CLOSE WINDOW

GT1478: bzlas pa'i phreng ba'i mtshan nyid
Wyliee-texts produced with BDRC’s OCR application

ཎྱ་གཱར་སྐད་དུ། ཨཀྵ་བྱཱ་ཏྲ་ཝཱཀྵ་ཎ། བོད་སྤྱད་དུ། བཟླས་པའི་ཕྲེང་བྱའི་མཚན་ཉིད་ཐམས་ཅད་མཁྱེན་པ་ལཱ་ཕྱག་འཚལོ།། རྡོ་རྗེ་སེམས་དཔའ་ལ་ལྷ་མོ་སངས་རྒྱས་སྤྱན་མས ་ཞུས་པ། བཟླས་པའི་ཕྲེང་བའི་དོན་ཅི་ལགས།། མཆོག་གི་དབང་ཕྱུག་གིས་གསུང་དུ་གསོལ།། རྡོ་རྗེ་སེམས་དཔས་གསུངས་པ། ལྷ་མོ་ཉོན་ཅིག་རབ་ཏུ་བཤེད་དོ།། ཁྱོད་ཀྱིས་ཞུས་པ་དེ་བརྗོད་པོར་བྱའོ།། དེ ་ཐམས་ཅད་ཀྱི་གཏམ་བཤད་དོ།། སེམས་ཅན་ཐམས་ཅད་ལ་ཕན་པོའི་དོན་དུའོ།། མི་སྤོང་བའི་སེམས་ཀྱི་སྡོམ་པ་དེ་བཞིན་དུ་བསོད་ནམས་དང་ཡེ་ཤེས་མི་སྤོང་བ་ཐོབ་པའི་རྣལ་འབྱོལ་པའི་བཟླས་པོའི་ཕྲེང་བ ་འདིའོ།། གང་ལ་བཟླས་པའི་ཕྲེང་བ་ལ་དད་པ་མོས་པ་གུས་པས་བཟུང་།། སྡིག་པ་ཐམས་ཅད་སྤོང་ངོ་།། སྡུག་བསྔལ་ཐམས་ཅད་དང་བྲལ་བར་འགྱུར་རོ།། གང་དུ་གཟུང་ན་མགྲིན་པ་དང་ལག་པའི་རྩ་བར་རོ།། དེས་ནི ་བྱ་བ་ཐམས་ཅད་འགྲུབ་པར་ངེས་སོ།། བཟླས་པ་བྱས་པས་ལྷ་མོ་དང་དཔའོ་ངེས་པར་གྲུབ་པ་རབ་ཏུ་སྟེར་རོ།། རྣལ་འབྱོར་མཆོག་གི་ས་ཐོབ་པའི་རྡོ་རྗེ་སེམསྣ་དཔའ་དང་མཉམ་པར་འབྱུང་།། བྱིས་པ་གཞོན་ནུ ་རྣམས་ཀྱིས་སྡིག་པ་མང་པོ་བྱས་པ་དང་། ཐམས་ཅད་སྤངས་པ་འབྱུང་བར་འགྱུརརོ།། རྐང་པ་གཅིག་པའི་བཟླས་པའི་སྐུད་པ་འཛིན་པ་ཡིས།། བཟླས་ན་ལྷའི་སྐྱེ་བ་དྲན་པར་འགྱུར་རོ།། ཕྱེད་ཀྱི་ཚོད་ཀྱིས་བཟླས་ནི ་དེ་རྩཝ་དང་ལྷྭ་མའི་རྗེ་མཐོང་ངོ་།། སྱཱ་པྣ་ཡཱིས་བནྡྷསྠཱནྟ་བཱནྡྷན་དྷའི་དག་སྦྱངས་པའོ།། རླུང་གི་ལ་བསྒྲུསྨྲ་པ་ས་ཡོན་ཏན་གླུ་ཅིག་འབྱུང་ངོ་།། ལུང་ཏུང་ལ་བཟླས་པས་ཡོན་ཏན་གཉིས་འབྱུང་།། ལྕགས་སྨྲ་གཟླས་པས་སྨོན ་ཏན་གསུམ་འབྱུང་།། ཏེ་ལྱཱ་ལ་བཟླས་པས་ཡོན་ཏན་བཞིའོ།། ནོར་བུ་མྲྀ་ཏིག་བྷུ་རུའི་ལ་བཟླས་པས་ཡོན་ཏན་བཅུ་དྲན་ནོ།། དབང་པོའི་དམིགས་ལྔ་བཟླས་པས་ཡོན་ཏནྟི་འབྱུང་ངོ་།། པདྨ་ལ་བཟླས་པས་ཡོན་ཏན་བྱ་བའོ།། ཡོན་ཏན་བྱེ ་བ་ཕྲག་བྱཱ་བྷཱ་རུ་དཱཀྵ་ལའོ།། བོ་དེ་ཙཾ་ལྔ་བཟླས་པས་བཅུ་དྲུག་དང་འདྲ་བར་དུས་འདས་པ་ཡོན་ཏན་དཔག་ཏུ་མེད་པ་འབྱུང་།། བཟླས་པས་ཕྲེང་བའི་ཡོན་ཏན་འདི་དག་རྡོ་རྗེ་སེམས་དཔས་གསུངས་པའོ།། མཁས་པས་ལྷག་པ་དང་ཚོད ་པར་མི་བྱའོ།། ལྷག་པ་ཆད་པ་ལ་བགེགས་ཆེན་པོ་འཇུག་གོ།། དེས་ན་མཉམ་པར་བྱའོ།། བཟླས་པའི་དུས་སོང་ནས་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ།། སྡིག་འཛུབ་སྙིང་གར་བྱས་ཏེ། མཛུབ་མོས་བཟླས་ནས་བགེགས་བཀུག་ནས་ཆར ་གཅོད་པར་འགྱུ་རོ།། དྨ་མོས་བཀྲ་སྱཱ་པྟས་བྷྲཱུཾ་ཚོམ་མེ་པརྱ་ད་སྒྲ་གྲུབ་འམྱོང་ངོ་།། སྲིན་ལག་དང་བགྲངས་པས་གན་ད་ཙྪིནཱི་མྱོད་སྱཻ་རྨཱབ~ཾ་འགྲུབ་གོ།། ཆུང་དུང་བགྲངས་བྱས་ཤ་ཟ་དགུག་པ་དང་བསྐྱེད་པ་འགྲུ་གྷྲ། ་མདོ་འཛིན་ལ་བསྐོར་ཞིང་བྱའོ།། བཟླས་པའི་ཕྲེང་བའི་མཚན་ཉིད་རྫོག་སོ།། པ་ཎ་ཌི་ཏ་པ་ར་ཧེ་ཏ་དང་། ལི་ཙ་བ་དགེ་སློང་ཤེས་རབ་རྒྱལ་མཚན་གྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། སཱ་ཀྲྀ་བི་དྷི ་