CLOSE WINDOW

GT1472: shes rab kyi pha rol tu phyin pa'i dkyil 'khor gyi cho ga
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། པྲདྡྷ་པཱ་ར་མཻ་ཏཱ་མཎྜ་ལོ་བ་ཡི་ཀ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དཀྱིལ་འཁོར་གྱི་ཆོ་ག། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག ་འཚལ་ལོ།། སྤྲོས་པའི་མཚན་མ་ལས་འདལ།། ཡུམ་མཆོག་དོ་ལ་ཕྱག་འཚལ་ནས།། བདེ་གཤེགས་ཀུན་འབྱུང་དམ་པ་ཡི།། དཀྱིལ་འཁོར་ཆོ་ག་བཤད་པར་བྱ།། དམ་ཚིག་ལ་སོགས་ཐོབ་པ་ཡིས།། དང་པོར་རེ ་ཤིག་བདག་མེད་པར།། མོས་པས་ནང་གི་ཁྲུས་བྱས་ལ།། གཉིས་པ་ཕྱི་ཡི་ཁྲུས་ཀྱང་བྱས།། མགྲིན་པར་པདྨ་བསམ་པར་བྱ།། མདུན་གྱི་འདབ་མར་ཨས་སྐྱེས་པའི།། ཟླ་བར་རྡོ་རྗེ་རྩེ་ལྔ་པར།། བསྐྱེད་དེ་ལྕེ་དེར་ཐིམ ་བར་བྱ།། རྡོ་རྗེ་ལྕེར་ནི་བསམ་བྱས་ནས།། སྔགས་བཟླས་པཱ་ལ་ནུས་པར་འགྱུར།། ལག་པ་གཉིས་ལ་ཡི་གེ་ཨིས།། ཟླ་བར་རྡོ་རྗེ་རྩེ་ལྔ་པ།། ཡཱི་གེ་ཧཱུཾ་གིས་བསྐྱེད་བྱོས་ཏེ།། ཁ་དོག་དཀར་པོ་བསྒོམ་པར་བྱ།། ལྷག་པའི་ནང ་དུ་ཐོམ་བྱས་ནས།། ཕྱག་རྒྱ་ཐམས་ཅད་བཅིང་བར་བྱ།། རྡོ་རྗེ་འཇིགས་བྱེད་ནས་བརྩམས་ནས།། བསྲུང་བའི་འཁོར་ལོ་ཐམས་ཅད་ཀྱང་།། རྡོ་རྗེ་རི་བོའི་མཐར་ཐུབ་པར།། མཁས་པ་ཡིས་ནི་བསམ་པར་བྱ།། ཤིན་ཏུ་མཉམ ་བཞག་སློབ་དཔོན་གྱིས།། ཀུན་ནས་ཡོངསུ་བསྐོར་བར་ནི།། རྡོ་རྗེ་ར་བ་དྲ་བ་སོགས།། ཕྱོགས་མཚམས་བཅིང་བར་བྱ་བའོ།། དེ་ནས་དེའི་རྗེས་ཐོགས་ལ།། སེམས་ཅན་ཀུན་ལ་ཕན་དོན་དུ།། གསུང་མཆོག་སྲས་དང་བཅས་པ་རྣམས།། ་མདུན་གྱི་ན་མཁར་བསམ་པར་བྱ།། ཕྱག་བྱས་ནས་ནི་མེ་ཏོག་དང་།། བདུག་པ་དྲི་ལ་སོགས་པས་མཆོད།། རྩ་བའི་རྒྱུད་ལས་གསུངས་པ་ལྟར།། མཆོད་པ་ཉི་ཤུས་མཆོད་པར་བྱ།། སྡིག་པ་ཐམ ་ཅད་བཤགས་བྱ་ཞིང་།། རྗེས་སུ་ཡི་རང་བསྐུལ་བ་དང་།། དེ་བཞིན་གསོལ་བ་གདབ་པ་དང་།། སེམས་ཅན་ཀུན་ལ་ཐུན་མོང་བསྔོ།། སྡོམ་པ་གཟུང་དང་སྡིག་པ་བྲལ།། ཡེ་ཤེས་དབབ་དང་ངན་སོང་དགུག། སྡིག་པ་བྲལ་བར་བྱ ་བའོ།། བདག་ཉིད་སེམས་དཔར་བསྐྱེད་ནས་ཀྱང་།། བྱིན་གྱིས་བརླབ་པར་བྱ་བའོ།། དེ་ནས་དེ་ཡི་རྗེས་ཉིད་ལ།། སྔགས་པ་གཞན་ལ་ཕན་བརྩོན་པས།། སྟོང་པ་ཉིད་ནི་རབ་བསྒོམས་ནས།། ཡི་གེ་ཧཱུཾ་ལས་བྱུང་བ་ཡིས།། རླུང་གིས་དཀྱིལ ་འཁོར་ནས་བརྩམས་ཏེ།། རི་རབ་གླིང་བཞི་རབ་ཏུ་བསྐྱེད།། དེ་ཡི་སྟེང་དུ་མཁས་པ་ཡིས།། རྡོ་རྗེ་དོན་ཚན་ལས་གྲུབ་པའི།། གཞལ་ཡས་ཁང་ནི་སྤྲུལ་པར་བྱ།། དེ་ཡི་གནས་སྲ་ཨ་སི་ཨས།། སེདྨོའི་གདན་ནི་བཅུ་གཅིག་བསྐྱེད།། ་སེངྒེའི་གདན་ནི་དབུས་མ་ལ།། པདྨ་ལ་གནས་ཟླ་བ་ལྀ།། དེ་སྟེང་བདག་ཉིད་འདུག་ནས་ཀྱང་། སྟོང་པ་ཉིད་དུ་རབ་བསྒོམས་ནས།། དེ་ཡི་རྗེས་ཐོགས་ཉིད་ལོ་ནི།། བདག་ཉིད་ཀྱི་ནི་སྙིང་ག་རུ།། དྷི་ལས་པདྨ་འདབ་དེརྒྱད་པ།། དེ་ཡོ་དབུས ་སུ་ཨ་ལས་ནི།། ཟླ་བའི་དཀྱིལ་འཁོར་རྣམ་པར་བསམ།། དེ་དཀྱིལ་ཡི་གེ་དྷི་བཀོད་དེ།། དེ་ཡི་འོད་ཀྱིས་བླ་མ་དང་།། ཕྱོགས་བཅུའི་བདེ་གཤེགས་རབ་ཏུ་མཆོད།། དེ་ནས་དྷི་ད་ལས་བྱུང་བ།། པདྨ་ཤེས་རབ་ཕ་རོལ་ཕྱིན།། གླགས་པ ་ངག་གིས་མཚན་པ་འམ།། འདི་དག་ཡོངས་སུ་གྱུར་པ་ལས།། ཕྱོགས་བཅུ་དུས་གསུམ་ཐམས་ཅད་ཀྱི།། བདེ་བར་གཤེགས་པའི་ཡུམ་གྱུར་པ།། ཤེས་རབ་ཕ་རོལ་ཕྱིན་པའི་ཡུམ།། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས།། སྐུ་མདོག་དུང ་ལྟར་དཀར་བ་ལ།། གཡས་པ་མཆོག་རྣམས་སྦྱིན་མཛད་ཅིང་།། གཡོན་པའི་ཕྱག་ན་བསྣམས་པ་ནི།། པདྨ་ལ་གནས་གླེགས་བམ་སྟེ།། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན།། བསམ་གཏོན་དག་ལ་རབ་གཞོལ་བ།། དྲོ་ཞིམ་མོ ་ཏོག་གིས་བརྒྱན་པའི།། རལ་པའི་ཅོད་པན་བརྒྱན་པའོ།། དེ་ལྟ་བུ་ཡི་ཡུམ་མཆོག་ལེ།། ལྷ་མོ་བརྒྱད་ཀྱིས་མཆོད་པར་བྱའོ།། སྙིང་ག་ལྐོག་མ་སྨིན་མཚམས་དང་།། སྤྱི་བོ་དག་གི་གནས་ཡང་།། དམ་ཚིག་ཕྱག་རྒྱས་བྱིན་གྱིས ་བརླབ།། སྦྱོར་བ་མཆོག་གི་ཏིང་འཛིན་ཅེས་བྱའོ།། ། ཕྱོགས་བཅུའི་དཀྱིལ་འཁོར་དག་ཏུ་ནི།། པདྨ་ལ་གནས་ཟླ་དཀྱིལ་དུ།། དྷི་ནི་བཅུ་རུ་གསལ་བ་ལསོ།། རྫོགས་པ་ཡི་ནི་ཚུལ་ཉིད་དུ།། ཕྱོགས་བཅུའི་སངས་རྒྱས ་གདོན་པར་བྱ།། ཤར་ཕྱོགས་པད་གནས་ཟླ་དཀྱིལ་དུ།། བདེ་གཤེགས་དཀོན་མཆོག་འབྱུང་གནས་ནི།། སྐུ་མདོག་དམར་སྐྱར་གནས་པ་ལ།། གཡས་པ་རིན་ཆེན་མཆོག་སྦྱིན་མཛད།། གཡོན་པ་ལྟ་བ་ཁུང་དུ་བརྟན།། དེ་ནས་གོ ་རིམ་བཞིན་དུ་ནི།། བདེ་གཤེགས་མྱ་ངན་མེད་པ་ནི།། སྐུ་མདོག་ན་མཁའ་ལྟ་བུ་ལ།། ཕྱག་གཡས་འཁོར་ལོ་འབར་བ་བསྒོམས།། གཡོན་པ་ལྟེ་བ་ཁུར་དུ་བརྟེན།། བདེ་བར་གཤེགས་པ་གསུམ་པ་ནི།། རིན་ཆེན་གྱི་ནི་འོད་འཕྲོ་བ། ་དུང་ལྟར་དཀར་བའི་སྐུ་མདོག་ལ།། གཡས་པ་མཆེ་གཙིགས་པ་བསྣམས།། གཡོན་པ་ལྟེ་བར་བརྟན་པའོ།། བྱང་ཕྱོགས་ཟླ་བའི་དཀྱིལ་འཁོར་ལ།། རྒྱལ་བའི་དབང་པོ་ཞེས་བྱ་བ།། སྐུ་མདོག ་ལྗང་གུ་འབར་བ་ལ།། གཡས་པའི་ཕྱག་ན་པདྨ་བསྣམས།། གཡོན་པ་ལྟེ་བར་བརྟེན་པའོ།། བདེ་བར་གཤེགས་པ་ལྔ་པཱ་ནི།། ཏིང་འཛིན་གླང་པོ་དམ་པའི་དཔལ།། བཅོམ་ལྡན་གསེར་གྱི་མདོག་འདྲ་བ།། ཕྱག་གཡས་ཆོས ་ནི་འཆད་པ་ལ།། གཡོན་པ་ཆོས་གོས་འཛིན་པོའོ།། བདེ་གཤེགས་པདྨ་དམ་པའི་དཔལ།། སྐུ་མདོག་དཀར་བ་ཉིད་ལ་ནི།། གཡས་པའི་ཕྱག་ན་དདྨ་བསྣམས།། གཡོན་པ་ལྟ་བར་བརྟེན་པའོ།། བདེ་བར་གཤེགས་པ་བདུན ་པ་ནི།། ཉི་མའི་དཀྱིལ་འཁོར་སྣང་བའི་དཔལ།། སྐུ་མདོག་རན་ཆེན་མར་གང་ལ།། ཕྱག་གཡས་ཉི་མའི་དཀྱིལ་འཁོར་བསྣམ་སྣ།། གཡོན་པ་ལྟ་བར་བརྟེན་པའོ།། དཀྱིལ་འཁོར་བརྒྱད་པའི་བདེ་གཤེགས་ནི།། སངས ་རྒྱས་གདུགས་ཆེན་དམ་པའི་དཔལ།། སྐུ་མདོག་ལྗང་གུ་འོད་དུ་འབར།། གཡས་པ་སྣ་ཚོགས་རྡོ་རྗེ་ལ།། གཡོན་པ་ལྕེ་བར་བརྟེན་པའོ།། སྟེང་གི་ཕྱོགས་ཀྱི་སངས་རྒྱས་ནི།། དགའ་བར་བྱེད་པའི་སེམས་ཅན་ལ།། ་སྐུ་མདོག་ཨུཏྤལ་སྔོན་པོ་ལ།། ཕྱག་གཡས་རིན་ཆེན་བུམ་པ་བསྣམས།། གཡོན་པ་དཀུ་རུ་བརྟེན་པའོ།། བདེ་གཤེགས་བཅུ་པ་ཞེས་བྱ་བ།། པདྨ་དམ་པའི་དཔལ་ཞེས་བྱ།། སྐུ་མདོག་གསེར་ལྟར་འབར་བ་ལ།། ་གཡས་པ་པདྨ་བསྣམས་པ་ལ།། གཡོན་གྱིས་ལྟེ་བར་བརྟེན་པའོ།། བདེ་གཤེགས་འཁོར་གྱི་སེམས་དཔའ་ནི།། གཡོན་པ་པདྨ་འཛིན་པ་ལ།། གཡས་པ་རང་གི་མཚན་མ་འཛིན།། རང་གི་རིགས་ཀྱི་མདོག་འཛིན་པའོ།། ཟླ་བ་པདྨ ་ལྡན་པ་ལ།། ཨོཾ་ཡི་ས་བོན་ལས་བྱུང་བ།། ཆོས་ཀྱི་རྒྱལ་མཚན་སེམས་དཔའ་ཆེ།། མདོག་དཀར་ཆུ་སྲིན་རྒྱལ་མཚན་བསྣམས།། ཏྲཾ་གཱི་ས་བོན་ལས་བྱུང་བ།། སེམས་དཔའ་དབང་ཕྱུག་རྒྱལ་པོ་ནི།། ན་མཁའི་མདོག་ཅན་ལྕགས ་ཀྱུ་བསྣམས།། ཏྲི་ཡི་ས་བོན་ལས་བྱུང་བ།། བཀོད་པའི་རྒྱན་གྱི་སེམས་དཔའ་ཆེ།། མདོག་དཀར་མེ་ཏིག་ཨུཏྤལ་བསྣམས།། རིན་ཆེན་འོད་འཕྲོ་ལྗང་གུ་མདོག། རིན་ཆེན་འོད་འབར་བསྣམས་པའོ།། ཨ་ཡི་ས་བོན་ལས་བྱུང་བ། ་སེམས་དཔའ་སྣང་མཆོག་དཀར་བ་ལ།། ཉི་མའི་དཀྱིལ་འཁོར་བསྣམས་པའོ།། ཧཱུཾ་གི་ས་བོན་ལས་བྱུང་བ།། ཕྱག་རྒྱའི་རྒྱལ་པོ་ཞེས་བྱ་བ།། སྐུ་མདོག་སྔོ་ལ་མདའ་གཞུ་བསྣམས།། ཏྲཾ་གྱི་ས་བོན་ལས་བྱུང་བ།། སེམས་དཔའ་སྤོས་ཀྱི ་རྒྱལ་པོ་ནི།། ཟ་མཱ་ཏོག་བསྣམས་དམར་བའོ།། ཨོཾ་གྱི་ས་བོན་ལས་བྱུང་བ།། སྤོབས་པ་བརྩེགས་པ་ལྗང་གུ་ལ།། གསེར་ཡུ་ཅན་གྱི་ཏོག་བསྣམས་པའོ།། ཏྲི་ཡི་ས་བོན་ལས་བྱུང་བ།། པདྨའི་རྒྱལ་པོ་དཀར་བ་ལ།། ཁ་ནི་མ་ཕྱེད་པདྨ ་བསྣམས།། བ་ཡི་ས་བོན་ལས་བྱུང་བ།། པདྨ་དམ་པ་མདོག་སྔོན་ལ།། པདྨ་བྱེ་བ་བསྣམས་པའོ།། ཧཱུཾ་གི་ས་བོན་ལས་བྱུང་བ།། སེམས་དཔའ་རྡོ་རྗེ་མི་གཡོ་བ།། མདོག་དམར་པོ་ཏི་བསྣམས་པའོ།། ཨ་ཡི་ས་བོན་ལས་བྱུང་བ།། ་ཐོགས་མེད་རྒྱལ་པོ་སེམས་དཔའ་ཡང་།། ལྗང་གུའི་མདོག་ཅན་ལྕགས་ཀྱུ་བསྣམས།། ཏྲཾ་གི་ས་བོན་ལས་བྱུང་བ།། རིན་ཆེན་དབང་ཕྱུག་སེམས་དཔའ་ནི།། དུང་ལྟར་དཀར་བའི་སྐུ་མདོག་ལ།། རིན་ཆེན ་ཟུར་བརྒྱད་བསྣམས་པའོ།། ཏྲཾ་གི་ས་བོན་ལས་བྱུང་བ།། གྲུབ་པའི་ལས་ནི་སེམས་དཔའ་ཆེ།། ན་མཁའི་མི་དོག་ཏུ་གནས་པ་ལ།། སྣ་ཚོགས་རྡོ་རྗེ་བསྣམས་པའོ།། ཨི་ཡི་ས་བོན་ལས་བྱུང་བ།། དགའ་བ་སྟོན་པའི་སེམས་དཔའ་ནི། ་དམར་བའི་མདོག་ལ་མེ་ལོང་བསྣམས།། ཨ་ཡི་ས་བོན་ལས་བྱུང་བ།། མི་གཡོའི་སེམས་དཔའ་བསམ་གཏན་ཚུལ།། སྐུ་མདོག་ལྗང་གུ་དག་ཏུའོ།། བ་ཡི་ས་བོན་ལས་བྱུང་བ།། སེམས་དཔའ་ཕྱག་ན་རྡོ་རྗེ་ཡང་།། སྐུ་མདོག་དུང་ལྟར ་དཀར་བ་ལ།། ཕྱག་ན་རྡོ་རྗེ་བསྣམས་པའོ།། ཧྲི་ཡི་ས་བོན་ལས་བྱུང་བ།། བྱམས་དང་སྙིང་རྗེའི་བདག་ཉིད་ཅན།། སྒྱུ་མདོག་ན་མཁའི་མདོག་ཅན་ལ།། པདྨ་འཛིན་པར་གནས་པའོ།། ཏྲཾ་གི་ས་བོ་ལས་བྱུང་བ།། ན་མཁའ་སྙིང་པོ་སེམས་དཔའ་ནི ་སྐུ་མདོག་མར་གོད་ལྟ་བུ་ལ།། ཟ་མ་ཏོག་གི་ཕྱག་མཚན་བསྣམས།། ཀྵི་ཡི་ས་བོན་ལས་བྱུང་བ།། ས་ཡི་སྙིང་པོའི་སེམས་དཔའ་ནི།། ལྗང་གུའི་མདོག་ཏུ་གནས་པ་ལ།། རིན་ཆེན་མྱུ་གུ་བསྣམས་པའོ།། ཏྲཱཾ་གི་ས་བོན་ལས་བྱུང་བ།། སམ ་དཔའ་ཀུན་ཏུ་བཟང་པོ་ཡང་།། མདོག་དཀར་རིན་ཆེན་སྙེ་མ་བསྣམས།། མུ་ཡི་ས་བོན་ལས་བྱུང་བ།། སེམས་ཅན་ཀུན་ལ་འཇམ་པའི་དཔའོ།། ན་མཁའི་མདོག་ལྟར་རལ་གྲི་བསྣམས།། ཨ་ཡི་ས་བོན་ལས་བྱུང་བ།། སེམས་ཅན ་ཀུན་གྱི་སྒྲིབ་སེལ་ཀྱང་།། པདྨ་རཱ་གའི་མདོག་ཅན་ལ།། ཨུཏྤལ་སྔོན་པོ་བསྣམས་པའོ།། མེ་ཡི་ས་བོན་ལས་བྱུང་བ།། བྱམས་པ་མཆོག་ཏུ་འཛིན་པ་དེ།། ལྗང་གུའི་མདོག་ཅན་འགུན་དྷེ་བསྐུམས།། པདྨའི་ས་བོན་ལས་བྱུང་བ།། ་སེམས་དཔའ་མཐུ་ཆེན་ཐོབ་པ་ཡང་།། པདྨའི་རྩ་བྱའི་མདོག་ཅན་ལ།། རྡོ་རྗེ་རྩེ་གསུམ་བསྣམས་པའོ།། ཨཾ་གི་ས་བོན་ལས་བྱུང་བ།། ཉོན་མོངས་ནད་སེལ་སེམས་དཔའ་ནི།། སྨན་པོའི་རྒྱལ་པོ་ཞེས་བྱ་གཱི།། ནམ་མཁའི་མདོག་ཏུ ་གནས་པ་ལ།། བདུད་རྩི་བུམ་པ་བསྣམས་པའོ།། ཏྲཾ་གི་ས་བོན་ལས་བྱུང་བ།། ཡོན་ཏན་སྙིང་པོ་སེམས་དཔའ་ནི།། མར་གེད་ལྟ་བུའི་མདོག་ཅན་ལ།། རིན་ཆེན་སྙེ་མ་བསྣམས་པའོ།། ཨ་ཡི་ས་བོན་ལས་བྱུང་བ།། མཐོང ་ན་དགའ་བའི་སེམས་དཔའ་ནཱི།། ཨིནྡྲི་ནི་ལའི་མདོག་ཅན་ལ།། ཀླུ་ཤིང་ལོ་མ་བསྣམས་པའོ།། ཨ་ཡི་ས་བོན་ལས་བྱུང་བ།། སེམས་དཔའ་གཞོན་པའི་རྒྱན་ཆགས་པ།། ཀུ་མུ་ད་ཡི་མེ་ཏོག་བསྣམས།། དུང་ལྟར་དཀར་བའི་མདོག ་ཏུའོ།། ཧཱུཾ་གི་ས་བོན་ལས་བྱུང་བའི།། སྐྱེས་བུ་དམ་པའི་སེམས་དཔའ་ཆེ།། ན་མཁའི་མདོག་ཅན་རལ་གྲི་བསྣམས།། ཏཱི་ཡོཾ་ས་བོན་ལས་བྱུང་བ།། སིངྒེ་འདྲ་བས་སངྒེ་སྒྲ།། དམར་བའི་མདོག་ལ་དུང་བིསྣམས་པའོ།། ཧཱུཾ་གི་ས་བོན་ལྔ ་བྱུང་བ།། རྡོ་རྗེ་སྤྱན་གསལ་སེམས་དཔའ་ནི།། ལྗང་གུའི་མདོག་ལ་སྤྱན་གཉིས་བསྣམས།། ཧཾ་གི་ས་བོན་ལིས་བྱུང་བ།། བྱང་ཆུབ་སེམས་དཔའ་བཟང་སྐྱོང་ནི།། མདོག་དཀར་བུཾ་པ་བསྣམས་པའོ།། ཏྲ~ཾ་གི་ས་བོན་ལས་བྱུང་བ།། ་སེམས་དཔའ་དཀོན་མཆོག་འབྱུང་གནས་ནི།། ན་མཁའི་མདོག་ཅན་སྡོང་བུ་བསྣམས།། ཏྲི་ཡི་ས་བོན་ལས་བྱུང་བ།། སེམས་དཔའ་དཔའ་བར་འགྲོ་བ་ནི།། དམར་བའི་མདོག་ལ་རལ་གྲི་བསྣམ།། ་ཨ་ཡི་ས་བོན་ལས་བྱུང་བ།། བྱང་ཆུབ་སེམས་དཔའ་གཞོན་ནུ་རྒྱལ།། ལྗང་ཁུའི་མདོག་ཅན་ཟླ་བ་བསྣམས།། ཏྲཾ་གི་ས་བོན་ལས་བྱུང་བ།། བྱང་ཆུབ་སེམས་དཔའ་ཡེ་ཤེས་ཏོག། དུད་ལྟར་དཀར་བའི་མདོག་ཅན་ལ།། ་གསེར་གྱིས་རྒྱན་པའི་ཏོག་བསྣམས་པའོ།། ཨཱ་ཡི་ས་བོན་ལས་བྱུང་བ།། མྱ་ངན་ཀུན་འཇོམས་སེམས་དཔའ་ནི།། ན་མཁའི་མདོག་ཅན་རལ་གྲྀ་བསྣམས།། ཏ་ཡི་ས་བོན་ལས་བྱུང་བ།། སེམས་དཔའ་བློ་གྲོས་མི་བཟད་པ། ་དམར་བའི་མདོག་ལ་པུ་ཏི་བསྣམས།། ཨཱུ་ཡི་ས་བོན་ལས་བྱུང་བ།། ཡེ་ཤེས་འོད་ཟེར་སེམས་དཔའ་ནི།། འོད་དང་བཅས་པའི་རྡོ་རྗེ་བསྣམས།། སྐུ་མདོག་ལྗང་གུར་གནས་པའོ།། ལཱ་སྱེ་ལ་སོགས་ལྷ་མོ་བརྒྱད།། སྐུ་མདོག་ཕྱག ་མཚན་གདན་ལ་སོགས།། སྒོ་སྲུངས་བཞི་དང་བཅས་པ་དགེ། རྩ་བའི་རྒྱུད་ལས་བྱུང་བར་བསམ།། འདི་ནི་དཀྱིལ་འཁོར་རྒྱལ་མཆོག་ཅེས་བྱ་བའི་ཏིང་འཛིན་ཏོ།། ། འདི་དག་གི་ཕྲིན་ལས་ནི་སེམས་ཅན་ཐམས་ཅད ་ཀྱིས་བྱང་ཆུབ་རྣམ་པ་གསུམ་ཐོབ་པར་མཛད་པས་ན་ལས་ཀྱི་རྒྱལ་མཆོག་ཅེས་བྱ་བའི་ཏིང་འཛིན་ཏོ།། དེ་ནས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅས་ལ་བསྡུ་བར་བྱའོ།། འོད་ཟེར་གྱི་སྒོ་ལས་བྱོན་ཏེ། དེ་རྣམས་ཀྱི་སྙིང་པོ་འདི་ཡི་ནོ།། ཨོཾ་པྲདྡྷ ་མཧཱ་པྲདྡྷེ་ཧཱུཾ། དྷརྨྨ་དྷཱ་ཏུ་ཡེ་སྭཱ་ཧཱ།། ཨོཾ་སརྦ་ཏ་ཐཱ་ག་ཏ་བ་ཡཱུ་ར་གྲ་ཏི་སྭཱ་ཧཱ།། ཨོཾ་དྷརྨ་ཀེ་ཏུ་སྭཱ་ཧཱ།། ཨོཾ་ཀེ་ཏུ་ཤྭ་ར་ཛ་སྭཱ་ཧཱ།། ཨོཾ་པདྨ་ལ་པདྨ་དྷཱ་ར་སྭཱ་ཧཱ།། ཨོཾ་རཏྣ་པྲཱ་བརྟ་ཡ་སྭཱ་ཧཱ།། ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་ཨནྟི་བ་ར་ཎི་སྭཱ་ཧཱ།། ཨོཾ་ཨ ་ཀ་ལ་ཀོ་པྲི་བརྟ་ན་སྭཱ་ཧཱ། ཨོཾ་ཨ་ཙ་ར་མཱུ་ཏ་པྲ་བརྟ་སྭཱ་ཧཱ། ཨོཾ་དུ་ཏི་པ་ནི་རེ་ཛྭ་ཎཾ་སྭཱ་ཧཱ། ཨོཾ་དུ་པཾ་པ་དུ་ན་དུ་པ་ནུ་དེ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་དྲིཥྚི་ཤ་བེ་ས་ཏི་བི་སི་རི་སྭཱ་ཧཱ།། ཨོཾ་ཀ་མ་ལ་རཱ་ཛ་པདྨ་ལ་དྷཱ་ར་སྭཱ་ཧཱ།། ཨོཾ་པདྨ་བ་ལ་པདྨ་རཱ་ཛ ་སྭཱ་ཧཱ། ཨོཾ་བཛྲ་ཨེ་ཀྵོ་བྷྱཿསྭཱ་ཧཱ།། ཨོཾ་ཨ་མོ་གྷ་རཱ་ཛཾ་པདྨ་དྷ་ར་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་བི་ཤཾ་རཏྣ་སན་ཊཱི་སྭཱ་ཧཱ། ཨོཾ་ཤྭ་རཏྣ་དྷ་ར་སྭཱ་ཧཱ། ཨོཾ་ཀརྨྨ་སིདྡྷི་དྷརྨྨ་དྷ་ར་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་བྷ་ག་བ་ཏེ་སྭཱ་ཧཱ། ཨོཾ་བི་ཤ་ཡ་མ་སཾ་བ་པེ། ་སྭཱ་ཧཱ། ཨོཾ་ཙནྡ་མ་ཧཱ་རོ་ཥ་ཎེ་ཧཱུ~ཾ་སྭཱ་ཧཱ། ཨོཾ་ས་རི་ཏཱི་ག་ན་མི་རཱ་ཛ་སྭཱ་ཧཱ། ཨོཾ་ཏྲཾ་ཨཱ་ཀ་ཤ་སརྦ་སཏཱི་སྭཱ་ཧཱ། ཨོཾ་ཀྲི་ཏི་གནྡྷ་ད་ན་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་གཱ་ཏཾ་དུ་རུ་མ་ལེ་གེ་ཏོ་བ་ཡེ་སྭཱ་ཧཱ། ཨོཾ་ས་མནྟ་བྷ་དྲ་རཏྣེ་དཱ་རེ་སྭཱ་ཧཱ།། ཨོཾ་མཉྫུ་ཤྲཱི ་ཀུ་མཱ་ར་མུཾ་སྭཱ་ཧཱ། ཨོཾ་སརྦ་ཨ་པཾ་ཡ་བི་ཤྭ་ཏ་ནེ་རཾ་པ་ཡེ་སྭཱ་ཧཱ། ཨོཾ་མཻ་ཏྲི་མེ་དྷི་མ་ཏྲི་སྭཱ་ཧཱ།། ཨོཾ་སརྦ་ཏ་ཐཱ་གཱ་ཏ་བི་མུག་ཏེ་མརྒེ་དེ་ཤ་མ་ཏི་སྭཱ་ཧཱ།། ཨོཾ་རུ་ན་མ་ཡ་ཛ་སྭཱ་ཧཱ། ཨོཾ་གུ་ཎྱེ་ཏྲེ་ཨ་རཾ་ན་ད་རཾ་སྭཱ་ཧཱ།། ཨོཾ་ཨཱ་ལོ་ཀ་ཏི་རཱི་ཏི་རི་སྭཱ་ཧཱ། ་ཨོཾ་ཨ་མྲྀ་ཏ་ཙ་ར་ཨ་མྲྀ་ཏཪྴ་ནེ་སྭཱ་ཧཱ།། ཨོཾ་སརྦ་ཏ་ཐཱ་ག་ཏ་སུརྱེ་མོ་ལ་ཏ་སྭཱ་ཧཱ། ཨོཾ་ཀུ་ལ་མ་པདྨ་ད་ར་སྭཱ་ཧཱ།། ཨོཾ་སརྦ་ཨརྩེ་ནན་ཏིག་སྣ་ད་ར་སྭཱ་ཧཱ། ཨོཾ་བཛྲ་ཙཀྵུ་ར་བྷྱ་ད་རེ་སྭཱ་ཧཱ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཏི་རེ་མཻ་ཏི་བཛྲ་སྭཱ་ཧཱ། ཨོཾ་བཛྲ་ཏྲ་བ ་ལེ་ཏཱ་བ་ཏེ་སྭཱ་ཧཱ།། ཨོཾ་རཏྣ་སཾ་བྷ་བ་རཏྣ་དཱ་ར་སྭཱ་ཧཱ།། ཨོཾ་ཤུ་རྱཾ་ག་མ་ཏི་སྭཱ་ཧཱ།། ཨོཾ་ཙནྟཱི་པྲཱ་བརྟྟ་ཤུ་རཾ་ག་མེ་སྭཱ་ཧཱ།། ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་བཱ་ལ་སྭཱ་ཧཱ། ཨོཾ་ཛྙཱ་ན་ཀེ་ཏུ་བི་ད་ར་ན་སྭཱ་ཧཱ།། ཨོཾ་སརྦ་ཤོ་ག་ཏ་མོ ་ནིར་ག་ཏི་སྭཱ་ཧཱ། ཨོཾ་ཨ་ཀྲོ་ཀ་མོ་ནིར་གྷཱ་ཏི་སྭཱ་ཧཱ། ཨོཾ་ཨི་ཀྲ་ཡ་ཕུ་ཕུ་བཾ་ཤ་ན~ཾ་སྭཱ་ཧཱ། ཨོཾ་ཛྙཱ་ན་པྲ་བརྟ་ད་ར་སྭཱ་ཧཱ།། དེ་ནས་བསྡུ་བས་བྱོན་པོའི་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མེ་དང་། སྲས་ཕྱོགས་བཅུའི་སངས་རྒྱས ་འཁོར་དང་བཅས་པ་ཐམས་ཅད་ཨོཾ་སརྦ་ཏ་ཐཱ་ག་ཏཱ་བནྡ་ནཾ་ཀ་རོ་ཡཱ་མི་ཞེས་བརྗོད་ཅིང་།། ཨོཾ་མ་ཧོ་ཀུན་ཏུ་བཟང་པོའི་བྱང་ཆུབ་སེམས་དཔའི་སྤྱོད་པ་མཆོག། དེ་བཞིན་གཤེགས་པའི་འཁོར་ལོ་ཡི།། དབུས་ན་བདེ་གཤེགས ་ཡུམ་མཛེས་པ།། ཆེད་དུ་བརྗོད་པར་བསམ་པར་བྱ།། དེ་ནས་ཡུམ་ཤྲཱིས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ཐུགས་ཀར་ཞུགས་ནས་སླར་བྱུང་སྟེ། དེ་བཞིན་གཤེགས་པ་དཀོན་མཆོག་འབྱུང་གནས་ལ་སོགས་པ་དང་གཅིག་ཏུ་གྱུར་ཏེ ་ཡང་ཚད་དུ་བརྗོད་པ་མཛད་དོ།། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི།། རྒྱ་ཆེན་གདོད་ནས་སྐྱོ་བ་མེད།། རྡུལ་ཕྲན་ཇི་སྙེད་ཐམས་ཅད་ཀྱི།། སངས་རྒྱས་རྣམས་ནི་གཅིག་ཏུ་གྱུར།། དེ་ནས་བྱམས་པའི་སྒོ་ནས་གནས་པའི་རྣལ་འབྱོར། ་པས། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས། དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབོང་དུ་བྱ་བ་ནས་ཕྱག་རྒྱ་ཆེན་པོ་བཞིས་རྒྱས་བཏབ་སྟེ། ལག་གཉིས་རྡོ་རྗེ་བསྡམས་པ་ལསོ།། གུང་མོ་མྱུ་གུ་ལྟར་མཉམ་བསྒྲེང་།། བད ་བར་གཤེགས་པའི་ཡུམ་གྱུར་པའི།། དམ་ཚིག་ཕྱག་རྒྱ་ཡིན་པར་བཤད།། གུང་མོ་རིན་ཆེན་འདྲ་བ་ནི།། དང་པོའི་སངས་རྒྱས་ཡིན་པར་བཤད།། གུང་མོ་འཁོར་ལོ་འདྲ་བ་ནི།། མྱ་ངན་མེད་པའི་ཕྱག་རྒྱ་ཡིན།། སོར་མོ་ཐམས ་ཅད་བསྡམས་བྱས་ནས།། མཛུབ་གཉིས་མཆེ་བ་ལྷོར་བྱས་པ།། འོད་ཆེན་འཕྲོ་བའི་ཕྱག་རྒྱ་ཡིན།། གུང་མོ་པདྨ་འདྲ་བ་ནི།། སངས་རྒྱས་བཞི་པ་ཡིན་པར་བཤད།། ཏིང་འཛིན་ཚུལ་དུ་བྱས་པ་ནི།། ཏིང་འཛིན་དཔལ་གྱི་ཕྱག ་རྒྱའོ།། བསྡམས་ལས་པདྨ་ལྟར་བྱས་པ།། པདྨ་དམ་པོའི་ཕྱག་རྒྱའོ།། སོར་མོ་རྩེ་མོ་བསྣོལ་བ་ནི།། ཉི་མ་དཔལ་གྱི་ཕྱག་རྒྱའོ།། བསྡམས་ལས་མཛུབ་མོ་མཐེའུ་ཆུང་གཉིས།། འོད་ཟེར་རྩེ་སྤྲོད་ཅུང་ཟད་བསྐྱེད།། གདུགས་ཆེན་དམ ་པའི་ཕྱག་རྒྱའོ།། བསྡམས་ནས་བུམ་པ་ལྟར་བཞག་པ།། དགའ་བའི་དཔལ་གྱི་ཕྱ་རྒྱའོ།། གུང་མོ་ལ་སོགས་གསུམ་བྱོས་ནས།། མཛུབ་མོ་པདྨ་འདྲ་བ་ནི།། སངས་རྒྱས་བཅུ་པའི་ཕྱག་རྒྱའོ།། བསྡམས་པ་སྲིན་ལག་མཐུ ་ཆུང་གཉིས།། འོད་ཟེར་འདྲ་བར་བྱས་པ་ནི།། ཆོས་ཀྱི་རྒྱལ་མཚན་ཕྱག་རྒྱའོ།། བསྡོམས་ལསྣ་གཡས་པའི་མཛུབ་མོ་ནི།། ལྕགས་ཀྱུ་འདྲ་བར་བྱས་པ་ལ།། གཡོན་པ་རྒྱབ་ནས་བསྒྲེང་བ་ནོ།། དབང་ཕྱུག་རྒྱལ་པོའི་ཕྱག་རྒྱའོ།། ་ལག་པ་ཏིང་པ་གཉིས་སྤྲད་ནས།། པདྨ་ཕྱེ་བ་ལྟ་པུ་ནི།། བཀོད་པའི་རྒྱལ་པོའི་ཕྱག་རྒྱའོ།། རྡོ་རྗེ་བསྡམས་པ་དམ་བཅས་ནས།། གུང་མོ་རིན་ཆེན་འདྲ་བ་ནི།། རིན་ཆེན་འོད་འཕྲོའི་ཕྱག་རྒྱའོ།། མཐིལ་སྦྱར་རྩེ་མོ་བསྣོལ ་བ་ནི།། སྣང་བའི་མཆོག་གི་ཕྱག་རྒྱའོ།། བསྡམས་པ་གཡོན་པའི་མཛུབ་མོ་ནི།། གཞུ་ཡི་ཚུལ་དུ་བྱས་པ་ལ།། གཡས་པ་པདྨ་ལྟར་བྱས་པ།། ཕྱག་རྒྱའི་རྒྱལ་པོའི་ཕྱག་རྒྱའོ།། རིན་ཆེན་སྒྲོམ་ལྟར་བྱ་བ་ནི།། ་སྤོས་ཀྱི་གླང་པོའི་ཕྱག་རྒྱའོ།། མཐེའུ་ཆུང་སྲིན་ལག་གཉིས་བསྡམས་ནས།། གུང་མོ་སེ་གྲོལ་གཏོགས་པ་ནི།། སྤོབས་པ་བརྩེགས་པའི་ཕྱག་རྒྱའོ།། རྟིང་སྤྲད་པདྨ་རྒྱས་པ་ལྟར།། སོར་མོ་ཅུང་ཟད་གདེངས་པ་དེ།། པདྨ་རྒྱལ ་པོའི་ཕྱག་རྒྱའོ།། གོང་གི་ཕྱག་རྒྱ་དེ་ཉིད་ལས།། སོར་མོ་དེ་བས་གདིངས་པ་ནི།། པདྨ་དམ་པའི་ཕྱག་རྒྱའོ།། ལག་གཉིས་སོར་མོ་རྩེ་བསྣོལ་ནས།། ཏིང་འཛིན་ཕྱག་རྒྱར་བྱ་བ་ནི།། མི་གཡོ་བའི་ཕྱག་རྒྱའོ།། བསྡམས་ནི་ས་གུང ་མོ་གཉིས་ཕྱུང་ནས།། མཛུབ་གཉིས་དང་པོའི་ཚོགས་ཐོག་སྤྲད་།། ཐོགས་མེད་རྒྱལ་པོའི་ཕྱག་རྒྱའོ།། བསྡམས་ལས་མཛུབ་མོ་མཐེ་བོ་གཉིས།། རྩེ་མོར་སྤྲད་པ་བྱས་པ་ནི།། རིན་ཆེན་དབང་ཕྱུག་ཕྱག་རྒྱའོ།། བསྡམས་པའི་ཀློང ་གཉིས་བྱུང་བ།། མཉྫུ་བོད་མཐེ་ཆུང་གཞིབས་ཏཱཾ་བསྐྱེད།། གྲུབ་པའི་ལས་ཀྱི་ཕྱུག་རྒྱའོ།། སོར་མོ་ནང་དུ་བེསྔོལ་ནས་ཀྱང་།། མཐེ་བོང་གཉིས་ཀྱི་གུང་མོ་མན་ན།། མཛུབ་གཉིས་བསྒྲེང་བར་བྱས་པ་ནི།། དགའ་བ་སྟོན་པའི་ཕྱག་རྒྱའི།། ་ཏིང་འཛིན་ཕྱག་རྒྱ་བྱ་བ་ནི།། མི་གཡོ་བའི་ཕྱག་རྒྱའོ།། བསྡོམས་ལས་གུང་མོ་གཉིས་བྱུང་སྟེ།། མཐེབ་མོ་མཐེབ་ཆུང་སོ་སོར་བསྒྲེང་།། ཕྱག་ན་རྡོ་རྗེའི་ཕྱག་རྒྱའོ།། བསྡམས་ནས་མཛུབ་གཉིས་རྩེ་སྤྲད་ནས།། པདྨའི་ཚུལ་དུ་བྱས་པ་ནི།། སྤྱན ་རས་གཟིགས་པའི་ཕྱག་རྒྱའོ།། རིནྡ་ཆེན་སྒོམ་ལྟར་བྱ་བ་ནི།། ན་མཁའ་སྙིང་པོའི་ཕྱག་རྒྱའོ།། མཐེབ་ཆུང་མཛུབ་མོ་བསྒྲེང་བ་ལྔ།། ལྷག་མ་རྣམས་ནི་བསྣོལ་བྱས་པ།། ས་ཡི་སྙིང་པོའི་ཕྱག་རྒྱའོ།། བསྡམས་ལས་མཛུབ་གཉིས ་གཞིབས་ཏེ་བསྒྲེང་།། མཐེ་བོ་གཉིས་ནི་བསྣོལ་བྱས་པ།། ཀུན་ཏུ་བཟང་པོའི་ཕྱག་རྒྱའོ།། བསྡམས་ལས་གུང་མོ་གཉིས་བྱུང་སྟེ།། གུང་མོ་གཉིས་ནི་སྦྱར་བྱས་པ།། མཐུ་ཆེན་ཐོབ་པའི་ཕྱག་རྒྱའོ།། བསྡམས་ལས་མཛུབ་མོ ་གཉིས་བརྐྱང་ནས།། མཐེ་བོང་གཉིས་ནི་རྩཝ་སྤྱད་པ།། བདུད་རྩི་རྒྱལ་པོའི་ཕྱག་རྒྱའོ།། བསྡུམས་ལས་གུང་མོ་གཉིས་ཕྱུང་སྟེ།། རིན་པོ་ཆེ་ལྟར་བྱ་བ་ནི།། ཡོན་ཏན་སྙིང་པོའི་ཕྱག་རྒྱའོ།། ལོག་གཉིས་ཅུང་ཟད་བསྣོལ་བྱས ་ནས།། གུང་མོ་གཞིབས་ཏེ་ཕྱུང་བ་ནི།། མཐོང་ན་དགའ་བོའི་ཕྱག་རྒྱའོ།། ལག་གཉིས་རྡོ་རྗེ་བསྣམས་བྱས་ཏེ།། གུང་མོ་པདྨར་བྱ་བ་ནི།། གཞོན་ནུ་རྒྱན་གྱི་ཕྱག་རྒྱའོ།། བསྣམས་ལས་གུང་མོ་གཉིས་ཕྱུང་ནས།། རིལ་གྱི་ལྷ ་བུར་བྱ་བ་ནི།། སྐྱེས་བུ་དམྦྷ་པའི་ཕྱག་རྒྱའོ།། ཐལ་མོ་སྦྱར་བ་བྱས་པ་ལས།། མཛུབ་གཉིས་གུང་མོའི་ཚོགསུ་སྦྱར།། མཐེ་བོང་གཞི་བྱས་ལ་བརྐྱང་བ་ནི།། སངྒེའི་སྒྲ་ཡི་ཕྱག་རྒྱའོ།། བསྡམས་ལུས་མཛུབ་མོ་མཐེ་བོ་གཉིས ་རྩེ་སྤྱད་ཅུང་ཟད་གོནས་པ་ནི།། རྡོ་རྗེ་སྤྱན་གྱི་ཕྱག་རྒྱའོ།། ཐལ་མོ་ཁོང་སྟོང་སྦྱར་བ་ནི།། སྐྱེས་བུ་དམ་པའི་ཕྱག་རྒྱའོ།། བསྡམས་ནས་གུང་མོ་གཉིས་ཕྱུང་ནས།། མཛུབ་མོ་གུང་མོའི་རྒྱབ་ཏུ་སྦྱར།། དཀོན་མཆོག་འབྱུང་གནས ་ཕྱག་རྒྱ་ཡོན།། རྡོ་རྗེ་བསྡམས་པ་དཾ་བྱས་ནས།། གུང་མོ་རལ་གྲི་ལྟར་བྱས་པ།། དཔའ་བར་འགྲོ་བའི་ཕྱག་རྒྱའོ།། བསྡམས་ལས་མཛུབ་མོ་མཐེ་བོང་གཉིས།། ཟླ་བ་ཁམ་པ་ལྟར་བྱས་པ།། ཟླ་འོད་གཞོན་ནུ་ཡི ་ཕྱག་རྒྱའོ།། བསྡམས་ལས་མཛུབ་མོ་གཉིས་བསྒྲེང་བ།། གུང་མོ་མཐེ་བོ་སོ་སོར་སྤྲད།། ཡེ་ཤེས་ཏོག་གི་ཕྱག་རྒྱའོ།། བསྡམས་ལས་གུང་མོ་གཉིས་ཕྱུང་སྟེ།། རལ་གྲི་ལྟ་བུར་བྱས་པ་ནི།། མྱ་ངན་ཀུན་འཇོམས་ཕྱག་རྒྱའོ།། བུ ་ཏེའཛིན་ལྟར་བསྣམས་པ་ནི།། བློ་གྲོས་མི་ཟད་ཕྱག་རྒྱའོ།། བསྡམས་ལས་གུང་མོ་གཉིས་ཕྱུང་སྟེ།། མཛུབ་མོ་རྒྱབ་ནས་སྦྱར་བ་ནི།། ཡེ་ཤེས་འོད་ཟེར་ཕྱག་རྒྱའོ།། འདི་དག་ནི་དམ་ཚིག་གི་ཕྱག་རྒྱའོ།། སྙིང་གར་རྡོ་རྗེ་རྩི་ལྔ་པ་དཀུར ་བསྐྱེད་ལ།། ས་མ་ཡ་སྟྭཾ་ཞེས་བརྗོད་པར་བྱའོ།། དེ་ནས་ཆོས་ཀྱི་ཕྱག་རྒྱ་ནི་བདེ་བར་གཤེགས་པའི་ཡུམ་གྱི་ལྤགས་ལ། བཛྲ་དྷརྨྨ་དྷི་ཞེས་བྱ་བ་དགོད་པར་བྱའོ།། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ནི་བཛྲ་ཛྙཱ་ན་ཞེས་བྱ་བ་དགོད ་པར་བྱའོ།། སྔ་མ་བཞིན་དུ་ལྕེ་ལ་རྡོ་རྗེ་བསྒོམ་པར་བྱའོ།། དེ་ནས་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ཕྱེད་རྒྱུ་ནི་སྔར་གྱི་འབྱིན་པའི་ས་ཅན་ནི་ཆོས་ཀྱི་ཕྱག་རྒྱའོ།། ཕྱུང་ནས་ཇི་ལྟར་ཕྱུག ་མཚན་མེད་པ་ནི་ལས་ཀྱི་ཕྱག་རྒྱར་ཤེས་པར་བྱའོ།། ལས་ཀྱི་ཕྱག་རྒྱ་ལ་ཡང་སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ལ་བཅིང་བར་བྱའོ།། རྒྱལ་པོའི་བཀའ་རྟགས་དང་། བཟང་མོའི་དཔུང་བརྒྱན་དང་འདྲ་བའི་ཕྱིར་དང་། ་མཁན་གྱི་ལག་པ་དང་འདྲ་བའི་ཕྱིརརོ།། དེ་ནས་ཡི་གེ་བརྒྱ་པས་བརྟན་པར་བྱ་སྟེ། བཛྲ་སཏྭ་སུ་སཾ་གྲ་ཧད། བཛྲ་རཏྣ་མ་ནུཏྟ་རཾ། བཛྲ་དྷརྨཱ་ག་ཡ་ནེ། བཛྲ་ཀརྨ་ཀ་རོད་བྷཱ་བ་ཞེས་བྱ་བའི་རྡོ་རྗེའི་གླུ་བླང་ཞིང་།། སྒེག་མོ་ལ་སོགས་པ ་བརྒྱད་ཀྱིས་མཆོད་དོ།། དེ་ལྟར་མཆོད་པ་བརྒྱད་ཀྱིས་མཆོད་ནས། ལག་པ་གཡོན་པས་རྡོ་རྗེ་དྲིལ་བུ་བླངས་ལ། ལག་པ་གཡས་པས་རྡོ་རྗེ་གསོར་ཞིང་། ཊཀྐི་ཧཱུཾ་ཛཿཡང་རྡོ་རྗེ་རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས ་འཇོག་ཅིང་། ཊཀྐི་ཛཾ་ཧོཿཞེས་བརྗོད་པར་བྱའོ།། དེ་བྱས་པ་དང་། ངག་དང་སེམས་རྡོ་རྗེ་འདྲ་བར་འགྱུར་རོ།། སྲིད་པ་ངོ་བོ་ཉིད་ཀྱིས་དག། ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས།། རང་བཞིན་དག་པའི་སེམས་དཔའ་མཆོག། སྲིད་པ་མཆོག་ཏུ་བྱེད ་པར་འགྱུར།། དྷརྨ་ཨ་ཞེས་བྱ་བ་ནི་དྲིལ་བུའི་ས་བོན་ནོ།། དེ་ནས་དམ་ཚིག་གསུམ་གྱི་གླུས་མཆོད་པ་ནི་འདི་ཡིན་ཏེ། ཨོཾ་ན་མཁའ་ལས་བྱུང་མཚན་ལྡན་ཕྱིར།། ཐོག་མ་ཐ་མ་མེད་པའི་མཆོག། ཡུམ་མཆོག་ཤེས་རབ་ཕ་རོལ་ཕྱིན།། ་བདེ་བར་གཤེགས་པ་དེ་གྲུབ་མཛོད།། ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ།། དབང་ཕྱུག་ཆེན་པོ་ལྷག་པའི་ལྷ།། རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ།། མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད།། ཉེས་པ་མི་མངའ་རྟག་པ་ཁྱོད།། འདོད ་ཆགས་ཀུན་གྱི་རྗེས་ཆགས་པ།། འདོད་པ་ཆེན་པོ་དགའ་བ་ཆེ།། བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད།། ཤིན་ཏུ་དག་པ་ཀུན་གྱི་མཆོག། གདོད་ནས་གྲོལ་བ་དེ་བཞིན་གཤེགས།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། བྱང་ཆུབ ་སེམས་དཔའ་བདག་གྲུབ་མཛོད།། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག། དབང་ཕྲག་ཆེན་པོ་ལྷག་པའི་ལྷ།། གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ།། རྡོ་རྗེ་བསྣམས་བདག་བདག་མཛད་ཅིག། དེ་ནས་ཕྱག་བཞི་བྱས། ་ལ། ཨོཾ་བཛྲ་ཨཱཏྨ་ཀོ་ཧཾ་ཞེས་བྱ་བ་འདིས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་ཐུགས་རྡོ་རྗེར་བསྒོམ་མོ།། དེ་ནས་སྭ་བྷཱ་ཤུདྡྷོ&ཧཾ་ཞེས་བྱ་བས་རང་བཞིན་གྱིས་དག་པར་མོས་པར་བྱས་ལཾ། ཨོཾ་སརྦ་ས ་མོ་ཧཾ་ཞེས་བྱ་བས་བདག་མེད་པའི་མཉམ་པ་ཉིད་ཀྱིས། བཅོམ་ལྡན་འདས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་སོགས་པ་ལྷ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་བསམ་པར་བྱའོ།། དེ་ནས་རྡོ་རྗེ་དབྱིངས་ཆེན་པོའི་ཡི་གེ་བརྒྱ་པ་རྡོ ་རྗེ་ཚིག་གམ་ཡིད་ཀྱིས་བཟླས་ལ། ཐམས་ཅད་ཀྱང་བདག་ཡིན་ཞེས་བསྒོམས་ཏེ། ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་འབྱུང་བལ་བསམས་ལ། བཟླས་པ་ལ་བརྩོན་པར་བྱའོ།། དེ་ལྟ་བུ་ནི་ལྷ་ཐམས་ཅད་ཀྱི་བཟླས་པར་འགྱུརརོ།། ཇི ་སྲིད་དུ་སྐྱོ་བར་མ་གྱུར་པ་དེ་སྲིད་བསྒོམས་ལ། སྐྱོ་བར་གྱུར་ན་ཡང་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། མཚད་ཡོན་ཕུལ་ཏེ་ཕྱག་བཞི་བྱས་ནས། ཕྱག་རྒྱ་གང་ནས་འབྱུང་བ་དེ་ཉིད་ནས་དཀྲོལ་ནས། མངོན་པར་འདོད་པའི་དངོས ་གྲུབ་ཀྱི་ཕྱིར། དགེ་བའི་རྩ་བ་བསྔོ་སྡེ། བང་བའི་ཁཾ་ཆོ་ག་མ་ཚང་བ་གང་དག་བགྱིས་པ་དེ་བཟོད་པར་མཛོད་ཅིག་ཅེས་གསོལ་བ་བཏབ་ལོ།། མཆོད་ཡོན་ཕུལ་ཨོཾ་ཀ་ཏ་བྷ་བ་སརྦ་སྟ་ཙ་རུ་ག་ག་ཙ་དཾ་པ་ཏ་བི་ཤི་ཨཻ། ་བུ་ན་ར་ག་ན་ཡ་ཙ་ན་ཞེས་བྱ་བ་ཐམས་ཅད་གཤེགས་པའི་ཕྱིར་བསྐུལ་བར་བྱ་ཞིང་། བཛྲ་སཏྭ་མུ་ཞེས་བྱ་བའི་སྙིང་པོ་འདིས། རྡོ་རྗེ་སེམས་མའི་ཕྱག་རྒྱ་གྱེན་དུ་དགྲོལ་བར་བྱའོ།། དེ་ལྟ་བུས་ཐམས་ཅད་གཤེགས ་སུ་གསོལ་བར་འགྱུར་རོ།། ཇི་ལྟར་སྤྲུལ་པའི་དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ནི་དེ་བཞིན་དུ་ཡིད་ཀྱིས་རང་གིས་ལུས་ལ་བཅུག་ལོ།། རྡོ་ཛྲོ་གནོད་སྤྲིན་གྱིས་སྲུང་བ་ཐམས་ཅད་བྱས་ཏེ། དཀྱིལ་འཁོར ་ལས་གླེགས་བམ་བཀླག་པ་ལ་སོགས་པ་བྱའོ།། དེ་ལྟར་དུས་བཞིར་ཉིན་རེ་བཞིན་ཟླ་བ་གཅིག་གམ་ཟླ་དྲུག་གི་བར་དུ་བཟླས་པ་བྱའོ།། ལྷ་རྣམས་ལ་གནང་བ་ཐོབ་ཀྱི་བར་དུ་བྱའོ།། སྔོན་དུ་བསྙེན་པའི་ཆོ་གའོ།། ། ་དེ་ལྟར་སྔོན་དུ་བསྙེན་པ་བྱས་ནས། གཙུག་ལག་ཁང་ངམ། ཀུན་དགའ་ར་བ་འམ། གྲོང་ཁྱེར་གྱི་ཤར་རམ། བྱང་ཕྱོགས་ཀྱི་ཆ་འམ། གང་ཡིད་དགའ་བར་དཀྱིལ་འཁོར་བྱའོ།། ལྷ་ཁང་གྲོང་ཁྱེར་སྐྱེད་ཚལ་གྱི།། བྱང ་ཤར་ཕྱོགས་ནཻ་ཇི་ལྟ་བའོ།། ས་ཡི་ཆ་ནི་ཡོངས་བཟུང་ལ།། ཆོ་ག་བཞིན་དུ་སྦྱར་བར་བྱའོ།། ཡང་ན་སྔར་ནི་བརྟགས་ཟིན་པའི།། གནས་དེར་སྦྱང་བ་བྱ་མི་དགོས།། པུས་མོ་རྐེད་པ་ལྟེ་བ་འམ།། ལྐོག་མ་ནུ་བོ་ཙམ་ས་བརྐོས་ལ།། ་ལེགས་པར་ཡོངསུ་བརྟགས་ནས་ནི།། ཐལ་བ་སོལ་བ་གྱོ་མོ་དང་།། གསེག་མོཾ་ཕུབ་མཽ་རུས་པ་གསལ།། ཡུམ་མཆོག་ཉིད་ཀྱིས་སྔགས་བཟློས་ཤིང་།། དེ་བཞིན་བདུད་རྩི་ཐབ་སྦྱོར་གྱི།། སྔགས་བཟླས་པ་ཡི་ཆུ་ཉིད་ཀྱིས།། ས་ནི ་ཀུན་ལ་བསང་གཏོར་བྱ།། དྲི་ཞིམ་པ་ཡི་ས་ཡི་ས་ནི།། དཀྱིལ་འཁོར་ས་ནི་ཀུན་ཏུ་དགང་།། དེ་ལྟ་བུ་ཡི་དབུས་དག་ཏུ།། ཞི་བ་ལ་སོགས་སྦྱིན་སྲེག་བྱ།། ས་ཡི་ལྷ་ལ་གསོལ་བ་གདབ།། དེ་ནས་ཚང ་དང་ལྡན་པ་རུ།། རྒྱལ་པོའི་ཁྲུ་ནི་བརྒྱད་ཉིད་དམ།། དེ་བཞིན་ཁྲུ་ནི་ལྔ་བཅུ་ཉིད།། བློན་པོ་ཚོང་དཔོན་སྡེ་དཔོན་གྱིས།། ཉི་ཤུ་རྩ་ལྔ་འམ་དེ་ཡི་ཕྱེད།། ཁྲུ་དེ་དག་ནི་མ་ནུས་ནི།། ཅི་ནུས་པར་ནི་བྲི་བར་བྱའོ།། དཀྱིལ་འཁོར་དེ ་ཡི་ས་གཞི་ནི།། སྤོས་ཆུས་གསང་གཏོར་བྱ་བ་དང་།། བ་ཡི་རྣམ་ལྔས་སྐྱང་ནུལ་བྱ།། ས་གཞི་ཡོངསུ་རྫོགས་པ་རུ།། ཐིག་གདབ་ཆོ་ག་རྫོགས་པར་བྱ།། ས་སྦྱང་བའི་ཆོ་གའོ།། །། ལོགས་པར་ཁྲུས་བྱས་ལུས་དྲིས ་བྱུག། ཇི་སྙེད་གོས་དང་རྒྱན་གྱིས་བརྒྱན།། ཤིན་ཏུ་དམར་བའི་གོས་གྱོན་ནས།། ཡར་གྱི་ངོ་ནས་བརྩམས་པར་བྱ།། དཀྱིལ་འཁོར་ས་གཞིའི་དབུས་སོང་སྟེ།། བདག་སྲུང་བགེགས་གཞོམ་ལ་སོགས་བྱ།། རྡོ་རྗེ་འཁོར་ལོའི་ཕྱག ་རྒྱ་ཡི།། དཀྱིལ་འཁོར་སྔ་མ་བཞིན་དུ་སྤྲུལ།། ཕྱག་འཚལ་མཆོད་པ་ལ་སོགས་པ།། སྔོན་དུ་སོང་བས་སྡོམ་པ་གཟུང་།། ཁང་པ་གདན་ལ་སོགས་བསྐྱེད་ནས།། དབུས་སུ་སྐྱིལ་ཀྲུང་གིས་འདུག་སྟེ།། བདག་ཉིད་སྤྲོ་བ་བསྐྱེད ་པར་བྱ།། དེང་དུ་བདག་ཚེ་འབྲས་བུ་ཡོད།། བདག་གི་གསོན་པའང་འབྲས་བུར་བཅས།། ལྕེ་དང་དམ་ཚིག་གིས་མཉམ་པར།། གྱུར་པ་བདག་ཉིད་ཐེ་ཚོམ་མེད།། བྱང་ཆུབ་སེམས་དང་སེམས་གཅིག་པས།། མི་ལྡོག ་བརླ་ནི་བདག་གྱུར་ཏེ།། དེ་བཞིན་གཤེགས་པའི་རིགསུ་ནི།། དེང་བདག་སྐྱེ་བར་ཐེ་ཚོམ་མེད།། དེང་བདག་ཉི་མ་དམ་པ་སྟེ།། བདག་གི་མཆོད་སྦྱིན་བླ་ན་མེད།། སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས།། དིང་བདག་འདུས ་པའི་མཆོག་ཡི་ནོ་ཞེས་བྱའོ།། ཕྱག་བྱས་བདུག་སྤོས་ཐོགས་ནས་སུ།། ཡུམ་མཆོག་སྲས་དང་བཅས་པ་རྣམས།། ཐམས་ཅད་མ་ལུས་སྤྱན་དྲང་ངོ་།། མ་ལུས་ཕྱོགས་ན་བཞུགས་པོ་ཡི།། སངས་རྒྱས་ཐམས་ཅད ་དགོངས་སུ་གསོལ།། བདག་མིང་འདི་ཞེས་བགྱི་བ་ཡི།། རྡོ་རྗེ་ཅན་གྱི་དཀྱིལ་འཁོར་འབྲི།། དང་འདིར་སངས་རྒྱས་ཀུན་གཤེགས་ཏེ།། དངོས་གྲུབ་མཆོག་ནི་སྩོལ་དུ་གསོལ་ཞེས་བརྗོད་དོ།། སྦྱོར་བ་རྣམས་གསུམ ་བསྒོམས་ནས་ནི།། སྒོ་རྣམས་དབྱེ་བ་བྱས་ནས་སུ།། བྱམས་པའི་སྒྲོ་ན་གནས་པ་ཡིས།། ཡུམ་མཆོག་སྔགས་བཟློས་བརྩོན་པ་ཡི།། རྣལ་འབྱོར་ང་རྒྱལ་ཆེར་ལྡན་པས།། དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར།། བསྟོད་དེ ་གསོལ་བ་གདབ་པར་བྱ།། མ་ཞིག་ན་བར་གྱུར་པ་ལ།། བུ་རྣམས་རིམ་གྲོ་བྱེད་པ་ལྟར།། ཡུམ་མཆོག་བསྲུང་བ་བྱ་བའི་ཕྱིར།། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཡིས།། ནུ་མཁའི་ཁམས་ཀུན་གང་གྱུར་ཏེ།། བདག་གིས། ་ལུས་དེ་ཕྱག་བྱས་ནས།། བདག་ཉིད་རང་ཉིད་རྡོ་རྗེ་ཅན།། རྡོ་རྗེ་སེམས་དཔའ་བདག་རང་ཉིད།། བདག་ཉིད་སངས་རྒྱས་རྒྱལ་པོ་ཆེ།། སྟོབས་ཆེན་རྡོ་རྗེ་ཅན་བདག་ཉིད།། བདག་ནི་རྣལ་འབྱོར་དབང་ཕྱུག་ཆེ།། ཕྱག་ན་རྡོ་རྗེ་བདག ་བརྟན་ཉིད།། བདག་པོ་རྡོ་རྗེ་ཆེན་པོ་བདག། བྱིན་གྱིས་བརླབས་པ་མི་འདོར་རོ།། དེ་ནས་བཛྲ་ཏིཥྛ་མ་ཊ།། མིག་གཉིས་དག་ཏུ་བཀོད་ནས་ཀྱང་།། རྐང་མཐིལ་གཉིས་སུ་ཨ་ལས་ནི།། སྣ་ཚོགས་རྡོ་རྗེ་བསྐྱོད་བྱས། ་དམ་ཚིག་ཕྱག་རྒྱ་རབ་བསྲུངས་ནས།། བཛྲ་སཏྭ་བཛྲ་ཨུཏ་ཏིཥྛ།། དེ་ཡིས་དཀྱིལ་འཁོར་བདེག་པར་བྱའོ།། སྔར་བཞིན་བྱིན་གྱིས་རླབས་བྱས་ནས།། ཕྱག་རྒྱ་ཆེན་པོ་དེ་བཅིངས་ནས།། གཡོན་པ་དྲིལ་བུ་ལེགས་བཟུང་ནས།། གཡོན ་བས་རྡོ་རྗེ་གསོར་བར་བྱ།། ཡི་གེ་ཧཱུཾ་གི་སྒྲ་སྒྲོགས་པས།། ཅུང་ཟད་གར་བྱེད་གོམས་སྟབས་ཀྱིས།། བསྐོར་བའི་ཚུལ་གྱིས་སོང་ནས་ནི།། དེངས་ཤིག་ཅེས་ནི་བརྗོད་པར་བྱ།། སྒྱུ་འཕྲུལ་དྲ་བར་གསུངས་པ་ལྟར།། གཡས་བརྐྱང་ལ ་སོགས་སྟང་སྟབས་བྱ།། བསྒྱིངས་པོའི་ཚུལ་གྱིས་སོང་ནས་ནི།། གདུག་པའི་བགེགས་རྣམས་བསྐྲད་པར་བྱ།། དེ་ནས་ཕྱག་རྒྱ་འདི་ཡིས་ནི།། གསང་བའི་དཀྱིལ་འཁོར་དགུགོ་བར་བྱ།། རྡོ་རྗེ་ཁུ་ཚུར་གྱིས་བཅིངས་ནས།། མཛུབ་མོ ་མཐེ་བོང་རྡོ་རྗེ་བྱས།། དཀྱིལ་འཁོར་དགུག་པའི་ཕྱག་རྒྱའོ།། ཨོཾ་བཛྲ་མཎྜ་ལ་ཧཱུཾ།། དེ་ནས་རྡོ་རྗེ་འཁོར་ལོ་ཡི།། ཕྱག་རྒྱ་དང་ནི་སྔགས་འདི་ཡིས།། དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱ།། མཱ་ཧཱ་བཛྲ་ཙཀྲ་ཨ་ཏིཥྛ་སིདྡྷ་ཧཱུཾ།། རྡོ་རྗེ་རྒྱུ་ཡི ་ལས་ཀྱིས་ནི།། ཕྱག་རྒྱ་ཉིད་ནི་བཤད་པ་ཡིན།། དེ་ནས་ཕུར་བུ་བཏབ་ནས་ནི།། འོག་གི་ཕྱོགས་ཀྱི་བགེགས་རྣམས་བཟློག། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སཽརྦ་བི་གྷྣཱཾ་བནྡྷ་ཧཱུཾ་ཕཊ།། བརྒྱ་ནི་རྩ་བརྒྱད་བཟླས་ནས་ཀྱང་།། དཀྱིལ་འཁོར ་དབུས་དང་གྲཝ་བཞི་རུ།། གཡོན་པས་གཟུང་སྟེ་གཡས་པས་བརྡ་བ།། སེང་ལྡེང་ཕུར་བུ་ལྔ་བསྐྱེད་དོ།། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཉྫན་ཧཱུཾ་ཕཊ། ཀཱི་ལ་ཡ་ཀི་ལ་ཡ་སརྦ་པཱ་པཾ་ཕཊ། བཛྲཱ་ཀཱི་ལ་ཡ་བཛྲ་དྷ་རི། ཨཱ་ཛྙཱ་པ ་ཡ་ཏི་སྭཱ་ཧཱ། བདུག་པས་བདུགས་ཏེ་དབང་བསྐུར་རོ།། དེ་ནས་དཀྱིལ་འཁོར་དབུས་སུ་ནི།། དཀྱིལ་འཁོར་ཡོངས་སུ་བརྟག་བྱས་ནས།། ཅིན་ད་ནི་གུར་ཀུམ་ལ་སོགས་པས།། ཡུམ་ཆེན་གྱི་ནི་གནས་དག་ཏུ།། རིན་ཆེནི་ཟུར ་བརྒྱད་ཐིག་ལེ་བྱ།། དེ་བཞིན་གཤེགས་པའི་གནས་དག་དང་།། བྱང་ཆུབ་སེམས་དཔའི་གནསུ་ནི།། གྲཝ་བཞི་ཟླུམ་པོར་བྱ་བའོ།། ཡུམ་མཆོག་གི་ནི་སྔགས་ཀྱིས་ནི།། ལན་གསུམ་དག་ཏུ་བཟླས་པའོ།། དེ་ནས་ན་མཁའི་ཕྱོགས ་ནཱནས་ནི།། ནམ་མཁའི་དཀྱིལ་འཁོར་བཀུག་ནས་ནི།། གཞུག་དང་བཅིང་དང་དབང་དུ་བྱ།། མཆོད་པ་ལྔ་པོས་ལེགས་པར་མཆོད།། དེ་ནས་དབང་བསྐུར་བུམ་པ་ལ།། འབྲུ་སོགས་བཅས་པར་ཆུ་བླུགས་ལ།། ཡུམ་མཆོག་སྔགས ་ནི་བརྒྱ་བཟླས་པ།། མཆོད་ཡོན་ལེགས་པར་དབུལ་བར་བྱ།། བདུག་པས་བདུགས་ནས་མེ་ཏོག་དོར།། ལྷག་པར་གནས་པར་བྱ་བའོ།། ཐུན་གསུམ་དག་ཏུ་བཟླས་བྱས་ནས།། དེས་ནི་དབང་བསྐུར་བྱ་བའོ།། ལྷག་པར ་གནས་པའི་སྦྱིན་སྲེག་བྱ།། དེ་ནས་ཕྱི་རོལ་བྱུང་ནས་ཀྱང་།། དམ་ཚིག་ཅན་ལ་གཏོར་མ་སྦྱིན།། ཉི་རེག་དག་ཀྱང་བྱས་ནས་ནི།། མཚན་བརྒྱ་རྩ་བརྒྱད་དམ་པ་ནི།། ལན་གཅིག་བར་དུ་བརྗོད་པར་བགྱི།། དེ་ནས་མེ་ཏོག་ལ་སོགས ་དང་། སྒེག་མོ་ལ་སོགས་བརྒྱད་ཀྱིས་མཆོད།། སློབ་མ་ལྷུག་པར་གནས་པར་བྱའོ།། རེ་ཞིག་དང་པོར་ཁྲུས་བྱས་ལ།། ཤིན་ཏུ་གཙང་བའི་གོས་གྱོན་ལ།། མེ་ཏོག་ཐོགས་པའི་སློབ་མ་ཡིས།། སློབ ་དཔོན་དག་ལ་ཕྱག་བྱས་ཏེ།། འདི་སྐད་ཅེས་ནི་སྨྲ་བར་བྱ།། དགའ་ཆེན་ཁྱོད་བདག་སྟོན་པ་བྱས།། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ།། བྱང་ཆུབ་ཆེན་པོའི་ཚུལ་བརྟན་པ།། མགོན་པོ་ཆེན་པོ་བདག་འཚལ་ལོ།། དམ་ཚིག་དེ་ཉིད ་རྩལ་དུ་གསོལ།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། སྐྱབས་གསུམ་དག་ནི་བདག་ལ་སྩོལ།། ཐར་པ་ཆེན་པོའི་གྲོང་མཆོག་ཏུ།། མགོན་པོ་བདག་ནི་འཇུག་པར་བགྱིའོ།། དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་གཞུག ་སྟེ། རྟོག་པ་རྣམས་ནི་ཤིན་ཏུ་བསྡུས་ནས་ནི།། ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན།། བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས།། བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ།། དབང་མེད་བདག་གིས་མི ་དགེ་བགྱིས་པ་དང་།། རྗེས་སུ་ཡི་རང་ཡང་ན་བགྱིད་རྩལ་གང་།། དེ་དག་ཐམས་ཅད་བྱང་ཆུབ་མཆོག་ཏུ་ནི།། སྔར་བཤད་ད་ལྟར་མ་ལུས་སོ་སོར་བཤགས།། བདེ་བར་གཤེགས་པ་སྲས་ཀྱི་ལྷ་རྣམས་དང་།། རྒྱ་ཆེན ་འགྲོ་བ་མ་ལུས་པ་ཡི་དོན།། སྒྲུབ་པར་བྱེད་དང་དེ་ལས་གཞན་ལའང་།། རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ་།། ཐུགས་རྗེས་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིང་།། བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ།། མ ་རིགས་ཀྱི་པདྨའི་ནང་གཞུགས་པ།། བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི།། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།། མི་སྐྱེ་མ་འགགས་ན་མཁའི་ངོ་བོ་ཉིད།། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ ་བ། དུས་གསུམ་རྒྱལ་བའི་ཡུམ་ལ་སྐྱབས་སུ་མཆི།། བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་དང་།། དམན་པས་འཇིགས་པ་ཉིད་ཀྱི་རྒྱལ་བྱེང་ཚལ།། སྲིད་པའི་འབྱོར་པ་ཟིལ་གྱིས་གནོན་པའི་མཆོག། གསུང ་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི།། འདོད་ཆགས་ལ་སོགས་སྦྲུལ་གྱི་དུག་བཅོམ་ཞིང་།། བློ་གྲོས་རྣམ་རྒྱལ་ཐུགས་རྗེ་ཆེར་ལྡན་པའོ།། བརྟུལ་ཞུགས་བཟང་པོའི་ཚོགས་ལ་སྐྱབསུ་མཆི།། སྲིད་དང་བྲལ ་བ་རྣམས་ལ་ཕྱག་འཚལ་ལོ།། རྒྱུ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད།། འབྲས་བུའི་སྟོབས་ཀྱིས་དགྲ་ལས་རྒྱལ་གྱུར་པའི།། སྙིང་རྗེའི་རྩ་བ་ཟུག་ཅིག་ཡང་དག་རྟོགས།། མཉམ་མེད་བྱང་ཆུབ་ཡང་དགྲ་གཟུང ་བར་བགྱི།། སེམས་ཅན་རྣམ་ས་ནི་ཡོངས་སུ་སྨིན་པ་འམ།། ཡང་ན་ཡོངསུ་བསྐྱབ་པར་བྱ་བ་འམ།། རང་གི་སེམས་ནི་དག་པར་བྱ་བའི་ཕྱིར།། འདི་དག་ཐམས་ཅད་རྩ་སོགས་བཞིན་དུ་གཏང་།། དེ་བཞིན། ་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་།། བསམ་གཏན་ཤེས་རབ་བླ་ན་མེད་པ་ནི།། བདག་དང་གཞན་རྣམས་དག་པར་བྱ་བའི་ཕྱིར།། སྐད་ཅིག་རེ་རེ་ཞིང་ནི་བསྒོམ་པར་བགྱི།། བདེ་བར་གཤེགས་པ ་སྔགས་ལ་མཁས་པ་ཡིས།། ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི།། འགྲོ་བ་འདི་ཡིས་ཐོབ་པར་བྱ་བའི་ཕྱིར།། ཁྱད་པར་གནས་ལ་བདག་ནི་གནས་པར་བགྱི་ཞེས་ལན་གསུམ་བརྗོད་དོ།། ་བདག་གིས་དེ་སྐད་བརྗོད་པའི་དགེ་བའི་རྩ་བ་འདིས།། བདག་གིས་ལུས་ཐམས་ཅད་ཡོངས་སུ་བཏང་བར་བགྱིའོ།། བདག་གིས་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་པར་བགྱིའོ།། བདག་གིས ་སེམས་ཅན་ཐམས་ཅད་ཐེག་པ་ཐམས་ཅད་དང་།། ཐབས་ཀྱི་བྱེ་བྲག་ཐམས་ཅད་ཀྱིས་བཏུལ་ནས་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་རབ་ཏུ་བཞག་པར་བགྱིའོ།། བ་དག་གིས་སེམས་ཅན་ཐམས ་ཅད་མྱ་ངན་ལྔས་འདས་ཀྱང་སེམས་ཅན་འགའ་ཡང་མྱ་དོན་ལས་འདས་པ་མེད་དོ་ཞེས་སེམས་བསྐྱེད་པར་བགྱིའོ།། བདག་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད་དུ་རྗེསུ་རྟོགས་པར་བགྱིའོ།། བདག་གིས ་མ་ཡོངས་པའི་སེམས་དང་།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསྒྲུབ་ཕྱིར་བགྱིའོ།། བྱཱ་དུག་གིས་ཏཱི་འཛིན་ཐམས་ཅད་ཀྱི་རྒྱུ་ལྔ་པོ་ཐོབ་པར་བགྱི་སྟེ།། སེམས་ཅན་ཐམས་ཅད་བྱང ་ཆུབ་རྣམ་པ་གསུམ་ལ་དགོད་པར་བགྱིའོ།། བདག་གིས་ཐེག་པ་གཅིག་གི་ཚུལ་དུ་གནས་པར་ཡང་རྟོགས་པར་བགྱིའོ།། བདག་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་གནས་པ་སོ་སོར་རྟོགས ་པར་བྱ་བའི་ཕྱིར་བརླབ་པར་བགྱིའོ།། བདག་གིས་སྟོབས་བཅུ་དང་མི་འཇིགས་པ་དང་།། སོ་སོ་ཡང་དག་པར་རིག་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ་སོར་རྟོགས་པར་བྱ་བའི་ཕྱིར་མངོན་པར་བརྩོན་པར་བགྱིའོ།། དེ ་བཞིན་དུ་བདག་གིས་སངས་རྒྱས་ཀྱི་ཆོས་མ་ལུས་པའི་བར་ལ་མངོན་པར་གནས་པར་བྱ་བའི་ཕྱིར་མངོན་པར་བསྒྲུབ་པར་བགྱིའོ།། འདི་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཆེན་པོའི་སེམས་བསྐྱེད་པ་རྡོ་རྗེ་ལྟ ་བུ་ཡིན་ཏེ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་དང་།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པ་དང་།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོ་སྷོ། འདི་ཉིད་བཅོམ་ལྡན་འདས་ཀུན་ཏུ་བཟང་པོའོ།། ། ་དེའི་དགེ་བའི་རྩ་བ་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྟོགས་པར་བྱས་པའི་སྟོབས་ཀྱིས་བདག་སེམས་བསྐྱེད་པ་འདི་ལ་གནས་པས་ཀུན་ཏུ་བཟང་པོའི་སྤྱོད་པ་ཞེས་བྱ་བ་སྒོ་མཐའ་ཡས་པ་ལ་གནས་པ།། མཐའ་མེད་པར་འགྱུར ་པ་རྫོགས་པར་བྱས་ནས།། གདུལ་བྱའི་འགྲོ་བའི་ཚོགས་མ་ལུས་པ་རྣམས་ལ།། སྤྱོད་པ་རབ་ཏུ་དབྱེ་བོའི་སྒོ་མང་པོ་བསྟན་པས་ཡང་དག་པར་མགུ་བ.