CLOSE WINDOW

GT149: dpal 'khor lo sdom pa'i bstod pa don thams cad 'grub pa rnam dag gtsug gi nor bu zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སྲྀ་བ་ར་སྟོ་ཏྲ་སརྦ་ཨརྠ་སིདྡྷི་བི་ཤུདྡྷ་ཎཱཾ་ཌ་མ་ཎི་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་དསྟོད་པ། དོན་ཐམས་ཅད་འགྲུབ་པ་རྣམ་ངག་གཙུག་གི་ནོར་བུ་ཞེས་བྱ་བ། ་དཔལ་བདེ་མཆོག་ལ་ཕྱག་འཚལ་ལོ།། ཐུགས་རྗེ་དབྱངས་ལས་གཞེངས་པའི་སྐུ་མཆོག་ནི།། ཉོན་མོངས་རྣམ་དག་ཡེ་ཤེས་སྐུ་བརྙེས་ཤིང་།། སྲིད་པ་སྦྱོར་མཛད་ཉོན་མོངས་གདུང་བ་སེལ།། སྒྱུ་མ་སྤྲུལ་པས་འགྲོ་དོན་སྒྲུབ་མཛད་པའོ།། འཁོར་ལོ ་སྡོམ་པ་མཁའ་འགྲོ་ཀུན་གྱི་གཙོ།། འཇིགས་མཛད་དཔའ་བོ་བསྐལ་པོའི་མེ་ལྟར་འབར།། སྣ་ཚོགས་འཕྲིན་ལས་རིགས་ལྔས་ཡོངས་མཚོན་པའི།། རལ་པའི་ཐོར་ཚུགས་སྣ་ཚོགས་རྡོ་རྗེས་མཛེས།། བྱང་ཆུབ་སེམས་མཆོག་ཆོས་རྣམས་རབ་གསུངས་པའི།། ་སྤྱི་བོར་ཟླ་ཆོས་ཅོད་པན་འཁོར་ལོས་བརྒྱན།། ཞལ་གདངས་ཁྲོ་གཉེར་སྨིན་མ་གློག་ལྟ་འགྱུ།། སྐྱེ་ཤི་རྩད་གཅོད་ཀེང་རུས་མཆེ་བ་གཙིགས།། ཚད་མེད་བཞི་ལྡན་དཔའ་བོ་ཞལ་བཞི་ལ།། མི་བསྐྱོད་རིགས་མཚོན་ཡེ་ཤེས་ལྔ་ལྡན་པའི།། རྡོ་རྗེ ་ཕྲེང་དང་ཐོད་པ་ལྔ་ལྔས་བརྒྱན།། སྟོང་ཉིད་སྙིང་རྗེ་རབ་ཏུ་འདྲེས་གྱུར་པའོ།། འོད་ཟེར་འཕྲོ་བ་སྣ་ཚོགས་དུ་མ་ལས།། སངས་རྒྱས་ཚོགས་ཀྱིས་ཀུན་ཏུ་སྦྱིན་འཕྲོ་བའི།། སྐུ་གསུམ་དཔའ་བོ་ཡེ་ཤེས་ལྔ་བདག་ཉིད།། སྒེག་པ་ལ་སོགས་རོལ་པོའི་ཉམས ་ཀྱིས་མཛེས།། སྙིང་རྗེའི་སྤྱན་དམར་བཅུ་གཉིས་མེ་བཞིན་འཇིགས།། ཧེ་རུ་ཀ་དཔལ་བདེ་མིཆོག་སྤྲུལ་པོའི་སྐུ།། འཆང་བྱེད་ཚེས་དང་ཉན་པའི་ཚོགས་ལྡན་པའི།། ཉན་ཐོས་རེང་སངས་བླ་མེད་རྒྱལ་བ་དང་།། འཇིག་རྟེན་རབ་གནས་འཇིག་རྟེན་འདས་པ་ཡི།། ་རང་བཞིན་ཉིད་ནི་ཁྱོད་ལས་གཞན་མ་མཆིས།། གསང་བའི་བདེ་མཆོག་བདུད་བྲལ་ཡེ་ཤེས་སྐུ།། ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་དྲུག་གིས་མཛེས།། ཨ་ལ་ལ་ཞེས་དུར་ཁྲོད་གར་དང་ལྡན།། ཕེཾ་ག་སྒྲ་སྒྲོགས་མཁའ་འགྲོའི་ཆོག ་རྣམས་སྡུད།། འདུ་བྱེད་རྣམ་དག་མགོ་བོའི་ཕྲེང་བས་བརྒྱན།། དྲག་པོ་ཀུན་འདུལ་སྟག་གི་ཤམ་ཐབས་ཅན།། རྡོ་རྗེའི་རྟ་གང་ཁམས་གསུམ་བསྡོགས་མཛད་ཅིང་།། མ་རིག་ལ་སོགས་རྟེན་འབྲེལ་རྣམ་དག་པ།། བྱམས་པའི་ཐུགས་མངའ་བཅུ་གཉིས ་ཕྱག་དང་ལྡན།། གཡས་ཀྱི་དང་པོ་རྡོ་རྗེ་རྩེ་ལྔ་ནི།། ཡེ་ཤེས་ལྔ་ལྡན་དུག་ལྔ་རྣམ་པར་འཇོམས།། ཕྱག་གཡོན་དང་པོ་དྲིལ་བུ་རྣམ་འཛིན་པ།། རྟོག་པ་རྣམ་སྤངས་ཤེས་རབ་རང་བཞིན་ལྡན།། དེ་འོག་ཕྱག་གཉིས་གཏི་མུག་རྣམ་དག་པཱིའོ།། གླང ་ཆེན་ཀོ་རློན་དཔའ་བོའི་གོས་སུ་མནཔས།། ཆོས་རྣམས་སྒྲོགས་པའི་ཌ་མ་རུ་བསྣམས་ཤིང་།། ལྷ་སྐུ་རྣམ་དག་ཁ་ཊྭཱཾ་རྡོ་རྗེས་མཚན།། གྲི་གུག་འབར་བས་ཉོན་མོངས་འཆིང་བ་གཅོང་།། འདོད་ཆགས་རྣམ་དག་ཐོད་པ་ཁྲག་ཆེན་འཛིན།། ཐུགས ་རྗེའི་དགྲ་སྟས་དྲག་པོའི་ལྷ་རྣམས་འཇོམས།། སྡིག་མཛུབ་ཞགས་པས་བདུད་དུང་ག་ཤིན་རྗེ་འདུལ།། ཏྲི་ཤུལ་རྩེ་གསུམ་སྐྱེས་བུ་ཕུག་ཅིང་འཕྱར།། བདུད་བཞི་ལས་རྒྱལ་ལྷ་ཆེན་རྣམས་བསད་ཅིང་།། ཚངས་པའི་མགོ་བཅང་དཔའ་བོའི ་ལག་ནི་འཛིན།། རྟག་ཆད་སྤངས་ཕྱིར་སྣ་ཚོགས་པདྨ་ངོ་།། ཉི་མིའི་དབུས་ནི་བགེགས་ཆེན་དུམ་གཟིར།། འཇོགས་བྱེང་དྲོས་མོ་ཚོན་གཡས་བརྐྱང་ཞབས་ཀྱིས་མནོན།། ཧ་ཧ་སྒྲ་སྒྲོགས་ཕག་མའི་སྐུ་ལ་འཁྲིལ།། ཁྲོས་པའི་དཔུང ་ཆེན་བདུད་དགྲ་རླག་པར་བྱེད།། གསང་བའི་མགོན་པོ་རང་ཉིད་ལ་ལུས་ཤིང་།། དསྟེང་རྫོགས་ལ་གནས་གསང་བའི་མཆོག་ལ་དགྱེས།། བརྟན་པོའི་བློ་ཅན་དངོན་པོའི་རྣལ་འབྱོར་བ།། དངོས་གྲུབ་མཆོག་སྩོལ་ཧེ་རུ་ཀ་ལ་འདུད།། གསང ་ཀུན་ལྡན་རྡོ་རྗེ་ཕག་མོ་ནི།། བདེ་མཆོག་འཁོར་ལོ་འཇིགས་བྱེད་རྒྱལ་པོའི་ཡུམ།། འདོད་པའི་དབང་ཕྱུག་སངས་རྒྱས་མཁའ་འགྲེ་ཆ།། ཧི་ཧི་བཞང་ཅིང་བ་གཤེགས་སྐུ་ལོ་འཁྲིལ།། བདུད་འདུལ་རྒྱལ་མོ་སྐལ་ལྡན་དབང་ཕྱུག་མ།། སྐུ ་མདོག་དམར་མོ་ཐོང་པིའི་ཕྲེང་བ་ཅན།། གྲི་གུག་སྡིགས་མཛུབ་གདུག་པ་བསྲེག་མཛད་ཅིང་།། ཐོང་པོ་ཁྲག་ཅན་ཧེ་རུ་ཀ་ལ་འཁྱུང་།། མཆེ་བ་གཙིགས་ཤིང་དྲག་ཤུལ་འཇིགས་ལྡན་མ།། དམན་པས་འགྲུབ་འགྱུར་མཁའ་འགྲོ་དབང་དུ་བསྡུང ་ཆགས་ལྟར་རྟོག་མེད་ཞལ་གཉིས་ལྡན་པ་ཡིས།། རྡོ་རྗེ་རྣལ་འབྱོར་སྟོང་ཉིད་སྙིང་རྗེ་ཆེ།། བདུདུ་འདུལ་མཁའ་འགྲོ་དབང་ཕྱུག་ཡེ་ཤེས་སྐུ།། གསུང་བའི་ལྷ་མོ་འགྲོ་བའི་དོན་མཛད་མ།། ཡེ་ཤེས་མེ་དཔུང་ཀློང་མ་གློག་ལྟར་འགྱུར།། མཁར ་འགྲོ་ཕག་མོ་འབར་བའི་གཟི་བརྗིད་ཅན།། འཇིགས་པའི་ཆ་བྱང་བདུད་བཞི་ཀུན་སྐྲག་བྱེད།། འཁོར་ལོས་དབུ་རྒྱན་རྡོ་རྗེའི་རྣོ་ཆ་ཅན།། མགུལ་རྒྱན་དོ་ཤལ་སྤྱི་གཙུག་ནོར་བུ་དང་།། དཔུང་རྒྱན་ལག་གདུང་སེ་རལ་ཁར་བྱས་ཤིང་།། དུམ་བུའི་སྐུ ་རགས་སོལ་སིལ་སྒྲ་དང་ལྡན།། ཞབས་གཉིས་བརྐྱང་བསུམ་གཉིས་མེད་འཁྲོལ་བའོ་ཚུལ།། བདོ་བོའི་རང་བཞོན་ལེགས་པའི་ཆོས་དབྱིངས་ལྡན།། དབུ་སྐྲ་གྲོལ་ཞིང་ཐུགས་རྗེས་ཀུན་ཁྱབ་པས།། ཨི་རྒྱས་དབང་དང་མངོན་སྤྱོད་ལ་སོགས་དང་། ་གྲུབ་ཆེན་བརྒྱད་སོགས་སྒྲུབ་པོ་ལ་སྟེར་ཞིང་།། ཡེ་ཤེས་སྤྱན་གསུམ་དུས་གསུམ་གདུལ་བྱ་གཟིགས།། རང་བའི་སེམས་ཀྱིས་འཇིགས་དུས་ཁྱོད་དྲན་ན།། སྡུག་བསྔལ་ཀུན་སེལ་དངོས་གྲུབ་མཆོག་སྩོལ་ཞིང་།། ལོངས་སྤྱོད ་སྤྲུལ་པ་སྣ་ཚོགས་སྐུར་སྟོན་པའི།། སྒྲུབ་པོའི་དོན་མཛད་རྣལ་འབྱོར་མ་ལ་འདུད་།། བདེ་ཆེན་འཁོར་ལོ་སྣ་ཚོགས་པདྨ་ཡ།། འདབ་བརྒྱད་ཕྱོགས་ནས་མཱ་མ་ཀཱི་སོགས་གནས།། ཞལ་བཞི་ལ་ཕྱོགས་དངོས་གྲུབ་སྟེར་བ་ཡི།། གསང་བའི་དབང་ཕྱུག་དཔའ ་མོ་བཞི་ལ་འདུད།། མེ་ལོང་ཡེ་ཤེས་ལས་སྐྱེས་ཐོང་ཕྲེང་ཅན།། ཨིནྡྲ་ནཱི་ལའི་མདོག་ཅན་གཏུམ་པ་མོ།། གསང་བའི་ལྷ་མོ་དཔལ་ལྡན་དབང་ཕྱུག་སྐུ།། གཡས་བརྐྱང་དཔའ་མོ་རོ་ཡི་སྟེང་ན་གནས།། ཕྱག་བཞི་ནག་མོ་འཇིགས་པའི་གླུ་ལེན་མ།། གྲ ་གུག་ཐོད་པ་ཁ་དྷྲྀ་ཅང་ཏེའུ་བསྣམས།། ལུས་རྗེས་དྲན་པའི་ངོ་བོ་ཆུ་རང་བཞིན།། རྡོ་རྗེ་མཁའ་འགྲོ་ཆེ་ལ་ཕྱག་འཚལོ།། བྱ་བ་ནན་ཏན་ཡེ་ཤེས་དཔལ་ལྡན་མ།། སེམས་མ་རྡོ་རྗེ་དམ་ཚིག་སྒྲོལ་མའི་མཆོག། འཁོར་ལོ་ལ་སོགས་ཕྱག་རྒྱ་ལྔ་ཡིས ་བརྒྱན།། ཌཱ་མ་རུ་སྒྲས་གཙོ་མོ་སྐུལ་བྱེད་ཅིང་།། ཁ་ཊྭཱཾ་ག་བསྣམས་འཇིགས་པོའི་ཕམ་སྒྲ་སྒྲོགས།། ཚོར་རྗེས་དྲན་པའི་རང་བཞིན་རླུང་བདག་ཉིད།། ལྗང་གུའི་མདོག་ཅན་གྲི་གྲག་ཐོད་པ་འཛིན།། ལྔས་རིགས་མཁའ་འགྲོ་ལཱ་མོ་མེལ་འདུད།། ་སོ་སོར་ཀུན་རྟོག་ཡེ་ཤེས་དབྱིངས་ཕྱུག་མ།། རཱ་གའི་མདོག་ཅན་གར་གྱི་སྟོབས་ལྡན་མ།། ཌ་མ་རུ་འཁྲོལ་ཁ་ཊྭཱཾ་གཡོན་ན་བསྣམས།། གྲི་གུག་ཐོད་ཁྲག་དགྲ་བགེགས་ཞལ་དུ་གསོལ།། ཆོས་རྗེས་དྲན་པའི་གཅེར་བུ་སྤྱན་གསུམ་མ།། མེ་ཡི་བདག ་ཉིད་པདྨའི་མཁའ་འགྲོ་ཆེ།། སྐུ་མདོག་དམར་མོ་མ་རུངས་གསོད་པ་ཡི།། ཁཎྜ་རོ་ཧེ་ཆེ་ལ་ཕྱག་འཚལོ།། མཉམ་ཉིད་ཡེ་ཤེས་རང་བཞིན་ལས་སྐྱེས་ཤིང་།། བདུད་འདུལ་དཔའ་མོ་རུས་པའི་རྒྱན་འཛིན་ཅིང་།། མེ་དཔུང་ནང་བཞུགས་མགོ་ཕྲེང་ངོ་ཤལ ་ཅན།། གྲྀ་གུག་གཅོད་མཛད་ཐོད་པའི་ཁྲག་འཐུང་མ།། ཁ་ཊྭཱཾ་ག་བསྣམས་སེར་མོ་ཅང་ཏིའུ་འཁྲོལ།། སེམས་རྗེས་དྲན་པའི་མཁའ་འགྲོ་ཀུན་གྱི་གཙོ།། རིགས་ཆེན་མཁའ་འགྲོ་ས་ཡི་བདག་ཉིད་མ།། གཟུགས་ཅན་དབང་ཕྱུག་མ་ལ་ཕྱག ་འཚལོ།། སྙིང་རྗེའི་སེམས་ཀྱིས་བདུད་བ་ནི་ཚུར་གཅོད་ཅིང་།། དམ་ཚིག་ཅན་ལ་དངོས་གྲུབ་མཆོག་གསོལ་བྱེད།། དམ་ཚིག་ཉམས་པར་སྔགས་པ་གསོད་ལྔ་བརྩོན།། ཡེ་ཤེས་མཁའ་འགྲོ་བཞི་ལ་ཕྱག་འཚལོ།། མཆིམས་ཀྱི་པདྨ་རིན་ཆེན ་བུམ་བིའི་སྟངས།། འདོད་ཆགས་ཞེ་སྡང་གཏི་མུག་རྣམ་དག་པའི།། དངོས་གྲུབ་དང་ལྡན་མཚན་བཟང་ཀ་པཱ་ལ།། བདུད་རྩི་ལྔ་ལྡན་བདེ་བ་ཆེ་ལ་འདུད།། པུལླཱི་ར་དམར་དཔའ་བོ་ཐོང་དུམ་ནི།། ཞལ་གཅིག་ཕྱག་བཞི་སེན་མོ་སཽ་ལ་གནས།། ་རབ་ཏུ་གཏུམ་མོ་འདུན་པའི་རྫུ་འཕྲུལ་རྐང་།། གཅེར་བུ་མྱུ་གོར་གནས་མ་ལ་ཕྱག་འཚ་ལོ།། ཛཱ་ལམྦཱ་ར་ར་མ་ཧཱ་ཀཾ་ཀ་ལ།། མཁའ་ལ་སྦྱོང་བྱེད་སྐྲ་སྤུ་ལ་གནས་དང་།། གཏུམ་པའི་མིག་ཅན་བརྩོན་པའི་རྫུ་འཕྲུལ་རྐང་།། སྤྱི་གཙུག་ལ་གནས ་ཁྱོད་ལ་ཕྱག་འཚལ་ལོ།། ཨོཾ་ཌྱན་ལ་གནས་དཔའ་བོ་ཀཾ་ཀ་ལ།། པགས་པ་དྲི་མ་རྣམས་ངག་ས་ལ་འདུལ།། འོད་ལྡན་མ་ནི་དཔྱོད་པའི་རྫུ་འཕྲུལ་ཏིང་།། རྣ་གཡས་ལ་གནས་ཁྱོད་ལ་ཕྱག་འཚ་ལོ།། ཨརྦུ་དར་གནས་མཆེ་བ་རྣམ་པར ་གཅགས།། ལྷ་རྣམས་འདུལ་ཞིང་ཤ་ལ་རྣམ་པར་གནས།། སྐྱ་ཆེན་མན་སེམས་ཀྱི་རྫུ་འཕྲུལ་ཆང་།། རྒྱབ་ལ་གནས་གྱུར་མཁའ་འགྲོ་ཁྱོད་ཕྱག་འཚལ།། གཱ་དཱ་བ་རིམ་སུ་ར་བཱ་ར་ན།། རྒྱུས་པ་རྣམ་དག་གཡས་བརྐྱང་། ་ཞབས་ཀྱིས་གནས།། དད་པའི་དབང་པོ་བརྟན་པའི་བློ་ཅན་མ།། རྣ་བ་གཡོན་པ་ལ་གནས་ཁྱོད་ཕྱག་འཚལ།། འོད་དཔག་མེད་ནི་རུས་པའི་ཁམས་དག་ཅིང་།། བརྐྱང་བསྐུམ་ཚུལ་གྱིས་རཱ་མེ་ཤྭ་རིར་གནས།། སྨིན་མེའི་དབུས་གནས་བརྩོན ་དབང་མིའུ་ཐུང་མ།། སྙོམས་ལས་རབ་སྤངས་མཁའ་འགྲོ་ཁྱོད་ཕྱག་འཚལ།། མཚན་པ་རྣམ་དག་དེ་ཝི་ཀོ་ཊི་རུ།། རྡོ་རྗེ་འོད་ནི་འབྱུང་ཀུན་འདུལ་བས་གནས།། དྲན་པའི་དབང་པོ་ལམ་ཀའི་དབང་ཕྱུག་མ།། མིག་གཉིས་ལ་གནས་མཁའ ་འགྲོ་ཁྱོད་ཕྱག་འཚལ་མཱ་ལ་བེར་གནས་དཔའ་བོ་རྡོ་རྗེའི་སྐུ།། སྙིང་ལ་རབ་གནས་དྲག་པོ་འཇིགས་བྱེད་འདུལ།། ཤིང་གྲིབི་མ་ནི་ཏིང་ངེ་འཛིནི་དབང་པོ་སྟེ།། ཕྲག་པ་གཉིས་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ།། ཐུགས་ཀྱི་འཁོར་ལོ ་མཁའི་ལོ་རྣམ་སྤྱོད་ཅིང་།། རྣམ་ཐར་བརྒྱད་ལྡན་རྩིབས་བརྒྱང་སྔོན་པོ་སྟེ།། རྡོ་རྗེའི་རིགས་མཚོན་རྡོ་རྗེའི་ཕྲེང་བས་མཛེས།། ཞེ་སྡང་ཅན་འདུལ་རྡོ་རྗེ་ཁྱོད་ཕྱག་འཚལ།། མྱུ་གུ་ཅན་ནི་ཀཱ་མོ་རུ་གནས་ཤིང་།། མིག་གཉིས་རྣམ ་ངག་ཨ་ར་བ་ཏོ་མཛེས།། ས་སྲུང་མ་ནི་ཤེས་རབ་དབང་པོ་སྟེ།། མཚན་ཁུང་རྣམ་དག་མཁའ་འགྲོ་ཁྱོད་ཕྱག་འཚལ།། ཨོཾ་དྲེར་གནས་པའི་རྡོ་རྗེ་རལ་པོ་ཅནོ།། མཁྲིས་པ་རྣམ་དག་རྡོ་རྗེ་རོལ་པོའི་ཞབས།། དད་པའི་སྟོབས་ནི་འཇིགས ་བྱེང་ཆེན་མོ་སྟེ།། ནུ་མ་ནྱས་ངག་མཁའ་འགྲོ་ཁྱུད་ཕྱུག་འཚལ།། དྷཱི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་ཆང་།། གློ་བཟླུམ་དག་རབ་ཏུ་འཇོགས་པའི་གཟུག། ས།། རླུང་གི་ཤུགས་ཅན་བརྩོན་འགྲུས་སྟོབས་རང་བཞིན།། ལྔ་བར ་དཀྱིལ་འཁོར་དཔའ་མོ་ཁྱོད་ཕྱག་འཚལ།། ཀཽ་ས་ལོ་ནི་རྡོ་རྗེ་ཧཱུཾ་མཛད་དོ།། རྒྱུ་མ་རྣམ་དག་ཕེམ་གི་སྒྲ་སྒྲོགས་ཤིང་།། དྲན་པའི་སྟོབས་ནི་ཆང་འཐུང་དཔའ་མོ་སྟེ།། སྣ་རྩེ་ལ་གནས་དཔའ་མོ་ཁྱོད་ཕྱག་འཚལ།། ཀ་ལིངྒིར་གནས ་རབ་ཏུ་བཟང་པོ་ནི།། གཙོ་མ་ལྀ་གནས་དངོས་གྲུབ་ཀུན་སྟེར་བའོ།། ལྗང་ལྷ་མ་ནི་ཏིང་འཛིན་སྟོབས་ལྡན་ཞིང་།། ཁ་ཡི་ནང་གནས་མཁའ་འགྲེ་ཁྱོད་ཕྱག་འཚལ།། ལམ་བཱ་ཀར་གནས་རྡོ་རྗེ་བཟོང་པོ་སྟེ།། གྲོང་པ་རྣམ་དག་དཔའ་བོ ་ཆེན་པོ་སྟེ།། ཤེས་རབ་སྟོབས་མི་ཤིན་ཏུ་བཟང་མོ་ཡོན།། མགྲིན་པ་ལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ།། ཀཱཉྩིའི་གནས་སུ་འཇིགས་བྱེད་ཆེན་པོ་སྟེ།། ཞབས་གཉིས་བརྐྱང་བསྐུམ་ཆུ་སོ་ལ་གནས་ཤིང་།། རྟ་ནཱ་མ་ནི་ཏིང་འཛིན་ཡན ་ལག་སྟེ།། སྒྱིང་ཀ་ལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ།། ཧྲཱི་མཱ་ལ་ནི་དཔའ་བོ་མགོ་མི་བཟང་།། སྐྲ་མཚམས་ལ་གནས་ཧཱ་ཧིའི་སྒོ་སྒྲོགས་ཤིང་།། བརྩོན་འགྲུས་ཡན་ལག་བྱ་གདོང་ཆེན་མོ་སྟེ།། འདོམ་པར་ལ་གནས ་མཁའ་འགྲོ་ཁྱོང་ལ་ཕྱག་འཚལ།། གསུང་གི་ལོཁོར་ལོ་ས་སྦྱངས་ལོངས་སྤྱར་ཅིང་།། རྣམ་པར་བརྒྱད་ལྡན་རྫོབས་བརྒྱད་དམར་བ་སྟེ།། གསུང་གི་རིགས་མཚན་དྨའི་ཕྲེང་བས་མཛེས།། འདིད་ཆགས་ཅན་འདུལ་པདྨ་ཀྱང་ཕྱནའ ་པྲེ་ཏ་པུ་རིར་དཔའ་བོ་བསྟོབས་ཆེན་ནི།། བད་ཀན་རྣམ་དག་ཕྱག་བཞི་རྣམ་པར་བརྒྱན།། དགའ་བ་བྱང་ཆུབ་ཡན་ལག་འཁོར་ལོའི་ཤུགས།། མཚན་མ་ལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ།། གྲྀ ་ཧ་བདེ་བར་རིན་ཆེན་རྡོ་རྗེ་ནི།། སྣ་ཚོགས་དག་ལ་གཡས་བརྐྱང་རོལ་པས་བཞུགས།། ཤིན་ཏུ་སྦྱངས་པའི་ཡན་ལག་དུམ་སྐྱེས་མ།། བཤེད་ལམ་ལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ།། སཽ་རཱཉྫ་ར་རྟ་མགྲིན་རྒྱལ་པོ་ནི།། ཁྲག་ལ་གནས ་ཤིང་དྲག་པོ་ཀུན་འདུལ་བ།། ཆོས་རྣམས་རབ་འབྱེད་ཡན་ལག་བླང་སྔ་མ།། བརླ་གཉིས་ལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ།། སུ་ཝརྞྞ་དྷཱི་ནམ་མཁའི་སྙིང་པོ་སྟེ།། འཇིགས་བྱེད་དཔའ་བོ་རྡུལ་ཚོགས་རྣམ་དག་ཅིང་།། དྲན་པ་ཡན ་ལག་འཁོར་ལོའི་གཽ་ཆ་མ།། བྱིན་པ་ལ་གླནས་མཁའ་འགྲོ་ཁྱོད་ཕྱག་འཚལ།། ན་ག་ར་གནས་དཔལ་ལྡན་ཧོ་རུ་ཀོ། ཚིལ་ཁྲག་རྣམ་དག་ཕྱག་རྒྱ་དྲུག་གིས་མཛེས།། ཤིན་ཏུ་དཔའ་མོ་བཏང་སྙེམས་ཡན་ལག་སྟེ།། སོར་མོ་ལ ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ།། ས~ཾ་དྷུའི་གནས་སུ་པདྨ་གར་དབང་ཕྱུག། མཆི་མ་རྣམ་དག་འཇིགས་མཛད་དཔའ་བོ་ཆེ།། སྟོབས་ཆེན་དཔའ་མོ་ཡང་དག་ལྟ་བ་སྟེ།། རྐང་པའི་བོ་ལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ།། མ་རོའི ་གནས་སུ་རྣམ་པར་སྣང་མཛད་ཚེ།། མཆིལ་མ་རྣམ་དག་དབང་ཕྱུག་ཆེན་པོའི་སྐུ།། འཁོར་ལོ་སྒྱུར་མ་ཡང་དག་རྟོག་པ་སྟེ།། མཐེ་བོང་ལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ།། ཀུ་ལུ་ཏཱར་གནས་རྡོ་རྗེ་སེམས་དཔའ་ནི།། འགྲོ་བའི ་མགོན་པོ་སྣབས་སོགས་རྣམ་དག་པ།། བརྩོན་འགྲུས་ཆེན་མོ་ཡང་དག་ངག་ལྡན་ཞིང་།། པུས་མོ་ལ་གནས་མཁའ་འགྲོ་ཁྱོད་ཕྱག་འཚལ།། སྐུ་ཡི་འཁོར་ལོས་འོག་ལ་གནས་ཤིང་།། རྣམ་ཐར་བརྒྱད་ལྡན་རྩིབས་བརྒྱད་དཀར ་པོ་སྟེ།། སྐུ་ཡི་རིགས་མཚོན་འཁོར་ལོའི་ཕྲེང་བས་མཛེས།། གཏི་མུག་ཅན་འདུལ་འཁོར་ལོ་ཁྱོད་ཕྱག་འཚལ།། འགྲོ་བའི་དོན་ལ་ཐུགས་རྗེ་སྤྲུལ་པའི་གནས།། མཁའ་འགྲོའི་ཚོགས་ལྡན་ཉི་ཤུ་རྩ་བཞི་རུ།། སྐུ་གསུང་ཐུགས ་གནས་བསྒྲུབ་ལ་བརྩེར་དགོངས་པའི།། འཁོར་ལོའི་ལྷ་ལ་རྟག་པར་ཕྱག་འཚལོ།། མ་རུངས་འདུལ་མཛད་རྣམ་རྒྱལ་ལ་སོགས་རྣམས།། གདུལ་བྱའི་དབང་གིས་ཁྲོ་མོའི་སྐུར་སྟོན་ཅིང་།། སྒོ་མཚམས་དག་ན་མ་རུངས་ཕྱོགས་བདག ་འདུལ།། ཁྲེ་གདོང་ལ་སོགས་སྤྲུལ་པའི་མཁའ་འགྲོ་གནས།། བྱ་རོག་གདོང་ཅན་མཁའ་འགྲོ་འཇིགས་པའི་གཟུགས།། ཞལ་གྱི་ང་རེས་འབྲུག་སྟོང་བདུད་ལས་རྒྱལ།། གར་གྱི་སྦྱོར་ལྡན་གཅེར་བུ་ཕྱག་བཞི་མ།། ནག་མོ་འཇིགས་བྱེད ་མ་ལེ་ཕྱག་འཚལོ།། ཤར་གྱི་སྒོ་སྲུངས་ཡི་དགས་གདན་ལ་བཞུགས།། དཔའ་མོ་སྤྱན་གསུམ་ཕྱག་རྒྱ་ལྔ་ཡིས་མཛེས།། ཁ་ནས་ཁྲག་འཛག་ཨཱ་ལ་ལ་ཞེས་སྒྲོགས།། ཡང་དག་ལས་མཐེའི་དཔའ་མོ་ཁྱོད་ཕྱག་འཚལ།། འུག་པའི ་གདོང་ཙོན་བཤེགས་ཚོགས་བསྲེག་མཛད་མ།། ཁ་ནས་ལྕེ་འདྲིལ་མཆེ་བ་རྣམ་པར་གཙིགས།། ཧོ་ཧ་རྒོད་ཅིང་སྤྱན་མིག་གློག་ལྟར་འགྱུ།། དགྲ་བགེགས་ཚར་གཙང་མ་ལ་ཕྱག་འཚལོ།། བྱང་གི་སྒྲོ་སྲུངས་ལྗང་དམར་འོད་ལྡན་མ།། མཁའ ་འགྲོ་མོ་སྲུན་རུས་པོའི་རྒྱན་དང་ལྡན།། སྐུ་མདོག་དམར་ལྗང་གྲཱི་གུག་ཐོང་བ་འཛིན།། ཡང་དག་འཆ་འི་དཔའ་མོ་ཁྱོད་ཕྱུག་འཚའ།། ཁྱུ་ཡི་གདོང་ཅན་ཐོང་པོའི་རྒྱན་ལྡན་མ།། སྐུ་མདོག་དམར་མོ་ཕཊ ་ཀྱི་སྒྲ་སྒྲོགས་ཤིང་།། སྤྱན་གསུམ་སྣང་མིག་དུས་མཐའི་མེ་བཞིན་འཇིགས།། སྒྲུབ་པའི་དོན་མཛད་མ་ལ་ཕྱག་འཚལོ།། ནུབ་ཀྱི་སྒོ་སྲུང་དཔའ་མོ་སྟོབས་ལྡན་མ།། ཞབས་གཉིས་བརྐྱང་བསྐུམ་འབྱུང་པོ་ཟིལ་གྱིས་གནོན།། མཁའ ་འགྲོ་མགོ་བོའི་ཕྲེང་བས་དི་ཤལ་བྱས།། ཡང་དག་རྩོལ་བའི་ངོ་བོ་ཁྱོད་ཕྱག་འཚལ།། ཕག་གི་གདོང་ཅན་གསང་བའི་དབང་ཕྱུག་མ།། བདུད་འདུལ་མཁའ་འགྲོ་ཕྱག་རྒྱ་གར་གྱིས་བསྐྱོད།། རྣ་ཆེ་མགུལ་རྒྱན་སྤྱི་གཙུག་ནོར་བུས་བརྒྱན། ་འཇིགས་བྱེད་ཁྲག་འཐུང་མ་ལ་ཕྱག་འཚལོ།། ལྷོ་ཡི་སྒྲོ་སྲུངས་སོར་མི་འཇིགས་པའི་གཟུགས།། ཞལ་ནས་མེ་འབར་དུད་ཀྱི་དཔུང་རྣམས་བསྲེག། ཌ་མ་རུ་ཁྲོ་ལྀ་ཁ་ཊྭཱཾ་གཡོན་ན་བསྒོང་།། ཡང་དག་དྲན་པའི་དཔའ་མོ་ཁྱོད་ཕྱག་འཚལ།། ་ཤར་ལྷོར་དབང་སྒྱུར་གཤིན་རྗེ་བརྟན་མ་ནི།། གཡས་སྡེ་གཡོན་སེར་བརྐྱང་བསྐུམ་ཚུལ་དུ་བཞུགས།། རྒྱན་རྣམས་ཀུན་གྱི་རིབ་མཛེས་མཁའ་འགྲོ་མ།། དབང་ཕྱུག་གསང་བའི་ལྷ་ལ་ཕྱག་འཚལོ།། རྡོ་རྗེ་མཁའ་འགྲོ་སེམས་ཅན་དོན་བརྩོན ་པད། རུས་པའི་སྐ་རགས་ཁྲག་གི་ཐིག་ལེ་ཅན།། དཔལ་ལྡན་མཁའ་འགྲོ་དུར་ཁྲོད་ཚད་ཀྱིས་བརྒྱན།། དགེ་ཆོས་ཡང་དག་བསྐྱེད་ལ་ཕྱག་འཚལོ།། ལྷོ་ནུབ་དྲི་མེད་གཤིན་རྗེ་ཕོ་ཉ་མོ།། གཡོས་སེར་གཡོན་དམར་མཁའ་འགྲོ་གཟུགས་མཛེས་མ། ་ཧ་ཧའི་སྒྲ་སྒྲོགས་གསོད་བྱེད་མཐུ་རྩལ་ཅན།། མཁའ་འགྲོ་དགོས་འདོད་སྐྱོང་ལ་ཕྱག་འཚལོ།། ཐབས་དང་ཤེས་རབ་མཉམ་ཉིད་རོལ་པའི་སྐུ།། བདེ་ཆེན་མཉམ་ཉིད་མཁའ་འགྲོ་ཀུན་གྱི་གཙོ།། ཁ་ནས་ཁྲག་འཛག་གྲི་གུག་ཐོད ་བ་འཛིན།། དགེ་ཆོས་ཡང་དོག་བསྲུང་ལ་ཕྱག་འཚལོ།། ནུབ་བྱང་མཁའ་འགྲོ་གཤིན་རྗེ་མཆེ་བ་མོ།། གཡས་དམར་གཡོན་སྔོ་སྤྱན་བགྲང་འཇིགས་པའི་གཟུགས།། གསང་བའི་ལྷ་མོ་རྡོ་རྗེའི་གླུ་ལན་མ།། སྟོབས་ཆེན་མཁའ་འགྲོ་མ་ལ ་ཕྱག་འཚལོ།། རུས་པའི་དུམ་བུ་ཁྲག་གིས་ཐིག་ལེས་བརྒྱན།། ཚངས་སྐུད་མགོ་བོའི་ཕྲེང་བས་རབ་བརྒྱན་པས།། རུས་པའི་སྐ་རགསིལ་སིལ་སྒྲ་དང་ལྡན།། མི་དགེ་ཡང་དག་སྤོང་ལ་ཕྱག་འཚི་ལོ།། བྱང་ཤར་གསང་བའི་གཤིན་རྗེ་འཇོམ ་བྱེད་མ།། གཡས་ལྗང་གཡོན་སྔོ་འགྱིང་ཞིང་རོལ་པའི་སྐུ།། ཞལ་ཅིག་ཕྱག་བཞི་གཡས་བརྐྱང་གདན་ལ་བཞུགས།། མཁའ་འགྲོ་དབྱིངས་ཕྱུག་མ་ལ་ཕྱག་འཚ་ལོ།། ཉོན་མོངས་འཁྲུག་བྱེད་འབར་བའི་འོད་ལྡན་མ།། ཁྲོ་གཉེར ་མཆེ་གཙིགས་དགྲ་བགེགས་ཞལ་དུ་གསོལ།། བསྙེན་སྒྲུབ་བྱང་ལ་གསང་བའི་དངོས་གྲུབ་སྟེར།། མི་དགེ་སྐྱེས་མི་བྱེད་ལ་ཕྱག་འཚལོ།། དམ་ཚིག་འཁོར་ལོ་མི་འམ་ཅི་སོགས་འདུལ།། ཕྱོགས་བཞི་གདོང་ཅན་མཚམས་བཞི་ཕྱེད ་གཟུགས་མ།། ལས་ཀྱི་རིགས་མཚོན་སྣ་ཚོགས་རྡོ་རྗེས་མཛེས།། ཕྲག་དོག་ཅན་འདུལ་འཁོར་ལོ་ཁྱོད་ཕྱག་འཚལ།། སྐུ་གསུམ་ཡེ་ཤེས་ལྔ་ལྡན་འཇིག་རྟེན་གསུམ།། ཕྱི་ནང་བརྟན་གཡོའི་དངོས་པོ་ཁྱོད་རང་བཞིན།། ཁྱོད་ཀྱི་སྲིད ་གསུམ་རང་བཞིན་ལྷན་ཅིག་སྐྱེས།། ཁྱོད་འདབ་ཕྱོགས་བཞིར་ཡུམ་བཞི་མཚམས་དུ་མ་ཐོང་།། རིམ་གསུམ་དཔའ་བོ་བཞི་བཅུ་བརྒྱད།། སྒོ་མཚམས་ལྷ་མོ་བརྒྱད་དེ་དྲུག་ཅུ་གཉིས།། སྒྲུབ་ལ་བརྩེར་དགོངས ་འཁོར་ལོ་ལྔར་གནས་པའི།། ལྷ་ཚོགས་ལ་ནི་གུས་པས་ཕྱོག་འཚོ་ལོ།། ཧེ་རུ་ཀཱ་དཔལ་གསང་བའི་གྲོང་ཁྱེར་མཆོག། དཀྱིལ་འཁོར་བདེ་ཆེན་སྡིག་པ་རབ་འཇོམས་པའི།། ཉོན་མོངས་ཞི་བས་པདེ་ཉི་ཟླུམ་པོར་གནས།། མི་ཤེས ་གཅོད་ཕྱིར་གྲྀ་གུག་ཕྲེང་བས་མཛེས།། ལྷ་རྣམས་མཆོད་ཕྱིར་ཡོན་ཏན་ཀུན་ལྡན་པའི།། བུམ་པ་སྣ་ཚོགས་བདུད་རྩིས་རབ་བཀང་ནས།། འདོད་ཡོན་སྣམ་བུར་ལྷ་མོ་ཀུན་ལྡན་ཞིང་།། པཉྩ་རཱ་ག་རིན་ཆེན་ཕ་གུར་ལྡན།། དྲ་བ་དྲ་ཕྱེང་རིན་ཆེན ་ཉི་ཟླ་དང་།། མེ་རྟག་ཕྲེང་དང་གསེར་གྱི་དྲིལ་བུ་དབྱངས།། བརྩོན་འགྲུས་རླུང་བསྐྱོང་དམ་པའི་ཆས་སྒྲ་སྒྲོགས།། ར་རུ་ཀ་སོགས་མཛེས་པའི་རྒྱན་གྱིས་བརྒྱན།། ཡོན་ཏན་རྒྱས་ཕྱིར་གྲུ་བཞི་སྒོ་བཞིས་མཛེས།། རིན་ཆེན་རྟ་བབས་ཆོས་འཁོར ་གདུགས་ཀྱིས་ཕུབ།། ཡིད་འོང་རི་དགས་པ་དན་བཅུ་དྲུག་ལྡན།། རིན་ཆེན་ཀ་བི་ཏཱ་ར་ཎ་བཞིས་མཛེས།། བ་སོ་པདྨ་བཀྲ་ཤིས་བུམ་པ་དང་།། ཐོད་པའི་ཕྲེང་བ་རྡོ་རྗེ་ར་བས་མཛེས།། ལེགས་པའི་སྒོ་ཁྱུད་དཔལ་ལྡན་ཕྱོགས་བཞིར་གནས།། མི ་དགེ་རྣམས་བསྲུང་སྣ་ཚོགས་པདྨའི་ཕྱིར།། རྡོ་རྗེའི་ས་གཞིར་ར་བ་བླ་བྲེ་གུར།། མངའ་ཡི་དྲ་བ་འཇིགས་པའི་མེ་དཔུང་འབར།། ལྷ་ཀླུ་གནོད་སྦྱིན་སྲིན་པོ་གཤིན་རྗེ་དང་།། དྲག་པོ་སྲེག་བྱེད་ཚ་ཆི་ཀར་ལྟར་འཕྲོ།། ཚོགས་བརྒྱད་དག་ཕྱིར ་དུར་ཁྲོད་རབ་འཇིགས་བྱེད། ཤི་རི་ཥ་སོགས་བྱང་ཆུབ་ཤིང་བརྒྱད་ལ།། ཁྭ་གདོང་ལ་སོགས་ཤིང་ལྷ་སྤྲིན་དང་བཅས།། ཀླུ་དང་གནོད་སྦྱིན་ལྷ་ཆེན་བརྒྱད་པོར་ལྡན།། དབང་པོ་མེ་དང་གཤིན་རྗེ་སྲིན་པོ་དང་།། ཆུ་བདག་རླུང་ལྷ་ནོར་བདག་འབྱུང་པོར ་ལྡན།། ས་ཡི་ལྷ་མོ་ཉྀ་ཟླ་ཚངས་པ་དང་།། དྲག་པོ་ཞིང་སྐྱོང་ཕྱོགས་མཚམས་ཀུན་ན་གནས།། མཆོད་རྟེན་བྲག་སོགས་ཆུ་དང་མེ་བརྒྱད་དང་།། ཉི་ཤུ་རྩ་བཞི་མཁའ་འགྲོ་གནས་པའི་ས།། འབྱུང་པོ་འདུས་པ་ཙ་སྦྱང་སྒྲ་སྒྲོགས་ཤིང་།། ་ཤ་ཟ་རོ་ལངས་འཕྲ་མེན་མ་བརྒྱད་དང་།། ཨུ་མ་དུས་མཚན་དུར་ཁྲོད་བདག་མེར་བཅས།། རྒྱལ་ཆེན་བཞི་སོགས་འཇིག་རྟེན་དབང་ཕྱུག་ལྡན།། གྲུབ་ཆེན་བརྒྱད་སོགས་ཕྱག་རྒྱ་མཆོག་ལྡན་ཤིང་།། གྲུབ་པའི་རྣལ་འབྱོར་སྤྱོད་པ ་རྣམས་མཛེས་པའི།། སྒྲུབ་པའི་རྟེན་གྱུར་བདེ་གཤེགས་ཀུན་གྱིས་གནས།། སྣོད་བཅུད་དག་ལ་གསང་བའི་དཀྱིལ་འཁོར་མཆོག། ཡོན་ཏན་ཀུན་ལྡན་ཐར་པའི་གྲོང་མཆོག་ལ།། བདག་ནི་རབ་གུས་དང་བསོ་ཕྱག ་འཚལ་ལོ།། ལྷན་ཅིག་སྐྱེས་དགའི་རང་བཞིན་བདེ་མཆོག་ནི།། འཁོར་ལོ་ལྔ་སོགས་དུར་ཁྲིད་བཅས་བསྟོད་པའི།། དགེ་བ་གང་བྱུང་དེས་ནི་འགྲོ་བ་མ་ལུས་པ།། བདེ་མཆོག་ལ་གནས་མྱུར་དུ་སངས་རྒྱས་ཉིད་ཐོག་ཤོག། ་དཔལ་ལྡན་འཁོར་ལོ་སྡོམ་པའི་བསྟོད་པ་དོན་ཐམས་ཅད་གྲུབ་པ་རྣམ་དག་གཙུག་གི་ནོར་བུ་ཞེས་བྱ་བ་རྒྱལ་པོ་མཆོག་གི་དངོས་གྲུབ་ཐོབ་པ།། སློབ་དཔོན་དཱ་རི་ཀ་པས་མཛད་པ་རྫོགས་སོ།། ་ཡུལ་ཁ་ཆེའི་མཁན་པོ་དྷརྨྨ་བཛྲ་དང་། བོད་ཀྱི་ལོ་ཙཾ་བརྒྱ་བརྩོན་འགྲུས་སེང་གེས་བསྒྱུར་བའོ།། ། སླད་ཀྱི་རྒྱུ་གར་གྱི་མཁན་པོ་ཐུན་མོང་གི་དངོས་གྲུབ་བརྙེས ་པིའི་པཎྜི་ཏ་མུ་ཀུ་མཱ་ར་བཛྲ་དང་། བོད་ཀྱི་ལོ་ཙ་བ་དགེ་སློང་ཉི་མའི་རྡོ་རྗེས་རྒྱ་གར་ཤར་ཕྱོགས་ཀྱི་གྲོང་ཁྱེར་མངའ་ལྡན་དུ་བསྒྱུར་ཅིང་ཞུས་ཏེ་དག་པར་བྱས་སོ།། ་