཟོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པའི་རིགས་པས་དཔྱད་ན། ངོ་བོ་ཉིད་མེད་པ་མིག་ལ་སོགས་པའི་རྣམ་པར་ཤེས་པའི་མཚན་ཉིད་ཀྱི་སེམས་ཀྱིས་དམིགས་པར་རུང་བ་མ་ཡིནོ།། ། ་དེའི་ཕྱིར་གཟུགས་ལ་སོགས་པའི་དམིགས་པ་མེད་པའི་ཕྱིར། དེ་ལ་དམིགས་པར་བྱེད་པ་མིག་ལ་སོགས་པའི་རྣམ་པར་ཤེས་པ་ཡང་མ་སྐྱེས་པ་ཡིནོ།། གང་མ་སྐྱེས་པ་དེ་ནི་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བར་རྣམ་པར་བཞག། ་པར་རུང་མ་ཡིན་ནོ།། དེའི་ཕྱིར་སེམས་ལ་དུས་གསུམ་ཡོད་པ་མ་ཡིན་ནོ།། དེ་ལྟར་ན་གཟུགས་ལ་སོགས་པའི་ཕུང་པོ་བཞིའི་ངོ་བོ་ཉིད་ལ་དམིགས་པ་མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཕུང་པོའི་ངོ་བོ་ཉིད་ཀྱི ་སེམས་མེད་པར་བརྟག་པར་བྱའོ།། དེ་ནི་གཟུང་བ་དང་འཛིན་པའི་ངོ་བོ་ཉིད་ཀྱི་སེམས་ཀྱང་གཟོད་མ་ནས་མ་སྐྱེས་ཤིང་མི་བྱུང་བ་ཉིད་དུ་བརྟགས་པའི་ལུང་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཡིད་མཚན་མ་དང་བཅས་པར་རྟོག་སྟེ། འདི་ནི་ཡང ་དགྲ་པར་མ་ཡིན་པའི་ཀུན་ཏུ་རྟོག་པའི་ཚིག་བླ་དག་སོ།། ཡང་དག་པ་མ་ཡིན་པ་དེ་ནི་མ་སྐྱེས་པའོ་ཞེས་བྱ་བར་ནི་མི་ཤེས་སོ།། ཞེས་གང་གསུངས་པ་ཡིན་ནོ།། དྲི་ལ་འདིར་ཡིད་ཅེས་བྱ་བ་གཟུང་བ་དང་འཛིན་པའི་རྣམ་པ་ཅན་གྱི་རྣམ་པར ་ཤེས་པ་ཡིན་པར་དགོངས་ཏེ། དེ་སྐད་དུ་འདི་ལས། དཀར་པོ་སེར་པོ་དམར་པོ་གང་།། ཡིད་ཀྱིས་སེམས་པར་བྱེད་པ་སྟེ།། དེ་ལ་ཡོངསུ་གཅོད་པ་གང་།། དེ་ནི་སེམས་ཀྱིས་བྱེད་པ་ཡིན།། སེམས་ནི་མགུ་ནས་ངེས་གྱུར་པ།། ཏིང་ངེ་འཛིན་ཅེས ་བསྒྲགས་པ་ཡིན།། རྣལ་འབྱོར་དེར་གནས་རྫོགས་སངས་རྒྱས།། རྐང་གཉིས་དམ་པར་བསམ་པར་བྱ།། ཅེས་གསུངས་སོ།། འདྲིར་དཀར་པོ་ནི་ཟླ་བའི་དཀྱིལ་འཁོར་རོ།། སེར་དོ་ནི་སའི་དཀྱིལ་འཁོར་རོ།། དམར་པོ་ནི་མེའི་དཀྱིལ་འཁོར་ཏེ ་ཅི་རིགས་པར་རྒྱུད་འདི་ལས་རྫོགས་པར་སངས་རྒྱས་པ་ལ་སོགས་པའི་ཏིང་ངེ་འཛིན་བསྒོམ་པར་བྱེང་བའི་རྣལ་འབྱོར་པ་རྣམས་ཀྱི་སྟན་ཉིད་དུ་བཤད་དོ།། ཡིད་དེ་ལ་སྔོན་པོ་དང་སེར་པོ་དང་དམར་པོ་ལ་སོགས་པར་སྣང་བ་གང་ཡིན་པ་དེ ་སྔར་མཛད་པའི་རིགས་པ་ཉིད་ཀྱིས་དབྱུང་ན་རུང་བ་མ་ཡིན་པས་རྣལ་འབྱོར་པ་རྣམས་དེའི་རྣམ་པ་ཅན་གྱི་ཡིད་ཀྱང་མེད་པ་ལ་འཇུག་གོ།། དེ་ཉིད་ཀྱི་ཕྱིར་འདི་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ཚིག་བླ་དག་སོ།། ཡང་དག་པ་མ ་ཡིན་པ་གང་ཡིན་པ་དེ་ནི་མུ་སྐྱེས་པའོ་ཞེས་བྱ་བ་གསུངས་ཏེ། དེ་སྐད་དུ་གཞན་ལས་ཀྱང་། དོན་དང་སེམས་ཅན་བདག་རྣམ་རིག། སྣང་བའི་རྣམ་པར་ཤེས་པ་ནི།། རབ་ཏུ་སྐྱེ་བ་དེ་དོན་མེད།། དེ་མེང་བས་ན་དེ་ཡང་མང་།། ཅེས་བཤད་དོ།། ། ་དེ་ལྟར་མཚན་མུ་མེད་པའི་ཏིང་ངེ་འཛིན་སྒྲུབ་པར་འདོད་པའི་རྣལ་འབྱོར་པོས་དང་པོ་ཉིད་དུ་ལུས་མ་བསྒོམས་པའི་གཟུགས་ཉིད་རང་བཞིན་གྱིས་བེམས་པོ་ཉིད་ཡིན་པས་སྔོན་པོ་ལ་སོགས་པ་མཚན་མའི་རྣམ་པར་རྟོག་པའི་རྒྱུ་མ་ཡིན་པ་ཉིད ་ལ་འཇུག་གོ།། དེའི་འོག་ཏུ་སྔར་བཤད་པའི་ཚུལ་གྱིས། ཕྱིའི་གཟུགས་ལ་སོགས་པའི་ཕུང་པོ་ཡང་མེད་པ་ལ་ཞུགས་ནས་དེ་ལ་དམིགས་པའི་སེམས་ཀྱང་སྐྱེ་བ་མེད་པར་སེམས་པར་བྱེད་དོ།། དེའི་ཕྱིར་རྣལ་འབྱོར་པས་དོན་དང་སེམས ་ཅན་ལ་སོགས་པར་སྣང་བའི་ཡིད་ཀྱང་སྒྱུ་མ་དང་། སྨིག་རྒྱུ་དང་། མི་ལམཱ་ལ་སོགས་པའི་རྣམ་པར་ཤེས་པ་བཞིན་དུ་དོན་དང་འབྲེལ་པ་ཉིད་ཀྱིས་མེད་པ་ལ་ཞུགས་ཏེ། ཐོས་པ་དང་། བསམ་པ་དང་། བསྒོམ་པ་གོམས་པའི་སྒོ་ནས ་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་ངང་དུ་བྱའོ་ཞེས་བྱ་བར་གནསོ།། འདིའི་ཕན་ཡོན་བཤད་པ་ཡང་འདི་ཡིན་ཏེ། གང་ཚེ་མཚན་མ་མེད་པ་ཡི།། ཏིང་འཛིན་ཇི་ལྟ་བ་བཞིན་རེག་པའི།། དེ་ཚེ་སྔགས་པས་དངོས་གྲུབ་ནི།། ཡིད་ལ་ཡང ་ངག་འབྱུང་བ་འཐོབ། ཅེས་གང་གསུངས་པ་ཡིན་ནོ།། དེ་བཞིན་དུ་མཚན་མ་མེད་པའི་རྣལ་འབྱོར་གྱི་ཕན་ཡོན་བསྟན་པའི་སྐབས་ནས། མཚན་མ་མེད་པས་ནི་མཚན་མ་དང་བཅས་པའི་དངོས་གྲུབ་ཀྱང་འབྱུང་བར ་འགྱུར་རོ།། མཚན་མར་བཅས་པས་མཚན་བཅས་ཀྱི།། དངོས་གྲུབ་རྒྱལ་བ་དམ་པ་བཞེད།། མཚན་མ་མེད་ལ་གནས་པོ་ནི།། མཚན་མ་ཅན་ཡང་བསྒྲུབ་དུ་རུང་།། དེ་བྱ་རྣམ་པ་ཐམས་ཅད་དུ།། མཚན་མ་མེད་པར་བརྟེན་པར་བྱ་ཞེས་གཞན ་འདི་ཡང་གསུང་སོ།། སྒྲུབ་པ་པོ་འཇུག་པའི་སྤྱོད་པ་མཚན་མཱ་དང་བཅས་པ་ནི་ནང་གི་ཞེས་བྱ་སྟྭཾ། དེ་ཡང་གསང་སྔགས་ཐམས་ཅད་ཀྱི་སྤྱིའི་བཟླས་བརྗོད་ཡན་ལག་གཱི་ནི་བྱའི་སྒྲུབས་ནས། བདག་ལྷུར་སྒྲུབ་པ་ལ་སོགས་པ་ཡན་ལག་བཞིའི་གོ ་བའི་མཚན་ཉིད་བཤད་པ་ནི་གཅིག་ཡིན་ཏོ།། གཞི་ནི་རང་གི་ལྷ་བཞག་པ།། རང་གི་ལུས་ཀྱི་གནས་ཞེས་བྱ།། ཞེས་བྱ་བ་ལ་སོགས་པ་རྒྱས་པར་གང་གསུངས་པ་ཡིན་ནོ།། དེ་བཞིན་དུ་གཞན་ནི་དེ་བཞིན་གཤེགས་པའི་སྙིང་པོ་རྣམས་སྒྲུབ་པ ་སྐབས་ནས། བདག་ཉིད་རྫོགས་པར་སངས་རྒྱས་པའི་སྐུར་བསྒྱུར་བ་གོམས་པའི་སྒོ་ནས་བཤད་པ་ཡིན་ཏེ། དེ་ནས་སྙིང་པོ་དེ་དག་ལས་གང་ཡང་རུང་བ་ཅིག་གཟུང་སྟེ། ཐེ་ཚོམ་མེད་པར་གྱུར་གྱི་བར་དུ་གཞི་བསྒྲུབ་པར་བྱའོ་ཞེས་བྱ་བ་ལཱྀ་སོ། ་པའི་མཚན་ཉིད་གང་གསུངས་པ་ཡིན་ནོ།། དེ་བཞིན་དུ་གཞན་ནི་སྒྲུབ་པ་པོའི་འཇུག་པའི་སྤྱོད་པ་ཐམས་ཅད་ཀྱི་སྤྱིའི་མཚན་མ་དང་བཅས་པ་དང་། མཚན་མ་མེད་པའི་རྣལ་འབྱོར་གོམས་པའི་སྒོ་ནས། སོ་མས་སྦྱོར་བའི་མཚན་ཉིད ་བཤད་པ་འདི་ཡིན་ཏེ། དེ་ཡང་མིག་གཉི་སུ་རཱ་ཞེས་བྱ་བ་བཀོད་པའི་སྣང་བས། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྫོགས་པར་བྱང་ཆུབ་པའི་སྐུ་སྙིང་པོ་ཨཱ་ཞེས་བྱ་བས་བསྒྲུབས་པ་པདྨ་ལ ་བཞུགས་པར་བསྒོམས་ལ། རང་གི་ཀླད་པའི་རྒྱས་ཀྱི་ནང་དུ། ཡང་སྙིང་པོ་ཨཾ་ཞེས་བྱ་བ་དེ་བཞིན་གཤེགས་པའི་གནས་སྐབས་ཀྱི་མཚན་ཉིད་ཀྱི་ཆོས་ཀྱི་སྐུ་བརྗོད་པར་བྱེད་པར་གྱུར་པ་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ལས་བཤད་པ། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་ཆོས་འབྱུང་བའི་ཕྱག་རྒྱ་ལ་གནས་པའི་རྡོ་རྗེའི་དཀྱིལ་ན་འདུག་པར་ཇི་སྲིད་དུ་མིག་ཏུ་བཀོད་པའི་ར་ཞེས་བྱ་བའི་སྣང་བས་ཟླ་བའི་དཀྱིལ་འཁོར་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྫོགས་པར་བྱང ་ཆུབ་པའི་སྐུ་པདྨ་ལ་བཞུགས་པ་གཟུགས་བརྙན་ལྟ་བུར་མཐོང་བའི་བར་དུ་ལེགས་པར་བསྒོམ་པར་བྱའོ།། དེ་ནས་ཟླ་བའི་འོད་ཀྱི་ལོམ་གྱིས་རང་གི་སེམས་གྱེན་དུ་བཏང་ཞིང་ཀླད་པའི་རྒྱས་སུ་བཀོད་པའི་སྙིང་པོ་ཨཱཾ་ཞེས་བྱ་བ་དེ་ཤིན་ཏུ་ཆ ་ཕྲ་ཞིང་ཟླ་བ་ལྟར་དཀར་ལ་རབ་ཏུ་གསལ་བར་སྣང་བ་ཉིད་དུ་བྱ་སྟེ། དེ་ཡུནྡ་ཏེ་པོར་རིང་དུ་བསྒོམ་པར་བྱའོ།། དེ་ནས་སྔར་མིག་གཉི་སུ་ར་ཞེས་བྱ་བཀོད་པའི་གན་སུ་ལ་ཞེས་བྱ་བ་ཟླ་བ་ལྟར་དཀར་བ་ཉིད་བཀོད་ནས་དེའི་ཚེ་ན་ཆོས་ཐམས ་ཅད་མཚན་ཉིད་དང་བྲལ་བའོ་ཞེས་བྱ་བར་སེམས་ཤིང་ཆོས་ཀྱི་སྐུ་ལ་མོས་པས་རང་གི་ལུས་རི་ལ་དང་འཇིག་རྟེན་གསུམ་གྱི་མཐས་བཏུགས་པར་ཇི་སྲིད་འདོད་ཀྱི་བར་དུ་བསྒོམ་པར་བྱའོ།། དེའི་མཇུག་བསྡུ་བ་ནི་རང་གི་ལུས་དེ ་བཞིན་གཤེགས་པ་ལ་སོགས་པ་དང་ལྡན་པ་ཇི་ལྟར་དཀོད་དུ་མཐོང་བའི་སྒོ་ནས་བྱས་ལ། དེ་བཞིན་གཤེགས་པ་ལ་སོགས་པར་སྣང་བ་མཇུག་བརྟུལ་བ་ཡང་རང་གི་ལུས་འབྲའ་ཞིག་བལྟ་བའི་སྒོ་ནས་བྱ་སྟེ། ་དེ་ལྟ་བས་ན་འདི་ནི་རིམ་གྱིས་མཚན་མ་དང་བཅས་པ་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་གཉིས་སེམས་པའི་སྒོ་ནས་སྒྲུབ་པ་པོའི་འཇུག་པའི་སྤྱོད་པ་ནང་གི་ཡིན་པར་བལྟ་བར་བྱ་སྟེ་ཇི་སྐད་དུ། དཀར་པོ་སེར་པོ་དམར་པོ་གང་།། ཡིད་ཀྱིས ་སེམས་པར་བྱེད་པ་སྟེ།། དེ་ལ་ཡོངསུ་གཅོད་པ་གང་།། དེ་ནི་སེམས་ཀྱིས་བྱེད་པ་ཡིན།། སེམས་ནི་མགུ་ནས་ངེས་གྱུར་པ། དེ་ནི་སྙིང་ཞེས་བཤད་པོ་ཡིན།། གནས་དེར་གནས་པའི་གསང་སྔགས་རྣམས།། འབྲས་བུ་རྒྱ་ཆེར་སྟེར་བར་འགྱུར།། ་དེ་རུ་པདྨ་བསམ་པ་ནི།། འདབ་མ་བརྒྱད་པ་ཟེ་བར་བཅས།། ཨ་ཞེས་བྱ་བ་འོ་བར་ཕྲེང་འཁྲུག། བཟང་པོ་དེ་རུ་གནས་པ་ལ།། ཞི་བ་ཀུན་ཏུ་རྣམ་པར་གཡོ།། གཙོ་བོ་སྣ་ཚོགས་གཟུགས་མངའ་བ།། གློག་སྟོང་དག་ནི་འཁྲུག་པ་བཞིན།། སྣ་ཚོགས ་ཀུན་ཏུ་སྟོན་པ་ནི།། མེ་ལོང་ཕུག་ན་གནས་པ་བཞིན།། ཆུ་ཡི་ཟླ་བ་རྣམ་པ་བཞིན།། ཐམས་ཅད་ན་ཡང་མདུན་དུ་གནས།། སྔགས་པས་གསང་སྔགས་ལ་གནས།། ཡིད་ནི་དེ་ལྟར་ཤེས་ནས་སུ།། དེ་ནས་སྤྱུགས་པས་སྤྱོད་དུ་ཡང་།། ཀླུང་པའི་རྒྱུས་ཀྱི་དབུས ་སུ་ནི་ནི་ཀླང་ཀོར་བཅས་པའི་མཚན་མ་ཅན།། ཨོཾ་ཞེས་བྱ་བ་དེར་བསམས་ཏེ།། ཤེལ་དྲངས་པ་དང་གང་འདྲ་བ།། དྲི་མིང་དག་པ་མཐོང་བ་ནི།། ཞི་བ་ཆོས་ཀྱི་རང་བཞིན་སྐུ།། ཐམས་ཅད་ཀྱོ་ནི་གཞི་ཞེས་བྱ།། དེ་ལས་གསང་སྔགས་དངོས་གྲུབ་ནི ་སྣ་ཚོགས་གཟུགས་ཅན་འཐོབ་པར་འགྱུར།། དེ་བཞིན་གཤེགས་པའི་གནས་མཐོང་མ།། ཐོ་རིས་པ་ན་རྒྱུ་གྲོལ་བག་པཱནས་བྱ་བ་མར་མོ་བཙུན།། འབྱུང་བ་མིག་ཏུ་གཞུས་ནས་ད་།། མཐུ་བ་རྒྱང་ཟ་ད་བྷྱོཪྼ;ྀ་གྷྲ།། ལྕེ་ཡང་ན་ལ་རྣམ ་ནི།། སྙིང་གྲའི་གནསུ་རྣམ་པ་ལྟ་ཞིང་།། མཉམ་པར་བཞག་སྟེ་ཡིད་ལས་བལྟ།། དྲི་མེད་ཤིན་ཏུ་རྣམ་དག་པོར།། རྟག་ཏུ་མེ་ལོང་བཞོན་དུ་གནས།། དེ་ནི་ཡིད་ཀྱིས་ཡང་དག་པར།། སྔོན་གྱི་རྒྱལ་བ་རྣམས་ཀྱིས་གསུངས།། ཡིད་ཀྱིས་སྣང་བྱས་ལམ་ལྷོ་ནི།། ་རྣམ་པར་ཤེས་པར་སྣང་བར་འགྱུར།། དེ་ནས་སྔགས་པས་རྫོགས་སངས་རྒྱས།། རྐང་གཉིས་གཙོ་བོ་མཐོང་བར་འགྱུར།། དེ་མཐོང་སྔགས་པས་དངོས་གྲུབ་ནི།། རབ་ཏུ་རྟག་པ་ཐོབ་པར་འགྱུར།། དེ་ནས་གོང་དུ་བསྒྱུར་ན་སུ།། ཡི་གེ་ཡོངསུ་བསམ་པ་ནི། ལ ་ཞེས་བྱ་བ་ཀླད་ཀོར་བཅས།། མིག་གི་གནསུ་བསམ་པར་བྱ།། འདི་ཀུན་སྟོང་པར་མཐོང་ན་ནི།། གོ་འཕང་མི་ཉམས་ཐོབ་པར་འགྱུར།། ཡེ་ཤེས་རླབས་པོ་ཆེ་འམ་ནི།། ཡང་ན་མངོན་ཤེས་ལྔ་པོ་དང་།། རིག་སྔགས་འཆང་འགྱུར་དངོས་གྲུབ་དང་།། ཚེ་རིང་གཞོན ་ནུར་གྱུར་པ་དང་།། གལ་ཏེ་མཐོང་བར་འདོད་ན་ནི།། ཇི་སྲིད་འདི་དག་མ་བསྙེན་པར།། དེ་སྲིད་འཐོབ་པར་མི་འགྱུར་རོ།། གསང་སྔགས་ཡེ་ཤེས་ལས་བྱུང་བའི།། འདི་ནི་དེ་ཉིད་ཡེ་ཤེས་མཆོག། ཅེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་ཡིན་ནོ།། དེ་ལྟ་བས ་ན།། འདི་ཡང་གསང་སྔགས་ཐམས་ཅད་སྒྲུབ་པར་བྱེད་པ་ཐབས་དང་ཤེས་རབ་བསླབ་པ་སྔགས་ཐམས་ཅད་སྒྲུབ་པར་བྱིང་བའི་ཐབས་དང་ཤེས་རབ་བསླབ་པའི་སྔགས་པ་རྣམས་ཀྱིས། སྒྲུབ་པ་པོའི་སྤྱོད་པོ་སེམས་པའི་མཚན་ཉིད་ཅན་མཚན ་མ་དང་བཅས་པ་དང་། མཚན་མ་མེད་པ་དང་། རྣལ་འབྱོར་གྱི་ངོ་བོ་ཉིད་ཁོ་ནར་བཤད་པ་ཡིན་ནོ།། དེ་བཞིན་དུ་ཁྱད་པར་དུ་བཅོམ་ལྡན་འདས་ཀྱི་དཔའ་བོ་ཆེན་པོའི་སྙིང་པོ་སྒྲུབ་པར་བྱེད་པ་རྣམས་ཀྱི་སྒྲུབ་པའི་སྤྱོད ་པ། བྱང་ཆུབ་ཀྱི་སེམས་གོམས་པ་སྔོན་དུ་འགྲོ་བ་ཅན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སའི་དཀྱིལ་འཁོར་ལ་གནས་པ་བདག་གཽ་དེ་ཁོ་ན་ཉིད་ཅེས་བྱ་བ། འགྲུབ་པའི་མཚན་ཉིད་ཀྱང་གསུངས་པ་ཉིད་དོ།། ཆོ་ཀ་ཤེས་པས་ཐོག་མོར ་ནི།། བཽདག་གི་དེ་ཉིད་རིམ་བཞིན་བྱ།། སྔགས་པ་སྔ་མ་བཞིན་འདུག་ལ།། དེ་བཞིན་གཤེགས་པ་རྗེས་དྲན་ནས།། བདག་ཉིད་ཨ་ཞེས་བྱ་བ་ནི།། ཀླང་ཀོར་རྒྱས་དང་བཅས་བྱས་པ།། ཐམས་ཅད་ཤིན་ཏུ་སེར་ཞིང་བཟུང་།། གྲུ་བཞི་རྡོ་རྗེས ་མཚན་བྱས་ཤིང་།། སྔགས་པས་དོར་གནས་རྫོགས་པ་ཡི།། སངས་རྒྱས་ཀུན་གྱིས་གཙོ་བོར་བསམ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། བདག་གི་དེ་ཉིད་ཡིན་པར་གསུངས།། ནམ་ཞིག་སྔགས་པས་བདག་གི་ནི།། ཇི་ཉིད་དོགས་པ ་མེད་གྱུར་པ།། དེ་ནི་འཇིག་རྟེན་ཐམས་ཅད་ལ།། ཕན་པར་བྱེད་པ་ཉིད་དུ་འགྱུར།། དྲོངོ་མཚར་སྣ་ཚོགས་དག་དང་ལྡན།། མིག་འཕྲུལ་ཅན་གྱི་གནས་འདུག་ལ།། སྔགས་པས་ནུམ་ཞིག་མཉམ་གཞག་ན།། སྲིད་པ་རབ་ཏུ་དོག་དར་ནི།། ཐོག ་མེད་དུས་ནས་མི་ཤེས་པས།། བསགས་པའི་ལས་དེ་ཀུན་ཟད་འགྱུར།། བླ་ན་མེད་པའི་བྱང་ཆུབ་སེམས།། སེམས་ནི་ནམ་ཞིག་བསྒོམ་བྱེད་པ།། དེ་ཚེ་སྔགས་པ་རྣལ་འབྱོར་པ།། ཆུ་ཡིས་པདྨ་ལྟ་བུར་ནི།། དགེ་དང་མི་དག་འབྲས་བུར ་ནི།། ལས་ཀྱིས་རྟག་པར་མི་གོས་ན།། འདི་བདག་ཉིད་ནི་རྒྱལ་མཆོག་ཏུ།། བསྒྱུར་ན་སྨོས་ཀྱང་ཅི་ཞིག་དགོས།། ཞེས་གང་གསུངས་པ་ཡིན་ཏེ། འདི་ནི་གསང་སྔགས་བསྒྲུབ་པར་བྱེད་པའི་འཇུག་པའི་སྤྱོད་པ་མཚན་མ་དང་བཅས་པ་རླུང་གིར་བཤད ་པ་ཡིན་ནོ།། དེ་ལྟར་ན་རྣལ་འབྱོར་པ་ཅི་རིགས་པར།། ཕྱི་དང་ནང་གི་འཇུག་པའི་སྤྱོད་པ་གང་ཡང་རུང་བ་ལེགས་པར་བྱས་པའི་མཚན་ཉིད་ཅན་གྱིས་གསང་སྔགས་མཉེས་པར་བྱ་བའི་སྦྱོར་བའི་སྤྱོད་པ་སྔོན་དུ་བསྙེན་པའི་བཟླས་བརྗོད་ཀྱི་མཚན་ཉིད ་བརྩམ་པར་བྱའོ།། དེ་ཡང་མཚོན་མ་དང་བཅས་པ་མཚན་མ་མེད་པའི་བཟླས་བརྗོད་ཀྱི་སྦྱོར་བ་ནི་གསང་སྔགས་སྒྲུབ་པར་བྱེད་པ་ཐམས་ཅད་ཀྱི་སྤྱིའི་བཟླས་བརྗོད་ཡན་ལགོ་བཞིའི་མཚན་ཉིད་བཤད་པ་ཁོ་ན་ཡིན་ཏེ། དེའི་ཆོ་ག་ཡང་འདི་ལས། ་ཡི་གེ་ཡང་འདི་ལས། ཡི་གེ་དང་ནི་ཡི་གེ་སྦྱར།། དེ་བཞིན་གཞི་ལས་གཞིར་གྱུར་པ།། ཤིན་ཏུ་བསྡམས་པས་ཡིད་ལ་ནི།། བཟླས་བརྗོད་འབུམ་ཕྲག་གཅིག་བྱའོ།། ཡི་གེ་བྱང་ཆུབ་སེམས་ཡིན་ཏེ།། གཉིས་པ་སྒྲ་ཞེས་བྱ་བ་ཡིན།། གཞི་ནི་རང་གཱི་ལྷ ་བཞག་ལ།། རང་གི་ལུས་ཀྱི་གནས་ལ་བྱ།། གཞི་གཉིས་པ་ནི་རྫོགས་སངས་རྒྱས།། རྐང་གཉིས་མཆོག་ཏུ་ཤེས་པར་བྱ།། ཟླ་བའི་དཀྱིལ་འཁོར་རྣམ་དག་པོ།། སྔགས་བསོ་དེ་ལ་གནས་པར་བསམ།། ཡི་གེ་རྣམས་ནི་གོ་རིམས་བཞིན།། དེ་ཡཾ ་དབུས་སུ་ལེགས་པར་དགོད།། ཅེས་བྱ་བ་ལ་སོགས་པ་གསུངས་པ་འདི་ཡིན་ནོ།། དེ་བཞིན་གཤེགས་པའི་སྙིང་པོ་བཞིས་བཟླས་བརྗོད་བྱེད་པ་རྣམས་ཀྱི་ནང་གི་བཟླས་བརྗོད་ཡན་ལག་བཞི་པའི་སྦྱོར་བ་ཡང་བཤང་བ་ཡིན་ནོ།། དེ་བཞིན ་གཤེགས་པའི་རྒྱུད་ལས་བསྟན་པ་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། ཨ་བྱང་ཆུབ་ཀྱིའོ།། ཨཱ་སྤྱོད་པའོ།། ཨི་རྫོགས་པར་སངས་རྒྱས་པའི་གྲོ་འཕང་པོ། ཨཿམྱ་ངན་ལས་འདས་པའོ་ཞེས་བྱ་བ་ཡིན་ཏེ། དེ ་ལྟ་བས་ན་སྙིང་པོ་བཞི་པོ་དེ་དག་གིས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་དང་། སྤྱོད་པ་དང་། རྫོགས་པར་སངས་རྒྱས་པ་དང་། མྱ་ངན་ལས་འདས་པའི་ཡེ་ཤེས་ཀྱི་གནས་སྐབས་དེ་ལ་བྱང་ཆུབ་ནི།། རང་གི་སེམས་རྣམ ་པ་ཐམས་ཅད་དུ་སྐྱེ་བ་མེད་ཅིང་ཡེ་ཤེས་སྐྱེ་བ་མེད་པར་རྟོགས་པ་ཡིན་ཏེ། བྱང་ཆུབ་རྟོགས་པའི་གནས་སྐབས་དེ་ཡང་སྙིང་པོ་ཨ་ཞེས་བྱ་བས་མཚོན་པ་ཡིན་ནོ།། དེ་བཞིན་དུ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་དུས ་ཉིད་ན། ཆོས་ཉིད་ཀྱིས་ཐོབ་པ་སྐུ་དང་གསུང་དང་ཐུགས་བཀོད་པ་མི་ཟད་པ་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའི་མཚན་ཉིད་སྐལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་དོན་མཛད་པར་བཞུགས་པ་དག་གིས་འགྲོ་བ་སུམ་ཆར་ཁྱབ ་ཅིང་སེམས་ཅན་གྱི་དོན་དང་། སྦྲེལ་བར་བྱེད་པའི་མཚན་ཉིད་ཅན་གྱི་བདག་ཉིད་གང་ཡོན་པ་འདི་ཉིད་བཅོམ་ལྡན་འདས་ཀྱི་སྤྱོད་པ་ཞེས་བཤད་དོ།། དེ་ལ་སྙིང་པོ་ཨ་ཞེས་བྱ་བ་རིང་དུ་འདྲེན་པས་མཚོན་པ་ཡིན་ནོ།། གང་གི་ཚེ་བྱང་ཆུབ་ཀྱི ་མཚན་ཉིད་ཀྱི་ཡེ་ཤེས་དེ་བུད་ཤིང་ཟད་ནས་མེ་མི་འབར་བ་བཞིན་དུ་དམིགས་པ་མེད་པས་ཤེས་བྱ་ལ་མི་འཇུག་པ་དེའི་ཚེ། ཤེས་བྱ་སྟོང་པ་ཉིད་དུ་བརྗོད་པའི་ཀླད་ཀོར་དང་ལྡན་པ་ཡིན་པས་བྱང་ཆུབ་ཀྱི་སྙིང་པོ་དེ་ཉིད་སེམས་དང་ཡུལ ་རྣམས་སྐྱེ་བ་མེད་པར་རྟོགས་པའི་ཕྱིར་ཀུན་ནུས་སངས་རྒྱས་པ་ཞེས་བྱ་སྟེ། ཡེ་ཤེས་རྟོག་པའི་གནས་སྐབས་དེ་ཡང་ཨཾ་ཞེས་བྱ་བ་འདིས་མཚོན་པ་ཡིན་ནོ།། དེའི་རྗེས་ལ་རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་དང་ཤེས་བྱ་དག་སྟོང་པ་ཉིད་རང་གི ་ངོ་བོ་ཡང་ངོ་བོ་ཉིད་མེད་དོ།། ཞེས་བྱ་བ་ལ་དེ་ལྟར་རྟོགསོ་པའི་གནས་སྐབས་དེ་ཉིད་ན། མྱ་ངན་ལས་འདས་པ་དང་འདྲ་བ་མཐའི་ལས་འདས་པ་སྟོང་པ་ཉིད་རྟོགས་པའི་གནས་དེ་ཉིད་ན། མྱ་ངན་ལས་འདས་པ་དང་འདྲ་བ་མཐའ་ལས་འདས ་པ་སྟོང་པ་ཉིད་རྟོགས་པའི་གནས་སྐབས་ཡིན་ཏེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དུ་བརྗོད་པར་བྱེད་པའི་སྙིང་པོ་ཨཿཞེས་བྱ་བ་ཚེ་གཉིས་དང་ལྡན་པས་མཚོན་པར་བྱེད་པ་ཡིནོ།། དེ་ལ་སྙིང་པོ་བཞི་པོ་འདི་དག་ནི་ནང་གི་བཟླས་བརྗོད་ཡན་ལག ་བཞི་པའི་སྦྱོར་བ་འདི་ཡིན་ཏེ། འདི་ལྟ་སྟེ། བདག་ཉིད་ཨ་ཞེས་བྱ་བ་ལ་སོགས་བའི་སྙིང་པོ་བཞི་ལས། སྙིང་པོ་གང་ཡོང་རུང་བ་གཅིག་གིས་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུར་བསམས་ལ། སྙིང་པོ་ཡི་གེ་འདི་ཉིད་ཀྱིས་རྫོགས་པ ་སངས་རྒྱས་བདག་དང་གཉིསུ་མེད་པར་གྱུར་པ་དེའི་ཐུགས་ཀར་དོར་ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་བཅོམ་ལྡན་འདས་ཀྱི་གདན་པདྨ་ལ་བཞུགས་པ་གཞན་ཞིག་བསམས་ནས་དེའི་ཐུཿ། ་ཀར་ཡང་སྙིང་པོ་དེ་ཉིད་ཟླ་བའི་དཀྱིལ་འཁོར་ལ་གནས་པར་བསམ་ཞིང་དེ་བཟླས་བརྗོད་བྱ་བ་ཡིན་ཏོ།། དེ་བསྟན་པའི་ཕྱིར། དེ་ནས་སྙིང་པོ་དེ་དག་གང་ཡང་རུང་བ་གཅིག་གཟུང་སྟེ། ཐེ་ཚོམ་མེད་པར་གྱུར་གྱི་བར་དུ་གཞི་བསྒྲུབ་པར་བྱའོ།། ་དེ་ནས་སྙིང་གར་བཞག་སྟེ་ཡིད་བསྒྲུབ་པར་བྱའོ།། ཤིན་ཏུ་རྣམ་པར་དག་པའི་དྲི་མ་མེད་པ་བརྟན་པར་རབ་ཏུ་མི་གཡོ་བ་རྣམ་པར་མི་རྟོག་པ་མེ་ལོང་ལྟ་བུར་ཕྲ་བ་ལ་མངོན་དུ་བལྟ་ཞིང་རྟག་ཏུ་གོམས་པའི་སྦྱོར་བས ་རང་གི་ལུས་རང་གི་ལྷའི་ལུས་སུ་མཐོང་གི་བར་དུ་བྱའོ།། དེ་ནས་གཞི་གཉིས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ལོང་གི་དཀྱིལ་དེ་ཉིད་ན། པདྨའི་རྒྱལ་པོ་ཆེན་པོ་ལ་བཞུགས་པ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ ་ཕོར་ཚུགས་དང་དབུ་རྒྱན་ཅན་འོད་ཟེར་མཐའ་ཡོས་པས་བསྐོར་གརྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ། ནམ་མཁའ་བཞིན་གཟོད་མ་ནས་ཞི་བ་སྟེ། དེ་ལ་སྒྲ་གནས་པར་བསམ་ཞིང་། མཉམ་པར་བཞག་པས་བཟླས ་བརྗོད་བྱའོ།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་མཚོནཱ་མ་མེད་པའི་ཏིང་ངེ་འཛིན་རང་གི་ལྷ་ཆོས་ཀྱི་སྐུ་སྦྱོར་བའི་སྒོ་ནས་ཀྱང་སྤྱིར་རིག་སྔགས་དང་གསང་སྔགས་ཐམས་ཅད་ཀྱི་བཟླས་བརྗོད་ཀྱི་ཆོ་ག་བཤད་དེ། འདི ་ལས་མཚན་མ་དང་བཅས་པ་དང་། མཚན་མ་མེད་པ་གཉིས་ཀྱི་གོ་རིམས་བཞིན་དུ་ཡོངསུ་མ་དག་པ་དང་ཡོངསུ་དག་པའི་སྐུ་གཉིས་ཀྱི་བྱེ་བྲག་གི་སྒོ་ནས། ལྷའི་སྐུའི་ངོ་བོ་ཉིད་རྣམ་པ་གཉིས་སུ་བསྟན་ཏོ།། དེ་ལ་ཡང་ཡོངས ་སུ་དག་པ་ནི་ཆོས་ཀྱི་སྐུའོ།། མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་བོ་ཉིད་ཡེ་ཤེས་རྣམ་པ་མེད་པའི་རང་བཞིན་གྱི་མཚན་ཉིད་ཡིནོ།། ཡོངསུ་མ་དག་པ་ཡང་ཀུན་ཏུ་བརྟགས་པའི་གཟུགས་ཀྱི་ངོ་བོ་ཉིད་རྫོགས་པའི་སངས ་རྒྱས་རྣམས་ཀྱི་ལོངས་སྤྱོད་རྟོགས་པ་དང་། སྤྲུལ་པའི་སྐུའི་མཚན་ཉིད་གདུལ་བྱའི་སྐྱེ་བོ་ལ་སྣང་བའི་དབང་གིས་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་དུ་རྣམ་པར་བཞག་པ་ཡིན་ནོ།། ལྷའི་ཁྱད་པར་ཡོངསུ་དག་པ་དང་། ཡོངསུ་མ་དག ་བ་དེ་ལས་གཞན་པ་རྣམས་ཀྱི་གཟུགས་ཀྱི་སྐུ་བསོད་ནམས་ཀྱི་རྒྱུ་ཇི་ལྟར་གཟུང་བ་བཞིན་དུ་སྣང་བ་ཡང་། ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་ཡོངསུ་མ་དག་པ་ཡིན་ནོ།། འདིར་ཡང་དེ་ཉིད་ཀྱི་རྣམ་པར་ཐར་པའི་སྒོའི་སེམས་གོམས་པའི ་མཚན་ཉིད་ཇི་ལྟར་རྟོགས་པ་གང་ཡིན་པ་དེ་ནི་དེ་དག་གི་ཡང་ཆོས་ཀྱི་སྐུ་ཡིན་ནོ་ཞེས་པར་རྣམ་པར་གཞག་སྟེ། དེ་སྐད་དུ་གཞན་ལས་ཀྱང་། གསང་སྔགས་བྱང་ཆུབ་སེམས་ཡིན་ཏེ། ཞེས་གསང་སྔགས་སྤྱིའི་མཚན་ཉིད་གསུང ་སོ།། སྐུ་དེ་གཉིས་ཀའི་མཚན་ཉིད་ཀྱང་འདི་ལས་ཡོངསུ་བསྟན་ཏེ། ལྷའི་གཟུགས་ཀྱང་རྣམ་པ་གཉིས་ཏེ། ཡོངསུ་དག་པ་དང་ཡོངསུ་མ་དག་པའོ།། དེ་ལ་ཡོངསུ་དག་པོ་ནི་རྟོགས་པའི་ངོ་བོ་སྟེ་མཚན་མ་ཐམས་ཅད་དང་བྲལ་བའོ།། ཡིད ་སུ་མ་དག་པ་ནི། མཚན་མ་དང་བཅས་པའི་གཟུགས་ཏེ། ཁ་དོག་དང་དབྱིབ་སོ།། དེ་ལ་ལྷའི་གཟུགས་རྣམ་པ་གཉིས་ཀྱིས་དགོསཾ་པ་རྣམ་པ་གཉིས་འགྲུབ་པར་འགྱུར་ཏེ། མཚན་མ་དང་བཅས་པས་ནི་མཚན་མ་དང་བཅས་པའོ།། ་མཚན་མ་མེད་པས་ནི་མཚན་མ་དང་བཅས་པའི་དངོས་གྲུབ་ཀྱང་འབྱུང་བར་འགྱུར་རོ།། མཚན་མར་བཅས་པས་མཚན་བཅས་ཀྱི།། དངོས་གྲུབ་རྒྱལ་བ་དམ་པ་བཞེད།། མཚན་མ་མེད་ལ་གནས་པས་ནི།། མཚན་མ་ཅན་ཡང་སྒྲུབ ་དུ་རུང་།། དེ་བསྡུ་རྣམ་པ་ཐམས་ཅད་དུ།། མཚན་མ་མེད་པ་བརྟེན་པར་བྱ།། ཞེས་གང་གསུངས་པ་ཡིན་ཏེ། ལྷའི་སྐུ་མཚན་མ་མེད་པ་ལ་འཇུག་པའི་ཐབས་དེ་ཡང་འདི་ལས་སྔར་མཚན་མ་མེད་པའི་ཏིང་ངེ་འཛིན་རིམ་པ ་ཕྱེ་བ་ལས་བཤད་པ་འདི་ཉིད་དོ།། དེ་ལ་རང་གི་ལྷ་ལྔ་སོགས་པ་ཀུན་ཏུ་བརྟགས་པ་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་དུ་སྣང་བའི་མཚན་ཉིད་ཀྱི་སྐུས་བཟླས་བརྗོད་ཀྱི་ཡན་ལག་བཞི་ལ་སོགས་པ་སྒྲུབ་པ་ནི་སྔར་བཤད་ཟིན་ཏོ།། ་རོརང་གི་ལྷ་ཆོས་ཀྱི་སྐུའི་མཚན་ཉིད་ཅན་མཚན་མ་མེད་པའི་ཏིང་ངེ་འཛིན་གོམས་པའི་སྒོ་ནས་བཟླས་བརྗོད་སྒྲུབ་པའི་སྦྱོར་བའི་གོ་རིམས་འདི་ཡིན་ཏེ། དེ་ལ་རེ་ཞིག་སྔ་མ་བཞིན་དུ་བཟླས་བརྗོད་ཡན་ལག་བཞི་ལ་སོགས་པ་ཐམས་ཅད་མངོན་དུ ་བྱས་ལ་རང་གི་ལྷའི་སྐུ་བདག་དང་གཉིས་སུ་མེད་པའི་ཁ་དོག་དང་དབྱིབས་ལ་སོགས་པའི་ངོ་བོ་ཉིད་ཀུན་བརྟགས་པོར་སྣང་བ་ལ་རྡུལ་ཕྲ་རབ་ཏུ་རྣམ་པདྨ་གཞིག་པར་བརྟགས་པའི་མི་གཟོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པའི་རིགས་པའམ། ་བཞིན་དུ་རང་གི་སེམས་ལ་ནང་དུ་བལྟས་པར་བྱ་བའི་སྦྱོར་བའི་སྒོ་ནས་སྲོག་སླར་སྡུད་པའི་རིགས་པ་འམ། དེར་སྣང་བ་ཡིད་ལ་མི་བྱེད་པའི་སྒོ་ནས་ཀྱང་རུང་སྟེ། ཇི་ལྟར་རྟོགས་པ་བཞིན་སེམས་རང་རིག་པ་ཙམ་རང་གི་ལྷའི་གཟུགས་ཀྱི་སྐུ་དང་བྲལ་བ་སྣང་བ་མེད ་བ་མངོན་སུམ་དུ་བྱ་སྟེ། ཅི་རིགས་པར་ཡིད་ལ་རང་གི་རིག་སྔགས་བཟླས་བརྗེད་བྱའོ་ཞེས་བྱ་བ་ཡིན་ནོ།། དེ་བསྟན་པའི་ཕྱིར། ཡིད་ཀྱི་འཇིག་རྟེན་འདས་ཞེས་བྱ།། སླར་སྡུད་ལ་སོགས་རྣམ་པར་སྤངས།། ལྷ་དང་གཅིག་ཏུ་སྦྱོར་བ་དང་།། ཐ་དང་མ་ཡིན ་འཇིག་པའོ།། ཡིད་ཀྱི་རང་བཞིན་དབྱེར་མེད་བྱ།། གཞན་དུ་བྱ་བ་མ་ཡིན་ནོ།། ཞེས་བྱ་བ་གསུངས་ཏེ། འདི་ནི་སྒྲུབ་པ་པོ་རྣམས་ཀྱི་སྔོན་དུ་བསྙེན་པའོ།། གསང་སྔགས་མཉེས་པར་བྱ་བའི་ཕྱིར།། སྦྱོར་བའི་སྤྱོད་པ་བཤད་པ་ཡི་ནོ།། ད་ནི་སྔར་བསྙེན་པ་བྱས་ཟིན ་བའི་གསང་སྔགས་ཀྱི་དངོས་གྲུབ་འགྲུབ་པོའི་སྤྱོད་པའི་སྦྱོར་བ་བརྗོད་པར་བྱ་སྟེ། དེ་ཡང་ཕྱི་དང་ནང་གི་བྱེ་བྲག་གིས་རྣམ་པ་གཉིས།། དེ་ལ་ཕྱིའི་ནི་གསང་སྔགས་ཐམས་ཅད་ཀྱི་དངོས་གྲུ་བོ་ཐམས་ཅད་སྒྲུབ་པའི་དཀྱིལ་འཁོར་འདི་ཡིན་ཏེ། འདི་ལྟར་ཇི ་སྐད་དུ་གསང་སྔགས་སྒྲུབ་པའི་དཀྱིལ་འཁོར་གྱི་མཚན་ཉིད་ཀུན་ཏུ་གྲུ་བཞི་ལྷམ་པ་སྟེ། སྒོ་གཅིག་པོ་ལ་མུ་རན་ཅན།། ཐམས་ཅད་ཁ་དོག་སེར་པོ་ཡིས།། རྡོ་རྗེ་དཀྱིལ་འཁོར་མཆོག་བྲིས་ནས།། རྡོ་རྗེ་ཕན་ཚུན་འབྲེལ་བྱ་བ།། ཞེས་བྱ་བ་ལ་སོགས་པ་གསུང ་པཔ་འདི་ཡིན་ཏེ། དཀྱིལ་འཁོར་གྱི་མཚན་ཉིད་རྒྱས་པར་གསུངས་ནས། དེ་ནི་བསྲུང་བྱས་དེར་འདུག་སྟེ། སྦྱངས་པའི་རྫས་ནི་བླངས་ན་སུ།། ནང་གི་བདག་ཉིད་རྣམ་དག་པས།། མཚན་གཅིག་ཐལ་འབྱུང་བཟླས་བརྗོད་བྱ།། དེར་ནི་ནམ་གྱི་ཕྱེད་དུས་སམ།། ་ཡང་ན་ཉི་མ་འཆར་བའི་ཚེ།། རྫས་དེ་ཡོངསུ་གྱུར་པ་ནི།། འབར་ཕྲེང་ཅན་གྱི་གཟི་བརྗོད་བཞིན་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུང་སོ།། དེ་ལྟ་བས་ན་འདི་ནི་ཕྱིའི་དངོས་གྲུབ་རལ་གྲི་ལ་སོགས་པའི་མཚན་ཉིད་རྣམས་སྒྲུབ་པའི་ཕྱིརརོ་སྒྲུབ་པའི་དཀྱི ་འཁོར་དངསུ་བཤད་པ་ཡིནོ།། ནང་གི་དཀྱིལ་འཁོར་ནི་མེ་དང་རླུང་དང་ཆུ་དང་སའི་མཚན་ཉིད་ཡིན་ཏེ། དེ་དག་གོམས་པར་བྱས་པས་ནང་གི་དངོས་གྲུབ་སེམས་ཀྱི་དབང་ཙམ་པ་ལ་རག་ལས་པ་མངོན་པར་ཤེས་པ་ལ་སོགས་པོའི་མཚན་ཉིད ་དག་ཁོ་ན་སྒྲུབ་པར་བྱེད་དོ།། རང་གི་དངོས་གྲུབ་དེ་དག་གི་མཚན་ཉིད་ཀྱང་འདི་ལས་དཔའ་བོ་ཆེན་བའི་རིམ་པར་བྱེ་བྱ་དང་ཡི་གེ་བརྒྱ་པ་རིམ་པར་ཕྱེ་བ་བསྟནཱ་པ་ལྔས་དང་སུ་སྣུན་པར་ཁོང་དུ་ཆུད་བར་གྱུ ་དེ་བཞིན་དུ་འདི་ལས་ནང་གི་དངོས་གྲུབ་རྣམས་འགྲུབ་པར་བྱ་བའི་ཕྱིར་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་དབང་ཐོབ་པ་གཞན་ཡང་གསུངས་པ་ཉིད་དོ།། གང་ཚེ་མཚན་མ་མེད་པ་ཡིས།། ཏིང་འཛིན་ཇི་ལྟ་བཞིན་རེག་པ།། དེ་ཚེ་སྔགས་པོས་དངོས ་གྲུ་བ་ནི།། ཡིད་ལས་ཡང་དག་འབྱུང་བ་ཐོབ།། ཅེས་གསུང་སོ།། འདིར་དངོས་གྲུབ་ཡིད་ལས་ཡང་དག་པར་འབྱུང་བར་བསྟན་པ་ནི། དངོས་གྲུབ་ཐམས་ཅད་རྣམ་པར་དབྱེ་བ་ལས་བརྗོད་པ་ཡིན་ཏེ། འདི་ལྟ་སྟེ། བྱང་ཆུབ་སེམས་ཐོབ ་གང་ཡིན་དེས།། དངོས་གྲུབ་དེ་ལས་གཞན་ཅི་དགོས།། དེ་ལས་གཞན་དུའང་དངོས་གྲུབ་ནི།། རྣམ་པ་དག་ནི་ལྔར་འདོད་དེ།། སྤྱོད་པའི་རྗེ་སུ་འཇུག་པ་དང་།། དེ་བཞིན་ས་ནི་གོནོན་པ་དང་།། འཇིག་རྟེན་མངོན་ཤེས་ལྔར་འདོད་དང་།། སངས་རྒྱས ་ཉིད་དང་གང་གཞན་ནོ་ཞེས་གང་གསུངས་པ་ཡིན་ནོ།། དེ་ལྟ་བས་ན་ཕྱི་དང་ནང་གི་འཇུག་པའི་དཀྱིལ་འཁོར་དུ་འཇུག་པ་དང་། བྱང་ཆུབ་ཀྱི་སེམས་གོམས་པ་དང་། སེམས་སྦྱོང་བ་ལ་སོགས་པའི་མཚན་ཉིད་བཤད་པ་འདི་ནི་སྦྱོར་བའི ་སྤྱོད་པ་བཟླས་བརྗོད་ཡན་ལག་བཞི་པ་ལ་སོགས་པའི་མཚན་ཉིད་ལ་འཇུག་པར་འགྱུར་བ་ཡིན་ནོ།། དེ་ལ་སྦྱོར་བའི་བཟླས་བརྗོད་ཡན་ལག་བཞི་པ་ལ་སོགས་པའི་མཚན་ཉིད་ནི་འདི་ཡིན་ཏེ། འདི་ལྟ་སྟེ། རེ་ཞིག་དང་པོར་རིམ་པ་གང་ཡང ་རུང་བས་བཟླས་བརྗོད་ཀྱི་སྦྱོར་བ་དམིགས་པ་དང་བཅས་པ་དང་། དམིགས་པ་མེད་པའི་བདག་ཉིད་ཀྱི་སྒོ་ནས་ཇི་སྲིད་དུ་སྔགས་ཀྱི་སྔོན་དུ་བསྙེན་པ་བཟླས་བརྗོད་ཇི་སྐད་བཤད་པ་ཡོངསུ་རྫོགས་པ་དེ་སྲིད་དུ་བཟླས་བརྗོད་བྱའོ་ཞེས་བྱ་བ་ཡིན་ནོ། ་གསང་སྔགས་ཀྱི་བསྙེན་པའི་བཟླས་བརྗོད་ཀྱང་རྒྱུད་འདི་ལས་རྣམ་པ་གསུམ་དུ་ངེས་པར་གསུངས་ཏེ། འདི་ལྟ་སྟེ། གྲངས་དང་དུས་ངེས་པ་དང་མཆིན་མ་བྱུང་བའོ།། དེ་ལ་བྱང་ཆུབ་ཀྱི་སེམས་ལེགས་པར་གོམས་པོ་ཅི་རིགསོ་བར་ཀུན་རྫོབ ་དང་དོན་དམ་པའི་བདེན་པའི་ལྷའི་ངོ་བོ་ཉིད་ཀྱི་ངང་དུ་བྱས་པ་ལ་ནི་སྦྱོར་གསང་སྔགས་ཐམས་ཅད་དང་ཁྱད་པར་དུ་དེ་བཞིན་གཤེགས་པའི་སྙིང་པོ་བཞི་རྣམས་ལས་གང་ཡང་རུང་བའི་སྔོན་དུ་བསྙེན་པ་དུས་སྔ་མ་དང ་བོར་གྲངས་ཀྱི་བསྙེན་པ་བཟླས་བརྗོད་འབུམ་བྱ་བ། སྔོན་དུ་འགྲོ་བའི་བཟློས་བརྗོད་ཟླ་བ་གཉིསུ་ངེས་པར་བྱ་བ་ཉིད་དུ་གསུངས་པ་ཡིན་ནོ།། དཔའ་བོ་ཆེན་པོའི་ཡི་གེ་རྣམས་ཀྱི་སྔོན་དུ་བསྙེན་པ་ནི། སྒྲུབ་པ་བཱི་བདག་གི་དྲི་ཁོ་ན་ཉིད་དང་དུ ་བྱས་པའི་རྣལ་འབྱོར་གྱི་གཞི་ཅན་ལ་བཟླས་བརྗོད་ཀྱི་གྲངས་སོ་སོར་ཡོངསུ་ཆད་པ་མེད་པ་ཁོ་ནར་གསུངས་སོ།། དེ་ལ་རེ་ཞིག་བཅོམ་ལྡན་འདས་ཀྱིས་འདི་ལས་གཞུང་འདྲིས་གསང་སྔགས་ཐམས་ཅད་ཀྱི་སྤྱིའི་བསྙེན་པའི་བཟླས་བརྗོད ་ངེས་པའི་མཚན་ཉིད་བཤད་དེ། ཡི་གེ་དང་ནི་ཡི་གེ་སྦྱར།། དེ་བཞིན་གཞི་ལས་གཞིར་གྱུར་པ།། ཤིན་ཏུ་བསྡམས་པས་ཡིད་ལ་ནི།། བཟླས་བརྗོད་འབུམ་ཕྲག་གཅིག་བྱའོ།། ཞེས་བྱ་བ་རྒྱས་པར་གསུངས་ནས་ཡང་། དེ་ནས་སྔགས ་པས་ཟླ་གཅིག་ཏུ།། ཤིན་ཏུ་བསྡམས་ཏེ་བཟླས་བརྗོད་བྱ།། གསང་སྔགས་སྔོན་དུ་སྤྱད་པ་ནི།། གཞི་གཅིག་ནས་ནི་གཅིག་ཏུ་འཇུག། གྲགས་ཆེན་སངས་རྒྱས་ཐམས་ཅད་ཀྱིས།། སྔར་སྤྱད་པ་ཞེས་བཤད་པ་ཡིན།། ་དེ་ཕྱིན་ཆད་ནི་གང་ཅུང་ཟད།། མེ་ཏོག་སྤོས་ལ་སོགས་པ་འབུལ།། སངས་རྒྱས་ཉིད་དུ་འགྱུར་བྱའི་ཕྱིར།། དེ་ཚེ་བྱང་ཆུབ་ཏུ་ཡང་བསྔོ།། སྔགས་པས་འཇིགས་མེད་དེ་ལྟ་བུས།། ཟླ་བ་གཉིས་ལ་བཟླས་བརྗོད་བྱའོ།། དེ་ནས་ཟླ་བ་ཉེ་བའི་ཚེ།། མི་དེ ་སྒྲུབ་པ་ལ་འཇུག་བྱ།། ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཉིད་དོ།། དེ་བཞིན་དུ་ཁྱད་པར་དུ་ནི་དེ་བཞིན་གཤེགས་པའི་སྙིང་པོ་བཞི་པོ་དག་གིས་སྔོན་དུ་བསྙེན་པ་གཞུང་འདིས་ངེས་པར་བཤད་པ་ཉིད་དེ། དེ་ནས་སྙིང་པོ་དེ་དག་ཉིད་ལས ་གོང་ཡང་རུང་བ་གཅིག་བཟུང་སྟེ། ཐེ་ཚོམ་མེད་པར་གྱུར་གྱི་བར་དུ་གཞི་སྒྲུབ་པར་བྱའོ།། ཅེས་བྱ་བ་རྒྱས་པར་གསུངས་ནས། དེ་ལ་སྒྲ་གནས་པར་བསམ་ཞིང་། མཉམ་པར་བཞག་པས་བཟླས་བརྗོད་བྱའོ།། དེ་ནས་སྔོན་དུ་བསྙེན་པ་ནི ་འབུམ་ཕྲག་གཅིག་ཏུ་བྱ་བར་བཤད་དེ། དེ་ལས་ཟླ་བ་གཉིས་པ་ལ།། མེ་ཏིག་དྲི་ལ་སོགས་པ་འབུལ།། སེམས་ཅན་རྣམ་པ་མང་པོ་ཡིས།། ཕན་པ་ཉེ་བར་སྒྲུབ་བྱེད་ཅིང་།། རྙེད་དང་མ་རྙེད་རྣམ་སྦྱངས་ཏེ།། ཟླ་བ་གཞན་ལས་བཟླས་བརྗོད་པ།། ་དེ་ལ་དེ་རེ་སྦྱོར་བ་འདི།། མཉམ་པར་བཞག་པར་བསམ་པར་བྱའོ།། བདག་གི་བསོད་ནམས་མཐུ་ཡིསུ།། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག། ཡང་ན་དེ་བཞིན་གཤེགས་བསྔགས་པའི།། འདོད་པ་ཕུན་སུམ་ཚོགས་གྱུར་ཅིག། ཅེས ་བ་ལ་སོགས་རྒྱུད་འདི་ལས།། སེམས་ཅན་ལ་ཕན་པར་བསྔགས་པའི་སྦྱོར་བ་རྒྱས་པར་བསྟན་པའི་བར་ཡིན་ནོ།། དེ་བས་ན་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་བཞི་སྔོན་དུ་བསྟན་ད་ངེས་པའི་བཟླས་བརྗོད་ཀྱི་སྦྱོར་བས་ཀུན་ནས་བསླང ་སྤྱིར་མདོར་ཡང་དག་པར་བསྡུས་པ་ཡིན་ནོ།། རྒྱས་པར་ནི་རྒྱུད་ཉིད་ལས་ངེས་པར་གཟུང་བར་བྱའོ།། དེ་བཞིན་དུ་ནང་གི་རྣལ་འབྱོར་ཡན་ལག་བཞི་པ་བྱས་པ་ལས། བཟླས་བརྗོད་མེད་ཀྱང་ཁྱད་པར་དུ་སྙིང་པོ་ཨོཾ་ཞེས་བྱ་བའི་ལས་བསམ་པའི ་སྦྱོར་བས་ཀུན་ནས་བསླང་བའི་ཚེ་བརྟན་པར་བྱེད་པ་དང་། དུག་སེལ་བ་འདི་གསུངས་པ་ཉིད་དོ།། འོན་ཏེ་སྲོག་བཟུང་བར་འདོད་ན་ཨ་ཞེས་བྱ་བ་སྲོག་དོང་ལྷན་ཅིག་ཏུ་བྱས་ལ། དུས་གསུམ་དུ་བསམ་པར་བྱས་ན། ཡུན་རིང་དུ་གནས ་པོར་འགྱུར་རོ།། དེ་ཉིད་ཀྱི་སྟེང་དུ་ཀླད་ཀོར་བཞག་ན་གནས་པ་དང་། འགྲོ་བའི་དུག་ཐམས་ཅད་སེལ་ཏོ་ཅེས་གང་གསུངས་པ་ཡིན་ནོ།། བསམ་པའི་སྦྱོར་བའི་སྒོ་ནས་སྙིང་པོ་ཨ་ཞེས་བྱ་བའི་དབང་དུ་བྱ་བའི་སྦྱོར་བ་འདི་ཡང་གསུངས་ཏེ། ་དེ་ནས་གཟི་ཅན་དབང་དུ་བྱ་བར་འདོད་ན། ཨ་ཞེས་བྱ་བ་བདག་ཏུ་འདོད།། བ་ལས་དེ་བཞིན་མི་དབང་པོ།། གཅིག་ལ་པདྨ་བཞག་པར་བྱ།། གཞན་ལོ་ཡང་ནི་དུང་བཞག་སྟེ།། གཅིག་ལ་གཅིག་ནི་གདོང་བལྟ་སྟོ་ན།། དེའི་མོད་ལས་དབང་དུ ་འགྱུར།། ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། འདིའི་དོན་ནི་བདག་ཉིད་རྣམ་པར་སྣང་མཛད་ཀྱི་སྐུ་ཁ་དོག་དམར་པོར་བསྒོམས་ཏེ། དེའི་ལྕེ་ལ་པདྨ་དམར་པོ་ཁོ་ན་བསམས་ལ། སྒྲུབ་པར་བྱ་བ་ཡི་གེ་བ་ཞེས་བྱ་བས་རྡོ་རྗེ་སེམས ་དཔའི་སྐུ་ཁ་དོག་དམར་པོར་བསམས་ཏེ། དེའི་ལྕེ་ལ་ཡང་དུང་ཁ་དོག་དམར་པོ་ཁྲོ་ན་བསམས་ནས། ཕན་ཚུན་གདོང་དུ་བལྟས་ན་དབང་གི་སྦྱོར་བ་ཡིན་ནོ།། དེ་ལྟ་བུས་ན་དེ་ལྟ་བུ་ནི་དེ་བཞིན་གཤེགས་པའི་སྙིང ་པོ་བཞི་པོ་དག་གི་སྔོན་དུ་བསྙེན་པའི་བཟླས་བརྗོད་ངེས་པ་དང་། བསམ་པ་ལ་གོམས་པའི་ལས་ཀྱི་སྦྱོར་བ་ངེས་པར་བཤད་པ་ཡིན་ནོ།། འདི་ལས་བཟླས་བརྗོད་ཀྱིས་ཀུན་ནས་བསླངས་པའི་དངོས་གྲུབ་ཀྱི་ཚོད་དུ་དཔའ་བོ་སྙིང་པོ་ཆེན་པོ ་ཡི་གེ་སྒྲུབ་པར་བྱེད་པ་རྣམས་ཀྱི་སྔོན་དུ་བསྙེན་པ་རྣལ་འབྱོར་གྱི་གནས་སྒྲུབ་པ་སྔོན་དུ་འགྲོ་བ་ཅན་གྱི་བཟླས་བརྗོད་ཀྱི་གྲངས་ངེས་པ་ཡང་བསྟན་ལ། བསམ་པས་ཀུན་ནུས་བསླང་བའི་ལས་རྣམས་གྲུབ་པར་བྱ་བའི་ཕྱིར་སྙིང་པོ་དེ་དག ་ཉིད་ཀྱི་བཟླས་བརྗོད་ཀྱི་སྦྱོར་བ་དང་། དེ་བསྒོམས་པས་ཀུན་ནས་བསླང་བའི་དངོས་གྲུབ་རྣམས་ཀྱི་སྒོམ་པའི་སྦྱོར་བ་ཡང་བསྟན་ཏོ་ཞེས་བྱ་བར་ཤེས་པར་བྱའོ།། དེ་ལ་རྣལ་འབྱོར་གྱི་གནས་ཀྱི་མཚན་ཉིད་ནི།། འདི་ལས། ཨ་ནི་མིཆོག་ཏུ་ཤེས ་བྱ་བ་། དབང་ཆེན་དཀྱིལ་འཁོར་ལྡན་པ་སྟེ།། ཕྱི་རོལ་དང་ནི་ནང་དུ་ཡང་།། རྡོ་རྗེ་དཀྱིལ་འཁོར་ཤེས་པར་བྱ།། དེར་འདུག་ནས་ནི་ཐམས་ཅད་བསམ།། རྣལ་འབྱོར་གནས་ཞེས་བཤད་པ་ཡིན།། ཞེས་གསུངས་པ་འདྲི་ཡིནོ།། བཅོམ་ལྡན་འདས ་དབང་ཆེན་གྱི་སྐུ་འདི་ལས། གསེར་གྱི་ཁ་དག་འབར་དང་བཅས།། ཐོར་ཚུགས་དབུ་རྒྱན་འཆང་བ་ཡི།། རྫོགས་པའི་སངས་རྒྱས་ཏིང་འཛིན་བཞུགས།། དབང་ཆེན་གྱི་ནི་གཞི་ཞེས་བྱ།། ཞེས་གསུངས་པ་ཡིན་ནོ།། དེ་ལྟར་ན་རྣལ་འབྱོར ་གྱི་གནས་བསྒྲུབ་སྟེ། རྣལ་འབྱོར་གྱི་གནས་དེ་ལ་དཔའ་བོ་ཆེན་པོ་སྙིང་པོ་ཡི་གེ་རྣམས་གང་ཡང་རུང་བ་ཞིག་བཀོད་པ་ནས། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པར་བྱ་བའི་ཕྱིར། ཅི་རིགས་པར་འདི་ལྟ་སྟེ། བསམ་པའི་རྒྱུད། ་ལས་འགྲུབ་པའི་སྦྱོར་བ་དང་། ཟླ་བའི་སྔོན་དུ་བསྙེན་པའི་བཟླས་བརྗོད་སྒྲུབ་པའི་དངོས་གྲུབ་ཀྱི་སྦྱོར་བ་དང་། ཡི་གེ་དེ་དག་ཉིད་བསྒོམས་པར་ཤིན་ཏུ་གོམས་པ་ལས་བྱུང་བའི་དངོས་གྲུབ་འགྲུབ་པའི་སྦྱོར་བ་དང་། རྣམ་པ་གསུམ་གྱི་རྣལ ་འབྱོར་དུ་བྱའོ།། རེ་ཞིག་སྙིང་པོ་ཨ་ཞེས་བྱ་བར་སྔར་བཤད་པ་རྫོགས་པའི་སངས་རྒྱས་ཀྱི་མཚན་ཉིད་ཅན་རྣལ་འབྱོར་གྱི་གནས་དབང་ཆེན་གྱི་དཀྱིལ་འཁོར་ལ་བསམ་པའི་སེམས་པའི་སྦྱོར་བའི་སྒོ་ནས་སེམས་ཅན་ཐམས་ཅད་འགུ ་པའི་ལས་དང་། དུག་དང་རིམས་ནང་འབྱིན་པར་བྱེད་པའི་ལས་སྟོན་ཏེ། ཨ་ནི་མཆོག་ཏུ་ཤེས་བྱ་བ།། དབང་ཆེན་དཀྱིལ་འཁོར་ལྡན་པ་སྟེ།། ཕྱི་རོལ་དང་ནི་ནང་དུ་ཡང་།། རྡོ་རྗེ་དཀྱིལ་འཁོར་ཤེས་པར་བྱ།། དེར་འདུག་ནས་ནི་ཐམས་ཅད ་བསམ།། རྣལ་འབྱོར་གནས་ཞེས་བཤད་པ་ཡིན།། ཨཱ་ནི་སྲོག་གི་དམ་པ་སྟེ།། འགུགས་པར་བྱེད་པའི་མཆོག་ཏུ་བཤད།། ནམ་ཞིག་ཀླད་ཀོར་གྱིས་མནན་ན།། ལུས་ཅན་ཀུན་གྱིས་སེལ་བར་འགྱུར།། ཞེས་གསུངས་པ་ཡིན་ནོ།། ་དེ་བཞིན་དུ་དེ་ལ་གནས་པའི་སྙིང་པོ་ཨ་ཞེས་བྱ་བ་ཉིད་གོམས་པས་ཟླ་བར་སྔོན་དུ་བསྙེན་པའི་བཟླས་བརྗོད་སྒྲུབ་པར་དུས་གསུམ་དུ་བྱས་པའི་སྒོ་ནས་རྒྱས་པའི་ལས་དག་དང་པདྨ་དང་རྡོ་རྗེ་ལ་སོགས་པའི་དངོས་གྲུབ་དག་སྒྲུབ ་པར་བྱ་སྟེ། སྔགས་པས་ནཱམ་ཞིག་ཟླ་གཅིག་ཏུ།། རྡོ་རྗེ་ཅན་གྱི་རྒྱ་བཅིངས་ནས།། དུས་གསུམ་བཟླས་བརྗོད་བྱས་ནས་ནི།། མི་ཤེས་གྲོང་ཁྱེར་འཇིག་པར་འགྱུར།། ལྷ་དང་ལྷ་མིན་རྣམས་ཀྱིས་ཀྱང་།། མི ་ཕྱེད་ཤིན་ཏུ་བརྟན་པར་འགྱུར།། བདག་གི་རྙེད་པ་གྲུབ་བྱའི་ཕྱིར།། རྒྱས་པའི་ལས་ནི་གང་ཅུང་ཟད།། དེ་ཀུན་རྟག་ཏུ་སྔགས་པ་ཡིས།། དཀྱིལ་འཁོར་གྱི་ནི་དབུས་སུ་བྱ།། ཞེས་བྱ་བ་དང་། རྡོ་རྗེ་པདྨ་རལ་གྲི་དང་།། དེ་བཞིན་དད་པར་བཤད་པ་དང་།། ་གསེར་དག་དང་ནི་ས་དག་དང་།། ཡང་ན་ཡིད་བཞིན་ནོར་བུའང་རུང་།། དེ་ལ་སོགས་རྫས་རྣམས་ནི།། དབང་ཆེན་དུ་ནི་བསྒོམས་ཏེ་བསྒྲུབ།། ཞེས་གང་གསུངས་པ་ཡིན་ཏེ།། དབང་ཆེན་དུ་བསྒོམས་ཏེ་ཞེས་བྱ་བ་ནི། དབང་ཆེན་གྱི་གཞི་ལ ་གནས་ཏེ་ཞེས་དགོངས་པ་ཡིན་ནོ།། དེའི་མཚན་ཉིད་ནི་གྲོང་དུ་གསེར་གྱི་ཁ་དོག་འབར་དང་བཅས།། ཐོར་ཚུགས་དབུ་རྒྱན་འཆང་བ་ཡི།། རྫོགས་པའི་སངས་རྒྱས་ཏིང་འཛིན་བཞུགས།། དབང་ཆེན་གྱི་ནི་གཞི་ཞེས་བྱ།། ཞེས་གསུངས་པ ་ཡིན་ནོ།། དེ་ལྟ་བས་ན་སྔར་བཤད་པའི་ཆོ་གས་སྙིང་པོ་ཨ་ཞེས་བྱ་བ་བཟླ་བར་བཟླས་བརྗོད་བྱས་པའི་དངོས་གྲུབ་ཡིན་པར་བལྟ་བར་བྱའོ།། རྣལ་འབྱོར་པ་དབང་ཆེན་གཞི་ལ་གནས་པ་ཉིད་བསམས་པ་ཙམ་གྱིས་དམག་ལ་སོགས་པ་སེམས ་ཅན་ཐམས་ཅད་གནོན་པར་བསྟན་པའི་ཕྱིར། མནན་པ་དག་ཀྱང་བཤིང་པར་བྱིས།། འདི་ནི་ཁྱེད་ཀྱིས་མཉམ་གཞག་ཉོན།། སྔགས་པས་མདོར་ན་རི་རབ་ནི།། རྩེ་མོ་བརྒྱད་པ་བསམ་པར་བྱ།། དེ་ཡི་སྟེང་དུ་པདྨ་བཞག། དེ་སྟེང་རྣལ་འབྱོར་པ ་ཡིས་ནི།། ཡི་གེ་དམ་པ་གཙོ་བོ་སྟེ།། དེ་ཡི་སྤྱི་བོར་མནན་ནཱ་ནི།། དེ་ནི་མི་གཡོ་གནས་པར་འགྱུར།། ཞེས་བྱ་བ་གསུངས་ཏེ། འདིའི་དོན་ནི་མནན་པར་བྱ་བའི་སྟེང་དུ་རཱི་རབ་བསམས་ལ་དེའི་སྟེང་དུ་པདྨ་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས ་པར་བསམ་ཞིང་། དེ་ལ་རྡོ་རྗེ་རྩེ་མོ་བརྒྱད་པོ་བསམ་སྟེ། དེ་ལ་བཅོམ་ལྡན་འདས་དབང་ཆེན་གྱི་ཁ་དོག་ཅན་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པོ་ཁོ་ནས་ཇི་སྲིད་དེ་ལེགས་པར་སྣང་བ་ཁོ་ནར་གྱུར་པ་དེ་སྲིད་དུ་བསམ་པར་བྱའོ།། ཞེས ་བྱ་བ་ཡིན་ནོ།། དེ་བཞིན་དུ་རྣལ་འབྱོར་པོ་དབང་ཆེན་གྱི་གཞི་ཅན་དག་གིས་བདག་དང་གཞན་དག་གི་ནད་ཞི་བར་བྱ་བའི་ཕྱིར། ནད་ཀྱི་གཉེན་པོ་དང་འཚམ་པའི་སྨན་ལ་ལནྡ་བརྒྱར་བཟླས་བརྗོད་བྱས་ནས་བཏུང་བར་བྱ་སྟེ། སྨོན་ལ་ཡང ་ནི་ལན་བརྒྱ་རུ།། བཟླས་བརྗོད་བྱོས་ཏེ་མིས་འཐུངས་ན།། སྔོན་གྱི་ལུས་ལས་བྱུང་བ་ཡི།། དེ་ཡི་ནད་རྣམས་འབྱོང་བར་འགྱུར།། ཞེས་གང་གསུངས་པ་ཡི་ནོ།། སྙིང་པོ་ཨ་ཞེས་བྱ་བའི་ལས་དང་དངོས་གྲུབ་དག་བཤད་ཟིན་ཏོ།། ་བམ་པོ་དྲུག་པ། བ་ཞེས་བྱ་བའི་ལས་ཀྱང་བརྗོད་པར་བྱ་སྟེ། དེ་ལ་སྔར་བཤད་པའི་རྣལ་འབྱོར་གྱི་གནསོ་བདག་དང་གཉིསུ་མེད་པར་གྱུར་པའི་ལྟེ་བའི་དཀྱིལ་འཁོར་དུ་པུདྨ་དཀར་པོ་རྡོ་རྗེའི་དཀྱིལ་འཁོར་ལ་གནས་པ་རྣམ་པར་བསམས ་ལ།། དེ་ལ་ཡང་ཆུའི་དཀྱིལ་འཁོར་བསམ་ཞིང་དེའི་སྟེང་དུ་བ་ཞེས་བྱ་བ་ལྟ་བུ་དབྱིབས་བུམ་པོ་འདྲ་བ་བསམས་ནས། དེ་ལ་ཆུ་བོ་བདུད་རྩིའི་ཆུར་འབབ་པ་དགུ་མཐོང་སྟེ། དེ་དག་གིས་བ་ཞེས་བྱ་བའི་བུམ་པ་བསྐོར་ནས་བུམ་པའི་ངོས ་ནས་ཕྱི་རོལ་ཏུ་འབྱུང་བར་བསམ་མོ།། ལྐུགས་པའི་ཟིལ་བའི་ཚོགས་ཀྱིས་འཁོར་བར་ཡང་བསམ་ཞིང་། སྔ་མ་བཞིན་དུ་སྙིང་པོ་བ་ཞེས་བྱ་བ་བཟླས་བརྗོད་བྱའོ།། དེ་ནས་མར་གསར་དང་འོ་མ་ལ་སོགས་པའི ་དངོས་གྲུབ་རྣམས་བསྒྲུབ་པར་བྱ་སྟེ། དེ་ནས་གཞན་ཡང་ངེས་པ་ཡིས།། བ་ཞེས་བྱ་བ་དམ་པ་ཉོན།། གངས་དང་འོ་མ་དང་འདྲ་བ།། ལྟེ་བའི་དབུས་ན་བྱུང་བ་སྟེ།། པདྨོ་དཀར་པོ་དམ་པ་ནི།། དེ་ཡི་དབུས་ན་རབ་ཏུ་གནས།། མགོན་པོ་དམ ་པ་རབ་ཏུ་ཞི།། སྟོན་ཀིའི་ཟླ་བའི་འོད་དང་འདྲ།། དེ་ཡི་དཀྱིལ་འཁོར་ངོ་མཚར་ཅན།། རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད།། ཀུན་ཏུ་དཀར་པོ་བསམ་པར་བྱ།། ཁྱུད་ཀོར་རིམ་པ་དགུས་ཀྱང་བསྐོར།། གདུང་བ་ཐམས་ཅད་ཞི་བྱེད་པ།། ་སྦུགས་ཟིལ་འདུས་པའི་ནང་དུ་གནས།། འོ་མ་མུ་ཏིག་ཕྲེང་དཀར་དང་།། ཤེལ་དང་ཟླ་བའི་འོད་འདྲ་བ།། ཆུ་རྒྱུན་རྣམས་ཀྱིས་ཁོར་ཡུག་ཏུ།། ཀུན་ནས་རབ་ཏུ་འབབ་པ་བཞིན།། སྔགས་པས་ཡིད་ལ་བསམས་ན་ནི།། གདུང་བ་ཀུན་ལ ་ཐར་བར་འགྱུར།། མཉམ་པར་བཞག་པས་དངོས་འདི་རྣམས།། དཀྱིལ་འཁོར་འདྲིར་ནི་བསྒྲུབ་པར་བྱ།། མར་གསར་འོ་མ་མུ་ཏིག་ཕྲེང་།། དེ་བཞིན་ཁྱུ་མཆོག་ཤེལ་ཡང་རུང་།། ཞོ་འམ་ཡང་ན་ཆུ་ཡང་རུང་།། དེ་ལ་སོགས་པའི་རྫས ་རྣམས་ནི།། དངོས་གྲུབ་སྣ་ཚོགས་གྲུབ་ཕྱིར་བསྒྲུབ།། ཅེས་གང་གསུངས་པ་ཡིན་ནོ།། དངོས་གྲུབ་འདི་དག་གི་འབྲས་བུ་བསྟན་པའི་ཕྱིར།། ཚེ་ནི་རིང་བར་གྱུར་པ་དང་།། གཟུགས་ནི་ངོ་མཚར་ཆ་གྱུར་དང་།། ནང་རྣམས་ཀུན་ལས་ཐར ་བཱ་དང་། བསྐལ་པ་བཟང་པོའི་མཆོག་གྱུར་དང་།། ཡིད་རྣོ་འཛིན་པར་ནུས་པ་དང་།། ཤེས་རབ་ཤིན་ཏུ་དྲི་མེད་པ།། བསྒྲུབ་པའི་རྫས་ནི་འདི་རྣམས་ཀྱིས།། དེ་དག་ཐམས་ཅད་མྱུར་དུ་འགྲུབ།། དཀྱིལ་འཁོར་བ་དང་ལྡན་བུ་འདི།། ཞི་བར ་བྱེད་པ་བཤད་པ་ཡིན།། ཅེས་གསུངས།། བ་ཅེས་བྱ་བ་འདི་ཉིད་དཀྱིལ་འཁོར་དེ་ལྟ་བུ་ལ་གནས་ཤིང་ཀླད་ཀོར་དང་ལྗོན་པ་བྱ་སྟེ། སྒྲུབ་པར་བྱ་བའི་ལྟེ་བའི་ཐད་ཀར་བསམས་ན་རིམས་ནད་དང་། དུག་ལ་སོགས་པ་སེལ་བར་བྱེད།། ཀླད ་ཀོར་འཁོར་དང་བཅས་བྱས་ནས།། སེལ་བར་བྱེད་པོའི་མཆོག་ཏུ་འགྱུར་ཞེས་གང་གསུངས་པ་ཡིན་ཏེ། འདིར་བ་ཞེས་བྱ་བའི་ཀློང་ཀོར་ཡོད་།། ཁ་དོག་སྤྲིན་དཀར་པོ་ལྟ་བུ་ལཱས་ཆར་འབབ་པར་བསམ་པར་བྱའོ།། ཁཱ་ཞེས་བྱ་བ ་ལས་དང་དངོས་གྲུབ་བཤད་ཟིན་ཏོ།། དེ་བཞིན་དུ་རཱ་ཞེས་བྱ་བའི་རང་གི་དཀྱིལ་འཁོར་ལ་གནས་པ་སྔར་བཤད་པའི་རྣལ་འབྱོར་གྱི་གནས་བདག་དང་གཉིསུ་མེད་པར་གྱུར་པའི་བྲང་གི་ཐད་ཀར་བཀོད་པ་དེའི་སྒོའི་དེ་ཁོ་ན་ཉིད་སེམས ་པ་སྔོན་དུ་འགྲོ་བའི་བཟླས་བརྗོད་འབུམ་བྱས་པའི་དངོས་གྲུབ་དང་ལས་བསྟན་པའི་ཕྱིར་ར་ཞེས་བྱ་བ་ཡང་དག་མཆོག། འོད་ཅན་རྣམས་ཀྱིས་འོད་ཅེས་བྱ།། འདིར་ནི་ལས་རྣམས་གང་ཅུང་ཟད།། མཚམས་མེད་ལྔ་ལས་བྱུང་བ་ཡང་།། ་རྣལ་འབྱོར་ཤིན་ཏུ་མཉི་མ་གཞག་ནས།། བསམས་ན་དེ་ཀུན་ཟད་པར་འགྱུར།། ཡིད་འོང་ཐམས་ཅད་རབ་ཏུ་དམར།། གྲུ་གསུམ་པའི་ཚུལ་དུ་གནས།། ཞི་བར་འབར་བའི་ཕྲེང་བས་འཁྲིགས།། སུམ་མདོ་རིས་དེང་སྙིང་གར་བཞག། ་རྣལ་འབྱོར་པ་ནི་དེར་འདུག་ནས།། ར་ནི་ཀླད་ཀོར་བཅས་པར་བསམ།། མི་འཇིགས་པས་ནི་ཅི་རིགས་པར།། དངོས་པོ་འདི་རྣམས་དེར་བསྒྲུབ་བོ།། ཉི་མ་དང་ནི་གཟའ་ཀུན་དང་།། དེ་བཞིན་བསྒྲིམས་ཏེ་མྱེ་དང་ནི།། ངང ་དུ་བྱ་བའི་རྫས་རྣམས་དང་།། ཡངོ་ན་འཁོན་པར་འགྱུར་བ་དང་།། བསྐམ་པ་དང་ནི་གསད་པ་དང་།། དེ་བཞིན་བཀུར་དང་གནོད་པ་དང་། མེ་དང་ལྷན་ཅིག་འདིར་སྦྱར་ན།། དེ་དག་ཐམས་ཅད་མེད་པར་འགྱུར་ཞེས་བྱ་བ་གསུང་སོ།། དེ་བཞིན་དུ ་དེ་ལྟར་རྣལ་འབྱོར་གྱིས་གནས་དང་། བདག་དང་གཉིསུ་མེད་པར་གྱུར་པའི་སྨིན་མཚམ་སུ་ཧཱུཾ་ཞེས་བྱ་བ་རླུང་གི་དཀྱིལ་འཁོར་ལ་གནས་པ་རྣམ་པར་བསམས་ལ་དེའི་སྒྲའི་དེ་ཁོ་ན་ཉིད་སྔོན་དུ་འགྲོ་བའི་བཟླས་བརྗོད་ཟླ་བར་རིམ་གྱིས་དུས ་གསུམ་དུ་བྱ་ཞིང་། དེ་ནས་ན་མཁའ་ལ་འགྲོ་བའི་དངོས་གྲུབ་རྣམས་སྒྲུབ་པར་བྱ་སྟེ། ཧཱ་ཞེས་བྱ་བ་དམ་པ་མཆོག། རླུང་ནི་ཐམས་ཅད་ཡང་འབྱུང་ཞེས་གང་གསུངས་པ་ཡིན་ཏེ། འདི་ནི་རླུང་གྲྀ་ཏིང་ངེ་འཛིན་གྱི་རྒྱུའི་མཚན་ཉིད་ཡིན་པར ་བསྟན་ཏོ།། རྒྱུ་དང་ལས་དང་འབྲས་བུ་དང་།། གང་གིས་ས་བོན་རྣམས་སྐྱེ་བ།། འདིར་ནི་ཀླད་ཀོར་བཅས་སྦྱར་ན།། དེ་དག་ཐམས་ཅད་འཇིགས་པར་བྱེད།། ཅེས་བྱ་བ་འདིས་ཀྱང་། འདི་ལ་སྒྲའི་དེ་ཁོ་ན་ཉིད་བརྗོད་པར་བྱེད་པར་དོན་དམ་པའི་ཏིང ་ངེ་འཛིན་ལ་ཞུགས་པའི་མཚན་ཉིད་ཅན་ཡིན་པར་བསྟན་ཏོ།། དེ་ཡི་གཟུགས་ཀྱང་བཤད་པ་ནི།། ཁ་དོག་གནག་ལ་འོད་པོ་ཆེ།། མི་ཟད་འབར་པོའི་ཕྲེང་བས་འཁྲིགས།། ཅེས་བྱ་བ་ནི་འདིའི་གཟུགས་རླུང་གི་ངོ་བོ་ཉིད་དེ། གནག་པར ་བཤད་པ་ཡིན་ནོ།། མཁས་པས་སྨིན་མའི་མཚམ་སུ་ནི།། དཀྱིལ་འཁོར་ལ་ནི་གནས་པར་བསམ།། ཞེས་བྱ་བའི་རླུང་གི་དཀྱིལ་འཁོར་ལ་གནས་པའིདི་སྨིན་མའི་མཚམསུ་བཞག་པར་བརྗོད་པར་བྱ་བ་ཡིན་ནོ།། རླུང་གི་དཀྱིལ་འཁོར་གྱི ་མཚན་ཉིད་བསྟན་པའི་ཕྱིར། དེ་ནི་མཐིང་ག་ཟླ་ཁམ་འདྲ།། ཏོག་དང་བཅས་པ་བ་དན་གཡོ།། ཡི་གེ་རབ་ཏུ་མི་འགྱུར་བ།། སྔགས་པས་དུར་གནས་བསམ་པར་བྱ་ཞེས་གསུངསོ།། དེ་ལྟར་བསྒོམས་ཤིང་ཟླ་བར་བཟླས་བརྗོད་བྱས་པའི ་དངོས་གྲུབ་མངོན་པར་མཐོ་བ་བསྟན་པའི་ཕྱིར།། གང་ཞིག་མཐོང་བ་ཉིད་ལ་ནི།། སེམས་ཅན་རྣམས་ཀྱི་དོན་བྱ་བའི།། དངོས་གྲུབ་རྣམས་ནི་དེ་ཚེ་སྒྲུབ།། མཁའ་ལ་འགྲོ་བ་ཉིད་དང་ནི།། ཡང་ནི་རྫུ་འཕྲུལ་རྐང་པ་དང་།། ལྷ་ཡི་མིགུ་དང་རྣ་བ ་བ་དང་།། སྔགས་པས་དེ་བཞིན་ཐོབ་པ་དང་།། མི་སྣང་བ་ལ་སོགས་ཀུན་དང་།། དབྱེ་བ་དག་ཀྱང་གང་གསུངས་པ།། སྔགས་པས་མཉམ་པར་བཞེག་པ་ཡིས།། དཀྱིལ་འཁོར་གནས་ན་དེ་ཀུན་བྱེད།། ཅེས་གསུང་སོ།། འདིའི་སྒྲའི་དེ་ཁོ་ན་ཉིད ་རྒྱུ་མི་དམིགས་པའི་མཚན་ཉིད་སེམས་པའི་སྒོ་ནིས་བདུད་བཞི་འཇོམས་པའི་རྒྱུ་ཡིན་པས། ངེས་པར་ལེགས་པའི་གོ་འཕང་ཐོབ་པའི་མཚན་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུ་ཉིད་ཡིན་པར་བསྟན་པའི་ཕྱིར། འདིས་ནི་བྱང་ཆུབ་སྙིང་པོ་འདིར།། ་བྱང་ཆུབ་སེམས་དཔའ་གྲགས་ཆེན་རྣམས།། རྒྱུ་ཀུན་དམིགསུ་མེད་པས་ན།། བདུད་ལས་རྣམ་པར་རྒྱལ་བར་བྱེད་ཅེས་གསུངསོ།། ད་ནི་རལ་གྲིའི་ཕྱག་རྒྱ་བཙོངས་ནིས་རྣལ་འབྱོར་གྱི་བདག་དོང་གཉི་སུ་མེད་པོར་གྱུར་པའི་ཇི་ལྟར་ངས ་པར་བསྣམས་པ་ལ་སོགས་པའི་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་མོས་པའི་སྒོ་ནས། ཁམ་ཞེས་བྱ་བ་ཟླ་བར་བཟླས་བརྗོད་བྱས་པར་རལ་གྲི་དང་འཁོར་ལོ་ལ་སོགས་པའི་དངོས་གྲུབ་ཀྱི་རྒྱུ་ཉིད་ཡིན་པར་བསྟན ་ཏེ། རྒྱུ་མེད་པ་ན་འབྲས་བུའང་མེད།། ལས་ཀྱང་ཡོད་པ་མ་ཡིན་ཏེ།། དངོས་པོ་དེ་གསུམ་མེད་པས་ན།། སྟོང་པའི་ཡེ་ཤེས་ཐོབ་པར་འགྱུར།། རྫོགས་པའི་སངས་རྒྱས་མཐུ་ཆེན་གྱིས།། དེ་ཡི་གཟུགས་ཡང་བཤུད་པ་ཡིན།། ཀླད་ཀོར ་བཅས་པར་ལྡན་པ་སྟེ།། ཁམ་ནི་སྟོང་པའི་མཆོག་ཅེས་བྱ།། ཞེས་གསུངས་པ་ཡིན་ཏེ། འདིས་ནི་ཁ་ཞེས་བྱ་བ་ཆོས་ཐམས་ཅད་སྟོང་པའི་ཏིང་ངེ་འཛིན་ཏེ། རྗོད་པར་བྱེད་པ་ཉིད་ཡིན་པ་དང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡང་ཁཾ་ཞེས་བྱ་བའི ་གཟུགས་སུ་བྱིན་གྱིས་རློབ་པ་ཡིན་པར་བསྟན་པར་རིག་པར་བྱའོ།། རལ་གྲི་ཕྱག་རྒྱར་ལྡན་པ་ཡིས།། སྒྲུབ་པར་བྱ་བ་ངེས་པར་སྒྲུབ།། ཅེས་བྱ་བ་འདིས་ནི། ཟླ་བར་སྔོན་དུ་བསྙེན་པའི་ཆོ་ག་ཀུན་ཏུ་བསྟན་ཏོ།། ཞེས་བྱ་བར་ཁོང་དུ་ཆུད་པོར ་བྱའོ།། ཟླ་བར་སྔོན་དུ་བསྙེན་པའི་དངོས་གྲུབ་བསྟན་པའི་ཕྱིར། རལ་གྲི་ཞགས་པ་འཁོར་ལྷོ་དང་།། ལྕགས་མངའོ་དེ་བཞིན་ཐོ་བི་སྟེ།། རྔ་སོད་རྣམས་དང་ལྡན་ན་ནི།། གོ་འཕང་དམ་པ་སྤྱད་པ་བྱེད།། ཅེས་གསུངས་པ་ཡིན་ཏེ། འདི་དག ་ནི་རྣལ་འབྱོར་གྱི་གནས་ཇི་སྐད་བཤད་པ་ལ་མོས་པ་བརྟན་པ་སྔོན་དུ་འགྲོ་བའི་ཡི་གེ་རེ་རེ་སེམས་པ་དང་། དེ་བཞིན་དུ་བཟླས་བརྗོད་བྱེད་པའི་སྒོ་ནས། དཔའ་བོ་ཆེན་པོའི་སྙིང་པོ་ཡི་གེ་ལྔའི་དངོས་གྲུབ་དག་ཡིན་པར་བཤད་དོ།། ་ང་ནི་མཉམ་པར་བཞག་པའི་གནས་སྐབས་ཀྱི་རྣལ་འབྱོར་པ་རྣམ་པར་གཡེང་བ་བསལ་བའི་སྒོམ་པ་ཤིན་ཏུ་གོམས་པས་རྣལ་འབྱོར་གྱི་གནས་བདག་དང་གཉི་སུ་མེད་པར་གྱུར་པ་ཇི་ལྟར་མྱོས་པ་བཞིན་སྣང་བ་བསྟན་པའི་ཡི་གེ་འདི་དག་གིས ་བསྒོམ་པ་གོམས་པ་འགྲུབ་པ་ལས། རབ་ཏུ་འབྱུང་བ་དང་རྫུ་འཕྲུལ་ལྔ་སོགས་པའི་དངོས་གྲུབ་དག་བསྟན་པའི་ཕྱིར་གསང་པོའི་བདག་པོ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས། བདག ་ཉིད་ཨ་ཞེས་བྱ་བའི་རང་གི་ངོ་བོར་བསྒྱུར་ནས། ཕྱི་དང་ནང་དུ་བཅས་པའི་དངོས་པོ་ཐམས་ཅད་ལ་མི་ལྟ་བར་གྱུར་ཙོང་། བོང་བ་དང་རྡོ་བ་དང་གསེར་དུ་མཚུངས་ལ། འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉེས་པ་རྣམས་དང་། སྡིག་པའི ་ལས་རྣམ་པར་སྤངས་པ། དེ་ཚེ་དེ་ནི་དེ་ག་གྱུར་བཽ། ཐུབ་པ་རྫོགས་པའི་སངས་རྒྱས་བཞིན།། དེས་ནི་ལས་རྣམས་ཐམས་ཅད་ནུས།། ཉེས་པ་ཐམས་ཅད་རྣམ་པར་སྤངས།། ཅེས་གསུངསོ།། འདིར་ཕྱི་དང་ནང་དུ་བཅས་པའི་དངོས་པོ་ཐམས ་ཅད་ལ་མི་ལྟ་བར་གྱུར་ཞེས་བྱ་བའི་དགོངས་པ་ནི། རྣལ་འབྱོར་པས་རྣལ་འབྱོར་གྱི་གནས་ཇི་སྐད་དུ་བཤད་པ་ཇི་སྲིད་དུ་མཉམ་པར་བཞག་པའི་གནས་སྐབས་ན། དེའི་རྣམ་པ་ཡིད་ལ་སྣང་བ་ཁོ་ནར་གྱུར་པ་དེ་སྲིད་དུ་གོམས་པར་བྱས་ནས་ཕྱི་དང ་ནང་གི་བདག་ཉིད་ཀྱི་གཟུགས་ལ་སོགས་པར་སྣང་བ་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པ་ལ་མི་ལྟའོ་སྙམ་པ་འདི་ཡིནོ།། དེ་ལྟར་ན་རྣལ་འབྱོར་པ་མཉམ་པར་བཞིག་པའི་གནས་སྐབས།། རྣལ་འབྱོར་གྱི་གནས་བདོག་ཉིད ་ལ་ཡོད་པའི་སྣང་བའི་ཡིད་གྲུབ་པའི་ཕྱིར་ཁྱད་པར་དུ་ཅི་རིགས་པར་ཡང་། ཨ་ཞེས་བྱ་བ་ལ་སོགས་པ་དཔའ་བོ་ཆེན་པོའི་ཏིང་ངེ་འཛིན་བྱིན་གྱིས་རློབ་པར་གྱུར་པ་འདི་དག་གིས་ལམ་བསྒོམས་པ་དང་། ་བཟླས་བརྗོད་གོམས་པ་ལས་བྱུང་བ་གཞན་དག་ཀྱང་བཤད། དོ་ན་སྔོ་གཞན་སྔགས་རྣལ་འབྱོར་ལ།། གཞོལ་ཞིང་ཆོ་ག་ཤེས་པ་ཡིས།། སེམས་ཅན་རྣམས་ལྔ་ཕོན་འདོད་པས།། བ་ཞེས་བྱ་བའི་ལས་བྱའོ།། སྙིང་རྗེར་གྱུར་པའི་སེམས ་ཀྱིས་སུ།། འཇིག་རྟེན་སྡུག་བསྔལ་ལ་དམིགས་ནས།། མགོན་པོ་དེ་ཡི་བདག་ཉིད་ཀྱིས།། ལུས་ནི་ཐམས་ཅད་ཉིད་དུ་ཡང་།། གངས་དང་བའི་འོ་མ་ལྟར།། དཀར་བའི་རྒྱུན་གྱིས་ཡོངསུ་དགང་།། དེ་ཚེ་ངེས་པ་བསྐྱེད་ནས་སུ།། ཡན་ལག་རྣམས ་ནི་ཐམས་ཅད་ཀྱི།། བ་སྤུའི་བུ་ག་ཀུན་ནུས་ཀྱང་།། ཤིན་ཏུ་དྲི་མེད་ཆུ་རྒྱུན་འབྱུང་།། ཆུ་ཡིས་ས་ནི་མ་ལུས་པ།། འདི་དག་ཡོངསུ་དགང་བར་བྱ།། གང་གིས་ཆུ་དེ་འཐུངས་པ་འམ།། ལག་པས་ཀྱང་ནི་རེག་ཀྱང་རུང་།། དེ་ཀུན་ངེས་པར་བྱང་ཆུབ ་ཏུ། འགྱུར་ཏེ་འདི་ལ་ཐགས་པ་མེད།། ཅེས་གང་གསུངས་པ་ཡིན་ནོ།། འདི་ལ་དགོས་པ་ནི་སྔར་བཤད་པའི་ཆུའི་དཀྱིལ་འཁོར་གྱི་རྣལ་འབྱོར་ཐམས་ཅད་མངོན་དུ་བྱས་ལ།། དེ་ལས་བྱུང་བའི་རྒྱུན་གྱིས་རང་གི་ལུས་ཐམས་ཅད ་ཡོངསུ་གང་བར་བྱས་ནས། བ་སྤུའི་ཁུང་བུ་དག་ནས་ཆུའི་རྒྱུན་ཕྱུང་སྟེ། སྲིད་པའི་རྩེ་མོའི་བར་མཐའ་དག་ཀུན་དག་པར་བྱའོ་སྙམ་པ་འདི་ཡིན་ནོ།། དེ་བཞིན་དུ་ར་ཞེས་བྱ་བའི་ལས་ཀྱང་བསྟན་པའི་ཕྱིར། ཡན་ལག་ཀུན་ཏུ་ར་ཞེས་པ། ་འབར་བའི་ཕྲེང་བ་ཞི་བས་འཁྲིགས།། ཀུན་ཏུ་རྣམ་པར་འཕྲོ་བ་ནི།། ཤིན་ཏུ་མཉམ་པར་བཞག་པས་བསམ།། དེ་ཚེ་རྣལ་འབྱོར་པ་ཡིས་ཕྱིར།། འབར་བ་ཀུན་ཏུ་སྣང་བྱེད་པ།། བཏང་ན་ར་ཡི་རྣམ་སྤྲུལ་པས། སྔགས་པས་འདོད་པ་བཞིན ་དུ་བྱེད།། ཅེས་གསུངས་པ་འདིའི་དོན་ནི། རྣལ་འབྱོར་གྱི་གནས་ཅན་གྱི་གང་གི་གནསུ་ར་ཞེས་བྱ་བ་མེའི་དཀྱིལ་འཁོར་ལ་གནས་པ་རྣམ་པར་བསམས་ལ། དེའི་འབོར་བཞི་བས་རང་གི་ལུས་ཀྱི་ནང་ཀུན་ཏུ་བཀང་སྟེ། དེ་ན ་དེ་དྲུག་ཕྱི་རོལ་ཏུ་ཕྱུང་སྟེ་སྣང་བར་བྱའོ་སྙམ་པ་འདི་ཡིན་ནོ།། དཔའ་བོ་ཆེན་པོའི་སྙིང་པོ་འདི་དག་གིས་ལས་དེ་ལ་སོགས་པ་བཟླས་བརྗོད་དང་བསྒོམ་པ་ལས་བྱུང་བ། གཞན་དང་གཞན་དག་ཀྱང་དཔའ་བོ་ཆེན་པོའི་རིམ་པར ་བའི་རྗེ་སུ་འབྲངས་སྟེ་རིག་པར་བྱའོ།། དངོས་གྲུབ་དང་ལས་འདི་དག་ནི།། རྣལ་འབྱོར་པའི་རང་གི་སེམས་ཀྱི་དབང་ལ་སྣང་བའི་དབང་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིསྒྱུ་འགྲུབ་པར་རིག་པར་བྱའོ།། དེ་ལ་ལས་དང ་དངོས་གྲུབ་ཇི་སྐད་བཤད་པ་འདི་དག་རང་གི་སེམས་ལ་སྣང་བའི་དབང་གིས་འགྲུབ་པའི་དབང་དུ་མཛད་ནས། གསང་བའི་བདག་པོ་དངོས་གྲུབ་ཀྱི་གོ་འཕྱང་དེ་ལྟ་བུ་ལ་སོགས་པ་དག་ནི་ཡིད་ལས་འབྱུང་བ་ཡིན་ནོ།། གསང་བའི ་བདག་གི་རྣམ་པར་བསམས་པ་ཙམ་ཁོ་ནས། དངོས་གྲུབ་གཟུགས་ཅན་མ་ཡིན་པ་རྣམས་ཀྱི་འདུ་བྱེད་རྣམ་པ་ཐ་དད་པ་སྣ་ཚོགས་ཐམས་ཅད་པའི་ས་བོན་གྱི་བྱ་བ་ཚིག་ཏུ་བརྗོད་པ་ཙམ་ལས་བྱུང་བ་ལས་བལྟོས་ཞེས་གསུངས ་ཏེ། དེ་ལ་གཟུགས་ཅན་མ་ཡིན་པ་རྣམས་ཀྱིས་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིའོ།། འདུ་བྱེད་རྣམས་པ་ཐ་དད་པ་སྣ་ཚོགས་རྣམས་ཞེས་བྱ་བ་ནི་དབང་ཆེན་དང་ཆུའི་དཀྱིལ་འཁོར་ལ་སོགས ་བར་སྣང་བའི་མཚན་དག་ཡིན་ནོ།། ལས་ཐམས་ཅད་ཀྱི་ས་བོན་གྱི་བྱ་བའི་ཚིག་ཏུ་བརྗོད་པ་ཙམ་ལས་ཞེས་བྱ་བ་དེ་ས་བོན་གྱི་བྱ་བ་ནི་དཔའ་བོ་ཆེན་པོའི་སྙིང་པོ་ནི་ས་བོན་རྣམས་ཀྱི་བྱ་བའི་རང་གི་དཀྱིལ་འཁོར་བསམ་པ་ཡིན་ནོ།། ཚིག ་ཏུ་བརྗོད་ཙམ་ལས་ཞེས་བྱ་བ་ནི། སྙིང་པོ་དེ་དག་ཉིད་བཟླས་བརྗོད་ཀྱི་སྦྱོར་བའི་སྒོ་ནས་ཤེས་པར་བྱ་དགོས་པ་ཡིན་ནོ།། དེ་བཞིན་དུ་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་ཀྱང་རྣལ་འབྱོར་པ་འདི་དག་གི་ལས་དང་དངོས་གྲུབ ་འགྲུབ་པར་རིག་པར་བྱ་སྟེ། འདི་ལྟར་དེ་བཞིན་གཤེགས་པ་ནི་སྔོན་གྱི་སྨོན་ལམ་གྱི་དབང་གིས་ལྷུན་གྱིས་འགྲུབ་པ་ཁོ་ནར་གསང་སྔགས་ཀྱི་སྤྱད་པ་སྤྱོད་ཅིང་དངོས་གྲུབ་ཀྱི་བྱ་བ་ལ་ཞུགས་པ་རྣམས་ལ། རྟག་ཏུ་རིག་སྔགས་དང་གོས ་སྔགས་དང་ལྷ་ལ་སོགས་པ་སྣང་ལ། སེམས་ཅན་སྐལ་བ་ཇི་ལྟ་བ་བཞིན་དུ་ཡང་དག་པར་མགུ་བར་མཛད་པར་ཉེ་བ་ཁོ་ན་ཡིན་ནོ།། དེའི་ཕྱིར་དེའི་བྱིན་གྱིས་བརླབས་དང་། དམ་པ་སྩོལ་བའི་དབང་གིས་ཀྱང་དངོས་གྲུབ་དང་ལས ་རྣམས་འགྲུབ་པར་ཁོང་དུ་ཆུད་པར་བྱ་སྟེ་ཇི་སྐད་དུ། གསང་བའི་བདག་པོ་གཞན་ཡང་དེ་བཞིན་གཤེགས་པ་ནི་ཐམས་ཅད་དང་རྗེསསུ་མཐུན་པར་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་། མཐུན་པ་དང་། སེམས་ཅན་ཐམས ་ཅད་ཡང་དག་པར་མགུ་བར་མཛད་པ་སྟེ། བྱང་ཆུབ་སེམས་དཔའ་ལས་ཐམས་ཅད་དང་གསང་སྔགས་སྤྱད་པ་སྤྱོད་པ་རྣམས་ཀྱི་མདུན་ན་གཟུགས་བརྙན་ལྟ་བུར་བཞུག་སོ།། དེ་བཞིན་གཤེགས་པ་དེ་ནི་རྣམ་པར་མི་རྟོག་ཅིང་ཡིད ་ཀྱི་ལུས་ལས་ཡང་དག་པར་འདས་པ་དུས་དང་ཡུལ་དང་བྱ་བ་དང་། ལས་དང་ཆོས་དང་ཆོས་མ་ཡིན་པ་རྣམས་སྤངས་ཀྱང་། གསང་སྔགས་སྤྱོད་པ་ལས་བྱུང་བའི།། ཐམས་ཅད་མཁྱེན་པའི་གོ་འཕང་སྩོལ།། དེ་བས་ཀུན་མཁྱེན ་དངོས་གྲུབ་དང་།། གོ་འཕང་མཆོག་ཀྱང་བསྒྲུབ་པར་བྱ་ཞེས་གང་གསུངས་པ་ལྟ་བུ་ཡིན་ནོ།། གཞན་ཡང་རྒྱུད་འདི་ལས་རིག་སྔགས་དང་གསང་སྔགས་ཐམས་ཅད་ཀྱི་སྤྱོད་པའི་སྦྱོར་པོ་སྔོན་དུ་བསྙེན་པའི་ཆོ་ག་ཕྱིའི་བཟླས་བརྗོད་ཡན ་ལག་བཞི་པ་ལ་སོགས་པའི་སྦྱོར་བའི་སྒོ་ནས་འབུམ་དང་ཟླ་བ་ལ་སོགས་པའི་གླངསུ་གསུངས་པ་ནས། དེ་བཞིན་གཤེགས་པའི་སྙིང་པོ་བཞི་སྔོན་དུ་བསྙེན་པ་ནང་གི་བཟླས་བརྗོད་ཡན་ལག་བཞི་པ་ལ་སོགས་པའི་ཐབས་ཀྱི ་འབུམ་དང་ཟླ་བར་སོ་སོར་ངེས་པར་བསྟན་པའི་བར་དང་། དེ་བཞིན་དུ་དཔའ་བོ་ཆེན་པོའི་ཡི་གེ་རྣམས་ཀྱི་སྔོན་དུ་བསྙེན་པའི་རྣལ་འབྱོར་གྱི་གནས་ཇི་སྐད་བཤད་པ་སྒྲུབ་པ་སྟོན་དུ་འགྲོ་བ་ཅན་ཟླ་བ་ལ་སོགས་པ་སོ་སོར་ངེས་པར ་བཤད་པ་གང་ཡིན་པ་འདི་ཐམས་ཅད་སྒྲུབ་པ་པོ་རྒྱུད་ཡོངསུ་དག་པའི་དབང་དུ་མཛད་པར་མངོན་ཏེ། བཅོམ་ལྡན་འདས་ཀྱིས་གསོང་སྔགས་གྲངས་ནི་སུམ་འབུམ་དུ།། ཕལ་ཚེ་རངས་ནི་བཤད་པ་དག། ལུས་ཅན་སྡིག་དང་བྲལ ་བ་ཡི། སྔགས་པ་རྣམ་པར་དག་པ་ལ།། བཟླས་བརྗོད་གྲངས་ནི་བསྟན་པ་ལས།། གཞན་དུ་བྱ་བ་མ་ཡིན་ནོ།། ཞེས་གང་གསུངས་པ་ཡིན་ནོ།། འདིར་སྒྲུབ་པ་པོ་ཡང་འདི་ལྟ་སྟེ། མཐོང་བ་དང་མ་མཐོང་བའི་ཚེ་ལ་ལྔ ་དགེ་པ་དང་མི་དགེ་བ་གསང་སྔགས་ཀྱི་དངོས་གྲུབ་དང་འགལ་བ་བསྐྱེད་པའི་བག་ཆགས་མེད་པ་དང་། དེ་བཞིན་དུ་སྒྲུབ་པ་པོའི་རྒྱུད་ལ་ལས་དགེ་བའི་ས་བོན་གསང་སྔགས་ཀྱི་དངོས་གྲུབ་དང་མཐུན་པ་འདས་པའི་ཚེ་རབས་དང་འདྲ་བ ་མ་ཡིན་པ་ལ་བྱས་པ་སྔ་ནས་ཡོད་པ་དང་། སྒྲུབ་པ་པོའི་འཇུག་པའི་སྤྱོད་བ་བྱང་ཆུབ་ཀྱི་སེམས་གོམས་པ་ལ་སོགས་པ་ཕྱི་དང་ནང་གི་བདག་ཉིད་ཇི་སྐད་དུ་བཤད་པ་དག་བསླབས་པ་ཉིད་ཀྱི་ཡོན་ཏན་དང་ལྡན་པ་དང་། རྣམ་པ་གསུམ་གྱིས ་དག་པ་ཡིན་པོར་མངོན་ནོ།། རྒྱུ་འདི་གསུམ་དང་མི་ལྡན་པའི་སྒྲུབ་པ་པོ་ནི། རྒྱུ་གསུམ་གྱིས་ཇི་ལྟར་འདོད་པའི་དངོས་གྲུབ་འབྱུང་བར་མངོན་ཏེ། འདི་ལྟ་སྟེ། དུས་དཔག་ཏུ་མེད་པའི་བཟླས་བརྗོད་དང་། བསམ་གཏན་ལ་སོགས་པ་ཇི ་ལྟར་འདོད་པའི་དངོས་གྲུབ་དང་མཐུན་པའི་མཚན་མ་བྱུང་བ་དང་། དེ་བཞིན་དུ་ཇི་ལྟར་འདོད་པའི་དངོས་གྲུབ་དང་འགལ་བའི་ལས་དགེ་བ་དང་མི་དགེ་བའི་བག་ཆགས་ཀྱི་རྣམ་པར་སྨིན་པ་མྱོང་བ་དང་། ཆོས་ཐམས་ཅད་གཟོད་མ ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པའི་མཚན་ཉིད་དུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གོམས་པས་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་རེག་པའོ།། མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གོམསོ་བའི་སྒོ་ནས་དངོས་སུ་ནི་མངོན་པར་ཤེས ་པ་ལ་སོགས་པ་ཡིད་ལས་བྱུང་བའི་དངོས་གྲུབ་རྣམས་འབྱུང་བ་ཁོ་ནར་བཤད་དེ། དེ་ཚེ་སྔགས་པས་དངོས་གྲུབ་ནི།། ཡིད་ལུས་ཡང་དག་འབྱུང་བ་ཐོབ།། ཅེས་ལས་གང་གསུངས་པ་ཡིན་ནོ།། མཚན་མ་མེད་པའི་ཏིང་འཛིན་གོམས ་པའི་སྒོ་ནས་ནི་མཚན་མ་དང་བཅས་པའི་དངོས་གྲུབ་ཀྱང་བསྟན་ཏེ། མཚན་མ་མེད་པས་ནི་མཚན་མ་དང་བཅས་པའི་དངོས་གྲུབ་ཀྱང་འབྱུང་བར་འགྱུར་རོ་ཞེས་གང་གསུངས་པ་ཡིན།། དེ་བཞིན་དུ་གསང་སྔགས་མཉེས་པར ་བྱེད་པའི་ལས་དགེ་བ་ཁ་ཅིག་གི་འབྲས་བུ་ནི་སྲིད་པ་གཞན་དུ་མངོན་པར་འགྲུབ་པ་ཉིད་དོ།། ཁ་ཅིག་ནི་བསམ་པ་དང་སྦྱོར་བའི་དབང་གིས། ཚེ་འདི་ཉིད་ལ་རྣམ་པར་སྨིན་པར་འགྱུར་ཏེ། དེ་བསྟན་པའི་ཕྱིར་རྒྱུད་ལུས་རྒྱུན་ཏུ་གྱུར ་པཱ་ཡི། ལས་ནི་ཇི་སྲིད་མཉམས་ཤིང་།། རྣམ་སྨིནི་རྣམ་པར་མ་སྨིན་ཏེ།། དངོས་གྲུབ་དག་ནི་དུས་སུ་འདོད།། ཅེས་གསུངསོ།། འདིར་རྒྱུད་ལས་ཅེས་བྱ་བ་ནི་གསང་སྔགས་མཉེས་པར་བྱེད་པས་དགེ་བ་སྐྱོབ་པའི་སྐྱེས་བུའི་སེམས ་ཀྱི་རྒྱུད་ལས་ཞེས་བྱ་བར་དགོངས་པ་ཡིན་ནོ།། རྒྱུད་དུ་གྱུར་པ་ཞེས་བྱ་བ་ནི་རིག་སྔགས་འཆང་བ་ལ་སོགས་པའི་དངོས་གྲུབ་ཀྱི་ཁྱད་པར་གྱི་རྒྱུར་གྱུར་པའི་རྒྱུད་དོ།། དུས་ཇི་སྲིད་ཅིག་ཅི་ཞིག་དེའི་ཅི་ཞིག་བྱ་མཉམ་པོ་ལ་ལས་ནི་ཇི ་སྲིད་མ་ཉམས་ཤིང་ཞེས་བྱ་བ་གསུངས་ཏེ། ཇི་སྲིད་ཅེས་བྱ་བ་ནི་དུས་སོ།། ལས་ཅེས་བྱ་བ་ནི་གསང་སྔགས་མཉེས་པར་བྱེད་པོའི་ལས་དེ་ཞེས་བཤད་པ་ཡིན་ནོ།། མ་ཉམས་ཤིང་ཞེས་བྱ་བ་ནི་གསང་སྔགས་མཉེས་པར ་བྱེད་པའི་ལས་བྱས་པ་དེ་ཚེ་རབས་རྒྱུད་པ་དག་ཏུ་ཡང་། འབྲས་བུ་རབ་ཏུ་འབྱིན་པས་ཟད་པར་མ་གྱུར་ནའོ།། ལས་དེའི་འབྲས་བུ་ཡང་ཉམ་སུ་མྱོང་བར་མ་གྱུར་ན་ཞེས་བྱ་བ་བསྟན་པའི་ཕྱིར། རྣམ་སྨིན་རྣམ ་པར་མ་སྨིན་ཞེས་བྱ་བ་གསུངས་སོ།། དུས་འདི་གཉིས་སུ་དངོས་གྲུབ་དག་ཏུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་ཏེ། དངོས་གྲུབ་དག་ནི་དུས་སུ་འདོད་ཅེས་བྱ་བ་གསུངསོ།། དེས་ན་དགོངས་པ་ནི་གྲོང་གིས་ཚི་གསངོ་སྔགས་མཉེས་པར ་བྱེད་པའི་ལས་དེའི་རྣམ་པར་སྨིན་པའི་ཚེ་རབས་བརྒྱུད་པ་དག་ཏུ་ཡང་ཉམ་སུ་མྱོང་བར་མ་གྱུར་ན།། དེའི་ཚེ་ཚོགས་པ་ཡོད་ན་དེའི་འབྲས་བུ་རབ་ཏུ་འབྱིན་པའི་དུས་སུ་འགྱུར་རོ་སྙམ་པ་འདི་ཡིན་པར་ཤེས་པར་བྱའོ།། ཚེ་འདི་འམ ་ཚེ་རབས་གཞན་དུ་འབྲས་བུ་མྱོང་བ་གང་ཡིན་པ་དེའི་འབྲས་བུ་ནི་དེ་ཁོ་ན་ཡིན་པར་ཁོང་དུ་ཆུད་པར་བྱའོ།། མཐོང་བའི་ཆོས་ལ་མངོན་པར་གྱུར་པོའི་ལས་ཀྱི་འབྲས་བུ་རབ་ཏུ་འབྱིན་པར་གྱུར་པའི་དུས་བསྟན་པའི་ཕྱིར། མདོར ་ན་གང་ཚེ་དུས་གཅིག་ཏུ།། ལུས་དང་སྐྱེ་བ་འཕངས་གྱུར་པ།། དེ་ཚེའང་སྔགས་པས་དངོས་གྲུབ་ནི།། ཡིད་ལས་ཡང་དག་འབྱུང་བ་འཐོབ།། ཅེས་གསུངས་ཏེ། དེས་ནཱ་དགོངས་པ་ནི། གང་གི་ཚེ་ཚེ་རབས་གླང་ཁོ་ན་ལ། ་གསང་སྔགས་མཉེས་པར་བྱེད་པས་ལས་དགེ་བ་བསགས་པར་གྱུར་པའི་ཚེ་རབས་ཁོ་ན་ལས་ཀྱི་འབྲས་བུ་གསང་སྔགས་ཀྱི་དངོས་གྲུབ་ཀྱི་མཚན་ཉིད་བསྒྲུབ་པ་པོའི་རྒྱུད་ལས་འབྱུང་བར་འགྱུར་ན། དེའི་ཚེ་དུས་གཅིག ་ཁོ་ནར་ལས་དང་སྐྱེ་བ་འཕངས་པར་བྱ་བར་གྱུར་ཏོ་སྙམ་པ་འདི་ཡིན་ཏེ། འདི་ནི་སྒྲུབ་པ་པོ་རྣམས་སྔོན་དུ་བསྙེན་པ་བྱེད་པའི་ཚེ་གསང་སྔགས་མཉེས་པར་བྱ་བའི་ཕྱིར་སྦྱོར་བའི་སྤྱོད་པ་ཡིན།། ད་ནི་སྔོན་དུ་བསྙེན་པ་བྱས་ཟིན་པའི ་པའི་གསང་སྔགས་ཀྱི་དངོས་གྲུབ་འགྲུབ་པའི་སྤྱོད་པའི་སྦྱོར་བ་བརྗོད་པར་བྱ་སྟེ། དེ་ཡང་ཕྱི་དང་ནང་གི་བྱེ་བྲག་གིས་རྣམ་པ་གཉིས་སོ།། དེ་ལ་ཕྱིའི་གོསང་སྔོག་ད་ནི་ཐོས་གྲུབ་པ་སྒྲུབ་བྱེད་དཀྱི་གང་ཡིན་པ་སྟེ། ཇི་སྐད་རློས་ཀྲ ་འཁོར་གྱི་མཚན་ཉིད་ཀུན་ཏུ་གྲུ་བ་ནི་ཁྱིམ་པ་སྟེ། སྒོ་གཅིག་པ་ལ་མུ་རན་ཙནྡྲ།། ཐམས་ཅད་ཁ་དྲོག་སོར་པོ་ཡིས།། རྡོ་རྗེའི་དཀྱིལ་འཁོར་མཆོག་བྱིས་ནས།། རྡོ་རྗེ་སྦྲེལ་པོའི་ཚུལ་གྱིས་སུ།། རྡོ་རྗེ་ཕན་ཚུན་འབྲེལ་པར་བྱ། ་ཞེས་བྱ་བ་དཀྱིལ་འཁོར་གྱི་མཚན་ཉིད་འདི་རྒྱས་པར་གསུངས་ནས། དེ་ནི་སྲུང་བྱས་དེར་འདུག་སྟེ། སྦྱངས་པའི་རྫས་ནི་བླངས་ནས་སུ།། ནང་གི་བདག་ཉིད་རྣམ་དགེ་བས།། མཚན་ཉིད་ཐལ་བྱུང་བཟླས་བརྗོད་བྱ། ་དེར་ནི་ནོམ་གྱི་ཕྱེད་དུས་སམ།། ཡང་ན་ཉི་མ་འཆར་བའི་ཚེ།། རྫས་དེ་ཡོངས་སུ་གྱུར་པོ་ནི།། འབར་ཕྲེང་ཅན་གྱི་གཟི་བརྗིད་བཞིན།། ཞེས་བྱ་བ་རྒྱས་པར་གསུངས་པ་ཡིན་ནོ།། དེ་ལྟ་བས་ན་ཕྱིའི་སྒྲུབ་པའི་དཀྱིལ་འཁོར་འདི་ནི་ཕྱིའི ་དངོས་གྲུབ་རོལ་གྲི་ལ་སོགས་པའི་མཚན་ཉིད་དག་བསྒྲུབ་པར་བྱ་བའི་ཕྱིར་བཤད་པ་ཡིན་ནོ།། ནང་གི་དཀྱིལ་འཁོར་མེ་དང་རླུང་དང་ཆུ་དང་སའི་མཚན་ཉིད་ཡིན་ནོ།། དེ་གོམས་པར་བྱས་པས་ནང་གི་དངོས་གྲུབ་མངོན་པར ་ཤེས་པ་ལ་སོགས་པའི་མཚན་ཉིད་སེམས་ཀྱི་དབང་ཙམ་ལ་རག་ལས་པ་དག་སྒྲུབ་པར་བྱེད་པ་ཉིད་དོ།། ནང་གི་དངོས་གྲུབ་དེ་དག་གིས་མཚན་ཉིད་ཀྱང་འདི་ལས་དཔའ་བོ་ཆེན་པོའི་རིམ་པར་ཕྱེ་བ་བསྟན ་པ་ལས་དངོས་གྲུབ་བསྟན་པ་ཁོང་དུ་ཆུད་པར་བྱའོ།། དེ་བཞིན་དུ་འདི་ལས་ནང་གི་དངོས་གྲུབ་རྣམས་ཀྱི་ཐབས་ཀྱི་མཚོན་མ་མེད་པའི་ཏིང་ངེ་འཛིན་ལ་དབང་ཐོབ་པ་གཞན་ཡང་བསྟན་ཏེ། ཇི་སྐད་དུ་གང་ཚེ་མཚན་མ་མེད་པ་ཡི།། ་ཏིང་འཛིན་ཇི་བཞིན་རེག་པའོ།། དེ་ཚེ་སྔགས་པས་དངོས་གྲུབ་ནི།། ཡིད་ལས་ཡང་དག་འབྱུང་བ་འཐོབ་ཅེས་གསུངས་པ་ལྟ་བུ་ཡིན་ནོ།། དེ་ལྟ་དངོས་གྲུབ་རྣམས་ཀྱི་རྣམ་པར་དབྱེ་བ་བསྟན་པ་ཡང་། འདི་ལས་བརྗོད་དེ ་འདི་ལྟ་སྟེ།། བྱང་ཆུབ་སེམས་འཐོབ་གང་ཡིན་ཏེ།། དངོས་གྲུབ་དེ་ལས་གཞན་ཅི་དགོས།། དེ་ལས་གཞན་དུ་ཡང་དངོས་གྲུབ་ནི།། རྣམ་པ་དག་ནི་ལྔར་འདོད་དོ།། སྤྱོད་པའི་རྗེས་སུ་འཇུག་པ་དང་།། དེ་བཞིན་སཱ་ནི་གནོན་པ་དང་། ་འཇིག་རྟེན་མངོན་ཤེས་ལྔར་འདོད་དང་།། སངས་རྒྱས་ཉིད་དང་གང་གཞན་ནོ།། ཞེས་ཇི་སྐད་དུ་གསུངས་པ་ཡིན་ནོ།། དེ་ལྟར་ན་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པའི ་རྒྱུད་ཀྱི་མིང་ཁོ་ནས་ཡང་དག་པར་བསྟན་པའི་དོན། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་རྒྱུད་དང་ངོ་བོ་ཉིད་བརྗོད་པར་བྱེད་པ་རྣམས་དང་། དེ་བཞིན་དུ་འདི་ཉིད་ལས་བྱང་ཆུབ་ཀྱི་རྣམ་པར་སྤྲུལ་པ་དང་། ་རྣམ་པར་སྒྲུབ་པ་བྱིན་གྱིས་རློབ་པའི་ཡང་དག་པར་བརྗོད་པར་བྱེད་པའི་དོན་རྣམ་པར་སྤོང་བ་རྣམས་ད་། དེ་བཞིན་དུ་འདི་ཉིད་ལས་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་གསང་སྔགས་དང་། རིག ་སྔགས་དང་ཕྱག་རྒྱུ་ལ་སོགས་པའི་མཚན་མར་བསྟན་པ་དང་། དེ་དག་མཉེས་པར་བྱེད་པའི་ཐབས་སུ་གྱུར་པ་དང་འཇུག་པའི་སྤྱོད་པ་དང་། དེ་བཞིན་དུ་སྦྱོར ་བ་དེང་སྒྲུབ་པ་དང་དངོས་གྲུབ་ཀྱི་སྤྱོད་པ་བཞིན་པོ་བདག་གིས་བསྡུས་པའི་དོན་ཀུན་ནས་བསྡུས་ཏེ།། རྒྱུད་ཀྱི་ཚིག་ཀུན་ནས་བསྡུས་ནས། སློབ་མ་དོན་རྣམ་པར་སྤྲོ་བས་གོ་བས ་ཁོང་དུ་ཆུད་པར་བྱ་བའི་ཐབས་བསྡུས་པའི་དོན་མདོར་བསྟན་ཏོ།། ། ཞེས་བྱ་བར་ཤེས་པར་བྱའོ།། གདུལ་བའི་ཚིག་ལྷུར་ལེན་པ་རྣམས་ནི ་རྣམ་པར་སྣང་མཛོད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པའི་རྒྱུད་མཐའ་དྲུག་མཉན་པ་དང་། བསམ་པའི་སྒོ་ནས་དོན་ཁོང་དུ་ཆུད་པར་འགྱུར་བས་བསྡུས་པའི་དོན་ཀུན ་ནིས་བསྡུས་པ། འདིར་དེ་དག་ལ་གདུཡོ་བའི་ཚིག་ལྷུར་ལེན་པ་དེ་དོག་གིས་ཁོང་དུ་ཆུང་བར་བྱ་བའིཐབས་རབ་ཏུ་བསྒྲགས་པར་བྱས་པ་ནི་མི་ཡིན་ནོ།། ཞེས་ཀྱི ་རིག་པར་དུའོ།། ནུས་བསྨད་མཛད་མངོན་པར་རྫོགས་པར་བྱ་སྒྲུབ་པའི་རྒྱུད་ཀྱི་བསྡུས་པའི་ངན་སློབ་དཔོན་དུ་བ་རྒྱུས་མཛད་བ་རྫོགས་སུ་། རྒྱ་གར ་གྱི་མཁན་པོ་ཤྲི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཚབ་དགེ་སློང་དཔལ་བརྩེགས་རིཀྐི་ཏྱས་པོསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་གྲཝ། འདི་ལ་ཤློ་ཀ་ནི་ཉིས་སྟོང་སུམ་བརྒྱ་ཡོད་དོ།། ་