རརོ་བྱ་བ་དང་། ཡང་དག་པར་དགའ་བར་བ་བྱ་དང་།། ཡང་དག་པར་གཟེངས་བསྟོད་པ ་ལ་ངེས་པར་སྦྱར་བར་བགྱིའོ།། དེ་ནས་ས་མ་ཡ་ཨ་ཞེས་བཟླས་པས།། སློབ་མའི་སྙིང་གར་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ། དེའི་སྟེང་དུ་རྡོ་རྗེ་དེ་བཞག་ལ། སུ་ར་ཏེ་ས་མ་ཡསྟྭཾ་ཧོ།། བཛྲ་སིདྡྷྱ་ཡ་ཐཱ་སུ་ཁཾ་ཞེས་བྱ་བའི་སྙིང་པོ་ཡང་སྙིང ་གར་བཟླས་ལ། སྤྱི་བོར་སྤོས་ཆུས་བརླན་པ་འམ་གཤེར་བའི་ལག་པ་བཞག་ལ། རྡོ་རྗེ་སེམས་དཔའ་བཟླས་ཤིང་རྡོ་རྗེར་བསམ་པར་བྱའོ།། དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོར་ཏྲཾ་ཧྲཱི་དང་ཀཾ་ལས་རྡོ་རྗེ་དང་། ་རིན་པོ་ཆེ་དང་པད་མ་དང་སྣ་ཚོགས་རྡོ་རྗེར་བསམས་ལ། བཛྲ་སཏྭ། བཛྲ་རཏྣ། བཛྲ་དྷརྨ། བཛྲ་ཀརྨ། ཞེས་ཟློས་ཤིང་སྙིང་ག་ལ་སོགས་པར་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་ཨ་ཤཱཏྠ་ལ་སོགས་པའི་སོ་ཤིང་སོར་བཅུ་གཉི ་པའི་ཚད་ལ་རྩེ་མོར་མེ་ཏོག་བཅིངས་ལ། རྡོ་རྗེ་བཞད་པ་བཟླས་ལ་སྦྱིན།། དེ་ནས་ཤར་རམ་བྱང་དུ་བལྟས་ཏེ། རྩེ་མོ་ཉིད་ནས་བཅའ་བར་བྱའོ།། དེ་ནས་ཀུ་ཤ་སར་པ་ལ་རྡོ་རྗེ་རྣོན་པོ་བཟླས་ཏེ་བྱིན་ལ། འདི་ནི་སྟན་དུ་གདིང་ཞིང་སྔས ་སུ་གྱིས་ལ་ཉོལ་ཅིག་ཅེས་བསྒོའོ།། དེ་ནས་དཔུང་པ་གཡོན་པར་ནོ།། སྲུང་སྐུད་འདུད་པ་གསུམ་ལྡན་པ།། བདག་ཉིད་ཀྱིས་ནི་ལེགས་པར་བཅིང་།། དེ་ནས་ཟབ་མོ་རྒྱ་ཆེ་བའི།། ཆོས་ནི་ཅི་ནུས་པར་བསྟན་པས།། ཐམས་ཅད་ལ ་གཟེངས་བསྟོད་པར་བྱས་ནས་བཞིན་བཟང་རྣམས་ལོང་ཞིག། ནང་པར་དཀྱིལ་འཁོར་ཆེན་པོ་མཐོང་བར་འགྱུར་ཞེས་བསྒོའོ།། ལྷག་པར་གནས་པའི་ཆོ་གའོ།། དེ་ནས་ཉི་མ་འཆར་ཁ་རུ།། དཀྱིལ་འཁོར་ར་མཁར་བརྡེག་པར ་བྱའོ།། དེ་ནས་ཐིག་གོདབ་པར་བྱའོ།། དང་པོར་ཚོན་རྩི་སྔོན་པོ་དང་།། སེར་པོ་དང་ནི་དམར་པོ་དང་།། ལྗང་གུ་དཀར་པོ་དག་ལ་ནི།། དྲི་ཞིམ་ཚོན་གྱིས་སོ་སོར་བསྒྱུར།། གོ་རོམ་གྱིས་ནི་བཞག་པ་ལ།། དེ་ལ་ཙཱུ་ཏྲ་ཏྲི་ཨ་ཨོ།། རང་གི ་ས་བོན་དེར་དགོད་དོ།། དིབྟ་དྲྀཥྚི་ཨཾ་ཀུ་ཤ་ཛཿམིག་གཉིས་དག་ཏུ་རབ་དགོད་དོ།། རབ་ཏུ་གཡོ་ཞིང་འབར་བའི་མིག།། མིག་གིས་རྗེ་སུ་དྲན་པ་ནི།། འབར་པོའི་ལྟ་བས་མི་བསྐྱོད་པ་ལ་སོགས་བསྐུལ་ཞིང་། བཅོམ་ལྡན་འདས ་ཡུམ་ཆེན་མོའི་དཀྱིལ་འཁོར་ཆེན་མོའི་ཐིག་གདབ་པར་བྱ་བའི་ཕྱིར་རྡོ་རྗེའི་ཐིག་བདག་ལ་གསོལ་ཅིག་ཅེས་བགྱི་བས་ཀྱང་བསྐུལ་བར་བྱའོ།། དེ་ནས་རང་གི་ས་བོན་གྱི་འོད་ཀྱིས་བསྐུལ་པས།། མི་བསྐྱོད་པ་ལ་སོགས་པ་ཡིས ་བཏང་བའི་སྲད་བུ་འབར་བའི་ལྕགས་ཀྱུས་བཀུག་སྟེ། རང་གི་ལག་ན་གནས་པ་ལ།། སྲད་བུ་ངེས་གང་བར་བྱས་ལ།། ཨོཾ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱ་སྥ་ར་སྥ་ར་ཨ་ནུ་པྲ་བཥྚི་སརྦ་དྷརྨ། ཨ་དྱན་ཏ་ཨཻ་ནུ་པྲ་བཉྩི་སརྦ་དྷརྨ། ཨོཾ ་བཛྲ་དྷརྨཱ་དྷཱི་ཞེས་བསྒྲིལ་བར་བྱའོ།། བསྒྲིལ་ནས་མིག་གཡས་དང་གཡོན་དུ། མ་དང་ཊ་ལས་ཉི་མ་དང་ཟླ་བ་བསྐྱེད་ལ། བཛྲ་དྲྀཥྚི་མ་ཊ་ཞེས་བྱ་བྱ་བས་བརྟན་པར་བྱས་ལ། སྲད་བུ་དེ་དྲིས་བྱུགས་པའི་རིན་པོ་ཆེའི་སྣོད་དུ་བཞག་ལ། ་དྲིདྲི་དང་མེ་ཏོག་དང་བདུག་སྤོས་ཀྱིས་མཆོད་དོ།། ཨོཾ་བཛྲ་ས་མ་ཡ་སུ་ཏྲཾ་མ་ཏི་ཀྲྀ་མ་ཧཱུཾ་ཞེས་རྡོ་རྗེ་བསྡམས་པས་བཟུང་སྟེ། ལན་བརྒྱ་རྩ་བརྒྱད་བཽ་ཟློ་བར་བྱའོ།། དེ་ནས་དྲིས་ཉེ་བར་བྱུགས་ལ། བར་སྣང་ལ་བཞུགས་པའི་རིགས ་ཐམས་ཅད་ལ་མཆོད་ཡོན་ཕུལ་ཏེ། མེ་ཏོག་ལ་སོགས་པ་ལྔ་དང་།། སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་མཆོད་ལ་ཕྱག་བྱས་ལ། དཀྱིལ་འཁོར་གྱི་ས་གཞི་བརྟག་པར་བྱའོ།། དེ་ལ་རེ་ཞིག་སྔགས་བཟླས་པའི་སྲད་བུས་མཐའ ་མཱ་དཀར་པོ་དང་ལྡན་པས་སྤངས་ལ་ཡིད་ཅེས་བཛྲ་དྷཱ་ཏུ་ཞེས་བྱ་བས་རྡོ་རྗེའི་ཚིག་གིས་བཟླས་ལ། རྣམ་པར་སྣང་མཛད་དུ་གྱུར་པར་བྱས་ནས། བཛྲ་ཀརྨ་ཞེས་བརྗོད་པས་བསྒྲུབ་པའི་གྲོགས་མཆོག་རང ་གི་སྙིང་ག་ནས་རྡོ་རྗེ་ལས་ཀྱི་གཟུགས་སུ་སྤྲུལ་པར་བྱའོ།། དེ་ནས་སྲད་བུ་དེ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་གཟུང་ལ། ཛྫཉྩཞེས་བྱ་བས་སྒྲུབ་པའི་གྲོགས་མཆོག་རྡོ་རྗེ་ལས་ཀྱི་གཟུགས་ཅན་གྱི་ལག་དུ་སླད་བུ་བཏང་ལ། ཕྱོགས ་ཐམས་ཅད་མཉམ་པ་ཉིད་བསྒོམ་ཞིང་། ཤར་ཕྱོགས་སུ་བལྟས་ཏེ། རྡོ་རྗེ་སྲད་བུ་གདབ་པར་བྱའོ།། ཡང་སློབ་དཔོན་ལྷོར་འདུག་ལ་བྱང་དུ་བལྟས་ཏེ། གཉིས་པ་གདབ་པར་བྱའོ།། དེ་ནས་མའི་ཕྱོགས་ཀྱི་ཆར་གནས་ལྷ་བྱུང་དུ ་བལྟས་ཏེ། ཕྱིའི་དཀྱིལ་འཁོར་གྱི་ཤར་དུ་ཐིག་གདབ་པར་བྱའོ།། རླུང་གི་ཕྱོགས་སུ་གནས་པ་ལ་ལྷོའི་ཕྱོགསུ་བལྟས་ཏེ། ནུབ་ཀྱི་ཐིག་གདབ་པར་བྱའོ།། དེ་ཉིད་དུ་འདུག་ཏེ་བྱང་གི་ཐིག་གདབ་པོ།། ཡང་མེའི་ཕྱོགས་འདུག་སྟེ། ལྷོ་ཕྱོགས་སུ ་ཐིག་གདབ་པར་བྱའོ།། ཁ་ཁྱེར་གྱི་ཐིག་ཀྱང་གདབ་པར་བྱའོ།། ཡང་མེའི་མཚམ་སུ་གནས་ཏེ། རླུང་གི་ཕྱོགས་ཀྱི་མཚམས་ཀྱི་ཐིག་ཀྱང་གདབ་པ་དང་། ཡང་བདེན་བྲལ་གྱི་མཚམསུ་གནས་ཏེ། དབང་ལྡན་གྱི་མཚམས་ཀྱི་བར་གྱི་ཐིག ་གདབ་པར་བྱའོ།། སློབ་དཔོན་གྲོགས་མཆོག་གཉིས་ནི་སྐོར་ཕྱོགསུ་འགྲོ་བར་བྱའོ།། དེ་ལ་སྒོ་ནི་འཁོར་ལོའི་བརྒྱད་ཆའོ།། སྒོ་ཁྱུད་ནི་སྒོའི་ཚད་ཀྱི་ཕྱེད་དོ།། ག་བྱེར་ནི་སྒོའི་ཕྱེད་དོ།། ཚོན་སྣ་ལྔའི་ས་ནི་ཁ་ཁྱེར་གྱི་ཕྱེད་དོ།། རྟ་བབས་ནི་སྒོའི ་སུམ་འགྱུར་དུ་བྱའོ།། ད་ནཱི་ལུང་ལས་འབྱུང་བའི་ཐོག་གདབ་སྟེ། སར་པ་ལྔས་ནི་བཀལ་ནས་ཀྱང་།། ཆད་མཐུན་པར་ནི་མཛེས་པ་ཡི།། ཐིག་ནི་མཁས་པས་མཛེས་པ་ཡི།། ཐིག་ནི་མཁས་པས་ཅི་ནུས་ཀྱིས།། དཀྱིལ ་འཁོར་གྱི་ནི་ཐོག་གདབ་པོ།། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི།། ཡུམ་གྱུར་དམ་པའི་དཀྱིལ་འཁོར་ནི།། ཐིག་བཞི་བཏབ་པས་དཀྱིལ་འཁོར་དགུ།། དཀྱིལ་འཁོར་དགུ་ཡི་དཀྱིལ་དུ་ནི།། བདེ་གཤེགས ་ཡུམ་དུ་གྱུར་པ་དགོད།། དུང་ལྟར་སྐུ་མདོག་དཀར་བ་ལ།། གཡས་པ་རིན་ཆེན་མཆོག་སྦྱིན་ཞིང་།། གཡོན་པ་གླེགས་བྲམྲ་འཛིན་པ་སྟེ།། སེང་གེ་ལ་གནས་པདྨའི་གདན།། ཟླ་བའི་དཀྱིལ་འཁོར་དག་ལ་ནི།། སྦྱིན་པ ་ཚུལ་ཁྲིམས་བཟོད་པ་དང་།། བསམ་གཏན་ལ་སོགས་འཁོར་གྱིས་བསྐོར།། ཕྱིའི་ལེའུ་ཚེ་བརྒྱད་པོ་ལ།། ཕྱོགས་བཅུའི་བདེ་བར་གཤེགས་པ་བཅུ།། སོ་སོའི་འཁོར་གྱིས་བསྐོར་བ་ནི།། སེང་གེ་ལ་གནས་པདྨའི་གདན།། ་དེ་སྟེང་ཟླ་བའི་དཀྱིལ་འཁོར་ལ།། གྷོ་རི་མ་བཞིན་དུ་དགོད་པར་བྱ།། ཕྱོགས་བཞིའི་ཟླ་བ་བཞིན་པོ་ལ།། སྙོམས་དཔའ་རྡོ་རྗེ་ལ་སོགས་ནི།། པད་གནས་ཟླ་བའི་དཀྱིལ་འཁོར་ལ།། གོ་རིམ་བཞིན་དུ་དགོད་པར་བྱ།། དེ་ཡི ་ཕྱི་རོམེ་དག་ཏུ་ནི།། ཐུགས་རྗེ་འོད་ཀྱི་དཀྱིལ་འཁོར་ནི།། པདྨ་བརྒྱའམ་སྟོང་དག་ཏུ།། ཆོ་ག་ཤེས་པས་བྲི་བར་བྱ།། རྡོ་རྗེ་ཉི་མར་ཡང་དག་ལྡན།། གྲཝ་བཞི་ཕྱོགས་བཞི་དག་ཏུ་ནི།། ལཱ་སྱ་ལ་སོགས་ལྷ་མོ་བརྒྱ་།། པད ་གནས་ཟླ་བའི་དཀྱིལ་འཁོར་ལ།། ལེགས་པ་དག་ཏུ་བྲི་བར་བྱ།། ལྷ་ཡི་སྣམ་བུ་དགོད་བྱ་བ།། བསྐལ་པ་བཟང་པོ་འདི་ཉིད་ཀྱི།། སངས་རྒྱས་སྟོང་དུ་བཞིས་མ་ཚང་།། པད་གནས་ཟླ་བའི ་དཀྱིལ་འཁོར་ལ།། རང་རང་མཚན་མ་བསྣམས་པ་བྲི།། སྒོ་ཁྱུད་བཞི་པོ་དག་ལ་ཡང་།། སྒྲོ་བྲི་བཞི་པོ་དྲི་བར་བྱ།། རྟ་བབས་བཞིས་ནི་མཛེས་བྱས་ལ།། དར་དང་མེ་ཏོག་ཕྲེང་བས་བརྒྱན།། གྲཝ་བཞི་ཕྱོགས་བཞི ་ཐམས་ཅད་དང་།། སྒོ་ཁྱུད་ཀྱི་ནི་རླུང་རྣམས་སུ།། རྡོ་རྗེ་རཱིན་རྒྱུན་སྐྱེས་པར་ནི།། དཀྱིལ་འཁོར་ཕྱི་ཊིམྦྷ་བྷི་བར་བྱ།། དེ་ལྟར་དཀྱིལ་འཁོར་ལེགས་བྲིས་ནས།། དང་པོར་བདག་ཉིད་འཇུག་པར་བྱ།། དེ་ནས་སློབ་མོ་བཞུག་པར ་བྱ།། ཞེས་འབྱུང་། གལ་ཏེ་གེགས་ནི་བྱུང་ན་ནི།། སྟོང་པ་ཉིད་ཀྱི་ཏིང་འཛིན་མངོན་དུ་བྱས་ནས།། དེའི་འོག་ཨ་ལས་རྣམ་པར་སྣང་མཛད་དུ་གྱུར་ནས།། རྒྱུད་ལས་བཤད་པའི་རྣམ་པར་སྣད་མཛད་ཀྱི་སྐུར་ཡང་ངེས ་བར་བྱས་ནས། ཧཾ་ལས་འཕགས་པ་མི་གཡོ་བ་ཐུགས་ཀ་ནས་ཕྱུང་སྟེ། བཛྲ་བནྡ་དྷི་ཞེས་ཡིད་ལ་བརྗོད་ལ། ཕྱིའི་དཀྱིལ་འཁོར་དུ། རླུང་གི་ཕྱོགསུ་དྲིའི་ཐིག་ལེ་བདུན་བྱས་ཏེ། ཐིག་ལ་རེ་རེ་ཞིང་ཡང་རེ་རེའི་ནང་དུ ་ཆུད་པར་བྱས་ལ་དབུས་མ་དང་མཐའ་མ་དང་ཐིག་ལེ་བདུན་དང་ལྡན་པར་བྱས་ཏེ། ཐིག་ལེ་བདུན་པོ་དེ་དག་དང་། རླུང་ལྷ་བདུན་པོ་རི་གས་ལ་ཞོན་པའོ།། མདོག་ནག་པོ་འཕགས་པ་མི་གཡོ་བས་ཞགས་པས་ཀུན ་ནས་བཅིངས་པར་བསམས་ལ། དེ་རྣམས་ཀྱི་དབུས་མ་གཅིག་ནི་གཙོ་བོ་ཡིན་ལ། ལྷག་མ་དྲུག་ནི་འཁོར་ཡིན་པས་ཀུན་ནས་བསྐོར་བར་བསམས་པའོ།། དེ་ནས་ཁམ་ལས་ནི་རབ་ཏུ་བསམས་ལ།། དེའི་སྐྱེད་དུ་ཨ་ཉིད་ལས ་དབྱུང་ཆེན་གྱི་དཀྱིལ་འཁོར་ཐམས་ཅད་དུ་རྡོ་རྗེས་གཡོགས་ལ། དབུས་རྡོ་རྗེ་རྩེ་ལྔ་པ། ཡི་གཾ་ཧཱུ~ཾ་གཱི་ས་བོན་ལས་བྱུང་བ། མཚམས་རྣམས་སུ་མདུང་རྩེ་རྣམས་བསམས་ལ། དེ་བཞིན་དུ་བཛྲ་བན་དྷཱ་ཞེས་བརྗོད་དོ།། དེ་ཁམ་པོ ་དེ་ཇི་སྐད་བཤད་པའི་ཐིག་ལ་བདུན་གདབ་པར་བྱའོ།། དེ་ནས་ཁམ་པོར་དང་རི་རབ་ཀྱི་སྟེང་དུ་ཨོཾ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསམས་ཏེ། འཕགས་པ་མི་གཡོ་བ་ཡང་བཅོམ་ལྡན་འདས ་ཀྱི་སྤྱན་སྔར་གཡོན་པ་བརྐྱང་བས་རི་རབ་གཟུང་ནས། རལ་གྱི་དང་ཞགས་པས་རླུང་ལྷ་རྣམས་ལ་སྔགས་མཛུབ་མཛད་པར་བསམས་ཏེ། དེ་ལྟ་བུས་ནི་རླུང་ཐམས་ཅད་བཅིང་བར་བྱས་པར་འགྱུར་རོ།། དེ་ནས ་དཀྱིལ་འཁོར་དབུས་ན་གནས་པའི་ཕུར་བུ་ཧཱུཾ་བཞིས་བཏོན་ལ། འོད་ནས་བཤད་པའི་ཚོན་སྣ་ལྔས་བུ་ག་བཀག་ལ་མཉམ་པར་གཞག་གོ།། དེ་ནས་ཧྲི་ཞེས་བྱ་བས་མིག་གཡོས་དང་གཡོན་དུ་ཉི་མ་དང ་ཟླ་བ་བསྐྱང་ལ། ཁྲོ་བོའི་ལྟ་བས་ཀུན་བལྟས་ལ་སྒོ་རྣམས་དབྱེའོ།། དེ་ནས་ཚན་རྩི་བྱིན་གྱིས་བརླང་པར་བྱ་སྟེ། ཨོཾ་བཛྲ་རྩི་ཏྲ་ས་མ་ཡེ་ཧཱུཾ་ཞེས་བྱ་བ་འདི་ཕྱག་རྒྱ་དང་ལྡན་པས་ཚོན་རྩ་ཐམས་ཅད་ལ་ལན ་བདུན་གྱི་བར་དུ་བཟླས་ན་རྡོ་རྗེའི་རང་བཞིན་དུ་འགྱུ་རོ།། ཞེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསུངསོ།། ཕྱག་རྒྱ་གཉིས་ལས་ནི་མཛུབ་མོ་མཉམ་པར་སྦྱར་བར་བྱས་ནས། ཚོན་རྩི ་ཐམས་ཅད་ནི་འབར་བའི་ལྟ་བས་དགུག་པར་བྱ།། ཧྲི་ཞེས་བྱ་བ་དང་། རྡོ་རྗེ་ཉི་མ་ཁྲོ་བོ་དམ་ཚིག་ཕྱག་རྒྱ་དང་ལྡན་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་མཐར་སྦར་བར་བྱའོ།། ཨོཾ་བཛྲ་ཙི་ཏྲ་ས་མ་ཡཽ་ཧཱུཾ་ཞེས་ཟློས་ཤིང་དབྱེ ་བར་བྱའོ།། ཕྱོགས་བཞིར་ཡང་སྤོས་སྣོད་བཞི་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀློག་ཏུ་གཞུག་གོ།། དེ་ནས་དབུས་སུ་འདུག་ནས་ནི།། རྡོ་རྗེ་སློབ་དཔོན་མཉམ་གཞག་པས།། རྡོ་རྗེ་སྒོ་ནི་རྣམ་བཞི་པོ།། ཡིད ་སྨ་ནི་དབྱེ་བར་བྱཱ། ཨོཾ་བཛྲོདྒྷ་ཊ་ཡ་ས་མ་ཡཱ་པྲ་བ་ཤཱ་ཧཱུཾ།། རྡོ་རྗེ་མཛུབ་མོ་ཡང་དག་པར།། སྦྱར་ལ་དཀན་ཏེ་བསྡམས་ནས་སུ།། རབ་ཏུ་ཁྲོས་ནས་དབྱེ་བ་ནི།། སྒྲོ་དབྱེ་བའི་མཆོག་ཡིན་ནོ།། དེ་ནུས་རིན་པོ་ཆེ་ལས་བྱས ་པིའི་བུ་མོ་པ་རྩ་བི་མྱི་གནག་པི། ག་སུས་པ་ཆེ་བཱ། མགྲིན་པ་རིང་བ། མཆུ་འཕྱང་བ། བྷུ་རུ་དང་།། གསེར་ད་། དངུལ་དང་། མུ་ཏིག་དང་། པད་མ་རཱ་ག་སྟེ། རིན་པོ་རྒྱ་ཐམས་ཅད་དང་། བྲྀ་ཧཱ་སྟྲཱི་དང་། ཀྲཎྜ་ཀ་རི་དང་། ་ཧ་ས་དེ་བ་དང་། དཎྜོདྒ་ལ་དང་། ཤྭེ་ཏི་ཨ་པ་ར་ཙིཏྟ་སྟེ། སྨན་ཐམས་ཅད་དང་། འབྲས་དང་། ནས་དང་། གྲོ་དང་། ཏིལ་དང་། མ་ཤ་སྡེ་འབྲུ་ཐམས་ཅད་དང་། སྤོས་ཆུ་དྲི་ཞིམ་པ་དང་། མེ་ཏོག་དྲི་ཞིམ་པས་ཡོངས ་སུ་བཀང་ལ། དྲི་ཀུན་ཏུ་བྱུགས་པའི་མེ་ཏོག་གི་ཕྲེང་བས་བཏགས་པའོ།། མགུལ་པ་རས་དཀར་པོ་བཟང་པོས་བརྒྱན་པ། འདབ་མ་དང་འབྲས་བུ་དྲི་ཞིམ་པས་བརྒྱན་པ་དང་། བཛྲ་དྷཱ་ཏུ་བཛྲཱི་ཧཱུཾ་ཞེས་ལན་བརྒྱ ་རྩ་བརྒྱད་བཟླ་བར་བྱའོ།། བརྒྱ་འམ། སྟོང་ངམ། དཔག་ཏུ་མེད་པ་འམ། བཅུ་ལས་ཉུང་བར་མི་བྱའོ།། རས་ཟུང་བརྒྱའམ་སྟོང་ངམྦ། ལྷ་བཤོས་དང་མར་མེ་ཡང་བརྒྱའམ་སྟོང་ངམེ། བདུག་སྤོས་བརྒྱ་འམ ་སྟོང་ངམ། བཅུ་ལྔས་ཉུང་བར་མི་བྱའོ།། གླང་པོ་ཆེའམ་དྷཱ་ལ་སོགས་པའི་ཚིགས་ཀྱང་དགོད་དོ།། རོལ་མོའི་ཚོགས་འདི་ལྟ་སྟེ། པི་བང་དང་། གླིང་བུ་དང་། ཅང་ཏེའུ་དང་།། ཆ་ལང་དང་། རྔ་རིངས་དང་། རྔ་བོ་ཆེ་དང་། ་ཀུན་ཛ་དང་། ཏི་མི་ལ་བརྡུང་བ་སྟེ། དེ་དག་ཀྱང་དབུལ་བར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་མངོན་སུམ་ལྟ་བུར་བསམས་ལ། ཕྱག་བཞི་སྔོན་དུ་འགྲོ་བས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ལ། ་སྡོམ་པ་གཟུང་བ་ལ་སོགས་པ་བྱས་པའི་རྗེས་ལ་བདག་ཉིད་འཇུག་པར་བྱའོ།། དེ་ནས་དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང་།། ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ།། དེམ་ཚིག་གིས་ནི་ཕྱག་རྒྱ་ཆེར།། བྱིན་གྱིས་བརླབ་ལ་སྙིང་པོ ་བཟླ།། ཞེས་བྱ་བའི་སྔར་བཤད་པའི་ཆོ་ག་བྱས་ལ་ཡི་གེ་བརྒྱ་པ་བརྗོད་ལོ།། མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་བྱ་སྟེ།། དཔག་མེང་ཤེས་རབ་ཕ་རོལ་ཕྱིན།། སྡིག་མདོ་རྣམས་ཀྱི་ཆོས་སྐུ་གང་།། སྐྱོན་རྣམས ་ཐམས་ཅད་མེད་གཟིགས་མངའ།། རྣམ་རྟོག་མི་མང་ཁྱོད་ལ་འདུང་།། གང་གིས་ཡང་དག་ཉིད་དུ་ཁྱོད།། ན་མཁའ་བཞིན་དུ་གོས་པ་མེད།། སྤྲོས་མེད་ཡི་གེ་མེད་མཐོང་ན།། དེས་ནི་དེ་བཞིན ་གཤེགས་པ་མཐོང་།། འཕགས་པ་དམ་པ་རྣམས་དང་ནི།། ཡོན་ཏན་ཕྱུག་མོ་ཁྱོད་དང་ནི།། སངས་རྒྱས་འགྲོ་བའི་བླ་མ་དང་།། ཁྱད་པར་མ་མཐོང་ཟླ་འོད་བཞིན།། གུས་བྱས་སྙིང་རྗེའི་བདག་ཉིད་ཅན།། སངས་རྒྱས ་རྣམས་ཀྱི་འགྲོ་འདྲེན་མ།། ཁྱོད་ལ་བརྟེན་བགྱིས་ངེས་པར་ནི།། བདག་ཉིད་ཆེན་པོ་མཉམ་མེད་འཐོབ།། དོན་ཡོད་གཟིགས་མ་གང་ཡིནི།། བསམ་པ་དག་པས་ལན་འགའ་ཡང་།། ཚུལ་བཞིན་བྱེད་ལ་བལྟ་བགྱིད་པོ།། ། ་དེས་ཀྱང་ངེས་པར་འགྲུབ་པ་འཐོབ།། ཁྱོད་ནི་དཔའ་མོ་གཞན་དོན་ལ།། དགའ་བའི་བདག་ཉིད་ཐམས་ཅད་ཀྱིས།། གསོ་མཛད་སྐྱེད་པར་མཛད་པ་སྟེ།། བྱམས་ཤིང་གཅུགས་པའི་ཡུམ་ལགསོ།། དགེ་བ་གང་སླང་ཁྱོད་ཀྱི ་སྲས།། སངས་རྒྱས་འཇིག་རྟེན་བླ་མ་དང་།། ཐུགས་རྗེ་ཅན་ལགས་དེ་སླད་ཁྱོད།། སེམས་ཅན་ཀུན་གྱི་ཕྱེ་མོ་ལགས།། མ་སྨང་སྐར་མ་རྣམས་ཀྱིས་ནི།། ཟླ་བའི་དཀྱིལ་འཁོར་མཛེས་བཞིན་དུ།། མི་དམིགས་ཕ་རོལ་ཕྱིན ་ཀུན་གྱིས།། ཁྱོད་ནི་རབ་ཏུ་བསྐོར་བ་ལགས།། ཁྱོད་ནི་ཉག་མ་གཅིག་ལགས་ཀྱང་།། དེ་བཞིན་གཤེགས་པས་དེ་དེ་དེར།། སྐྱེ་བོ་འདུལ་བའི་རྟེན་མཛད་ནས།། སྣ་ཚོགས་མཚན་གྱིས་རྣམ་མང་བསྟོད།། ཉི་མའི་འོད་དང ་མཇལ་གྱུར་ན།། བིལྔ་པའི་ཆུ་ཐིགས་ཇི་བཞིན་དུ།། ཁྱོད་དང་མཇལ་བ་དག་རྣམས་ཀྱིས།། སྐྱོན་དང་ཚིག་རྣམས་རབ་འཇིག་འགྱུར།། ཁྱོད་ཉིད་སྐྲག་པ་སྐྱེད་པ་སྟེ།། བྱིས་པ་རྣམས་ལ་འཇིགས་པར་གདལ།། ་ཡང་དག་དབུགས་འབྱིན་སྐྱེད་པ་སྟེ།། མཁས་པ་རྣམས་ལ་ཞི་བར་གདའ།། གང་ལ་མགོན་ཁྱོད་དབྱེ་བ་སྟེ།། ཁྱོད་ལ་མངོན་དུ་ཆགས་མི་མངའ།། གཞོན་ལ་འདོད་ཆགས་ཞེ་སྡང་དང་།། ཇི་ལྟ་བུར་ནི་འབྱུང་འགྱུར།། ་ཡུ་མ།། ཁྱོད་ནི་གང་ནས་མི་བྱོན་ཏེ།། གང་དུ་གཞུད་པར་འགྱུར་མ་ལགས།། གང་ཁྱོད་དེ་ལྟར་མི་མཐོང་ཅིང་།། ཡང་དག་ཉིད་དུ་རྟོགས་འགྱུར་བ།། རྟོགས་ནས་ངེས་པར་འགྲུབ་འགྱུར་བ།། དང་འདིར་ངོ་མཚར ་ཤིན་ཏུ་ཆེ།། ཁྱོད་མཐོང་ན་ནི་བཙོངས་འགྱུར་ཏེ།། མ་མཐོང་ན་ཡང་འཆིང་བར་འགྱུར།། ཁྱོད་མཐོང་ན་ནི་གྲོལ་འགྱུར་ཏེ།། མ་མཐོང་ནི་ཡང་གྲོལ་བར་འགྱུར།། ཀྱེ་མ་ངོ་མཚར་སྐྱེད་མཛད་མོ།། བངབ་མོ་ལག་སོ་གྲགས ་ལྡན་མ།། སྣང་ཡང་སྣང་བ་མ་ལགས་མ།། ཤིན་ཏུ་རྟོགས་དཀའ་སྒྱུ་མ་བཞིན།། སངས་རྒྱས་རྣམས་དང་རང་རྒྱལ་དང་།། ཉན་ཐོས་རྣམས་ལ་ངེས་བསྟན་པའོ།། ཐར་ལམ་གཅིག་ཏུ་ཁྱོད་ལགས་ཏེ།། གཞན་མ་མཆིས་ཕྱུ ་ངེས་པར་ལགས།། འཇིག་རྟེན་མགོན་པོའི་ཐུགས་རྫི་ཡིས།། ལུས་ཅན་རྣམས་ལ་བསྟན་སླང་དུ།། ཁྱོད་བརྗོད་མཛད་པ་མཛད་མ་ལགས།། མཚན་ཉིད་དང་ནི་མཚན་མ་མེད།། ཚིག་ལམ་ཀུན་ལས་འདས་ཁྱོད་ལ།། སུ་ཞིག་གིས ་ནི་འདིར་བསྟོད་ནུས།། ཁྱོད་ནི་གང་ལ་གནས་མི་མངའ།། ཁྱོད་ཉིད་བསྟོད་བྱ་མ་ལགས་ཏེ།། དེ་ལྟར་ཕུན་སུམ་ཚོགས་མངའ་བ།། དེ་འདྲའི་ཚིག་གི་ལམ་དག་གིས།། བསྟོད་པ་རྣམས་ནི་ཤིན་ཏུ་བདེ།། ་རྫོགས་པ་གང་ཞིག་རྟོགས་འདོད་པ།། ཉན་ཐོས་ཞི་བ་འདོད་པ་དང་།། ཐམས་ཅད་ཤེས་པ་ཉིད་འགྱུར་ཞིང་།། གང་ཞིག་ཐུབ་མཆོག་སྲས་དག་ནི།། ལམ་གྱི་རྣམ་པ་ཀུན་ཤེས་འགྱུར་བ་དང་།། གང་གིས་མཆོག་རྣམས་རྒྱལ ་བའི་ཡོན་ཏན་ཚོགས།། རྣམ་ཀུན་མཁྱེན་པ་མཉེས་པར་འགྱུར་བ་ཡི།། བདེ་བར་གཤེགས་པའི་ཡུམ་མཆོག་དེ་ལ་ནི།། མཁས་པ་རྣམས་ཀྱིས་རྟག་ཏུ་འཇུག་པར་གྱིས།། སེར་སྣ་ཉོན་མོངས་དག་པ་ཡི།། ཡིད་བཞིན་ནོར་བུ ་དམ་པ་ཡིས།། ཁམས་གསུམ་བསམ་པ་རྫོགས་མཛད་པ།། དཀོན་མཆོག་འབྱུང་གནས་ཕྱག་འཚལ་བསྟོད།། ཉོན་མོངས་མཐའ་དག་རབ་བསལ་བས།། ཁམས་གསུམ་པ་ནི་ཐམས་ཅད་ཀྱི།། སྡུག་བསྩལ་རྣམས་ཀྱིས་མ་གོས ་པ||མྱ་ངན་མེད་ལ་ཕྱག་འཚལ་བསྟོད།། གསང་བ་དེ་ཉིད་བསྒོམ་པ་ཡིས།། འོད་ཟེར་བརྒྱ་ཕྲག་རྣམས་འགྱེད་ཅིང་།། འོད་ཀྱིས་འགྲོ་བའི་དོན་མཛད་པ།། རིན་ཆེན་འོད་འཕྲོ་ཕྱག་འཚལ་ལོ།། སྟོང་པ་ཉིད་ལ་རབ ་གནས་པ།། ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས།། རབ་ཏུ་རྒྱལ་བར་མཛད་པ་པོ།། རྒྱལ་བའི་དབང་པོ་ཕྱག་འཚལ་བ་སྟོང་།། ཁམས་གསུམ་འཁོར་བ་ལ་གནས་པའི།། འགྲོ་བའི་དོན་རྣམས་མཛད་ནས་ཀྱང་།། ་པད་ལྟར་སྐྱོན་གྱིས་མ་གོས་པ།། པདྨ་དམ་པ་ཕྱག་འཚལ་ལོ།། ཁམས་གསམ་གཏི་མུག་ལ་བྱམས་པ་ལ།། ཉ་མ་འཐར་མ་ཡིས།། འགྲོ་བའི་དོན་རྣམས་རབ་མཛད་པ།། ཕྱག་འཚལ་ཉི་མའི་དཀྱིལ་ཁྱུད་ལ། ་ནི་འད་པཱུ་དྷཱར།། ཐབས་ཀྱི་དམ་པ་ས་འགྱུར།། འགྲོ་བཌྜྷ་དོན་རབ་བཙུན་པའོ།། བྷག་འཚལ་གདུགས་ཆེན་དྲན་པ་ལའོ།། སྤྱན་གྱི་སྨོན་ལམ་དམ་པ་ཡིས།། གླང་ཆེན ་འཛིན་གྱིས།། ཁམས་གསུམ་འཁོར་བ་ལས་སྒྲོལ་བ།། ཕྱོག་འཚལ་ཏིང་འཛིན་གླང་པོ་ལའོ།། ཁམས་གསུམ་སེམས་ཅན་ཐམས་ཅད་ལ།། དགའ་བའི་དམ་པར་འགྱུར་བ་ནི།། བྱང་ཆུབ་རྣམ་གསུམ་ཐོབ་མཛད ་པ།། དགའ་བའི་དཔལ་ལ་ཕྱག་འཚལ་ལོ།། འཁོར་བ་འདམ་ལྟར་སྐུ་མཁྲུངས་ཀྱང་།། སྲིད་པའི་ཉེས་པས་མ་གོས་པས།། འགྲོ་བ་འཁོར་བ་ལས་སྒྲོལ་བ།། པདྨའི་མཆོག་ལྀ་ཕྱག་འཚལ་ལོ།། འཁོར ་རྣམས་ཀྱི་ཕྱག་རྒྱ་བཅིང་བ།། བསྟོད་པ་ནི་རྒྱལ་པོ་དང་དམངས་ཀྱི་ཚུལ་ཡིན་པས་མི་དགོས་སོ་ཞེས་སློབ་དཔོན་ཁ་གཅིག་འཆད་དོ།། དེ་ནས་སྒེག་མོ་ལ་སོགས་པས་ཀྱང་མཆོད་དོ།། དངོས་གྲུབ་ཐམས་ཅད ་བསྒྲུབ་པའི་ཕྱིར།། སེམས་ཅན་ཐམས་ཅད་དོན་མཛད་ཅེས།། དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་གདབ་པར་བྱའོ།། དེ་ནས་གྲོགས་མཆོག་དམ་པ་དཀྱིལ་དུ་བཞག་སྟེ། ཕྱི་རོལ་ཏུ་གཏོར་མ་སྦྱིན ་པར་བྱའོ།། འབྲས་ཡོས་བཅས་ཤིང་ཏིལ་དང་བཅས།། འབྲས་ཅན་གཏོར་མ་ཆུ་དང་བཅས།། འབྲས་ཆན་བཅས་ཤིང་ལ་དུ་བ།། སྣུམ་ཁུརྱ་ལ་སོགས་བཟའ་བ་རྣམས།། ཞེས་བྱ་བ ་གཏོར་མའི་ལས་བྱའོ།། དེ་ནས་ཞི་བའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་དབུལ་ལོ།། དེ་བཞིན་གཤེགས་པ་རྣམས་ལ་ནི་བདུན་བདུན་དབུལ་ཏེ་མཉེས་པར་བྱའོ།། དེ་ནིས་དཀྱིལ་འཁོར་དུ་འཇུག་པར་བྱ་སྟེ།། དང་པོར་སློབ ་དཔོན་བདག་ཉིད་འཇུག་པར་བྱ་སྟེ།། དེ་ནས་སློབ་མོ་འཇུག་པར་བྱ་བ།། བདག་མིང་འདི་ཞེས་བགྱི་བ་ཡི།། རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས།། སེམསོ་ཅན་ཀུན་ལ་ཕན་པའི་ཕྱིར།། སློབ་མ་རྣམོས་ནི་གཞུག་པར ་བྱ། དེ་ནས་བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོ་འདིར་གཞོག་པ་ལ་སྣོད་དུ་གྱུར་པ་དང་མ་གྱུར་པ་བརྟག་པར་མི་འཚལ་ལོ།། དེ་ཅིའི་སླད་དུ་ཞེ་ན། སེམས་ཅན་ཁ་ཅིག་སྡིག་པ་ཆེན་པོ་མཆིས་ཀྱང་།། ་པ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ཏེ་མཐོང་ན།། ངན་སྲོང་ཐམས་ཅད་དང་བྲལ་བར་འགྱུར་རོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འོད་ཀྱིས་ཕོག་པ་ཙམ ་ཀྱང་།། ལོང་བས་གཟུགས་མཐོང་བ་དང་།། འོན་པས་སྒྲ་ཐོས་པ་ལ་སོགས་པའི་བདེ་བ་རྙེད་ན།། དཀྱིལ་འཁོར་ཆེན་པོར་ཞུགས་པ་དག་ལྟ་སྨོས་ཀྱང་ཅི་འཚལ་ལོ།། དེ་ན་སོ་སློབ་དཔོན་གྱི་ཞབས་ལ་ཕྱག ་འདི་སྐད་ཅེས་བརྗོད་པར་བྱའོ།། དགའ་ཚན་ཁྱོད་བདག་སྦྱིན་པ་བསྡུ།། སློབ་དཔོན་ཁྱུད་ནི་དགོངས་སུ་གསོལ།། བྱང་ཆུབ་སེམས་དཔའི་ཚུལ་བྱསྟན་པ།། མགོན་པོ་ཆེན་པོ་བདག་འཚལ་ལོ།། ་དམ་ཚིག་དེ་ཉིད་བསྟན་དུ་གསོལ།། སྦོམ་པོ་རྣམས་ཀྱང་བདག་ལ་གསོལ།། དེ་ནས་སློབ་མ་ལ་སྟོད་གཡོགས་དང་།། སྐད་གཡོགས་དཀོན་ལ་ཕྱག་བཞི་བྱེད་དུ་གཞུག་གོ།། ལག་ཏུ་མེ་ཏོག་བསྐུར་ཏེ།། བཤགས་པ་ནས་གསོལ ་བ་གདབ་པའི་བར་དུ་བྱ་སྟེ།། འདི་སྐད་བརྗོད་པར་བྱའོ།། གཙོ་བོ་བདག་ལ་སྡོམ་པ་སྩོལ།། ཐུབ་པ་ཉི་མ་མ་ལུས་པ།། སངས་རྒྱས་རྣམས་ནི་བདག་ལ་དགོངས།། བདག་མིང་འོད་ཞེས་བགྱི་བ་ནི།། སློབ་དཔོན་དབང་དུ་གནས ་པ་ལ།། སངས་རྒྱས་རོལ་མོ་ལས་བྱུང་བ།། མི་ལྡོག་པའི་འཁོར་ལོས་འབྱོར།། ཐར་པའི་རང་བཞིན་གྲོང་ཁྱེར་ཆེར།། གསང་བ་ཆེན་པོར་འཇུག་པར་བགྱི།། གསང་བ་ཐམས་ཅད་བསྡུས་པར་ནི།། སློབ་དཔོན་ཆེན་པོ་བྱུངག ་འཇུག་མཛོད།། མ~ཾ་ལྡོག་པ་ཡི་དབང་བསྒྱུར་བ།། བསྐལ་པ་ཆེན་པོ་བདག་ལྱ་སྒྲོལ།། མཚན་རྣམས་ཀུན་གྱིས་རྒྱས་བཏབ་ཅིང་།། དཔེ་བྱུད་རྣམས་དང་ཡང་དག་ལྡན།། སངས་རྒྱས་རྒྱུ་ནི་ཡིད་འོང་པོ།། སློབ་དཔོན་ཆེན་པོ ་བདག་ལ་གསོལ།། དབང་བསྐུར་ཆེན་པོ་སྨོད་བྱུང་བ།། སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར།། བདག་ནི་རྟག་ཏུ་སློབ་དཔོན་འགྱུར།། སློབ་དཔོན་ཆེན་པོ་བདག་ལ་གསོལ།། དེ་ནས་སློབ་དཔོན་གྱིས།། ཆེ་གེ་མོ་ཞེས་བྱ་བ་འདི་ཉིད་ནི།། ་བྱང་ཆུབ་སེམས་ནི་ཡོངས་འཛིན་པ།། དམ་ཚིག་མཆོག་དང་གསང་བ་ཡི།། འཁོར་ལོ་འདིར་ཡང་འཇུག་པར་འཚལ།། ཡང་སློབ་དཔོན་གྱིས།། གསང་བ་ཆེན་པོ་རིགས་དག་པའི།། གསང་བ་ཡོངས་སུ་འཛིན ་པར་ནི།། བདག་ཉིད་ཆེན་པོ་ཁྱོད་འདོད་དམ།། དེས་ཀྱང་འཚལ་ལོ་ཞེས་བརྗོད་པར་བྱའོ།། དེ་ནས་སངས་རྒྱས་ཆོས་དང་དགེ་འདུན་ཏེ།། ཞེས་བྱ་བ་ལ་སོགས་པས་སྡོམ་པ་དབོག་གོ། སྡོམ་པ་འཛིན་པར་མི་བྱེད་པ་དེ ་ལ་ནི་དབང་བསྐུར་བ་ཡང་མི་བྱའོ།། འཇུག་པ་ཙམ་ཞིག་བྱེད་དུ་གཞུག་གོ། དེ་ལྟར་སྡོམ་པ་འཛིན་པ་དེ་ལཾ་ནི།། དང་པོར་ཚུར་དབང་བསྐུར་རོ།། ཕྱག་རྒྱའི་དབང་དྲང་། ཅོད་པན་དང་། དྲར་དཔྱངས་དང་། རྡོ་རྗེ་དང་། ་བདག་པོ་དང་། མིང་གཱི་དབང་བསྐུར་ནས། མེ་ཏོག་ལ་སོགས་པ་དང་། སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་ཡང་དག་པར་མཆོད་ནས། སློབ་དཔོན་ལ་ཡོན་གྱི་མཆོག་ཕུལ་ཏེ། དབང་ཕྱི་མ་ཡང་བསྐུར ་བར་བྱའོ།། དེ་ནས་ཞི་བའི་སྦྱིན་སྲེག་གིས་ཞི་བར་བྱའོ།། ཚོན་རྩི་ཆུ་བོ་ཆེན་པོར་དོར་རོ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས།། ཡུལ་མཆོག་སྤྲོས་པ་མེད་པ་ཡི།། སྒྲུབ་ཐབས་ཅུང་ཞིག་སྦྱར་བ་ལས།། ཀུན་གྱིས་བདེ་ག ་སྐུ་ཐོབ་ཤོག། ཡུམ་གྱུར་སྒྲུབ་ཐབས་ལེགས་སྦྱར་བ།། བསྒྱུར་བར་བསོད་ནམས་གང་ཐོབ་དེས།། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས།། བྱང་ཆུབ་རྣམ་གསུམ་ཐོབ་པར་ཤོག། སློབ་དཔོན་ཆེན་པོ་ཀུན་དགའ ་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་པ་རྫོགས་སོ།། ་