CLOSE WINDOW

GT148: dpal 'khor lo sdom pa'i dkyil 'khor gyi cho ga de kho na nyid la 'jug pa zhes bya ba
Wyliee-texts produced with BDRC’s OCR application

རྒྱུ་གཪྵ་སྐད་དུ། ཤྲི་ཙཀྲ་ས~ཾ་བ་ར་མཎྜ་ལ་བི་དྷི་ཏཏྟྭ་བ་ཏ་ར་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་དེ་ཁོ་ན་ཉིད་ལ་འཇུག་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ ་ལྔ་ཕྱག་འཚལ་ལོ།། སྲིད་ལས་གྲོལ་ཞིང་ཡོན་ཏན་མཐའ་ཡས་དང་ལྡན་འབྲས་ལ་ཉེར་སྦྱོར་བ། རིན་ཆེན་སྒྲོན་གྱུར་བླ་མ་མཆོག་སྟེ་འཇིག་རྟེན་སྟོན་པ་རྡོ་རྗེ་སེམས།། སྐྱོན་བྲལ་ཞབསྟ་ལ་ཉེར་བཏུད་འགྲོ་ལྔ་རྣམ་བརྩེས་འཁོར་ལོ་སྡོམ ་པ་ཡི།། དཀྱིལ་འཁོར་ཚར་འབྱུང་ཆོ་ག་མཆོག་ལྡན་གྱུར་པ་དེ་ཉིས་འཇུག་བཤད།། དེ་ཉིད་དབང་བསྐུར་སྔོན་འགྲོ་བས།། གསོལ་འདེབས་སློབ་མའི་མཚན་ཉིད་དག། གནས་ལྔའི་ཡོན་ཏན་འཛིན་པ་འམ།། དད་པ་ཡིས་ནི་ངེས་འགྲོ་བ།། ཐེག ་གསུམ་དོན་ལས་མི་འདའ་ཞིང་།། ཐེག་པ་མཆོག་ལ་མངོན་དགའ་དང་།། སློབ་དཔོན་ལ་ནི་རབ་དད་ཅིང་།། འགྲོ་ལ་སྙིང་བརྩེ་བདེན་པར་སྨྲ།། མཆོག་འདོད་དོན་ལ་སྦྱོར་ནུས་པ།། རབ་དང་སྣོད་དུ་ཡོངས་ཤེས་ནས།། སྐུ་གསུམ་པོ་ཡི་ཆོ་ག་ཡིས།། ་དང་པོར་ལྷ་ནི་བསྙེན་པར་བྱ།། དཔའ་བོ་ལྷ་མོ་ཁྲི་ཕྲག་གསུམ།། སྟོང་ཕྲག་ཉི་ཤུས་འཁོར་ལོ་གསུམ།། ཕྱི་དང་ནང་གི་འཁོར་ལོ་གཉིས།། སྟོང་ཕྲག་ཕྱེད་དང་དྲུག་ཏུ་བཟླས།། འབྲིང་ངམ་ཆུང་ངུའི་ཚུལ་གནས་ན།། དཀྱིལ་འཁོར་དབང་པོ ་འབུམ་དུ་སྟེ།། དེ་བཞིན་མཁའ་འགྲོ་སྟོང་ཕྲག་བཅུ།། བཟླས་ཏེ་ལྷ་རྣམས་མཉེས་པར་བྱ།། ཡེ་ཤེས་མཆོག་ལ་ཁྲི་ཕྲག་སྟེ།། སྦྱིན་སྲེག་མཆོག་གིས་ཉེ་བར་མཆོད།། ལྷ་རྣམས་མཉེས་པར་མ་གྱུར་ན།། སྒྲུབ་པོ་གྲུབ་ལ་མ་བརྟེན་ཅིང་།། ་དེ་ཡིས་འགྲོ་བ་གཟུང་མི་ནུས།། དེ་བས་སྔོན་དུ་ངེས་བྱ་བ།། བསྙེན་པ་གསུམ་པོ་རྣམ་པར་སྦྱང་།། འཁོར་ལོ་མཆོད་སོགས་ཕུན་ཚོགས་ནས།། མཎྜལ་མེ་ཏོག་དང་ལྡན་པས།། ལན་གསུམ་དུ་ནི་གསོལ་བ་ཡིས།། ་ཆོ་གས་ཚུལ་བཞིན་བསྒྲུབ་པར་བྱ།། དཔའ་བོ་འབྱེར་པའི་དུས་ཤེས་ནས།། བརྩེར་ལྡན་ཡོངས་སུ་དག་པའི་བློས།། འཇིགས་བྲལ་དཔའ་བོའི་སེམས་ཀྱིས་ནི།། འགྲོ་བ་བསྒྲལ་ཞེས་རྣམ་བསམས་ཏེ།། རི་བོ་རི་སུལ་ཚང་ཚོང་ཕུག། སྨན་ལྗོངས ་རྒྱ་མཚོའི་འགྲམ་དང་ནི།། གདོང་ནས་གྲུབ་པའི་དུར་ཁྲོད་དམ།། ཕུན་ཚོགས་འཚེ་བ་མེད་པ་དང་།། དབེན་ཞིང་གང་དུ་ཡིད་འཇུག་པ།། དེར་ནི་དཔལ་ཆེན་དཀྱིལ་འཁོར་བྲི།། དཔལ་ལྡན་ཁྲག་འཐུང་རྣལ་འབྱོར་གྱིས།། ཞིང་སྐྱོང་གནས་ཀྱི་བདག་པོ ་དག། ལེགས་མཆོད་ཁྲུ་གང་གྲུ་བཞི་པོའི།། མཎྜལ་བྱས་ཏེ་མེ་ཏོག་གཏོར།། ལྷ་རྣམས་བསྐྱེད་དེ་མཆོད་པ་དང་།། བསྟོད་སོགས་ལས་ཀྱི་མཐར་ཐུག་པར།། བྱས་ནས་གསོལ་བ་གདབ་པར་བྱ།། དུས་གསུམ་འབྱུང་བའི་མགོན་པོ་རྣམས།། བདག ་ལ་བརྩེ་བས་དགོངས་སུ་གསོལ།། མགོན་པོ་རྒྱལ་བ་སྲས་མཆོད་ཅིང་།། སློབ་མ་རྣམས་ལ་སྨན་སླད་དུ།། དཔལ་ལྡན་རྡོ་རྗེ་ཧེ་རུ་ཀའི།། དཀྱིལ་འཁོར་དམོ་པ་འདྲར་འཚལ་བའི།། དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས།། བདག་ལ་བྱིན་རླབས ་མཆོག་ནང་མཛོད།། ལན་གསུམ་དུ་ནི་ངེས་བྱས་ནས།། དུར་ཁྲོད་བདག་པོ་རྣམས་བཀུག་སྟེ།། མེ་ཏོག་གཏོར་མའི་མཐེར་ཐུག་པར།། མཆོད་ནས་གསོལ་བའི་ཚིག་དག་ནི།། ཁམས་གསུམ་གནས་པའི་དང་ལྷ་དང་ཀླུ།། གནོད་སྦྱིན་དྲི་ཟ་ལྷྭ་མ ་ཡིན།། གང་དག་རྫུ་འཕྲུལ་ཆེ་ལྡན་ཞིང་།། འབྱུང་པོ་བསྟན་པ་ལ་དགའ་བ།། བདག་ལ་དགོངས་པར་མཛད་དུ་གསོལ།། སངས་རྒྱས་རྣམས་ལ་མཆོད་པ་དང་།། སེམས་ཅན་ཀུན་ལ་ཕན་དོན་དུ།། ས་ཕྱོགས་དག་གནས་འདི་ཉིད་དུ།། དམ་པའི་དཀྱིལ ་འཁོར་ཆེར་འབྱུང་བ།། ཇི་ལྟར་བསམས་པའི་ལས་བྱེད་ན།། ཁྱོད་ཀྱིས་བར་ཆད་མ་བྱེད་པར།། དགེ་བའི་གྲོགས་པོ་ཉིད་དུ་བཾ་མཛོད།། དེ་ལྟར་ཁྱེད་ལ་བདག་གིས་ནི།། དོན་རྣམས་གསོལ་གྱིས་མ་བསླ་བོར།། རྨི་ལམ་ལ་སོགས་མཚན་མ་དང་།། ལེག། ་ཉེས་ལྟས་རྣམས་བསྟན་དུ་གསོལ།། དེ་ལྟར་ལན་གསུམ་གསོལ་བཏབ་ནས།། ས་སྦྱང་བ་ནི་བརྩམ་པར་བྱ།། ཞི་བའམ་དྲག་པོའི་ལས་བྱུང་བ།། སྦྱིན་སྲེག་དག་ནི་བྱས་པ་འམ།། ལས་ཀྱི་ཆུ་ཡོས་གཏོར་བྱས་ནས།། དཔའ་བོ་ལས་ཀྱི་རྡོ་རྗེ་ཡིས ་དངོས་གྲུབ་རྣམ་པ་གསུམ་གྱི་ཕྱིར།། པུས་མོ་འམ་ལྟེ་བ་འམ་ལྐོག་མ་ཡི།། མཚམས་ནུབ་བོར་དུ་ས་རྐོས་ལ།། སྡོང་དུམ་སོལ་བ་གསེགས་མ་དང་།། གྱོ་མོགོ་རུས་པ་ཕུག་མ་ཐལ།། གོས་རུལ་རྡོ་དང་པག་གུ་རྣམས།། བསལ་བྱས་ནས་ནི་ལེགས་པར་བརྟག། ་ཟུག་རྔུའི་ཉེས་པ་ཐམས་ཅད་ནི།། གལ་ཏེ་དབྱུང་བར་མ་ནུས་ནས།། ལག་པས་བྱ་བ་ཅིང་གསང་སྔགས་བཟླས།། དེ་ཡི་སྦྱང་པ་དེ་ཡིན་ཏེ།། ཟུག་རྔུའི་ཉེས་པ་སྐྱེ་མི་འགྱུར།། ཆུ་འམ་སས་ནི་ཡོངས་བརྟགས་ནས།། ལྟས་ངན་པ་ནི་སྤང་བར་བྱ།། སྨན་འབྲུ་རིན ་ཆེན་ལ་བཅུག་ནས།། དྲི་ཡིས་ཆུ་དང་རྣམས་བསྒྲེས་པའི།། སས་ནི་ཁུང་བུ་དགང་བར་བྱ།། དེར་ནི་འཐས་པར་བཅག་བྱས་ནས།། སྔགས་པ་རྣམས་ཀྱི་དངོས་གྲུབ་རྒྱུ།། ཤར་དང་བྱང་དུ་གཞོལ་བར་བྱ།། དབུས་སུ་མཐོ་བས་རྒྱལ་སྲིད་དམ།། རིག་པ་འཛིན་པའི ་གནས་དག་ཐོབ།། བྱད་དུ་མཐོ་བས་འཆི་བ་འམ།། ནོར་རྣམས་ངེས་པར་འཇོག་པར་བྱེད།། ཇི་ལྟར་བཤད་པའི་ཤར་མཐོབས།། མྱུར་དུ་རིགས་རྣམས་ཟད་པར་བྱེད།། དབུས་སུ་དམའ་བས་གྲུབ་མེད་ཅིང་།། སྒྲུབ་པ་པོ་ནི་འཇོམས་དང ་ལྡན།། དེ་ལྟའི་སྐྱོན་རྣམས་ཡོངས་སྤངས་ཏེ།། ཁྲུ་གང་ནས་བརྩམས་ཁྲུ་སྟོང་ངམ།། ཁྲུ་ནི་བཅུ་གཉིས་དང་ལྡན་པར།། གྲུ་བཞི་ཤིན་ཏུ་མཛེས་པར་བྱ།། མཆོད་པའི་ས་དང་ལྡན་བྱས་ཏེ།། ཤིན་ཏུ་དག་པར་མི་བྱའོ།། ལྕི་བས་ལ་མི་ལྷུང་བས།། དཀྱིལ ་འཁོར་ས་ནི་ལོགས་པར་བྱུག། དུར་ཁྲོད་ཀྱི་ནི་ཐལ་བ་དང་།། མི་འཆི་བཅུ་བྱེད་བྱས་པས་བྱུག། མེ་ཏོག་སིལ་མེས་ལེགས་བཀང་སྟེ།། བདག་ཉིད་དཔོ་ལྡན་འག་འཐུང་གི། ཆ་ལེགས་ལེགས་པར་གནས་བྱས་ནས།། སེམས་དཔའི་སྐྱིལ་ཀྲུང་སྦྱོར་བ་ཡས།། ་དང་པོང་ཚོགས་ནི་རངབ་རྫོགས་། རྨཱ་ཨོཾ་ཞེས་ནི་མྦྷ་ན་བརྫུ་ནས།། སན་མོ་མཁའ་སྨྲ་ས་བྱུ་ཤྩ།། དྷཱིཛྫ་ཧཱུཾ་ལས་། མ་སྐྱེ་རྗེ་ཉྫ་མྨེ་པ་པ།། ན་བྱ་ནས་ན་སྔགས་འང་བརྗོད།། མམ་ན་ཧྲཱི་བྷ་སྭཱ་ནཱ~ཾ།། དེ་ནས་ཟླས ་ས་པམ་ན་པ་ནས། ད་རྒྱལ་གས་ལ་བའོ།། །། གཚལ་པ་དས་ས་། ན་སྐྱེས་ག། མྦི། ག་སྦྱི ་ངག་མེད་པ་ཡི་མཆོག་དཀྱིལ་འཁོར་ངོམ་པ་བཤང་དུ་གསོལ།། མཚན་རྣམས་ཐམས་ཅད་ཡང་དག་རྫོགས།། མཚན་མེད་ཐམས་ཅད་རྣམ་པར་སྤངས།། ཀུན་དུབ་རང་པོ་དུ་ཚོ་། དཀྱིལ་འཁོར་དམ་པ་བཤད་དུ་གསོལ།། སྦོའི་གྱིམོ་རྣམཆོག་ལས ་བྱུང་།། ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ།། ཀུན་ཏུ་བཟང་པོ་གསུང་གི་མཆོག། དཀྱིལ་འཁོར་དམ་པ་བཤད་དུ་གསོལ།། སེམས་ཅན་ཀུན་གྱི་སེམས་ཆེན་པོ།། རང་བཞིན་དག་པ་དྲི་མ་མེད།། ཀུན་བཟངས་ཐུགས་མཆོག་ཁ་ལོ་སྒྱུར།། དཀྱིལ་འཁོར་དམ་པ་བཤདུ་གསོལ།། ་དེ་ལྟར་གསོལ་བའི་ཚིག་ཐོས་ནས།། རྣལ་རྒྱལ་ཧེ་རུ་ཀར་བྱས་ཏེ།། མིག་གཉིས་མ་དང་ཊ་ལས་བྱུང་།། ཉི་མ་ཟླ་བ་རབ་བསྒོམས་ལ།། དེ་དབུས་ཧཱུཾ་ལས་རྡོ་རྗེ་ཆེ།། ནག་པོ་ཁྲོ་ཚོགས་འོད་འཕྲོ་བསམ།། རྐང་མཐིལ་ཨཿལས་སྣ་ཚོགས་ཀྱི།། རྡོ་རྗེ་འོད་ཟེར་དང་ལྡན ་དགོད།། རྡོ་རྗེ་དྲིལ་བུ་ཁ་ཊྭཱཾ་འཛིན།། དཀྱིལ་འཁོར་ན་མཁར་བཏེག་ནས་ཀྱང་།། རྡོ་རྗེ་ལྟ་བ་དང་བཅས་པས།། བྱང་ཤར་གྱི་ནི་མཚམས་འདུག་སྟེ།། རྡོ་རྗེ་གསོར་བར་མངོན་བརྩོན་པས།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན།། སངས་རྒྱས་དེང་དུ་བདག་ལ་གསོན།། ང་ནི་དཔ ་ལྡན་ཧེ་རུ་ཀ། བཀའ་ཡི་འཁོར་ལོ་རབ་སྦྱོར་གྱིས།། ལྷ་ཀླུ་ལྷ་མིནི་གསང་བ་པ།། རྫིད་བྱེད་ལ་སོགས་པགེགས་ཀྱི་ཚོགས།། ས་འདིར་མ་གནས་གཞན་དུ་དངས།། གལ་ཏེ་བདག་བསྒོ་ལས་འདས་ན།། རྡོ་རྗེ་བ་བཞིན་འབར་བལ།། རྡོ་རྗེ་རབ་ཏུ་འབར་བ་འདིས།། མགོན ་ཆེལ་བ་བརྒྱུར་འགས་ཤིང་།། འཇིགས་པར་འགྱུར་བར་གདོན་མི་ཟ།། དཔལ་ལྡན་ཁྲོག་འཐུང་ང་རོར་ལྡན།། ལན་གསུམ་དུ་ནི་བརྗོད་པར་བྱ།། གཡས་ནས་ལན་གསུམ་བསྐོར་བ་དང་།། ཧཱུཾ་ཞེས་བྱ་བ་རབ་བརྗོད་ནས།། རྡོ་རྗེ་གྲོམ་པས་འགྲོ་བ་དང་།། ཤར་དང་ལྷོ་དང་ཆུ ་དང་བྱང་།། གཡོན་བརྐྱང་བ་དང་གཡས་བརྐྱང་དང་།། ཟླུམ་པོ་དང་ནི་ས་ག་རྣམས།། ལན་གསུམ་དུ་ནི་བསྒོམས་ཏེ་བྱ།། རྡོ་རྗེ་ཁྲོ་མོ་དང་ལྡན་པས།། གོམས་སྟབས་རྣམ་པ་བརྒྱད་དུ་འགྱུར།། དེ་ནིས་དབུས་སུ་འོངས་ནས་ཀྱང་།། སོར་ནི་བཅུ་གཉིས་དང་ལྡན་ཞིང་།། སེང་ལྡིང ་ལ་སོགས་དྲི་མར་བསྐུས།། དར་དམར་མེ་ཏོག་ཕྲེང་བཏགས་པའོ།། ཕུར་བུ་བཅུ་ནི་བྱས་ནས་ཀྱང་།། བགོགས་དགྲར་བྱིན་གྱི་བརླབས་ཞལ་བཞི་པས།། དགུག་པས་བཀའ་ཡོ་འཁོར་ལོ་སྤྱད།། དབང་ལྡན་ལ་སོགས་ཕྱོགས་བཅུར་གདག། ་མཐའི་དབྱངས་ཡིག་ལས་བྱུང་བའི།། ས་ནི་སྣ་ཚོགས་རྡོ་རྗེར་བྱ།། རྡོ་རྗེ་ལྟ་བའི་སྦྱོར་བ་ཡིས།། ར་བ་དང་ནཽ་དྲ་བ་བྱ།། བདག་ཉིད་གོ་ཆས་རྣམ་བསྲུངས་ནས།། དཔའ་བོ་བརྟན་པར་གནས་པ་བྱ།། སའི་ཆོ་ག་སྟེ་དང་པོའོ།། །། དེ་ནས་ནོང་པར་སྔར་ལངས ་ཏེ།། མཆོད་པ་ཀུན་དང་རབ་ལྡན་པས།། རྣལ་འབྱོར་རྣམ་པར་རྫོགས་དམིགས་ཏེ།། དཀྱིལ་འཁོར་དབུས་སུ་འདུག་ནས་ནི།། ས་གནོན་པོའི་ཕྱག་རྒྱ་ཡིས།། ཊཀྐི་ནི་ནི་ཧཱུཾ་ཛཿོཾ་ཧཾ།། སྔོགས་དེས་གསེར་གྱི་མདོག་ལྡན་ཞིང་།། རྟག་པས་རལ་བའི་ཆོ་ག ་མཚོན་པ།། རྒྱན་མཛེས་གསེར་གྱི་བུམ་པར་ལྡན།། པདྨ་དཀར་པོ་ལ་གནས་ཤིང་།། བདག་ལ་བཀའ་ནོད་ལྷ་མོ་ལྷ།། མཆོད་ཡོན་ཞལ་བསིལ་སོགས་ཕུལ་ནས།། སྤོས་སྣོད་རྡོ་རྗེ་དྲིལ་འཛིན་པས།། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི།། སྤྱོད་པའི་ཚུལ ་དང་ཁྱད་པར་གྱི།། ས་དང་ཕ་རོལ་ཕྱིན་པ་ལ།། ལྷ་མོ་ཁྱོད་ནི་དབང་དུ་གྱུར།། སྐྱོབ་པ་ཤཱཀྱ་སེང་གེ་ཡིས།། ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ།། དེ་བཞིན་བདག་གི་བདུད་སྡེ་ལས།། རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི།། ལན་གསུམ་བརྗོད་པས་རྗེས་གནང ་དེ་ཉིད་དུ་ནི་ཐིམ་པར་བསམོ།། དེ་ནས་ག་བུ་རོ་ལ་སོགས་དྲི་ཡོ་ཆུས།། དཀྱིལ་འཁོར་ཀུན་ཏུ་སྙོམས་པར་བྱུག། དྲི་ཞིམ་དམ་ཚིག་དང་ལྡན་པས།། དབུས་སུ་གྲུ་བཞིར་རང་སྔོགས་ཀྱིས།། དེ་བཞིན་ཀུན་ཏུ་རབ་ཏུ་ཟླུམ།། རང་རང་སྔགས་ཀྱི ་མེ་ཏོག་དགོད།། རང་སྔགས་ལྷ་ཡི་བདག་ཉིད་བསམ།། མར་མོ་ལ་སོགས་མཆོད་པ་ཀུན།། ལྷ་ཡི་གྲངས་བཞིན་རྣམ་བཀོད་དེ།། བཅུ་ལས་དམན་པ་ཉིད་མི་བྱ།། འབད་དེ་བསྐྱེད་པ་རྫོགས་གྱུར་ནས།། འབར་བའི་ཕྱག་རྒྱ་རབ་བཅིངས་ཏེ།། རྐང་པ་མནན་ཅིང ་སྟེང་དུ་བལྟ།། གྱེན་དུ་ཕེཾ་གྱི་སྒྲ་སྒྲོགས་ཤིང་།། ཕྱོགས་རྣམས་ཀུན་ན་བཞུགས་གྱུར་པའི།། དཔའ་བོ་རྣལ་འབྱོར་མ་རྣམས་ནི།། སྤྱན་དྲངས་དགུག་གཞུག་བཅིང་བ་དང་།། དབང་དུ་བྱས་ཏེ་བྱིན་གྱིས་བརླབ།། རང་རང་སྔགས་ཀྱི་ལོགས་མཆོད་ནས།། ཐ ་དད་དམ་ཚིག་དམ་ཚིག་ཆེས།། མཆོད་དེ་རང་རང་གསང་སྔགས་བཟླས།། དགྱེས་པ་ཆེ་ལ་རྣམ་བཀོད་ནས།། སྣ་ཚོགས་མཆོད་པས་རབ་ཏུ་མཆོད།། རྫས་རྣམས་ཐམས་ཅད་བཀོད་ནས་ནི།། ལྷ་རྣམས་བསྙེན་གསན་དབབ་པར་བྱ།། གཡས་པར་སྤོས་སྣོད་རྡོ ་རྗེ་དང་།། གཡོན་པས་དྲིལ་འཛིན་པུས་བཙུགས་ནས།། ཧེ་རུ་ཀ་དཔལ་བཅོམ་ལྡན་འདས།། རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ།། ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱི།། དཀྱིལ་འཁོར་བདག་ནི་བྲི་བར་འཚལ།། སློབ་མ་རྣམས་ལ་བརྩེ་བ་དང་།། ཁྱེད ་རྣམས་ལ་ཡང་མཆོད་པའི་ཕྱིར།། བཅོམ་ལྡན་བདག་ནི་གུས་པ་ལ།། དེ་ནི་གནང་བ་མཛད་པའི་རིགས།། འགྲོ་བའི་འཁོར་ལོ་དོན་མཛད་པའི།། སངས་རྒྱས་བདག་ལ་དགོངས་སུ་གསོལ།། བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་།། གང་གཞན ་གསང་སྔགས་ལྷ་རྣམས་དང་།། ལྷ་དང་འཇིག་རྟེན་སྐྱོང་བ་དང་།། གང་ཡང་འབྱུང་པོ་མཐུ་ཆེན་དང་།། སེམས་ཅན་བསྟན་ལ་དགའ་བ་རྣམས།། ཤ་དང་རྡོ་རྗེའི་སྤྱན་མངའ་བ། བདག་ལ་དགོངས་པར་མཛད་དུ་གསོལ།། བདག་མིང་འདི་ཞེས་བགྱི་བ་ཡིས།། ་ཧེ་རུ་ཀ་འབྱུང་དཀྱིལ་འཁོར་ནི།། ཡོ་བྱེད་ཅི་འབྱོར་པས་འདྲི་ན།། དེང་བདག་སློབ་མར་བཅས་པ་ལ།། ཐུགས་ནི་བརྩེ་བར་དགོངས་ནས་སུ།། ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ།། བྱིན་གྱིས་བརླབ་པར་མཛད་དུ ་གསོལ།། དེ་ལྟར་ལན་གསུམ་གསོལ་བཏབ་ནས།། རབ་དྲ་བ་ལ་སོགས་པས།། མཚམ་བཅིང་བ་ནི་བརྟན་བྱས་ནས།། གཡས་ཀྱིས་ཙ་བདེར་ཉལ་ཏེ་བརྟག། དེ་ནས་བུམ་པ་བྱ་བ་ནི།། རིན་ཆེན་གསེར་རམ་ཟངས་ལ་སོགས།། ཡང་ན་ས་ཡི་ཁམས ་ལས་བྱུང་།། མགྲིན་མཐོ་ལྟེ་བའང་ཡངས་པ་དང་།། མཆུ་འཕྱང་ཁུ་ཁྱེར་དང་ལྡན་ཞིང་།། རྩ་བ་ནག་པོ་ལ་སོགས་མེད།། ཙན་དན་དཀར་པོས་ལེགས་བསྐུས་ཏེ།། བསང་བདུག་བགེགས་བསྐྲད་སྔོན་འགྲོ་བས།། དྲི་ཞིམ་པ་ཡི་ཆུས་བཀང་སྟེ།། འབྲས ་ཀྱི་སོ་བ་མོན་སྲན་གྲེའུ།། ནས་དང་གློ་དང་ཏིལ་དག་དང་།། མུ་ཏོག་གླསེར་དང་རིན་ཆེན་དང་།། བྱུ་རུ་དངུལ་ནི་དྲི་མ་མེད།། བྱ་གྷྲི་སེད་གྷྲི་ཧ་ས་དང་།། ཧ་ས་དེ་བ་ཀར་ཎི་ཀ། མེ་ཏོག་ཁ་དོག་ལྔ་པོ་དང་།། ག་པུར་གུར་ཀུམ་ཙན་དན་དང་།། ཙན་དན་དམར་པོ ་གླ་རྩི་རྣམས།། སྔགས་བཟླས་ནས་ནི་བྱུག་པར་བྱ།། ཁ་དོག་ལྔ་ཡིས་སྲང་བུ་དང་།། མགྲིན་པ་གོས་ཟུང་མཆོག་གིས་དིཀྲི། འདབ་བཅས་མེ་ཏོག་འབྲས་ལྡན་པོའོ།། ལྕུག་མ་ཡིས་ནི་ཁ་བརྒྱན་ཏེ།། པདྨའི་དབུས་སུ་རིགས་ཀྱི་མཚན།། རང་རང ་བུམ་པ་བརྒྱན་པར་བྱ།། མེ་ཏོག་ཕྲེང་སོགས་མཛེས་བྱས་ཏེ།། བརྒྱད་ནི་སྒོ་མཚམས་ལ་དགོད་དོ།། བུམ་པ་དགུ་པ་དབུས་སུ་བཞག། ཤར་ངྒ་ཡ~ཾ་ནི་གཡོན་ལོ་རིགས་སུ།། ལས་ཀུན་བྱེད་པ་རབ་ཏུ་དགོང་།། དྲི་ཡི་དུང་ནི་རྣམ་རྒྱལ་ཏེ། རྒྱལ ་བའི་སྟེང་དུ་དགོད་པར་བྱ།། རྡོ་རྗེ་སྤྱི་བོར་རབ་བཞག་ནས།། སྲད་བུ་ཡིས་ནི་ཀུན་དུ་སྦྲེལ།། བསངས་ཏེ་སྟོང་པའི་རང་བཞིན་ལས།། བུམ་ལྷས་བུམ་པ་གཞལ་ཡས་འགྱུར།། དང་པོར་སྦྱོར་བས་ལྷ་བསྐྱེད་ལ།། ལས་ཀུན་བྱེད་པར་ལས་བདག་ཉིད།། ་དབང་བསྐུར་མཐར་ཐུག་མཆོད་དེ་བཟླས།། བདུད་རྩི་ཡི་ནི་རྣམ་རྒྱལ་དག། མཐར་ནི་རྒྱལ་སོགས་ཞུ་བར་བྱ།། ལས་ཀུན་བྱེད་པ་བཀའ་བསྒོ་སྟེ།། བརྟན་པའི་སེམས་སུ་གནས་པར་བྱ།། བུམ་པ་ལྷག་པར་གནས་པའོ།། དེ་ནས་སློབ་མ་རྗེས་བཟུང་བ། ་མཚན་ཉིད་བཟང་དང་ལྡན་གྱུར་པའི།། མཁས་པས་སློབ་མ་གཅིག་དག་གམ།། གསུམ་མམ་ཡང་ན་ལྷོ་འམ་ནི།། བདུན་ནམ་ཉི་ཤུ་རྩ་ལྔའི་བར།། ཟུང་དུ་མ་ཐེམ་ཡོངས་སུ་བཟུང་།། དེ་ལས་ལྷག་པའི་སློབ་མ་དག། ཡོངས་སུ་གཟུང་བར་མི་ཤེས། ་མདོར་ན་སློབ་མ་ཕན་ཚུན་དུ།། ནང་མི་གཤིན་པ་མི་གཟུང་ངོ་།། ཐ་མ་སྡོམ་པ་ལྔས་གཟུང་ནས།། གཞན་རྣམས་ལམ་ལ་གཟུང་བར་བྱ།། བགེགས་ལ་གཏོར་མ་སྦྱིན་བྱས་ཏེ།། ཞལ་བཞི་པ་ཡི་སྔགས་བཟླས་ཤིང་།། ཆང་བུ་དང་ནི་མར་མེས ་སྦྱང།། གུ་གླུལ་ཡུངས་ཀོར་གྱིས་བགེགས་བསལ།། ཏིལ་ལ་སྡིག་པའི་གཟུགས་དམིགས་ནས།། ཨོཾ་བཛྲ་ཊྚ་ཀ་ཀ་ཁཱཌྜྷྱ་གྷྲཾ་ཥྚཱ་ཧཱུ~ཾ་སཱརྠ་བྷྲཱུ~ཾ་བྱཱདྱ་ཧཱཿསྟྭ~ཾ་ཀཱ་རུ་སྭཱ་ཧཱ།། རྗེས་བརྗོད་གཡས་དང་གཡོན་པ་ཡིས།། གཡས་གཡོན་དུ་ནི་ཡོངས་བསྒོ ་སེཾ་དང་རློལ་སྒྲུམས་པར་བྱ།། ལས་སུ་བྱེད་པས་མ་ན།། སེམས་ལངས་།། བྱནས་ཀྱི་ས་གྱིད་མམ། འཛིན་ཀྱིལ་ལཁོར་འདུག་པ་བྱེད་།། དལས་གན་འངས་འོད། ་དག་འཇིག་རྟེན་གཞན་དོན་གཉེར།། འཇིག་རྟེན་ཕ་རོལ་དོན་གཉེར་བའི།། དད་པ་མང་དུ་བྱེད་པ་ཡིས།། བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡི།། ཚེ་འདིའི་འབྲས་བུ་འདོད་མི་བྱ།། ཚེ་འདི་འདོད་པར་གྱུར་པ་ལ།། འཇིག ་རྟེན་ཕ་རོལ་མི་དོན་འབྱུང་།། འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེས།། ཚེ་འདིའི་འབྲས་བུ་རབ་ཏུ་རྒྱས།། སློབ་དཔོན་གྱིས་ནི་རབ་ཏུ་བརྗིད།། བསྡུས་བྱས་རང་གི་ལུས་ནོང་དུ།། སྦྱང་བྱ་ཁང་སྐོར་མཎྜལ་བྱ།། ཕུལ་ནས་གསོལ་བ་འདས་བཏབ་བོ།། ་དགའ་ཆེན་ཁྱོད་བདག་སྟོན་པ་པས།། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ།། བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ།། མགོན་པོ་ཆེན་པོ་བདག་འཚལ་ལོ།། དམ་ཚིག་དེ་ཉིད་བདོག་ལ་གསོལ།། བྱང་ཆུབ་སེམས་ཀྱང་བདག་ལ་གསོལ། ་སངས་རྒྱས་ཆོས་དང་དགེ་འདུན་ཏེ།། སྐྱབས་གསུམ་དག་ཀྱང་བདག་ལ་གསོལ།། ཐར་པ་ཆེན་པོའི་གྲོང་མཆོག་ཏུ།། མགོན་པོ་བདག་ནི་འཇུག་པར་འཚལ།། དེ་ལྟར་ལན་གསུམ་གསོལ་བ་དང་།། སློབ་མའི་གཙོ་བོ་ལ་དམྱིགས་ཏེ།། བུ ་ཚུར་ཐེག་པ་ཆེན་པོ་ཡོ།། ཁྱོད་ནི་ཚུལ་ཚོན་སྣོད་ཡིན་ཏེ།། གསང་སྔགས་སྤྱོད་ཚུལ་ཆོ་ག་ནི།། ཁྱོད་ལ་ཡང་དག་བསྟན་པར་བྱ།། རྫོགས་པོའི་སངས་རྒྱས་གང་འདིས་དང་།། དེ་བཞིན་གང་དག་མ་བྱོན་དང་།། ད་ལྟར་བྱུང་བའི་རྫོགས་སངས་རྒྱས ་འགྲོ་ལ་ཕན་པར་བཞུགས་པ་རྣམས།། དེ་དག་ཀུན་གྱིས་གསང་སྔགས་ཀྱི།། ཆོ་ག་བཟང་པོ་འོད་མཁྱེན་ནས།། དགའ་བོས་བྱང་ཆུབ་ཤིང་དྲུང་དུ།། ཐམས་ཅོད་མཁྱེན་པ་མཚན་མེད་བརྙེས།། གསང་སྔགས་སྦྱོར་བ་མཉམ་མེད་ངེས།། སྒྲུབ་པ་ཤཱཀྱ་སོ ་གེ་ཡིས།། བདུད་སྡེ་ཤིན་ཏུ་མི་བཟད་པ།། དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ།། འཇིག་རྟེན་མཐུན་པར་གཤེགས་ནས་སུ།། འཁོར་ལོ་བསྐོར་ནས་མྱ་ངན་འདས།། དེ་བས་ཀུན་མཁྱེན་པ་ཐོབ་བྱའི་ཕྱིར།། བུ་ཡིས་བློ་གྲོས་འདི་གྱིས་ཤིག། དེ་ནས་སློབ ་མཐུལ་སྦྱར་ཏོ།། གསུམ་ལ་སྐྱབས་འགྲོ་ནས་བརྩམས་ནས།། སྨོན་ལམ་གྱི་ནི་བར་དུ་བྱ།། རྡོ་རྗེ་སློབ་དཔོན་སེམས་དགེ་བས།། སློབ་མ་ལ་ནི་ཚི་ག་འདི་བརྗོད།། གོང་ནས་གོང་དུ་སྡོམ་པ་ནི།། བུ་ཁྱོད་ཀྱིས་ནི་གཟུང་བར་བྱ།། འཁོར་བ་ལས་ནི་བསྒོ ་བ་ཡིས།། ཐབས་ནི་དེ་ལས་གཞན་མེད་པས།། དེ་བས་འབད་པ་ཐམས་ཅད་ཀྱིས།། སྡོམ་པ་རྟག་ཏུ་བསྐྱང་བར་གྱིས།། དེས་ནི་གནོད་པ་རྣམས་བསལ་ནས།། བྱང་ཆུབ་བདེ་བ་དེས་ཐོབ་འགྱུར།། སློབ་མ་སྡོམ་ལ་གནས་ནུས་ན།། ལག ་ན་མེ་ཏོག་འཛིན་པ་ཡིས།། དཔའ་བོའི་སྤྱན་སྔར་དམ་བཅས་ཏེ།། སངས་རྒྱས་སྲེས་བཅས་ཐམས་ཅད་དང་།། དཔའ་བོ་རྣལ་འབྱོར་མ་རྣམས་ཀུན།། བདག་ལ་དགོངས་པར་མཛད་དུ་གསོལ།། བདག་མིང་འདི་ཞེས་བགྱི་བ ་ནི་དུས་ནི་འདི་ནས་གཟུང་ནས་སུ།། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར།། ཇི་ལྟར་དུས་གསུམ་མགྲོན་པོ་རྣམས།། བྱང་ཆུབ་ཏུ་ནི་ངེས་མཛད་པའི།། བྱང་ཆུབ་སེམས་ནི་བླ་ན་མེད།། དམ་པ་བདག་གིས་བསྐྱེད ་པར་བགྱི་སངས་རྒྱས་རྣལ་འབྱོར་སྡོམ་པ་ལ།། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་།། དགེ་བའི་ཆོས་ནི་སྡུས་པ་དང་།། སེམས་ཅན་དོན་བྱང་ཚུལོ་ཁྲིམས་གསུམ།། བདག་གིས་བརྟན་པར་གཟུང་བར་བགྱི།། སངས་རྒྱས ་ཆོས་དང་དགེ་འདུན་ཏེ།། བླ་ན་མེད་པའི་དཀོན་མཆོག་གསུམ།། དེང་ནས་བརྩམས་ཏེ་གཟུང་བར་བྱ།། ནམ་དུ་ཡང་ནི་མི་སྤང་ངོ་།། རྡོ་རྗེ་རིགས་མཆོག་ཆེན་པོ་ཡི།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག། སྣང་དག་ཉིད་དུ ་གཟུང་བར་བགྱི།། སློབ་དཔོན་དག་ཀྱང་གཟུང་བར་བགྱི།། རིན་ཆེན་རིགས་མཆོག་ཚོན་པོ་ཡི།། དམ་ཚིག་ཡིད་དུ་འོང་བྱ་ལ།། ཉིན་རེ་བཞིན་དུ་དུས་དྲུག་ཏུ།། སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན།། བྱང་ཆུབ་ཆེན་པོ་ལས་བྱུང་བའི།། པདྨའི ་རིགས་ཆེན་དག་པ་ལ།། ཕྱི་དང་གསང་བ་ཐེག་པ་གསུམ།། དམ་པའི་ཆོས་ནི་གཟུང་བར་བགྱི།། ལས་ཀྱི་རིགས་མཆོག་ཆེན་པོ་ལ།། སྡོམ་པ་ཐམས་ཅད་ལྡན་པར་ནི།། ཡང་དག་ཉིད་དུ་གཟུང་བར་བགྱི།། མཆོད་པའི་ལས་ཀྱང་ཅི་ནུས ་བགྱིས་བླ་ན་མེད་པའི་བྱང་ཆུབ་སེམས།། དམ་པ་བདག་གིས་བསྐྱེད་བགྱིད་ནས།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། བ་ཤཱ་གི་སྡོམ་པ་མ་ལུས་གཟུང་།། མཱ་བསྒྲལ་བ་རྣམས་བསྒྲལ་བུ་བྱཱགྱི།། མ་གྲོལ་བ་རྣམས་བདག་གིས་དགྲོལ།། ་དབུགས་མ་ཕྱིན་པ་དབུ་གོས་ཕྱུང་སྟེ།། སེམས་ཅན་མྱ་ངན་འདས་ལ་དགོད།། དེ་ལྟར་སྡོམ་པ་གཟུང་གནས་པའི།། སྙིང་ཀ་མགྲིན་པ་དཔྲལ་བ་རུ།། གཡས་པའི་རྡོ་རྗེ་ཁུ་ཚུལ་གྱིས།། དྲི་ཡི་ཐིག་ལེ་བྱས་ནས་ཀྱང་།། ཡི་གེ་གསུམ་གྱིས ་བྱིན་གྱིས་བརླབ།། ལས་ཀུན་བྱེད་པས་བསྲུངས་ནས་ནི།། དུས་འདི་ནས་ནི་གཟུང་ནས་སུ།། འཁོར་བའི་ཉེས་པས་མ་གོས་པར།། མཆོད་པ་ཐམས་ཅད་དང་ལྡན་པས།། དུས་ཀུན་ཏུ་ནི་བདེ་བར་མནོས།། རང་རང་སྔགས་ཀྱི་མེ་ཏོག་སྤོས།། ་མར་མེ་དྲི་རྣམས་དབུལ་བར་བྱ།། སོ་ཤིང་སོར་ནི་བཅུ་གཉིས་པ།། སྲིན་བུ་མ་ཟོས་བུག་མཛེར་མེད།། དྲང་ཞིང་དྲི་ཡི་ལེགས་བསྒོས་པ།། སྐུད་དམར་མེ་ཏོག་ཕྲེང་གིས་བརྒྱན།། ལས་ཀུན་བྱེད་པ་བཟླས་ནས་ནི།། ཤར་རམ་བྱང་ཤར་ཁ་བལྟས ་བའི་ས་སློབ་མ་ལ་ནི་སྦྱིན་པར་བྱ།། མ་གས་པར་བཅའ་སྐྱོན་དག་ནས།། མདུན་དུ་དྲང་པོར་དོར་བར་བྱ།། བདག་ལ་བལྟ་ན་མཆོག་ཡིན་ཏེ།། འགྲེང་ན་ཁ་སྤྱོད་ཐུར་དུ་བལྟས།། ས་འོག་དེས་འགྲུབ་ཕྱོགས་དང་མཚམས།། རང་རིང་གི་ནི་ལྷ་ཞེས་བྱ།། ་དམར་རམ་དམར་སེར་ཚད་ལྡན་པའི།། སྲུང་སྐུད་མདུད་པ་གསུམ་ལྡན་པ།། དཔུང་པ་ལ་ནི་བཅིངས་ཏེ་བསྲུང་།། དེ་ནས་ངག་གི་སྐྱོན་སེལ་བ།། སྔགས་འདིས་ཁྱོར་ཆུ་ལན་གསུམ་བླུད།། ཨོཾ་ཧྲཱིཿབ་ཤུདྡྷཿསརྦ་དྷརྨཱཿསརྦ་པཱ་བ་ནི་ཙཱ་སྱ་སཾ་ཤོ་དྷ་ཡ། ་སརྦ་བི་ཀལྤཾ་ཨ་པ་ན་ཡ་ཧཱུཾ། དེ་ནས་སློབ་མ་རྣར་བླགས་ཏེ།། དགའ་བསྐྱེད་སྤྲོ་བའི་ཆོས་བཤད་བྱ།། འཇིག་རྟེན་དུ་ནི་ཀུན་མཁྱེན་དག། ཨུ་དུཾ་བཱ་རའི་མེ་ཏོག་བཞིན།། བརྒྱ་ལམ་ནི་ནི་རེས་འགའ་ཞིག། འིབྱུང་འགྱུར་ན་ཡང་མི་འབྱུང་ངོ་།། གསང ་སྔགས་སྤྱོད་པའི་ཚུལ་འབྱུང་བ།། དེ་བས་ཀྱང་ནི་དཀོན་པ་སྟེ།། གང་གིས་མཉམ་མེད་སེམས་ཅན་དོན།། མྱ་ངན་མི་འབའ་བྱེད་པ་ནུས།། བསྐལ་པ་བྱེ་བ་དུ་མ་རུ།། སྡིག་པ་བྱས་པར་གྱུར་པ་གང་།། དེ་ཀུན་དཀྱིལ་འཁོར་འདི་འདྲ་བ།། ་མཐོང་བས་བྱུང་བར་འགྱུར་ལགས་ན།། གྲགས་པ་མཐའ་ཡས་སྔགས་སྤྱོད་པའི།། ཚུལ་ལ་གནས་པ་སྨོས་ཅི་དགོས།། སྐྱོབ་པའི་གསང་སྔགས་བཟླས་ནས་ནི།། གོ་འཕང་བླ་ན་མེད་པར་འགྱུར།། གང་དག་མཆོད་པ་མཆོག་འདི་ལ།། ་བློ་གྲོས་བརྟན་ཞིང་མི་གཡོ་བ།། དེ་དག་གི་ནི་ངན་འགྲོའི་རྒྱུན།། སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད།། བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས།། རྙེད་པ་མཉམ་མེད་དེ་རིང་རྙེད།། གང་ཕྱིར་རྒྱལ་བ་སྲས་བཅས་པ།། ་བདགོ་ཉིད་ཆེན་པོ་ཀུན་གྱི་ནི།། བསྟེན་པ་འདི་ལ་བྱེད་རྣམས་ཀུན།། ཡོངས་སུ་གཟུང་སྟེ་སྐྱོ་བཞིན་པར།། དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ།། སང་ནི་རབ་ཏུ་སྐྱོ་བར་འགྱུར།། ཐེག་པ་ཆེན་པོ་ཆེར་འཐུང་བའི།། ལམ་མཆོག་འདི་ནི་དཔལ་དང་ལྡན།། ་ཁྱེད་རྣམས་དེར་ནི་དངས་པས་ནཱི།། རང་འབྱུང་བསྐལ་བ་ཆེན་པོ་བས།། འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི།། དེ་བཞིན་གཤེགས་པ་རྣམས་སུ་འགྱུར།། དོན་བཤད་བསྲུང་བ་བྱས་ནས་ནི།། སྔགས་ཀྱིས་སྦྱངས་པའི་ཀུ་ཤ་དག། སྟན ་དང་སྔས་སུ་སྦྱིན་པར་བྱ།། རྨི་ལམ་དགེ་བ་འམ་མི་དགེ་བ།། ནང་པར་ང་ལ་འང་རབ་ཏུ་ཟློས།། སྡིག་པ་ལས་ཀུན་བྱེད་པས་གཞོམ།། སློབ་དཔོན་ལ་ནི་མི་དགེ་བའི།། ལྟས་དག་མཐོང་ན་ལངས་ནས་ནི།། ཞིང་སྐྱོང་མཁའ་འགྲོ་ཐམས ་ཅད་ལེ།། གཏོར་མཆོ་གཽ་བཞིན་དུ་སྦྱིན།། ཡི་གེ་བརྒྱ་པས་བརྟན་བྱས་ཤིང་།། སྲུང་བའི་འཁོར་ལོས་ཀུན་ཏུ་སྦྱང་།། དཔའ་བོའི་ཞལ་གྱི་སྔགས་ལ་སོགས།། ཐམས་ཅད་ཀྱང་ནི་བཟླས་བྱས་ཏེ།། གོ་ཆས་བདོག་ཉིད་བསྲུང་བ་དང་།། ་དཔའ་བོ་རྣལ་འབྱོར་མ་རྣམས་ལ།། གསོལ་བཏབ་རྐྱེན་སོགས་ང་རྒྱལ་བླང་།། མིའི་ལས་ལ་ཀུན་བརྩོན་པ།། བགེགས་རྣམས་ཐམས་ཅད་ཞི་བར་བྱ།། ལྷག་པར་གནས་པའི་ཚི་གའོ།། ། དཔའ་བོས་ན ་པར་སྔར་ལངས་ཏེ།། ཁྲུས་བྱས་ཤུགས་ཀྱིས་བརྒྱ་བཅིངས་ལ།། གནས་བཅས་ལྷ་ནི་ནམ་མཁར་དགོད།། བུམ་སོགས་གདན་ལ་ལེགས་གཞག་ནས།། ཞལ་བཞི་པས་ནི་ཐམས་ཅད་བསྲུང་།། དྲི་ཞིམ་པ་ཡི་ཆུས་གཏོར ་ནས།། ཤེས་རབ་ཐབས་ཀྱི་རང་བཞིན་གྱི།། གྲོགས་དང་ལྷན་ཅིག་ཐིག་གླདབ་བོ།། མ་ཉམས་རུལ་བལ་གཙང་མ་ལས།། རང་གི་ཤེས་རབ་ལྷན་ཅིག་ཏུ།། ཁ་དོག་ལྔར་བཅོས་སྲད་བུ་བསྒྲིལ།། ཉེས་འགྱུར་དུ་ནི་ཚད་བྱས ་ཏེ། སྒོ་ཡི་ཉི་ཤུ་ཆ་ཉིད་དོ།། མ་སྙོམས་པ་ནི་རྣམས་བསལ་ཏེ། གྲིམས་དང་མདུད་པའི་སྐྱོན་བྲལ་བ། ཤར་དང་ནུག་ཏུ་ཁྲ་བལྟས་པའི།། སྒྲུབ་པ་པོས་ནི་རབ་ཏུ་བརྐྱང་།། ཡེ་ཤེས་ལྔ་ལྔས་བྱུང་བ་ཡི།། སྲད་བུ་ལྔ་ལྔར ་རྣམ་ཕྱེ་སྟེ།། རང་ཉིད་ཧེ་རུ་ཀར་བྱས་པའི།། མིག་གཉིས་ཉི་ཟླར་ཛཾ་ཡི་འོད།། འབར་བའི་ལྟ་བོས་ཡེ་ཤེས་དགུག། གཉིས་མེད་གཉིས་མེད་གསིང་སྔགས་ཀྱིས།། ལྔ་པོ་ལེགས་པར་བསྒྲིལ་བར་བྱ།། པདྨའི་སྣོད་དུ ་གཞག་ནས་ཀྱང་།། སངས་རྒྱས་ཀུན་གྱི་མཁའ་འགྲོ་དང་།། དཔལ་ཆེན་སྙིང་པོ་ཡོངས་བཟླས་ནས།། མཆོད་དེ་སྤྲིས་ནི་དབུལ་བར་བྱ།། ཁྲག་ཆེན་གྱིས་ནི་སྤངས་པ་ཡི།། སུམ་སྒྲིལ་སྐུད་པ་ཆེད་ལྡན་པོ།། བདུད་རྩི་ཙིན་དན ་དཀར་པོ་ཡིས།། ལེགས་པར་བྱུགས་ཏེ་ཐིག་གདབ་བྱ།། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། སྔགས་དེས་ཐིག་སྐུད་ལེགས་བཏང་ལ།། གྲོགས་ཀྱིས་ཛ་གསུམ་མངོན་བརྗོད་ནས།། སྐུད་པ་རབ་ཏུ་བརྐྱང་བར་བྱ།། ་ཤར་དང་ནུ་ཏུ་ལ་བལྟས་ལ།། གཡོན་པའི་རྡོ་རྗེ་ཁུ་ཚུར་བྱས།། ཙྪ་བ་ཡ~ཾ་ནི་ཕྱོགས་གཟུང་ནས།། སླེབ་དབེན་རྔ་དྷ་དང་བཅས་ཤིང་།། དང་པར་ཚངས་པའི་ཐིག་གདབ་བོ།། ལྷས་ངན་བྱུང་ན་དངོས་མི་འགྲུག།། ཆང་བས ་སློབ་དཔོན་འཆི་འགྱུར་ཞིང་།། རིང་འཐུང་ཁྱེར་ན་ནད་ཀྱིས་འདེབས།། ཕྱོགས་འཁྲུགས་སློབ་མ་ཉོན་མོངས་འགྱུར།། དེ་བས་འདེབས་པ་ཐམས་ཅད་ཀྱིས།། རབ་ཏུ་བསྒྲིམས་ཏེ་གདབ་པར་བྱ།། བྱང་དང་ལྷོ་ཡི་སྒོར་གནས་ཏེ།། ཚངས་ཐིག་གཉིས་པ ་གདབ་པར་བྱ།། མ་ལུས་འཇིག་རྟེན་ཁམས་བཞུགས་པའི།། སངས་རྒྱས་ལ་སོགས་ཁྱེད་རྣམས་ཀྱིས།། འགྲོ་དོན་མཛད་པའི་དུས་ཡིན་ཏེ།། ཐིག་གི་སྒྲས་ནི་བསྐུལ་བར་བསམ།། གཡོན་ནོས་བསྐོར་བའི་སྦྱོར་བ་ཡིས།། རྣམ་པ་ཀུན་ཏུ་ཐིག་གདབ་བྱ།། ་མཚམས་ཀྱི་ཆ་ནི་གཡས་སུ་སྟེ།། མེ་དང་རླུང་གི་ཕྱོགས་གནས་ནས།། མཚམས་ཀྱི་ཐོག་ནི་ཡང་དག་བརྩམ།། སྲིན་པོ་འབྱུང་པོའི་ཕྱོགས་འདུག་ནས།། གཉིས་པ་ཡང་ནི་དེ་བཞིན་ནོ།། མེ་ཡི་མཚམས་ནས་བྱང་དུ་བལྟ།། ཤར་གྱི་ཐིག་ནི་གདབ་པར་བྱ།། ་རླུང་ནས་ལྷོ་རུ་ཁ་བལྟས་ཏེ།། ནུབ་ཏུ་སྐད་བུས་གདོང་པར་བྱའོ།། སློབ་དཔོན་རླུང་ནས་ཤར་དུ་བལྟ།། བྱང་དུ་ཐིག་ནི་ཡང་དག་བྲི།། མ་ནས་ནུབ་ཕྱོགས་ཁ་བལྟས་པས།། ལྷོ་ཡི་ཐིག་ཀྱང་དེ་བཞིན་ནི།། ཡེ་ཤེས་ཐིག་ནི་བརྒྱད་ཀྱི་རྗེས།། མཚན་ཉིད་བཟང་པོ ་རྣམས་བསམ་ནས།། ཆ་ནི་རྣམ་པར་དབྱེ་བར་བྱ།། ཚངས་པའི་ཐིག་ནི་ངོས་རེ་རུ།། རེ་རེ་ལྔར་བྱ་ཉི་ཤུར་གདང་།། ཕོ་བྲང་ལ་གཉིས་གེ་སར་གི་ཙོག། གསུམ་གསུམ་གྱིས་ནི་འཁོར་ལོ་རྣམས།། ཀ་བ་རྡོ་རྗེ་གྲི་གུག་རྡོ་རྗེ་ཕྱེང་།། པདྨ་འཁོར་ལོ་རེ་རེ་བྱ།། གཅག ་གཅིག་གིས་ཕྱི་ཡི་ཁྱམས་ཡིན་ཏེ།། བསྡུས་པའི་ཚུལ་ལ་པདྨ་དག། ཕོ་བྲང་གི་ནི་ཉིས་འགྱུར་ཏེ།། ཐམས་ཅད་སྔ་མ་ལྟ་བུར་ཤེས།། སྒོ་ནི་འཁོར་ལོའི་བརྒྱད་ཆར་འདོད།། སྒོ་ཁྱུད་ཁྱམས་དང་འདྲ་བ་ཡིས།། མཁས་པས་ཆ་ཡི་ཕྱེད་དུ་བྱ།། རྩིག་པ་དང་ནི་བ་ཀུ་ལི།། ་ཥ་ཀ་ནི་དེ་ཡི་ཕྱེད།། དགུ་ཡིས་རྟ་བབས་ཀ་བར་བཅས།། མཛེས་པར་ཆེན་གྱིས་བྱ་སྟེ།། ཚན་གྱི་ས་ཡི་ཉིས་འགྱུར་དུ།། ཕྱི་རོལ་འོད་ཀྱི་དཀྱིལ་འཁོར་བྱ།། འཁོར་ལོ་དེ་ཡི་ཕྱི་རོལ་དུ།། ཤིང་ལ་སོགས་པའི་དུར་ཁྲོད་བྱ།། ཉེ་འཁོར་མཆོད་པའི་སར་བྱས་ཏེ།། ་ཡེ་ཤེས་ཐིག་ནི་དེ་ནས་ཀྱང་།། ཐིག་གི་རིམ་པའོ།། །། རིན་ཆེན་ནམ་ནི་ཁམས་ཆེན་ནམ།། འབྲས་སོགས་ཁམས་ཀྱི་ལེགས་སྦྱངས་དང་།། ཡང་ན་ས་འམ་ཐལ་བ་འམ།། ལོ་མ་རྣམས་ཀྱིས་བྲི་བྱི་སྟེ།། ཁ་དོག་ལྔ་པོ་ཐམས་ཅད་ནི།། ཕྱག་རྒྱ ་དྲུག་པ་དང་ལྡན་བྱ།། ཐིག་ལས་ཇི་ལྟར་འབྱུང་བ་བཞིན།། ལྔ་པོ་ལྷ་ནི་རྣམ་སྤྲུལ་ཏེ།། མཚོན་ནི་རབ་ཏུ་གནས་པར་བྱ།། དཔའ་བོས་དབུས་ཀྱི་སར་གནས་ཏེ།། ཤར་དུ་ཁ་བལྟས་གཡོན་པ་ཡི།། ཁུ་ཚུ་རེ་གྱིས་ནི་གཟུང་ནས་སུ།། བདེན་པ་བརྗོད་ཅིང ་བྲི་བར་བྱ།། འདི་ནི་མེ་ལོང་དག་པ་སྟེ།། སེམས་ཅན་ཁམས་ནི་སྒྲོལ་བྱེད་པ།། དཔལ་ལྡན་བདེ་ཆེན་རྒྱལ་པོ་སྟེ།། དེ་བཞིན་གཤེགས་པ་ཀུན་གྱི་གནས།། ཨོཾ་བཛྲ་ཙི་ཏྲ་ས་མ་ཡེ་ཧཱུཾ། ལན་ལྔ་རུ་ནི་བརྗེད་པར་བྱ།། སར་ནི་བཅུ་གཉིས་ཚད་ལྡན་པར།། ་དྲང་ཞིང་མཐེ་ལ་སྙོམས་པ་དང་།། ནས་གང་གི་ནི་མ་འདྲེས་པས།། རི་མོ་ཀུན་ཏུ་བྲི་བར་བྱ།། སྦོམ་པོས་ནས་བསྐྱེད་ཕྲ་བས་ནི།། ནོར་རྣམས་རབ་ཏུ་བརླག་པར་བྱེད།། འདྲེས་པ་ཡིས་ནི་རྀམས་འབྱུང་ཞིང་།། ཡོ་བོས་རྣམ་འགྲས་ཆད་པ་ཡིས།། སློབ ་དཔོན་དང་ནི་སློབ་མ་དག། འཆི་བ་ཉིད་དུ་ཤེས་པར་བྱ།། དེ་ནས་ཚད་དང་ལྡན་པ་རུ།། རབ་ཏུ་འབད་དེ་བྲི་བར་བྱ།། རིམ་པས་དཀར་པོ་སེར་པོ་དང་།། དེ་བཞིན་དུ་ནི་དམར་དང་ལྗང་།། ནག་པོ་ནང་དུ་ཤེས་བྱ་སྟེ།། ཤར ་ཕྱོགས་སུ་ནི་སྔོན་པོ་ཆེ།། ལྷོ་ནི་སེར་ཏེ་ནུབ་ནི་དམར།། བྱང་དུ་ལྗང་གུས་རྣམ་པར་མཛེས།། ལྟེ་བ་དམར་ཞིང་གེ་སར་སེར།། སྣ་ཚོགས་མདོག་པད་གྲི་གུག་སྔོ།། ལྗང་གུ་དཀར་དང་དམར་བ་ཡི།། གཞི་ལ་སྔོ་དམར་དགར་བ་ཡི།། འཁོར ་ལོ་གསུམ་ནི་ལེགས་པར་བྲི།། ཁྱམས་ནི་ཤེལ་འདྲ་འདྲ་བའི་ས།། བཻ་ཌཱུརྱ་ལྟར་སྔོ་བསངས་ཉིད།། གསེར་རམ་རྣམ་ལྔས་བ་ཀུ་ལི།། ཤཪྵི་ཀ་ནི་དཀར་པོ་སྟེ།། རྟ་བབས་ཁ་དོག་སྣ་ཚོགས་ཉིད་།། རྡོ་རྗེ་འོད་སོགས་པདྨ་བཞིན།། རིན་ཆེན་འཕྲང ་དང་ཉི་ཟླ་དང་།། རྔ་མདར་དང་འཕན་ལ་སོགས།། རྒྱན་ནི་སྣ་ཚོགས་བྲི་བར་བྱ།། ཁྱམས་ལ་གཟུགས་སོགས་མཆོད་པ་ནི།། བཞི་བཅུ་རུ་ནི་ཆང་བར་དགོད།། རྡོ་རྗེ་གྲི་གུག་གྲི་གུག་དང་།། བུམ་པ་དཀར་པོ་པདྨ་སྣོད་ལྡན།། དབུས་ཀྱི་ཕོ་བྲང་དག་ལ ་དགོད།། རྡོ་རྗེ་པདྨ་འཁོར་ལོ་དག། གྲི་གུག་དང་ནི་ལྡན་བྱེབྱ་ཞིང་།། མཐར་ནི་གྲི་གུག་ཡང་དག་དགོད།། འོད་ཀྱི་དཀྱིལ་འཁོར་དང་ལྡན་པས།། རྣམ་པ་ཀུན་ཏུ་མཛེས་པར་བྱ།། སློབ་དཔོན་གྱི་ནི་ལས་མཐོང་ནས།། འདི་དག་ཀུན་ཏུ་སྤྱད་པར་རིགས།། ་རྡུལ་ཚོན་གྱི་རིམ་པར་ཕྱེ་བ་སྟེ་བདུན་པའོ།། །། རྡོ་རྗེ་དྲིལ་འཛིན་དཔའ་བོ་ཡིས།། ལན་གསུམ་དུ་ནི་ཡོངས་བསྐོར་ནས།། དཀྱིལ་འཁོར་སྐྱོན་རྣམས་ལེགས་བརྟགས་ཏེ།། ཡི་གེ་བརྒྱུས་ནི་ཀུན་ཏུ་སྦྱང་།། རྒྱན་རྣམས་ཀྱིས་ནི་མཛེས་བྱས ་བའི་ང་རྒྱལ་དང་ཀུན་བྱེད་བུམ་པ་དག། ཤར་སྒོའི་གཡས་གཡོན་དག་ཏུ་དགོད།། སྒོ་དང་མཚམས་སུ་བརྒྱད་པོ་སྟེ།། རྡོ་རྗེ་ར་བའི་ཕྱི་རོལ་ཏུ།། བགེགས་སྐྱེར་འགྱུར་བས་མི་དགོད་དོ།། མ་དག་པ་ནི་དེ་ལས་གཞན།། མེ་ཏོག་སྤོས་དང་མར་མེ་དང་།། དྲི ་དང་བཟའ་བ་རོལ་མོ་དང་།། གོས་དང་ཀུ་ཤ་རྒྱན་ལ་སོགས།། ཉེ་འཁོར་དུ་ནི་དགོད་པར་བྱ།། ཆང་དང་ཤ་རློན་གཏོར་མ་དང་།། འདུ་བ་ཡི་ནི་རྗེས་རྣམས་ཀུན།། དེ་ཡོ་ཕྱི་རོལ་དག་ཏུ་བཞག་དར་དང་བླ་རེ་གདུགས་དང་ནི།། རྒྱལ་མཚན་རྣམས་ཀྱིས་གནས ་བརྒྱན་ཏེ།། ཁྲག་འཐུང་ཆ་ལུགས་འཛིན་པ་ཡི།། སྒོ་བསྲུང་བཞི་ནི་བཞག་པར་བྱ།། བདག་ཉིད་བརྟུལ་ཞུགས་གནས་བྱས་ཏེ།། ནུབ་ཀྱི་ས་ལ་མངོན་ཕྱོགས་ནས།། ཆོ་ག་རབ་ཏུ་རྫོགས་པར་སྤྱད།། གཡོན་གྱི་སྲིན་ལག་རྩེ་མོ་ཡིས།། དམ་ཚིགས་དྲུག ་པོ་ལེགས་སྦྱར་བས།། བསངས་ཏེ་ལྷ་ཉིད་རྣམ་པར་བསམ།། ནཱ་མཁའི་ལྷ་རྣམས་ཕབ་ནས་ཀྱང་།། ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཏེ།། དྲུག་པོ་རོ་གཅིག་གྱུར་པར་བྱ།། གོ་ཆ་ཚོགས་ཀྱིས་བྱིན་བརླབ་ནས།། སྔོན་བཞིན་ལྷ་རྣམས་སྦྱང་བྱས་ཏེ། ་ཧེ་རུ་ཀ་སོགས་མཆོད་བྱས་ནས།། དཔའ་པོ་གཉིས་མེད་སྔགས་ཀྱིས་མཆོད།། སངས་རྒྱས་མཁའ་འགྲོ་ཀཱ་ཀ་སོགས།། བུམ་སོགས་ལྷ་རྣམས་ཐམས་ཅད་ལ།། བརྒྱ་རྡོ་བརྒྱད་དུ་ཉེ་བར་གནས།། རིག་བྱེད་དང་ནི་མེ་ལྷའི་བརླ།། ཐབས་དོང་ཤེས ་རབ་ཡི་གེ་དག། ལྷ་ཡི་གྲངས་དང་མཉམ་པར་བཟླས།། མཐར་ནི་མྱོས་བྱེད་ཀྱིས་མཆོད་ནས།། སློབ་དཔོན་བདག་ཉིད་འཇུག་པར་བྱ།། དང་པོ་ཕྱག་ནི་སྔོན་འགྲོ་བས།། སེམས་བསྐྱེད་ནས་ནི་རྗེས་གན་ངོ་མཐར།། དབང་ནི་རིམ་པ་བཞིན་བླངས་ཏེ།། ་སློབས་གཞུག་པར་བྱེད་བདག་ཉིད།། རྒན་པའི་བྱིན་བརླབས་བརྗོད་པར་བྱ།། ཨོཾ་ན་མཁའ་སྐྱེ་བ་མཚན་ལྡན་ཕྱིར།། ཐོག་མ་ཐ་མ་མེད་པའི་མཆོག། སེམས་དཔའི་རྡོ་རྗེ་ཆེ་རང་བཞིན།། རྡོ་རྗེ་སེམས་དཔར་བདག་དྲུག ་མཛོད།། དངོས་གྲུབ་ཆེན་པོ་ཀུན་གྱིས་མཆོག། དབང་ཕྱུག་ཆེན་པོ་ལྷག་པའི་ལྷ།། རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ།། མི་འགྱུར་མཆོག་ཏུ་བདག་འགྱུར་མཛོད།། ཉེས་པ་མེད་ལ་རྟག་པ་ཁྱོད།། འདོད་ཆགས་ཀུན་གྱི་རྗེས་ཆགས་པས།། འདོད ་ཆགས་ཆེན་པོ་དགའ་བ་ཆེ།། བཅོམ་ལྡན་དེ་ཉིད་ཀྱིས་འགྲུབ་མཛོད།། ཤིན་ཏུ་དག་པ་ཀུན་གྱི་མཆོག། གདོང་ནས་གྲོལ་བ་དེ་བཞིན་གཤེགས།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད།། ཀུན་མཆོག ་དངོས་གྲུབ་ཆེན་པོ་སྟེ།། དབང་ཕྱུག་ཆེན་པོ་རྒྱལ་མཆོག་གིས།། གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ།། རྡོ་རྗེ་སྙེམས་པར་བདག་མཛོད་ཅིག། སེམས་ཅན་ཀུན་གྱི་ཡིད་ཁྱབ་པ།། སེམས་ཅན་ཀུན་གྱི་སྙིང་ལ་བཞུགས།། སེམས་ཅན་ཀུན་གྱི་ཡང ་གྱུར་ཉིད།། འདོད་མཆོག་དམ་ཆོག་མཆོག་གྱུར་པའི།། བདེན་པ་གང་གིས་ཡེ་ཤེས་མཆོག། ཤེས་རབ་ཐབས་དག་དཀྱིལ་འཁོར་ཡིན།། བདེན་པ་དེ་ཡིས་མགོན་བདག་ལ།། ཁོང་ཀྱི་འདོད་པར་རྫོགས་མཛོད།། ཆོས་རྣམས་གཟུགས ་བརྙན་ལྟ་བུ་སྟེ།། དག་ཅིང་གསལ་ལ་རྙོག་པ་མེད།། གཟུང་དུ་མེད་ཅིང་བརྗོད་དུ་མེད།། རྒྱུ་དང་ལས་ལས་ཀུན་ཏུ་བྱུང་།། དེ་བཞིན་ཉིད་ལས་ངེས་པར་སྐྱེས།། བདེན་པ་འདི་ཡིས་དཀྱིལ་འཁོར་དུ།། གཟུགས་བརྙན་གསལ་བར་སློབ་མ་ནི།། ཀུན་གྱིས ་དི་མེད་མཐོང་བར་ཤོག། ལན་གསུཾ་དྷྱ་ནཱི་རབ་བརྗོད་ནས།། སློབ་མ་འཇུག་པའི་ལས་རྣམས་བྱ།། དེ་ནས་ལས་ཀྱི་རྡོ་རྗེ་ཡིས།། ཀུན་བྱེད་བུམ་པས་བཀྲུས་ནས་ཀྱང་།། གོས་དམར་གྱིས་ནི་གདོང་ཡང་དག་པ།། དཀྱིལ་འཁོར་མེ་ཏོག་ལག་འཛིན་པ།། ་སྡོམ་པ་རབ་ཏུ་གཟུང་ནས་སུ།། ཨོཾ་ཤྲཱི་ཧེ་རུ་ཀཱ་ཡ། པདྨེ་ཧཾ། བིཥྚི་རཱ་ཛྙོ་ཡ། དྷི་མ་ཧེ་སྭཱ་ཧཱ། སྔགས་དེ་ཡིས་ནི་གདབ་པར་གསོལ།། སངས་རྒྱས་ཀུན་གྱི་རང་བཞིན་སྐུ།། སློབ་དཔོན་ལ་ནི་སྐྱབས་སུ་མཆི།། གཙོ་བོ་འཁོར་དང་བཅས་པ་ཡིས།། ལྷ་རྣམས ་ལ་ནི་ཕྱག་འཚལ་ལོ།། ཐར་པ་ཆེན་པོའི་གྲོང་མཆོག་ཏུ།། མགོན་པོ་བདག་ནི་གཞུག་པར་འཚལ།། གསུམ་བརྗོད་གྲོགས་ཀྱི་ནང་དུ་འོདའ།། བུ་ཁྱོད་སུ་ཡིན་ཅི་ལ་དགུའ།། སྐལ་བཟང་བདེ་ཆེན་གནས་ལ་ཞེས།། དྲིས་ལན་ཡོངས་སུ་སྤྱད་པར་བྱ།། ཡོན ་གྱི་མཆོག་ནི་བླང་བྱས་ཏེ།། སྙིང་ཀར་རྡོ་རྗེ་རབ་གཞག་ནས།། ཨོཾ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི།། སུ་ར་ཏ་ས་མཱ་ཡ་སྟི།། སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ།། དེ་ལྟར་བྱང་ཆུབ་སེམས་བསྐྱེད་ནས།། ཉེ་བར་སྤྱོད་པ་བཞིན་བྱ་སྟེ།། དེང་ཁྱོད་དེ་བཞིན་གཤེགས་པོ་ཐམས་ཅད་ཀྱིས ་བྱིན་གྱིས་བརླབས་ཀྱིས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་འདིས།། ཁྱོད་ཀྱིས་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་མ་དད་པ་རྣམས་ལ་ཡང་མ་ཡིན་ནོ།། སྐུ་གསུང་ཐུགས་ཀྱི་ཕྱག་བྱས་ནས།། འབྲུ་ལྔ་ཡིས་ནི ་གཞུག་པར་བྱ།། ལན་གསུམ་སྐོར་བ་བྱས་ནས་ཀྱང་།། ལྷ་དང་ཐ་དད་མེད་བདག་གིས།། སྒོ་སོགས་དྲུང་ན་འཁོད་པ་ལ།། དམ་ཚིག་ཡོངས་སུ་སྐྲག་པར་བྱ།། དེང་ཁྱེད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས།། ངས་ཁྱོད་ལ་ཡེ་ཤེས་གང ་གི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངས་གྲུབ་ང་ན་དངོས་གྲུབ་གཞན་ལྟ་སྨོས་པའི་དགས་ཏེ། དེ་ལྟ་བུ་ས་ཤེས་བསྐྱེད་པར་བྱ་ཡིས།། ཁྱོད་ཀྱིས་དཀྱིལ་འཁོར་ན་མཐོང་བའི་མདུན་དུ་བརྗོད་པར་མི་བྱཱ་སྟེ། དམ་ཚིག ་ཉམས་པར་གྱུར་ཏ་རེ།། སྙིང་ཀར་རྡོ་རྗེ་རབ་བླཞག་སྟེ།། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི།། སྙིང་ལ་ཡང་དག་ཞུགས་པར་གྱུར།། གལ་ཏེ་ཚུལ་འདི་སྨྲས་ན་ནི།། དོ་མ་ཐག་ཏུ་དྲལ་ཏེ་གཤེགས།། ཐོད་པའི་བདུད་རྩི་ལེགས་སྦྱངས་ཏེ།། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ ་དམ་ཚིག་ཉམས་ན་སྲེག་པར་བྱེད།། དམ་ཚིག་བསྲུངས་ན་དངོས་གྲུབ་ནི།། རྡོ་རྗེ་བདུད་རྩི་ཆུ་ཡིས་འགྲུབ།། ཨོཾ་བཛྲ་ཨུ་ད་ཀ་ཐ་པྲ་ཐཱ།། དེང་ནས་བརྩམས་ཏེ།། ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱིས།། ངས་འདི་གྱིས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཁྱོད་ཀྱིས ་བྱ་དགོས་ཏེ།། ང་ལ་བརྙས་པརརོ་མ་བྱེད་ཅིག། མི་བདེ་བ་མ་སྤངས་པར་ཚེའི་དུས་བྱས་ནས་དམྱལ་བར་ལྟུང་གྱུར་ཏ་རེ། ཞེས་དམ་ཚིག་བསྟན་པར་བྱའོ།། སྦྱང་བྱས་སློབ་མས་དཔའ་བོ་ལ།། ཡེ་ཤེས་དེ་ན་ཕྱིར་གསོལ་བ་གདབ།། དཔའ་བོ་དང་རྣལ་འབྱོར་མ ་ཐམས་ཅད་ཀྱིས་བྱིན་གྱིས་རླབས་ལོ།། དཔལ་ཧེ་རུ་ཀའི་ཡེ་ཤེས་བདག་ལ་དབབ་ཏུ་གསོལ།། དེ་ལྟར་ལན་གསུམ་གསོལ་བྱས་ནས།། དུར་ཁྲོད་ཟླ་མཚན་ལྡན་རས་དང་།། བྱི་བའི་སྡུག་པ་དམ་ཚིག་དང་།། ཐོང་ཆུ་ཡི་དགས་ཁ་ལས་བྱུང་།། དུར་ཁྲོད་མེ་ལ ་གདུང་བར་བྱ།། འོད་ཀྱིས་ལྷ་རྣམས་ཡོངས་བསྐུལ་ཞིང་།། རླུང་མེ་ཛྷཻཿདང་ས་ཆུ་སྲིན།། འབར་བྱས་སྙིང་པོ་སོགས་སྔགས་དང་།། ཨོཾ་སརྦ་བཱི་ར་ཡོ་གི་ནི་བཛྲ་ཨཱ་བེ་ཤ་ཡ། ཏ་ཥ་ཡ། ར་ར་ར་ར་ཙ་ལ་ཡ་ཙ་ལ་ཡ་ཧཱུཾ་ཧ་ཨཱ་ཛྙེཿརྡོ་རྗེ་དྲིལ་བུ་ཌ་མ་རུ། ་སྒྱིངསུ་དང་བཅས་པར་བསྒྲག་པར་བྱ།། མཚན་མ་ཉེ་བར་མི་གནས་ན། ཨོཾ་ཏཱིཥྛ་མཐཱ་ཀྲོ་དྷཱ་ཨཱ་བ་ཤ་ཡ་ཧཱུ~ཾ། ཨོཾ་ཤྲཱི་ཧེ་རུ་ཀཱ་ཡ་བིངྒ་ཧེ་བིདྱཱ་རཱ་ཛཱ་ར་དྷི་མ་ཧེ་སྭཱ་ཧཱ།། སྔགས་དེས་དཟའ་བོ་བསྐུལ་བར་བྱ།། ལྷས་རྣམས་ཐམས་ཅད་ཤེས་བྱས་ནས།། སྒྲ་ལ་ལྕེ་ནི་བྱིན ་རླབས་ཏེ།། དགེ་སོགས་ངན་རྣམས་དྲི་བར་བྱ།། ཏིཥྛ་བཛྲ་ས་བརྟན་བྱས་ནས།། སྙིང་པོའི་དཀྱིལ་འཁོར་འདི་རུ་ནི།། བདག་གིས་སློབ་མ་གཞུག་པར་བགྱི།། ལྷ་ཡི་རིགས་ཀྱི་རིམ་པ་དག། བསོད་ནམས་ཇི་བཞིན་དེ་བཞིན་ཤོག། འདིས་ནི་དངོས་གྲུབ་གང་ཐོབ་དང་། ་རིགས་ནི་གང་གི་སྣོད་དུ་འགྱུར།། འདི་ཡཽ་བསོད་ནམས་ཅི་ཡོད་ལས།། དཀྱིལ་འཁོར་འདྲིར་ནི་དེ་བཞིན་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀུ་ལ་བི་ཤོ་དྷ་ནི་སྭཱ་ཧཱ། པྲ་ཏཱིཙྪ་བཛྲ་ཧོ།། སྔགས་དེས་བལྟོས་པ་མེད་པར་དོར།། རིགས་ཀྱིས་བལྟས་ན་ཡོངས་ཤེས་ནས། ་ཨོཾ་པྲ་ཏི་གྲྀཧྞ་སྭ་མ་མཾ། སཏྭ་མ་ཧཱ་བ་ལ། སྔགས་དེས་སྤྱི་བོར་སྦྱིན་བྱ་སྟེ།། ཨོཾ་ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི།། མིག་འབྱེད་པར་ནི་བརྩོན་པར་མཛོད།། ཕྱེ་བས་ཐམས་ཅད་མཐོང་འགྱུར་ཏེ།། རྡོ་རྗེ་མག་ནི་བླ་ན་མེང།། ཨོཾ་བཛྲ་ནེ་ཏྲ་ཨ་བ་ཧ་ར་བ་ཊ་ལཾ་ཧྲཱི། གདོང ་གཡོག་རབ་ཏུ་དགྲོལ་བར་བྱ།། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས།། དེ་ནི་དང་བ་རབ་ཏུ་བསྐྱེད།། ཁྱོད་ནི་རྣལ་འབྱོར་མ་རིག་སྐྱེས།། སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས།། འགྲོ་བ་ཕུན་སུམ་ཚོགས་ཀུན་དང་།། གྲུབ་ཀུན་ཁྱོད་ལ་མངོན་དུ་གྱུར།། ་དམ་ཚིག་ཐམས་ཅད་བསྐྱོང་བ་དང་། སྔགས་ཀྱི་དངོས་གྲུབ་བརྩོན་པར་གྱིས།། མེ་ཏོག་གང་དུ་ལྕོང་ལ་སོགས།། ལྷ་རྣམས་གནས་དང་བཅས་པོ་དག། བྱོང་སྒོ་ནས་བརྩམས་ཐམས་ཅད་བསྟན།། སློབ་མ་འཇུག་པའི་ཆོ་གའོ།། ། དཀྱིལ ་འཁོར་བྱས་ཏེ་ཡུལ་འཁོར་རམ།། རྟ་དང་གླང་པོ་སོགས་ཕུལ་ནས།། ཧེ་རུ་ཀ་དཔལ་དབང་བསྐུར་བ།། འགྲོ་བ་སྐྱོབ་མཛད་གཟི་བརྗིད་ཅན།། ཇི་ལྟར་ཡོན་ཏན་འབྱུང་གནས་གཙོ།། དེ་བཞིན་བདག་ལ་དེང་སྩོལ་ཅིག། ལན ་གསུན་དུ་ནི་གསོལ་བཏང་ནས།། སྔགས་ཀྱི་ཕྲེང་བས་དབང་བསྐུར་ཞིང་།། མི་བསྐྱོད་བསམ་གཏན་གསུམ་རྫོགས་ནས།། དཔའ་བོ་རྡོ་རྗེ་དྲིལ་འཛིན་པས།། ཤར་སྒོའི་བུམ་པ་གཉིས་ཐེག་ནས།། བཀྲ་ཤིས་བུམ་པ་སྔོན་འགྲོ་བས།། དབང་བསྐུར ་རྡོ་རྗེ་ཆེན་པོ་ནི།། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ།། གསེང་གསུམ་གནས་ལས་བྱུང་བ་ཡི།། སངས་རྒྱས་ཀུན་གྱི་རབ་སྦྱིན་པའོ།། ཨོཾ་བཛྲ་ཨ་བྷ་ཥིཉྩ།། བུམ་པ་བརྒྱད་ཀྱི་སྔགས་བཟླས་ཏེ།། ལྷ་རྣམས་ལུས་ལ་ལེགས་བཅུག། ་ནས།། མཆོད་དེ་དག་པ་སྦྱིན་པར་བྱ།། རིན་ཚོན་བསམ་གཏན་ཡོངས་སུ་རྫོགས་ནས།། སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ།། དབུ་རྒྱན་རིན་ཆེན་དམ་པ་སྟེ།། རིན་ཆེན་ཀུན་གྱི་མཆོག་བྱེད་པས།། རྫོགས་སངས་རྒྱས་སུ་དབང་བསྐུར་རོ།། ཨོཾ ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནི་ཡེ་ཧུ~ཾ་ཧཱུཾ་ཕཊ་སྭཱ་ཧཱ།། ཨ་བྷི་ཥིཉྩ་སྔར་བཞིན་ཐམས་ཅད་སྤྱད་པར་བྱ།། ཆོས་ཀྱི་རྣལ་འབྱོར་རབ་ལྡན་པས།། རྡོ་རྗེ་ཆོ་ག་བཞིན་བསྐྱེད་ནས།། ཆོས་ཀྱི་གཟུགས་ཀྱི་སློབ་མ་ལ།། སངས་རྒྱས་ཀུན་གྱི་རྡོ་རྗེ་དབང་།། དེ ་རིང་ཁྱོད་ལ་བསྐུར་བར་བྱ།། སངས་རྒྱས་ཉིད་དུ་རབ་བསྒྲུབ་ཕྱིར།། རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་།། བཛྲ་ཨ་བྷི་ཥིཉྩ་གཡོས་པར་རྡོ་རྗེ་རབ་བཞག་ནས།། ནང་གི་དབང་བསྐུར་རིན་ཆེན་མཆོག་བྱིན་ནས།། དག་པ་རབ་ཏུ་བརྗེད་པར་བྱ།། དོན་ཡོད་བསམ ་གཏན་དང་ལྡན་པས།། རྡོ་རྗེ་དྲིལ་བུ་སྦྱིན་པར་བྱ།། སངས་རྒྱས་ཀུན་གྱི་དྲིལ་བུའི་དབང་།། དེ་རིང་ཁྱོད་ལ་བསྐུར་བར་བྱ།། སངས་རྒྱས་ཉིད་དུ་རབ་བསྒྲུབ་ཕྱིར།། དྲིལ་བུ་འདི་ནི་ཁྱོད་ཀྱི་ལོང་།། གཡོན་དུ་ངེས་པར་གཏད་བྱས་ནས།། རྡོ་རྗེ་དྲིལ་བུ་ལེགས་འཁྱེད ་ནས།། རྡོ་རྗེ་བདག་པོ་བརྟན་བྱའི་ཕྱིར།། སྔགས་འདི་རབ་ཏུ་བརྗོད་པར་བྱ།། ཨོཾ་བཛྲ་ཨ་དྷི་པ་ཏི་ཏྲཱ~ཾ། ཨ་བྷི་ཥིཉྩ་མོཾ། ཏིཥྛ་བཛྲ་ས་མ་ཡ་སྟྭཾ། བརྟན་བྱས་ནས་ནི་རྣམ་དགྲ་སྒྲ།། རྟག་པའི་བསམ་གཏན་ཀུན་བྱས་ཏེ།། སྤྱི་བོར་རྡོ་རྗེ་དྲིལ་བཞག་ནས།། རྡོ་རྗེ ་མང་གཱི་དབང་བསྐུར་བས།། རྟག་པའི་རྡོ་རྗེ་རབཞུགས་ཏེ།། མི་ཤིག་རྡོ་རྗེ་མོང་ལྡན་པས།། བུ་ཁྱོད་དེ་རང་དབང་བསྐུར་རོ།། ཨོཾ་བཛྲ་སཏྭ་ཏཱཾ། ཨོཾ་བྷི་ཥིཉྩ་མི། བཛྲཱ་ནཱ་མ་ཨ་དྷི་ཥེ་ཀ་ཏཱཿརང་རིག་ལས་བྱུང་མིང་རྣམས་ནི།། དཔལ་དང་རྡོ་རྗེ་སྒྲ་ལྡན་པར།། སློབ་དཔོན། ་གྱིས་ནི་ལན་གསུམ་བོད།། དག་པ་དང་བཅས་རབ་ཏུ་བརྗོད།། དེ་ལྟར་སློབ་མའི་དབང་ཐོབ་ནས།། རྒྱུད་རྣམས་ཐོབ་ཤིང་མན་ངག་ཐོབ།། ལས་རྣམས་ཤེས་ཏེ་སྟོན་ནུས་ན།། རྡོ་རྗེ་སློབ་དཔོན་ཉིད་བྱའི་ཕྱིར།། ཚིག་འདིས་གསོལ་པ་གདབ་པར་བྱ།། མི ་ལྡོག་འཁོར་ལོ་དབང་བསྐུར་བ།། དཔའ་བོ་ཆེན་པོས་བདག་ལ་གསོལ།། འགྲོ་བ་མཚན་མ་མེད་བྱེད་པ།། དེ་ནི་ད་འདིར་བཤད་དུ་གསོལ།། བདག་དང་གཞན་གྱི་དྲོན་བྱའི་ཕྱིར།། རྡོ་རྗེ་སློབ་དཔོན་དབང་བསྐུར་བ།། ཐུགས་རྗེ་ཅན་ཁྱོད་བཀའ་དྲིན་གྱིས།། དེ་རིང ་བདག་ལ་སྩལ་དུ་གསོལ།། ཡོན་ཕུལ་ནས་ནི་ལན་གསུམ་བརྗོད།། སེང་གེ་རྡོ་རྗེ་འཁོར་ལོ་ཡི།། ཁྲི་ལ་གདུགས་དང་མཆོད་བཅས་འདུག། རྡོ་རྗེ་རིགས་ཀྱི་དམ་ཚིག་མཆོག། གསུམ་ནི་ལེགས་པར་གཟུང་བར་བྱ།། ཧཱུཾ་ལས་བྱུང་བའི་རྡོ་རྗེ་ནི།། དཔའ་བོ་རྣལ་འབྱོར ་ལྡན་ལ་སྦྱིན།། འདི་དེ་སངས་རྒྱས་ཐམས་ཅད་དེ།། ཧྱེ་རུ་ཀ་དཔལ་ལག་ན་གནས།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང་།། ཧེ་རུ་ཀ་དཔལ་བརྡུལ་ཞུགས་བརྟན།། ཨོཾ་སརྦྦ་ཏཐཱ་ག་ཏ་ས~ཾདྡྷི་བཛྲ་ས་མ་ཡ།། ཏིཥྛ་ཨེ་ཥ་ཋདྷ། ་རཡཱ་མི་ཧཱིཿཧི་ཧཱི་ཧི་ཧི་ཧཱུཾ། སྔགས་ངོ་སློབ་མའི་ལག་ཏུ་གཏང་།། ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་སྙིམས་ཚུལ་བདག་པོའི་བདག། བཅོམ་ལྡན་འདས་དཔལ་མཆོག་དང ་པོའི་སྐྱེས་བུའོ།། ཨོཾ་མ་ཧཱ་བཛྲ་ཧཱུཾ། དྲིལ་བུ་ཨ་ལས་རབ་བསྐྱེད་དེ།། འདི་དེ་སངས་རྒྱས་ཐམས་ཅད་ཀྱི།། ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་།། བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད།། ཆོག་དེས་དྲིལ་བུ་སྦྱིན་པར་བྱ།། ་སྲིད་པ་ངོ་བོ་ཉིད་ཀྱིས་དག། རང་བཞིན་གྱིས་ནི་དངོས་མེད་བྱས།། རང་བཞིན་དག་པའི་སེམས་ལྡན་པ།། སྙིང་པའི་མཆོག་ཏུ་བྱེད་པར་འགྱུར།། ཨོཾ་བཛྲ་གྷརྦྷ་ཨཱཿསྔགས་དེས་རབ་ཏུ་དཀྲོལ་བར་བྱ།། ཧེ་རུ་ཀ་དཔལ་བརྟན་བྱས་ཏེ། ཡིད་ཀྱི་ལུས་སུ་བརྟན་བྱེད་པ ་དམ་ཚིག་ཕྱག་རྒྱར་གྲགས་པ་ཡི།། སྐུར་ནི་ཉེ་བར་གནས་ཀྱིས་ལ།། ཕྱག་རྒྱ་རྟག་ཏུ་བརྟན་པར་གྱིས།། དེ་ནས་དཔའ་བོ་མཆོད་དེ་ཡིས།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས།། དབང་བསྐོར་བར་ནི་རབ་དམིགས་ལ།། རྡོ་རྗེ་དྲིལ་བུ་ལེགས་འཁྱུད་ནས།། ་རྡོ་རྗེ་ཆེད་དྲིལ་གྲོཚོ།། ཟུང་ཤིག་རྡོ་རྗེའི་བྱིན་བརླབས་ནས།། དེ་མི་སློབ་དཔོན་ཕྱིར།། སློབ་མའི་ཚིགས་རྣམས་བསྡུ་བར་གྱི།། དེ་ལྟར་དཔོ་ཆེ་གེ་བརྟན་བྱ་སྟེ།། རྗེས་སུ་གནང་པོ་སྦྱིན་པར་བྱ།། ཁི་ཙྪ་ག་དང་། མ་རུ།། བཙུག་ནི་ལྷའྀ་སྐུ།། ཤེས་རབ་མ ་ཡ་སྠ།། ཁནྡ་རྡོ་རྗེ་དང་བཅས་ཤིང་།། དྲིལ་བུ་སལ་སོལ་སྒྲ་སྒྲོགས་པ།། ཚངས་ཕྱིའི་སྐུད་ཐོགས་རྣལ་འབྱོར་བདག། ཁཊྚ་ཀ་དང་རྣལ་འབྱོར་སྣོང་།། དཔའ་བོ་ཆེན་པོ་བླང་བར་གྱིས།། སྤྱོང་བའི་རྗེས་སུ་གནང་བའོ།། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས།། སྲས ་དང་བཅས་པ་རྣམ་རོལ་ཅིང་།། རྡོ་རྗེ་སྙེམས་མའི་རྣལ་འབྱོར་གྱིས།། དགའ་སྟོན་བདེ་བའི་མཆོད་པ་གྱིས།། ཨཱ་སྒེག་པའོ།། སྒེག་དབོ་བཅས་པའི་ཕྲེང་བ་འཕང་།། སངས་རྒྱས་ཐམས་ཅད་མཆོད་པར་བྱ།། དེ་ནི་བཅོམ་ལྡན་བྲལ་མི་འགྱུར།། ཕྲེང་བ་དེ་ཡི་རྒྱན ་ཡིན་ནོ།། ཨོཾ་ཕྲེང་བའོ།། ལུས་ཅན་ཀུན་ལ་དམ་ཆོས་ཀྱི།། ཁྱོད་ཀྱིས་གླུ་ནི་བླང་བར་གྱིས།། དེ་ཡིས་བདེ་གཤེགས་དངོས་གྲུབ་ཀྱི།། བདེ་བ་མྱུར་དུ་མྱོང་བར་འགྱུར།། གཱི་གླུའིའོ།། དེ་ཉིད་ཐལ་མོ་གར་གྱིས་ནི།། སངས་རྒྱས་ཐམས་ཅད་ཆགས་པར་བྱ།། ་སངས་རྒྱས་འདུལ་བའི་ཕྲིན་ལས་ཀྱིས།། གར་མཁན་ཚུལ་དུ་བསྒྱུར་བར་གྱིས།། ཧོ། གར་རོ།། རྫོགས་སངས་རྒྱས་ལ་སྤོས་ཕུལ་བས།། བརྟུལ་ཞུགས་བཟང་པོས་ལེགས་ཚིམ་གྱིས།། ལུས་ཅན་བདེ་གཤེགས་ཆ་ལུགས་སུ།། ཡེ་ཤེས་ཀྱིས ་ནི་ཚིམ་པར་གྱིས།། ཨཱ། བདུག་པའོ།། སངས་རྒྱས་རྣམས་ལ་མེ་ཏོག་གཏོར།། བྱང་ཆུབ་ཡན་ལག་ཚོགས་གྱུར་ནས།། མཚན་དང་དཔེ་བྱད་ལྡན་པར་ནི།། བདེ་གཤེགས་སྐུ་ནི་ཐོབ་པར་གྱིས།། བྷྲཱུཾ་མེ་ཏོག་གོ།། སེམས་ཅན་མ་རིག་ལྡོངས་པ་ལ། ་ཆོས་ཀྱི་མེ་ནི་ལེགས་སྦར་ནས།། རྡོ་རྗེ་ཆོས་དང་འདྲ་བ་རུ།། ཆོས་ཀྱི་རྣམ་པར་འབར་བར་གྱིས།། བྲེ་མར་མེའོ།། ཁྱོད་ཀྱིས་རྒྱལ་ལ་དྲིལ་ཕུལ་བས།། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང་།། རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི།། བྱང་ཆུབ་ལུས་ཅན ་རྣམས་ལ་བསྒོས། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས།། འཇིག་རྟེན་ལིང་ཏོག་བསལ་བ་ལྟར།། བུ་ཁྱོད་ཀྱི་ནི་མི་ཤེས་པའི།། རབ་རབ་རྒྱལ་བ་རྣམས་ཀྱི་བསལ།། རྒྱལ་རྣམས་ཀྱིས་ནི་ཐུར་མས་སོ།། ཆོས་རྣམས་གཟུགས ་བརྙན་ལྟ་བུ་སྟེ།། དག་ཅིང་གསལ་ལ་རྙོག་པ་མེད།། གཟུང་དུ་མེད་ཅིང་བརྗོད་དུ་མེད།། རྒྱུ་དང་ལས་ལས་ཀུན་ཏུ་བྱུང་།། རང་བཞིན་མེད་ཅིང་གནས་མེད་པ།། དེ་ལྟར་ཆེས་རྣམས་ཤེས་གྱིས་ལ།། སེམས་ཅན་དོན་ནི་མཉམ་མེད་བྱོས།། འོན་ཀྱང ་སངས་རྒྱས་སྲས་སུ་སྐྱེ།། མེ་ལོང་རབ་ཏུ་བསྟན་པར་བྱ།། ཨ་ཡིས་སྦྱངས་པའི་དྲིལ་བུ་ནི།། རྣ་བའི་དྲུང་དུ་བསྒྲགས་པར་བྱ།། ཐམས་ཅད་ན་མཁའི་མཚན་ཉིད་དེ།། ནམ་མཁའ་ལ་ནི་མཚན་ཉིད་མེད།། ནམ་མཁའ་དང་ནི་མཉམ་སྦྱོར་བས།། ་ཀུན་མཆོག་མཉམ་པ་ཉིད་དུ་གསལ།། ཧོ་ཡིས་སྦྱངས་པའི་མངའ་གཞུ་དག། སློབ་མའི་ལག་ཏུ་བྱིན་ནས་ནཱཾ།། ཕྱོགས་བཞིར་འཕེན་པའི་ཚུལ་བྱེད་ལ།། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པར་གྱིས་ཤིག་ཅེས་བསྒོའོ།། རྡོ་རྗེ ་སེམས་དཔའ་རབ་བརྗོད་པའི།། མེ་ལོང་སློབ་མ་ལ་བསྟན་ནས།། རྡོ་རྗེ་སེམས་དཔའ་མེ་ལོང་ལྷོརརོ།། དག་ཅིང་གསལ་ལ་རྙོག་པ་མེད།། བུ་ཁྱོད་ཀྱིས་ནི་སྙིང་ལ་བཞུགས།། རྡོ་རྗེ་སེམས་དཔའ་རང་ཉིད་གཙོ།། ཚིག་དེས་རང་བདག་ཤེས ་པར་བྱ།། ཞི་རྒྱས་དབང་དང་དགུག་པ་དང་།། བསྐྲད་པ་དང་ནི་གསང་ལ་སོགས།། ཕན་དང་ཚར་གཅད་བྱེད་པ་ཡི།། ལས་རྣམས་ཁྱོད་ཀྱིས་བསྒྲུབ་པར་གྱིས།། རལ་གྲི་ས་འོག་མིག་སྨན་དང་།། རྐང་མགྱོགས་བཅུད་ལེན་མཁའ་ལ་འགྲོ ་མོ་སྣང་ལ་སོགས་གྲུབ་པའི་ཚོགས།། ཅི་དགའ་བར་ནི་བསྒྲུབ་པར་གྱིས།། ལུས་དང་སྲོག་ལ་ལྟོས་མེད་བྱར།། དམ་ཚིག་སྡོམ་པ་ཀུན་བསྐྱངས་ཏེ།། ཉིན་དང་མཚན་མོ་ལནཱ་གསུམ་དུ།། དོན་ལྡན་རྟག་ཏུ་བཟླས་པར་བྱ།། དཀུན་ཟླ་འབྲུ ་ལས་བརྩམས་ཏེ།། ཟླ་བ་རེ་རེ་མངོན་བྱ་བ།། འཁོར་ལོར་གཉིས་མེད་ཚུལ་གནས་པ།། ཚེས་བཅུ་ལྔ་ནི་དེ་རབ་མཆོག། རྐང་པས་འཁོར་ལྀ་ལག་གཡས་དུང་།། ལག་གཉིས་པོ་ཏི་དྲོལ་བྱིན་ནས།། དེ་ནས་བརྩམས་ཏཱཾ་སེམས་བསྐྱེང་པ། ་གྱིས་ཆོས་ཀྱི་འཁོར་ལ་བསྐོར།། ཁྱོ་ཀྱི་ཐེ་ཚོམ་དོག་མེད་པར།། ཡིད་གཉིས་མེད་པའི་སེམས་ཀྱིས་སུ།། ཆོས་ཀྱི་དུང་ནི་བླ་མེད་པ།། དྲི་མེད་ཀུན་ཏུ་གང་བར་གྱིས།། གསང་སྔགས་སྤྱོད་ཚུལ་ཆོ་ག་རྣམས།། སྐྱེ་བོ་ཡོངས་སུ་ལོ་རྟག་ཏུ ་ཤོདས། དེ་ལྟར་བྱས་ན་སངས་རྒྱས་ལོ།། ཕན་འདོགས་དྲིན་དུ་གཟོ་ཞེས་བྱ།། རྡོ་རྗེ་འཛིན་པ་དེ་ཀུན་ཀྱང་།། ཁྱོད་ལ་རྟག་ཏུ་བསྲུང་བར་མཛད།། དེ་རིང་རྡོ་རྗེ་སློབ་དཔོན་འགྱུར།། སྔགས་དང་རྒྱུད་ནི་འཛིན་གྱུར་པས།། སངས་རྒྱས་བྱང ་ཆུབ་སེམས་རྣམས་དང་།། ལྷ་རྣམས་ཀུན་གྱིས་མཐུན་པར་གསུངས།། སེམས་ཅན་ཀུན་ལ་རྗེས་བརྩེ་བས།། ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན།། ནན་ཏན་བསྐྱེད་དེ་བྲི་བར་བྱ།། སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར།། འཁོར་ལོ་རྡོ་རྗེ་སོགས ་བྱིན་ནས།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། འཇིག་རྟེན་ཁམས་ནི་ཐམས་ཅད་ཏུ།། ཇི་ལྟར་ཆགས་ནི་འདུལ་འགྱུར་བ།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།། རྡོ་རྗེ་རིན་ཆེན་པདྨོ་དང་།། ལས་ཀྱི་འཁོར་ལོ་རབ་ཏུ་བརྗོད།། ཤར་གྱི་སྒོ་དྲུང་རབ ་གནས་པའི།། ལུས་ནི་ས་ལ་ཕབ་པའི་ཕྱག། བྱས་ཏེ་མགོ་བོ་མ་བཏེག་པར།། སྔགས་དང་རྒྱུད་རྣམས་འཛིན་གྱུར་པའི།། སློབ་མ་འདི་ནི་ཕུལ་བ་ལགས།། ལས་ཀྱི་རྡོ་རྗེས་རབ་བསླང་ནས།། གདུགས ་ནི་གཞན་དུ་བྱས་ནས་ཀྱང་།། དཔའ་བོ་ཆོས་གོས་འཛིན་པ་དང་།། མཚོག་གམ་མི་འཇིགས་སྦྱིན་པ་ཡིས།། ཤཱཀྱའི་གཟུགས་སུ་རབ་དམིགས་ཏེ།། ཨོཾ་འདིར་ནི་ཁྱོད་ལ་ངས་ལུང་བསྟན།། རྡོ་རྗེ་སློབ་དཔོན་དེ་བཞིན་གཤེག། སྲིད་པ ་ཤིན་ཏུ་དགེ་བོའི་ཕྱིར།། སྲིད་དང་ངན་འགྲོ་རྣམས་ལས་བཏོན།། ཀྱེ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་གྲུབ་པས་གསུམ་གྱི་བདག་པོར་འགྱུར་རོ།། གང་ལ་ཚིག་འདིར་ལུང་བསྟན་པ།། དེ་ལ་སངས་རྒྱས་བྱང་ཆུབ་སེམས། ་འཁོར་དང་བཅས་པ་མགྲིན་གཅིག་ཏུ།། བྱང་ཆུབ་ཆེན་པོར་ལུང་སྟོན་ཏེ།། ཕྱག་རྒྱ་སྔོགས་འདིའི་མཐུ་ཡིན་ཞེས།། སློབ་མ་དང་བ་རབ་ཏུ་བསྐྱེད།། དེ་ནས་སློབ་མ་གཟེངས་བསྟོད་དེ།། མཆོག་གསང་དཀྱིལ་འཁོར་དམ་པོ་འདིར།། ཞུགས་པ ་དང་ནི་མཐོང་བ་ཡིས།། སྡིག་པ་ཀུན་ལས་རྣམ་གྲོལ་ནས།། དེ་རང་ཁྱེད་རྣམས་བདེ་བར་གནས།། བདེ་ཆེན་ཐེག་པ་འདི་ལ་ནི།། ཕྱིན་ཆད་འཆི་བ་ཡོད་མིན་ཏེ།། མི་ཐུབ་ཚུག་སྨྲ་པ་ཡོད་མིན་པས།། ཅིས་ཀྱང་མ་འཇིགས་དགའ་བར་གྱིས།། ་སྲིད་པ་ཤིན་ཏུ་དག་པའི་ཕྱིར།། སྲིད་པའི་སྡུག་བསྔལ་ལས་ཁྱོད་འོངས།། གང་ཞིག་སྐྱེས་པ་ཙམ་གྱིས་ནི།། སངས་རྒྱས་ཉིད་དུ་དོགས་མེད་པའི།། བྱང་ཆུབ་སེམས་ནི་སྤང་མི་བྱ། དམ་ཆོས་སྨད་པར་མི་བྱ་སྟེ།། ནམ་ཡང་བོར ་བར་མི་རུང་ངོ་།། མི་ཤེས་པ་འམ་རྨོངས་པ་ལ།། གསང་བ་དེ་ཉིད་བསྟན་མི་བྱ།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་།། སངས་རྒྱས་ཀུན་དང་མཚུངས་གྱུར་པའི།། སློབ་དཔོན་སྨད་པར་མི་བྱ་སྟེ།། རང་བདག་ཡོངས་སུ་སྤངས་པ་ཡི།། དཀའ་ཐུབ་ཀྱིས ་ནི་གདུང་མི་བྱ།། ཇི་ལྟར་བདེ་བར་བདེ་གཟུང་ནས།། འདི་ནི་མ་འོངས་རྫོགས་སངས་རྒྱས།། སློབ་དཔོན་གྱིས་ནི་བརྗོད་ཐོས་ནས།། སློབ་མ་གུས་པར་ཞབས་བཏུད་དེ།། གཙོ་བོས་ཇི་ལྟར་བཀའ་སྩལ་པ།། དེ་དག་ཐམས་ཅད་བདག་གིས་བགྱི།། ་བསྒོ་བ་ཐམས་ཅད་ཁས་བླངས་ནས།། ཤིན་ཏུ་གུས་པར་འདུག་པ་ལ།། ཤྭར་སྒོ་ཡི་ནི་ཕྱོགས་ཉིད་ནས།། དེ་ཉིད་རབ་ཏུ་བསྟན་པར་བྱ།། ཐམས་ཅད་དངོས་པོ་གཅིག་ཉིད་དུ།། སྦྲུལ་སྐུའི་མཛད་པ་རྫོགས་གྱུར་པ།། དུར་ཁྲོད་ཡིན་ཏེ་ལུས་སུ ་དག། ཡེ་ཤེས་སྣང་བས་ཀུན་ཁྱབ་ཅིང་།། བདུད་བཙམ་འོད་དང་རྡོ་རྗེ་ལྡན།། མི་མཉམ་མེད་པོ་ཟུར་བཞི་པ།། འཕགས་པའི་བདེན་པ་ངོས་བཞི་ཉིད།། དྲན་ནས་དབང་པོ་སྒོ་བཞི་སྟེ།། བསམ་གཏན་རྣམས་ཀྱི་རྟ་བབས་ཉིད།། ཚོན་སྣ་ལྔ་པོ་སངས་རྒྱས་ཏེ ་དགེ་བའི་སྤྱོད་པ་ཤིཪྵི་ཀ། དྲ་སོགས་བྱང་ཆུབ་ཡན་ལག་བདུན།། བ་དན་དྲིལ་བུ་གསུང་རབ་སྒྲ།། ཏིང་ངེ་འཛིན་གྱི་ཁ་ཁྱེར་ཏེ།། གཟུངས་ནི་འདོད་པའི་ལྷ་མོའོ།། པདྨ་འདམ་གྱིས་མ་གོས་ཏེ།། གཅོད་བྱེད་འཁོར་ལོ་རྣམས་ཡིན་ནོ།། ཡེ་ཤེས་ཐུགས་དང ་གསུང་གི་སྐུའི།། འཁོར་ལོ་བསྐོར་བ་ཕྲེང་བ་བཞིན།། རྣམ་ཐར་བརྒྱད་ཀྱི་ཀ་བ་སྟེ།། སྣ་ཚོཌ་ཆོས་འཁོར་རྒྱལ་པོའི་གནས།། འཁོར་ལོ་གདགས་ཀྱི་རྣམ་པར་མཛེས།། ཆོས་ཀྱི་དབྱིངས་སུ་རོ་གཅིག་ཕྱིར།། རྩེ་མོ་རྡོ་རྗེས་བརྒྱན་པ་ཉིད།། ཇི་ལྟར་ལྷ ་ཡི་དག་པ་ནི།། ལོངས་སྤྱོད་ཆོས་སྐུ་ལྟ་བུར་ཤེས།། དེ་ཉིད་མཐོང་བའི་སློབ་མ་ཡིས།། མཎྜལ་མཆོད་པ་རྣམས་ཕུལ་ནས།། དགའ་བ་དེ་ཡིས་ནི་གནས་པར་བྱ།། དེ་ནས་གསང་བའི་དབང་གི་ཕྱིར།། མདོག་དམར ་མཎྜལ་ལེགས་ཕུལ་ནས།། སྨན་དང་ཁམས་ཀྱི་རིན་ཆེན་དག། ཇི་ལྟར་འབྱོར་པ་དབུལ་བར་བྱ།། འདོད་པས་ཉེ་བར་མཉེས་བྱས་པའི།། ཕྱག་རྒྱ་མཆོག་ནི་ཉེར་བརྟགས་ནས།། གདོང་བཅིང་དྲ་བའི་ཕྱི་རོལ་ནས།། གུས་པས་གསོལ་བ་གདབ་པར་བྱ།། བཅོམ ་ལྡན་ཞི་བ་ཆེན་པོ་ཀྱེ།། རྡོ་རྗེ་སྦྱོར་ལས་ཡང་དག་བྱུང་།། མི་ཕྱེད་ཕྱག་རྒྱར་རབ་ཏུ་བསྒྲུབས།། རྡོ་རྗེ་རྣལ་འབྱོར་ལས་བྱུང་བ།། བདག་ཉིད་ཆེན་པོ་ཁྱོད་བཞིན་དུ།། གཙོ་བོས་བདག་ཀྱང་མཛད་དུ་གསོལ།། འཁོར་བའི་འདམ་གྱི་ཚོགས་ནང་དུ།། བྱིང་པོ་སྐྱབས ་མེང་བདག་ལ་སྐྱོབས།། ལན་གསུམ་དུ་ནི་གསོལ་བཏབ་ནས།། ཐལ་སྦྱོར་ཁ་སྒོར་འདུག་པ་ལ།། སློབ་དཔོན་ཕྱག་རྒྱར་ལྡན་པ་ཡིས།། རྣལ་འབྱོར་བརྟན་པར་དམིགས་ནས་ནི།། ཇི་སྲིད་ཐིག་ལེ་ལྡན་པ་རུ།། སྙོམས་པར་ཞུགས་ཏེ་ཆོས་བདག་ལ།། བྱང ་ཆུབ་རྡོ་རྗེ་སངས་རྒྱས་ལ།། དབང་ཚོན་དབང་བསྐུར་སྩལ་བ་བཞིན།། བཟང་པོ་བྱང་ཆུབ་སེམས་ཀྱིས་ནི།། དེ་རོང་བུ་ཁྱོད་དབང་བསྐུར་རོ།། ཚིག་དེས་ལྕེ་ལ་བཞག་པར་བྱ།། ཕྱག་རྒྱས་ཀྱང་ནི་དེ་བཞིན་ཏེ།། ཡང་ན་ཚིག་གིས་ལས་ཀྱིས་ནི།། གྲོལ་བའི ་བདག་ཉིད་བྱིན་པར་བྱ།། ཨ་ཧོ་སུ་ཁ་ཞེས་བརྗོད་ནས།། ལུས་ཀུན་བདེ་བས་གང་བར་བྱ།། དག་པ་ཡང་ནི་རབ་ཏུ་བརྗོད།། དེ་ནས་མཎྜལ་ཕྱག་བྱས་ནས།། ནོར་བུ་རིན་ཆེན་ཀུན་གྱི་མཆོག། སྔོན་བཞིན་གསོལ་བ་བཏབ་ནས་ནི།། རྡོ་རྗེའི་བདག་ཉིད་བྱས་པ ་ལ།། སྲུང་བ་དག་ནི་བྱས་ནས་ཀྱང་།། ལག་པར་ལག་པ་ལེགས་བྱིན་ཏེ།། སྤྱི་བོ་ནས་ནི་གཟུང་ནས་སུ།། དགའ་སྟེར་གནས་ཏེ་ལྷ་མོ་འདི།། སྣ་ཚོགས་གཟུགས་ལྡན་ཡིད་འོང་མ།། ཟུང་ཞིག་ཟུང་ཞིག་སེམས་དཔའ་ཆེ།། གཟུང་ནས་མཆོད་པ་རབ་ཏུ་བྱང ་ཐབས་གཞན་སངས་རྒྱས་མི་རྙེད་དོ།། འགྲོ་བ་གསུམ་ནི་ངག་བྱེང་པ།། དེ་བསོ་ཁྱོད་ཀྱིས་འདི་དང་ནི།། ནམ་ཡང་འབྲལ་བར་མི་བྱའོ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། རིག་པའི་བརྟུལ་ཞུགས་བླ་ན་མེད། བླུན་པོ་གང་གིས་འདི་སྤངས་ནས།། དེ་ལ་མཆོག ་གི་བདེ་བ་མེད། སློབ་དཔོན་གྱིས་ནི་བརྗོད་པ་དང་།། སྐྲབ་ཤིག་གོས་དང་བྲལ་བྱས་ནས།། བཤང་གཅི་དག་ནི་ཟ་བ་དང་།། ཁྲག་དང་ཁུ་བ་དེ་བཞིན་ཏེ།། ཤ་ཆེན་བསྟེན་པར་བུ་སྤྲོ་འམ།། བུད་མེད་རྣམས་ལ་གུས་པ་དང་།། བྷ་གའི་པདྨར་འོ་བྱེད ་པ། བུ་ཁྱོད་ཇི་ལྟར་དགའ་བ་སྨྲོས།། དེ་ལྟར་ཕྱག་རྒྱས་བརྗོད་ཐོས་ནས།། ལྷ་མོ་ཅི་ཕྱིར་བདག་མི་སྤྲོ།། ཁུ་ཁྲག་ལ་སོགས་བཟའ་བ་དང་།། བུད་མེད་རྣམས་ལ་རྟག་ཏུ་གུས་ཤིང་།། བྷ་གའི་པདྨར་ལོ་བགྱིད་དོ།། པདྨ་རབ་ཏུ་རྒྱས་བྱས་ཤིང་།། དྲི་ཞིམ་པས་ནི ་ལ་ཕྱེ་སྟེ།། སློབ་མ་ལ་ནི་མངོན་བལྟས་ནས།། ཨོཾ་མ་པ་ཡི་པདྨ་འདི།། བདེ་བ་ཀུན་དང་ཡང་དག་ལྡན།། ཇི་སྟེ་ཆོ་ག་བཞིན་བསྟེན་ན།། དེ་ཡི་མདུན་ན་ང་གནས་ཏེ།། སངས་རྒྱས་བརྙེན་པ་ལ་སོགས་པའི།། བྱ་བ་ཐམས་ཅད་པདྨས་བྱེད།། བདེ་ཆེན་རྒྱལ་པོ་རང་ཉིད ་འདི་ཉིད་དུ་ནི་ཡང་དག་གནས།། བྷཱཉྫ་མོཀྵཧོ།། རང་གི་ལྷ་ཡི་སྦྱོར་བ་ཡིས།། རྡོ་རྗེ་འདྲ་ལེགས་སྦྱངས་ནས།། བླ་མས་ཆོག་བརྗོད་བྱས་ཏེ།། སྦྱོར་སྦྱངས་དྲུག་པོའི་མངོན་འགྲོ་བས།། ཕྲ་བས་ཡེ་ཤེས་བསྐྱེད་པར་བྱ།། ཡེ་ཤེས་ཐིག་ལ་བརྟན་པ་དང་། ་དམ་ཚིག་འདི་ཡང་བསྒྲག་པར་བྱ།། མཚན་ལྡན་བུད་མེད་མཐོང་བ་དང་།། གཡོན་ནས་ལན་གསུམ་བསྐོར་བྱས་ཏེ།། ཐལ་སྦྱར་ནས་ནི་གསོལ་བ་གདབ།། འདོད་ཆགས་བྲལ་བ་ལྟ་བུ་ཡི།། ཁམས་གསུམ་ན་ནི་སྡིག་མེད་པས།། དེ ་བས་འདོད་ལ་ཆགས་བྲལ་བར།། ནམ་དུ་ཡང་ནི་མི་བྱའོ།། མ་ཧཱ་ས་མ་ཡ་ཧཱུཾ་ཕཊ།། དེ་ནས་ཚུལ་བཞིན་གནས་པ་ལ།། དག་པ་ཡང་ནི་རབ་ཏུ་བརྗོད།། འབྲས་བུ་རྣམས་ནི་ཕུལ་ནས་ཀྱང་།། ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ།། ཁྱོད་ཞབས་པདྨའི་བཀའ་དྲིན་གྱིས།། ་གཙོ་བོ་དབང་བསྐུར་རྣམ་གསུམ་ཐོབ།། དེ་རིང་རིན་ཆེན་བཞི་པ་ཡང་།། བདག་ལ་བཀའ་དྲིན་རབ་ཏུ་སྩོལ།། སློབ་མས་ལན་གསུམ་བརྗོད་ཐོས་ནས།། གོ་རིམ་རབ་ཏུ་བརྗོད་བྱས་ཏེ།། རིན་ཆེན་ཚིག་གིས་དབང་བསྐུར་ནས།། འདི་ཡིས་རབ་ཏུ་བསྟན་པར་བྱ།། ་འདི་ནི་རང་ཉིད་མཛེས་པ་སྟེ།། ཕྱི་རོལ་ཡུལ་ནི་རྣམ་སྤངས་པ།། རིག་འདི་བོར་ནས་དེ་ལས་ནི།། གཞན་པའི་ཐབས་ཀྱིས་སངས་རྒྱས་མེད།། རིག་མ་བརྟུལ་ཞུགས་སྤྱོད་གཅིག་པུ།། བརྟུལ་ཞུགས་རྣམས་ཀྱིས་བླ་མའི་བླ།། མཚན་མེད་བསམ་གྱིས ་མི་ཁྱབ་པ།། འདི་ལ་རྟག་ཏུ་གོནས་པར་གྱིས།། དེ་ནས་དག་པ་རབ་ཏུ་བརྗོད།། ལམ་གྱི་དམ་ཚིག་འདི་ཡང་སྦྱིན།། ཁྱོད་ཀྱི་སྲོག་རྒྱགས་བསད་པར་བྱ།། གཙུན་གྱི་བུད་མེད་རྣམས་སྤྱོད་ནས།། མེ་བྱིན་པར་ཡང་ཁྱོད་ཀྱིས་ལོང་།། ཐམས་ཅད་ལ ་ག་ས་བྱ་སྒོའིང་ནས། ཙས་འི་ཉེས་ཤའི་མི་མཚོའི་མི་བྱ། སཐོལ་ས་རྗོ་ཐོས་ས་རུ་འི་བ་གངས་པ་བྱ། དྲེ་ས ་དགེ་འདུན་རྣམས་ནི་མཆོད་པ་བྱ།། བྱིས་པ་རྣམས་ཀྱང་ཚིམ་པ་དང་།། སྐྱེ་བོ་ཀུན་ལ་ཅུང་ཟད་སྦྱིན།། དེ་ནས་དམ་ཚིག་ལ་གནས་པའི།། སྦྱོར་བ་ལེགས་པར་ཁོང་ཆུད་པར།། སློབ་དཔོན་ལས་ནི་རབ་ཏུ་བླང་།། བསྲུང་དང་བརྟེན་པ་བཟའ་བ་ཤིས།། ་དམ་ཚིག་འདི་ནི་བླ་ན་མེད།། དེ་ལ་འབོད་པས་བཙལ་བརྩོལ་བྱ།། དེ་ཡིས་འབྲས་བུ་རབ་རྫོགས་བྱེད།། དབང་བསྐུར་བ་རིམ་པར་ཕྱེ་བ་སྟེ། གསུམ་པོའོ།། ། དཀྱིལ་འཁོར་གྱི་ནི་ལས་རྣམས་དང་།། ལས་ཀྱི་དངོས་གྲུབ ་ཐམས་ཅད་ལ།། སྦྱིན་སྲེག་དང་ནི་བྲལ་གྱུར་ན།། འབྲས་བུ་འབྱུང་བར་མི་འགྱུར་བས།། དེ་བས་ཐམས་ཅད་དངོས་གྲུབ་རྒྱུར།། ལས་ཆེན་བརྒྱད་དམ་བཅུ་གཉིས་ཀྱིས།། སྦྱིན་སྲེག་ཡང་དག་ཆོ་ག་ནི།། རྣམ་པ་ཀུན་ཏུ་སྤྱད་པར་བྱ།། ལས་དང་མཐུན་པའི་ས ་གཞི་འམ།། དེ་ཡི་སཽ་ནི་ཡོངས་བཀང་སྟེ།། ཐང་ཁུང་མཚན་དང་ལྡན་པར་བརྟག། ཞི་བ་དཀར་ཞིང་ཁྲུ་གང་ཚད།། ཟླུམ་པོ་པདྨ་པད་ཕྲེང་ལྡན།། རྒྱས་ལ་ཁྲུ་རོ་སེར་པོ་སྟེ།། གྲུ་བཞི་འཁོར་ལོ་པདྨའི་ཕྲེང་།། དབང་ལ་ཟུར་གསུམ་ཁ་དོག་དམར།། ཁྲུ་གང་མདའ ་ཡི་ཕྲེང་བས་མཛེས།། དགུ་པ་ཉི་ཤུ་ལྕགས་ཀྱུས་མཚན།། དམཟེ་ཞིང་ཟུར་གསུམ་འོད་དང་ལྡན།། བསྲང་པ་བཅུ་གཉིས་ཟླ་གམ་སྟེ།། ནགེ་པོ་གྲི་གུག་ཕྲེང་བས་སྨྲས།། ད་བོ་ཁྱཱ་གང་རལ་གྲིར་ལྡན།། ཟུང་ལྔ་པ་ལ་ཁ་དོག་གནག། རྨོངས་པ་ལ་དྲུག་རས ་པ?་བྷ་ལ་དང་ལྕགས་སྒྲོག་མཚོན་མར་ས།། སེར་པ་ལུས་དུ་གློག་འི་བདག། བྱི་བཇི་བཞིན་བབྱུང་པོ་ལ།། ངས་བཞིན་སྲུང་དུས་གོང་ཤེས། ས་འི་ཚོགས་ཚབ་སྐྱེད་།། དྲུག་འཇོམས་པ་ལ་བསྤྱད།། ལུས་གྲ་ཚུ ་དེ་བཞིན།། རིགས་ལྔའི་མཚན་མ་ཡང་དག་དགོང་།། ཐབས་ལུང་དེ་དག་ཀུན་གྱི་ནི།། ཕྱེད་ཕྱེད་ཟབས་སུ་བརྐོས་ནས་ཀྱང་།། བཅུ་གཉིས་ཆ་ནི་ཕྱིར་བཀྱེད་དེ།། དྲུག་ཆ་སྟེང་དུ་བརྩིག་པར་བྱ།། དཀར་དང་དམར་དང ་ནག་པ་སྟེ།། ཁྲུ་དོ་ལ་སོགས་ཕྱི་རོལ་ནས།། རྟ་བབས་སྒོ་དང་ལྡན་པ་རུ།། ཟབ་ཀྱི་དབྱིབས་བཞིན་བསྐོར་བྱས་ལ།། སྒོ་ནི་འདོད་པའི་ཕྱོགས་སུ་བསྟན།། ཐབས་ཁུང་འདྲ་བར་གདན་བྱས་ཏེ།། གཡོན་དང་གཡས་སུ་མཆེད་ཡོན་དང་།། གཟར ་བུའི་སྟན་ཡང་དེ་བཞིན་ནོ།། ཡང་ན་རྡུལ་ཚོན་ཚུགས་སྤྱད།། ཞི་དང་རྒྱུས་ལཱ་འོ་མ་ཅནོ།། དཔུང་དང་དགུག་པ་སེང་ལྡེང་སོགས།། རྙིངས་རྨོངས་ཁ་དང་བསྒྲུབས་སོ།། གསང་པ་ལ་ནི་ཚོར་མའི་ཤིག། ཙན་དན་སྒྲོན་ཤིང་ཨཱ་ཀཱ་རུ།། དྲི་ཞིམ་འོ་མ ་དང་ལྡན་པ།། ལས་ཀུན་བྱེད་ལ་བསྡིགས་པ་སྟེ།། རྗེམ་གྱི་དབྱིབས་བཞིནི་བརྩིག་པར་བྱ།། གི་ལེལ་ལས་འབྱུང་བ་ལི།། ཡམ་ཤིང་སོར་ནི་བཅུ་གཉིས་སོགས།། ཇི་ལྟར་རིགས་པར་ཀུན་ཏུ་སྤྱད་།། ནི་རྒྱས་བྲམ་ཟེའི་ཁྱིམ་ལས་སྨྲས།། 6 ་འདུན་ཁྱིམ་ལས་བྱུང་བའང་རུང་།། བསྐྲང་སྡང་ཐ་མའི་ལས་བྱུང་བ།། དབང་དགུག་རྒྱལ་རིགས་ཁྱིམ་ལས་ཏེ།། སྨད་འཚོང་མ་དང་རྗེའུ་རིགས་དང་།། གར་མཁན་ལས་ཀྱང་རབ་ཏུ་བརྟག། རེངས་རྨོངས་རྗེའུ་རིག་རབ་ཏུ་རྨོངས།། གསང་ལ་གཏུམ ་བྱེད་ཡུགས་སའི་ཁྱིམ།། རྡོ་འམ་ལྕགས་ལས་སྐྱེས་པའང་རུང་།། ཡམ་ཤིང་ལེགས་པར་བསྲེགས་ནས་སུ།། ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ།། ཞེས་པས་ན་མ་ནི་ལས་ཀྱི་ཕྱོགས་ནས་སྦར།། བསང་སྟེ་མེའི་ལྷ་བསྐྱེད་བྱ།། ལས་ཀུན་བྱེད་ལ་དཱུར་བའི་མདོག ་ཞལ་གཅིག་མིག་སེར་གོས་ལྗང་སེར།། ཁམ་ནག་བྱོར་ཚུགས་མི་བསྐྱོད་འཛིན།། རྡོ་རྗེ་བགྲང་ཕྲེང་དྲིལ་པང་ལྡན།། ཞི་ལ་དཀར་ཞིང་པདྨ་དཀར་དང་།། ཤེལ་ཕྲེང་སྤྱི་བླུགས་ཆུ་སྤྱོད་འཛིན།། རྒྱུས་ལ་དཀར་སེར་འཁོར་ལོ་དང་།། མུ་ཏིག་ཕྲེང་བར་སྤྱི་བླུགས ་འཛིན།། གསང་ལ་མདོག་གན་གི་རུས་པས་བརྒྱན།། དོན་ཡོད་པས་ནི་དབུ་རྒྱན་ཅིང་།། གྲི་གུག་རྩི་གསུམ་ཐོང་བ་དང་།། ཁ་ཊྭཱཾ་ག་ནི་གཡོན་ན་འཛིན།། བསྐྲང་སྡང་རལ་གྲི་རྩེ་གསུམ་གཡས།། ཐོད་པ་ཁ་ཊྭཱཾ་གཡོན་པ་ན།། དབང་ལ་མདོག་དམར་མདའ་དང་ནི།། རིན ་ཆེན་གཞུ་དང་དང་མེ་ལོང་འཛིན།། འདོད་ཆགས་རིན་ཆེན་འབྱུང་ལྡན་འཆང་།། དགུག་པ་ལྕགས་ཀྱུ་རིན་ཆེན་དང་།། རྡོ་རྗེ་ཞགས་པ་མེ་ལོང་ཉིད།། རྨོངས་ལ་མདོག་སེར་སྦྲུལ་དབྱུག་དང་།། འཁོར་ལོ་ཐོ་བ་རྣམ་སྣང་བསྐུར།། རེངས་ལ་ལྕགས་སྒྲོག་ཐོབ་དང་། ་འཁོར་ལོ་ཕུར་བུ་ནི་བཟའ་ཟེར།། རིགས་མཐུན་ལས་ཀྱི་ས་བོན་ལས།། ཐག་ཁུང་དབུས་སུ་བསྐྱེད་ནས་ཀྱང་།། སྔགས་འདིས་བདག་པོ་སྤྱན་དྲང་བྱ། ཨོཾ་ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ།། ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག། སྲེག་བླུགས་ཞལ་ཟས་བཞེས་སླད་དུ།། ་ཆེན་པོ་འབར་བའི་སྟན་ལ་བཞུགས།། བཛྲ་དྷི་ཨཱཛྙཱ་པཱ་ཡ་ཏི་སྭཱ་ཧཱ།། བསངས་ཏེ་དགུག་གཞུག་བཅིང་སོགས་བྱ།། ཨོཾ་དང་སྭཱ་ཧཱ་བར་གནས་པོས།། མཆོད་ཡོན་མེ་ཏོག་ལེ་སོགས་པ།། བཞི་ཡི་སྣོང་དུ་དབུལ་བར་བྱ།། མཆོད་སོགས་རྫས་རྣམས་ཐམས་ཅད ་ནིད། ཞི་རྒྱས་དྲི་ཞིམ་དཀར་བ་ཉིད།། དབང་དགུག་དྲི་ཞིམི་དམར་བའི་རྫས།། བསང་བསྐྲང་དབྱེ་ལ་དྲི་ང་ནག། རེངས་རྨོངས་སེར་ནའི་བྲི་བ་པ།། ཞི་ལ་འོ་མ་རྒྱས་ལ་ཞོ།། དབང་ལ་མངར་དམར་དགུག་པ་ལ།། ཏིལ་མར་རབ་ཏུ་ཤིས་པ་ཡིན།། གསང་ལ་མཆིན་པ ་བསྐྲང་ལ་ཤ། རྨོངས་ལ་སྲན་ཆུང་རེངས་པ་ལ།། ཉ་དང་ཙ་ན་ཀ་ཉིད་ཤིས།། ཞི་ལ་ལྷོར་གནས་སྲིན་པོར་རྒྱས།། ཆུ་ལ་གསད་པ་བསྐྲང་དབྱེ་རླུང་།། དབང་ལ་ནོར་སྦྱིན་དབང་ལྡན་དགུག། མེ་ལ་རེངས་པ་ཤར་དུ་རྨོངས།། ཞི ་མ་ཟླ་བ་རྒྱས།། གསང་སྡང་བསྐྲད་ལ་སྤེན་པ་སྟེ།། པ་བ་སངས་ཀྱིས་དབང་དུ་གྱུར།། དགུག་ལ་ཕུར་བུ་ལག་ལ་རྨོངས།། རེངས་ལ་མིག་དམར་དུས་ཀྱི་མེ།། ལོས་རྣམས་ཐམས་ཅད་བྱེད་པར་གསུངས།། དངུལ་ལམ་གསེར་རམ་ཟངས་སམ ་ལྕགས།། ར་གན་མི་རུས་ལས་བྱུང་བའི།། མཆོད་སྦྱིན་སྣོད་ནི་ལེགས་པར་བརྟག། དགང་གཟར་བླུགས་གཟར་ཡུ་བ་ཁྲུ།། སོར་དྲུག་རྡོ་རྗེ་རིན་ཆེན་བཅས།། གྲུ་བཞི་སོར་བཞི་ལྟེ་བ་ཟླུམ།། སོར་གཉིས་སེར་གཅིག་རྡོ་རྗེ་མཛེས།། པད་འདབ་མཐེ་བོང་ལྷོ། ་བའི་ཚད།། སོར་བཞི་རྩེ་གསུམ་མཐབ་ཆུང་ཆུང་།། ཆོ་གོ་མཐོང་བས་ཤེས་པར་བྱ།། སྙོམས་སུ་མཐེ་བོའི་ཆེད་བྱས་ནས།། རང་རང་གི་ནི་དྲིས་བསྒོས་ཏེ། ཤིན་ཏུ་དག་པོའི་བདག་ཉིད་བྱ།། ཤེས་རབ་ཐབས་ཀྱི་རང་བཞིན་གྱིས།། ནམ་དུ་ཡང་ནི་བྲལ་མི་བྱ།། རང ་རང་གི་ནི་ཐབ་ཁྲུང་དང་།། དབྱིབས་འདྲ་དེ་ཡོ་མཚན་མར་བཅས།། སོ་སོའི་ལས་ལ་དེ་ཡང་ཤིང་།། མཐེ་བོས་མཐེང་ཆུང་མནན་པ་དང་།། སེར་མོ་ལྔ་ནི་ལེགས་གནབས་པའོ།། གཡས་དང་གཡོན་གྱི་ལག་པ་འམ།། ཅི་བདེ་བར་ཡང་སྦྱང་པར་གསུངས།། ་སྤྱད་འོས་པར་ནི་གཟར་བུ་སྷོ།། གཞན་རྣམས་ཀུན་བུ་ལགས་པས་སོ།། འཇིགས་སོགས་གཡེང་བ་ཕྱིར་བསལ་ཏེ།། སེམས་ནི་ལས་གང་སྒྲུབ་པ་ཡིས།། བསམ་གཏན་ལ་ནི་རྩེ་གཅིག་པས།། མེ་ནི་འབར་བ་ཡོངས་ཤེས་ནས།། ཨོཾ་ཨ~ཾགྣ་ཡེ་སྭཱ་ཧཱ། ་སྔགས་དེ་སྔ་མར་གྱི་སྲེག་བླུགས་དག། གསུམ་མམ་ལྔ་འམ་བདུན་དུ་དབུལ།། མེ་ཡི་ལྟས་ནི་ཡོངས་ཤེས་ཤིང་།། བགེགས་བསལ་མེ་ལ་སྲེག་བླུགས་དབུལ།། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏེ་ཛྭ་ལ་ཡེ།། སརྦ་བྷིསྨིཾ་ཀུ་རུ་སརྦ་བིགྷྣཱཾ་ཧཱུཾ་ཕཊ།། ཨ་མུ ་ཀེ་སྱ་ཤཱ་ཏ~ཾ་ཀུ་རུ་སྭཱ་ཧཱུཾ།། ཡམ་ཤིང་ལེགས་པར་དབུལ་བར་བྱ།། ཨོཾ་སརྦ་པཱ་བཾ་ད་ཧ་ན་བཛྲ་ཡ།། སརྦ་པཱ་པཾ་ཤནྟིཾ་ཀུ་རུ་སྭཱ་ཧཱ།། ཏིལ་ནི་སྡིག་པཞི་ཕྱིར་དབུལ།། ཡུངས་ཀར་འབྲས་ཆན་ཞོ་དང་ཟན།། ཀུ་ཤ་དྷརྦི་ནས་དང་གྲོ། འབྲིས་དང་མ ་སོ་བར་བཅས།། ཤིང་ཏིག་མེ་ཏོག་ལ་སོགས་པ།། སྔར་བཞིནི་སྔགས་ཀྱིས་དབུལ་བར་བྱ།། ཀུན་བྱེད་ལ་སོགས་འཇམ་པ་ཡི།། ལས་ལ་འདི་ཤིས་གསང་སོགས་བཞིན།། ལས་མཐང་སོ་སོའི་སྔགས་ཤེས་ནས།། སོ་སོའི་འདུག་སྟངས་ལ་སོགས ་བ8། མཁས་པས་མན་ངག་ལྟར་ཤེས་ནས།། ཆོ་ག་ཀུན་ཏུ་སྤྱད་པར་བྱ།། ཆང་དང་ཤ་རློན་བདུད་རྩི་དག། ཀུན་ལ་རབ་ཏུ་སྦྱར་བར་བྱ།། མེ་ནི་རབ་ཏུ་ཚིམ་བྱས་ནས།། མཆོད་དེ་རབ་ཏུ་བསད་བྱས་ནས།། འབར་བའི་བདག་ཉིད་བསམ་པར་བྱ།། ཇི་སྐད་བཤད ་པའི་ཆོ་ག་ཡིས།། དཔལ་ལྡན་ཁྲག་འཐུང་སོགས་བསྐྱེད་ནས།། ལས་ཀྱི་རྒྱན་སོགས་དང་ལྡན་པའི།། ཡེ་ཤེས་མེ་ནི་སྤྱན་དྲངས་ཏེ།། ཞབས་བསལ་མཆོད་ཡོན་འཐོར་འཐུང་སྦྱར།། མེ་ཏོག་བཤོས་ཀྱིས་མཐར་ཐུག་པར།། དང་པོར་རྫོག་པར་སྤྱད་དེ་མཆོད ་དེ་ནས་པུས་མོའི་ནང་ཆུད་པ་རེ།། ལེག་ལོ་གཉིས་རྡོ་རྗེ་ཁུ་ཚུར་གྱིས།། གཟེར་བུ་ལེགས་པ་གཟུང་བྱས་ལ།། ལན་བདུད་དུ་མི་དགང་བླུགས་དབུལ།། དེ་ནས་རྩ་བའི་སྙིང་པོ་ཡིས།། སྟོང་ནས་ཉི་ཤུ་གཅིག་གི་བར།། ཙི་ནུས་པར་ནི་དབུལ་བར་བྱ།། དེ་ནས་ནང ་གི་མཆོད་པ་དང་།། དགང་བླུགས་གསུམ་ནི་དངུལ་བར་བྱ།། འཇོམས་མ་ཡི་ནི་མཐར་ཐུག་པར།། ཐམས་ཅད་ལ་ཡང་བདུན་བདུན་ཏེ།། སྣ་ཆོ་གསུམ་ཆད་པས་ཀུན་མཆང་ནས།། ལ་གེ་བདུན་འི་སྔགས་ཀྱུས་ནི།། དགང་བླུགས་བདུན་དུ ་ཕུལ་ནས་ཀྱང་།། རོལ་མོ་རྣམས་ནི་བརྡུང་བ་དང་།། མེ་ཏོག་དོར་ཞིང་བཀྲ་ཤིས་བརྗོད།། བསྟོད་དེ་འདོད་པའི་དོན་བླངས་ནས།། བཟོད་པ་གསོལ་ཏེ་དཔའ་བོ་དག། ཨོཾ་དང་ཀྲྀ་ཏེ་བ་ལ་སོགས།། མུཿཡི་ཡཾ་གེས་གཤེགས་སུ་གསོལ།། དེ་ནས ་བསངས་ཏེ་སྔར་བཞིན་དུ།། རང་འདོད་ལས་ལ་མེ་ཡི་ལྷ།། ལན་བདུན་དུ་ནི་མཆོད་པར་བྱ།། དགང་བླུགས་དག་པར་ཕུལ་ནས་ཀྱང་།། མཆོད་བསྟོད་གསོལ་བ་ལ་སོགས་བྱས།། ལས་བཅོལ་གཏོར་མ་རབ་ཏུ་སྦྱིན།། གཤེགྶ་ཏེ་བདག་ཉིད་བསྲུང ་བར་བྱ།། དངོས་གྲུབ་ཀྱི་ནི་ལས་རྣམས་ལ།། རྒྱུད་ལྔ་ཇི་སྐད་བཤད་པ་ཡི།། རྫས་དང་རང་གི་སྔགས་ཤེས་ནས།། སྦྱིན་སྲེག་རབ་ཏུ་སྤྱད་པར་བྱ།། སྦྱིན་སྲེག་གི་རིམ་པར་ཕྱེ་བའོ།། ། གཞན་ཡང་རྡོ་རྗེ་སློབ་དཔོན་གྱི།། ་ལས་ཀྱི་ཆོག་རྣམས་ཕྱེ་བ།། རབ་ཏུ་གནས་པའི་ཆོ་ག་མཆོག། འབྱོར་པ་ཤེས་ནས་བྱ་བར་གསུངས།། ལྷ་མཚམ་ས་རྒྱལ་ལ་སོགས་པ་ཡོ།། བའི་དང་སྒྱུར་མ་ཡང་པོ་བརྟགས་ཏེ།། བཟང་པོས་དད་པས་མངོན་བྲིས་པའི།། མཉམ་པ ་ལྡན་ནས་ནོག་མེད།། ལྕོག་ཆད་འཁྲུལ་པ་སྤངས་པ་ཡི།། སྐུ་གཟུགསོ་ལ་སོགས་ལེགས་བལྟས་ནས།། ཡིད་འོང་བགེགས་བྲལ་ས་གཞི་ལ།། དཀྱིལ་འཁོར་གྱི་ནི་ཚད་ལྡན་པར།། ཁྲུ་གང་གྲུ་བཞི་བྱས་ནས་ཀྱང་།། བླ་བྲེ་གདུགས་དང་མེ་ཏོག་ཕྲེང་།། ་དུད་དང་རྔ་ཆེན་སོགས་པས་བརྒྱན།། སེར་པོའི་གོས་ཀྱིས་ལེགས་གཡོག་ཏེ།། སྔོན་བཞིན་དུ་ནི་སྦྱང་བར་བྱ།། དངོས་སམ་ཡང་ན་གཟུགས་བརྙན་ལ།། བ་ཡི་རྣམ་ལྔས་ལེགས་བསྐུས་ཏེ།། དུར་བའི་ཕོན་གྱིས་རབ་ཏུ་བླུང་།། འབྲུ་མར་གྱིས་ནི་བསྐུས་ནས་སུ།། ཤིང ་ཤུན་མ་ཤ་ལ་སོགས་ཕྱེས།། སྐུ་ནི་རབ་ཏུ་ཕྱི་བར་བྱ།། སྐྱུ་རུ་ལ་སོགས་འདག་ཆལ་ལྔས།། བཀྲུས་ཤིང་ཤིས་པ་ཡང་བརྗོད་ནས།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་བཛྲ་སྭཱ་ཧཱ།། སྔགས་དེ་རབ་ཏུ་བརྗོད་བྱས་ནས།། ཕྱི་དང་ནང་གི་ཁྲུས་བྱའོ།། ཕྱིས་དེ་དྲི་ཡིས། ་ཕྱུག་ནས་སུ།། མཆོད་པ་ཀུན་གྱིས་རབ་པོ་མཆོད་ནས།། སྙིང་མགྲིན་མཚོགས་མ་དཔུང་གཙུག་ཏུ།། ཉེ་རེག་དག་ནི་སྦྱིན་བྱ་སྟེ།། སྔོན་བཞིན་སྙན་གསན་དབབ་པར་བྱ།། སྟོང་སོགས་གཅིག་གསུམ་བཞི་འམ་ནི།། ལྔ་ཡིས་རང་ལྷའི་བདག་ཉིད་བསམ།། སྒྲ ་རྣམས་གསུང་གི་རྡོ་རྗེ་སྟེ།། ལྷ་ཁང་མཆོད་རྟེན་སོགས་སྐུ་ཉིད།། རྡོ་རྗེ་ཕུར་བུ་ལ་སོགས་ཐུགས།། མང་པོ་དེ་ཡི་ཆོ་ག་དགོ། སྒྲུབ་པོས་གང་ཞིག་མི་ཤེས་ན།། རྡོ་རྗེ་འཆང་ཆེན་བདག་ཉིད་བྱ།། ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི།། མགོན་པོ་རབ་བསྐུལ་དགུག ་སོགས་བྱ།། དབང་བསྐུར་མཆོད་པའི་མཐར་བྱས་ནས།། དེ་ཡི་སྙིང་པོ་བརྒྱ་རྩ་བརྒྱད།། མ་ཡངས་དགའ་བའི་སེམས་ཀྱིས་བཟླས།། དེ་ནས་གཤེགས་ཏེ་རབ་ཏུ་བསྲུང་།། རྫིང་དང་ཁྲོན་པོ་ལ་སོགས་པ།། མདོག་དཀར་ཆུ་ལྷའི་བདག་ཉིད་དེ།། སྲད་དང་ཟམ་པ་རི ་ལ་སོགས།། མདོག་སེར་སོ་སོའི་ལྷར་བསྐྱེད་བྱ།། རྡོ་དང་ས་བཞི་ལ་སོགས་པ།། ས་ཡི་ལྷ་མོ་ཡོངས་ཤེས་བྱ།། གནོད་སྦྱིན་སོགས་གཟུགས་རང་ཉིད་ཤིས།། མཆོད་ལ་སོགས་པ་རང་རང་ཚུལ།། མཁས་པས་ཡང་དག་ཤེས་པར་བྱ།། ལན་མང་དུ་ནི་བྷུར་བསལ ་བ8། རབ་གནས་ལ་ནི་ཡོངས་སུ་བསྔགས།། དེ་ལྟར་ལྷག་པར་གནས་བྱས་ནས།། སྔ་དྲོ་ཡི་ནི་དུས་མཆོག་ལ།། མཆོད་སོགས་འབྱོར་པ་ཀུན་ལྡན་པས།། དཔའ་བས་རྣལ་འབར་རྫོགས་བྱས་ཏེ།། མཆོད་དེ་ལྷ་ལ་གངས་པར ་གསོལ།། སྔ་མ་བཞིན་དུ་ཀུན་སྤྱད་ནས།། མེ་ཏོག་ཕྲེང་བ་ཡོངས་བཏགས་ཏེ།། རྒྱས་པའི་ཕྱིར་མི་སྦྱིན་སྲེག་དབུལ།། མེ་ལོང་ལ་ནི་ཁྲུས་བྱས་ཏེ།། གསེར་གྱིས་ཐུར་མ་གཡས་ཐོགས་ནས།། ཨོཾ་ཙཀྵུ་ཙིཀྵུ་ས་མནྟ་ཙིཀྵུ་བི་དྷ་ཤེ་དྷ་ནི་བཛྲ་སྭཱ་ཧཱ།། རྒྱལ་རྣམ ་ཀྱི་ནི་སྤྱན་ཕྱེ་ནས།། སྔགས་འོདས་ཚོགས་ཀྱི་རྫས་རྣམས་དབུལ།། ཨོཾ་ཨཱཿདཱི་བྱ་ཨནྡྲ་ས་མཱ་དྷི་དྷཱ་ན་པྲྀ་ཎཾ་ནེ་སྭཱ་ཧཱ།། དེ་ནས་སློང་མ་དང་ལྡན་པས།། ཁྱིམ་པ་འང་རབ་ཏུ་བྱུང་བ་ཡི།། གོས་དང་ཕྲེང་བ་རྒྱན་ལ་སོགས།། མཁེ་བའི་ཡོ་བྱད་ཀུན་སོགས་ཏེ།། ་ཤིས་པ་རབ་ཏུ་བརྗོད་བྱས་ནཱ།། ལྷ་རྣམས་ལ་ནི་དབུལ་བར་བྱ།། ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ།། སྡིགས་ངེས་བརྟན་པར་བྱས་ནས་ཀྱང་།། ཙཱ་རུའི་མཆོང་བས་ཡང་དག་བྱ།། རྡོ་རྗེ་སློབ་དཔོན་ལངས་ནས་ཀྱང་།། ཙཱ་རུའི་བཟའ་བ་ལག་ཐོགས་ཏེ།། ཤིས་པ ་རབ་ཏུ་བརྗོད་བྱས་ནས།། དེ་བཞིན་གཤེགས་པས་གསོལ་པ་ཡི།། ལྷག་མ་སྡིག་པ་སྦྱང་ཕྱིར་དང་།། བཀྲ་ཤིས་རྣམ་པ་སྣ་ཚོགས་ཕྱིར།། དགའ་བའི་སེམས་ཀྱིས་རབ་ཏུ་ཟོ།། ཚིག་དེས་ཡོངས་སུ་བསྒོ་བ་དང་།། ལོངས་སྤྱོད་ལྷ་ལ ་མཚང་སོགས་བྱ།། དེ་ནས་སློབ་དཔོན་སེམས་དགེ་བས།། འཇིག་རྟེན་སྐྱོང་བ་ཐམས་ཅད་དང་།། གནོད་སྦྱིན་སྡེ་དཔོན་རྣམས་མཆོད་ནས།། བསྟན་པ་ཡུན་རིང་གནས་བྱའི་ཕྱིར།། མ་ལུས་པ་ནི་རབ་བསྒོ་ཞིང་། ་གཅིག་ལ་ངེས་པར་གཏད་པར་བྱ།། དེ་ནས་བཀྲ་ཤིས་ངེས་བྱས་ནས།། རང་རང་གི་ནི་གཟུགས་སུ་བྱ།། དེ་ལྟར་ཆོ་ག་ཀུན་བྱས་ནས།། དགེ་འདུན་ལ་སོགས་མཆོད་པར་བྱ།། སློབ་དཔོན་ཡོངས་སུ་མནྟས་བྷྱ ་ནས། ལྷ་ལ་རྒྱས་པའི་མཆོད་པ་བྱ།། རབ་ཏུ་གནས་པ་མདོར་བསྡུས་པ་སྟེ། དགུ་པའོ།། ། བླ་མ་ལས་ཐོས་གཞུང་མང་མཐོང་བ་དང་།། གཞན་ལ་རྣམ་བརྩེས་འཁོར་ལོ་སྡོམ ་ཤྲཱི། ལས་གསུང་བསྣར་དེ་ལས་དགི་བཞིག། ཐེབ་བྱ་ས་མི་། རྣམས་སངས་རྒྱས་ཤོཿ། དཔལ་ལྡན་འཁོར་ལོ་སྡོམ་པ་འཆག་དེ་ཁོན་ཉིད་ལ་འཇུག་པ་ཞེས་བྱ་བ། ་དཔོན་རིགས་པའི་བརྟུལ་ཞུགས་པ་དཔལ་དཱ་རི་ཀཱ་པས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་བཛྲ་དང་། ལོ ་བ་དགེ་སློང་ཉི་མ་རྡོ་རྗེ་དང་། སྤྱིལ་ཅིག་གི་ཐོ་གར་དགེ་མཛེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། འཇིག་རྟེན་འདི་ལ་བརྩོན་འགྲུས་དང་ལྡན་པས། འཁོར་ལོ ་སྡོམ་པའི་ཆོས་ལ་དད་པ་རབ་ཏུ་སྐྱེསོ།། འཇིག་རྟེན་འདི་ད་ཕྱི་མ་ངོན་རྟོགས་ནས།། ཡང་དག་རྫོགས་པའི་བྱང་ཆུབ་དམ་པ་རྟོགས་པར་ཤོག། ་