| Wylie | e-texts produced with BDRC’s OCR application |
རྒྱ་གྲར་སྐད་དུ། ཤྲཱི་རྱཀྲ་ས་པ་ར་སཱ་དྷ་ན་ཏཏྟྭ་སཾ་གྲ་ཧ་ནཱ་མ། བོད་སྐད་དུ། དཔལ་འཁོར་ལ་སྡོམ་པའི་སྒྲུབ་ཐབས་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་གདཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། ཡང་གི་དྲིན། ་གྱིས་བདེ་ཆེན་གནས།། སྐད་ཅིག་ཉིད་ལ་ཐོབ་འགྱུར་བ།། བླ་མ་རིན་ཚུན་ལྟ་བུ་དང་།། རྡོ་རྗེ་ཅན་ཞབས་པད་ལ་འདུད།། རྡོ་རྗེ་མཁ་འགྲོ་མཁའི་གྲོ་མ།། ས་གསུམ་གནས་ལ་གུས་བཏུད་དེ།། དེ་ཉིད་རིན་ཆེན་ཀུན་བསྡུས་པ།། སྐུ་གསུམ་པོ་ཡཾ ་ཆོ་ག་བཤད།། དྲང་པོར་སྔགས་ཀྱིས་ཡོངསུ་སྦྱངས་པའི་རྣལ་འབྱོར་པས། དབེན་པའི་གནས་དགོས་པ་ཆུང་བ་ཙམ་གྱིས་གནས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་དེ། སེམས་ཅན་ཐམས་ཅད་ཀྱི་དོན་འབྱུང་བ་དང་ལྷ་དང་བླ་མ་ལ། དད་པ ་དང་བླ་ན་མེད་པའི་ལྕམ་ལ་གནས་པར་དགའ་བས་བྱང་ཆུབ་ཆེན་པོར་ཉལ་བར་བྱའོ།། དེ་ནས་ཐོ་རླངས་ཀྱི་ཐུན་ལ་ན་མཁའི་ཁམས་ནི་གནས་པའི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་མཆོག་གི་སྒྲ་ད་། ཌཱ་མ་རུས་བསྐུལ ་བ་དང་ལངས་ཏེ། ཨོཾ་སརྦ་བཱི་ར་ཡོ་ག་ནཱི་ནཱ་ཀཱ་ཡ་ཝཀྵོཏྟ་པྲ་ཎ་མ་ན་བཛྲ་བནྡ་ནཱཾ་ཀ་རྀ་མི་ཞེས་བྱ་བའི་སྔགས་ཀྱིས་ཕྱག་བྱས་ཏེ། ལུས་བདེ་བར་གནས་པའི་ལས་བྱས་ནས། སྲིད་པ་གསུམ་པོ་རྣམ་པར་དག་པའི་གནས་ཀང་རུས ་ཀྱི་དབུསུ་ས་བཅུའི་རང་བཞིན་དུ་བསམས་ཏེ། གནས་ལ། རྣལ་འབྱོར་བེ་སྲུང་བའི་དོན་དུ་ཚངས་པའི་གནས་པོཞི་ལོ་སྙོམས་པར་འཇུག་པ་སྔོན་དུ་འགྲོ་བས། ཕུང་པོ་དང་དབང་པོ་དང་།། ཁམས་རྣམས་ཀྱི་ང་རྒྱལ་བསྐྱེད་པར་བྱ། ་དེ་ལ་གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དོ།། ཚོར་བའི་ཕུང་པོ་ནི་རྡོ་རྗེ་ཉི་མའོ།། འདུ་ཤེས་ཀྱི་ཕུང་པོ་ནི་པདྨ་གར་གྱི་དབང་ཕྱུག་གོ།། འདུ་བྱེད་ཀྱི་ཕུང་པོ་ནི་རྡོ་རྗེ་རྒྱལ་པོའོ།། རྣམ་པར་ཤེས་པའི་ཕུང་པོ་ནི་རྡོ་རྗེ་མི་བསྐྱོད་པའོ། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནི་དཔལཱ་ཧེ་རུ་ཀའོ།། མིག་གཉིས་ལ་ནི་གཏི་མུག་རྡོ་རྗེའོ།། རྣ་བ་གཉིས་ལ་ཞེ་སྡང་རྡོ་རྗེའོ།། སྣ་ལ་སེར་སྣ་རྡོ་རྗེའོ།། ལྕེ་ལྔ་འདོད་ཆགས་རྡོ་རྗེའོ།། ལུས་ལ་ཕྲག་དོག་རྡོ་རྗེའོ།། སྐྱེ་མཆེད་ཀྱི་བདག་པོ་ལ ་དབང་ཕྱུག་རྡོ་རྗེའོ།། སའི་ཁམས་ལ་ནི་ལྟུང་བྱེད་མའོ།། ཆུའི་ཁམས་ལ་ནི་གསོད་བྱེད་མའོ།། མེའི་ཁམས་ལ་ནི་འགུགས་བྱེད་མའོ།། རླུང་གི་ཁམས་ལ་ནི་གཱ་རཱྀ་གྱི་དབང་ཕྱུག་མའོ།། ན་མཁའི་ལ་ཁམས་ལ་ནཱི་པདྨོའི་དྲ་བ་ཅན་མུའོ།། དེ་དག ་ནཱི་ཕུང་པོ་དང་དབང་པོ་དང་། ཁམས་རྣམ་པར་དག་པ་གྷོ་ནཱའི་ལྷ་སྟེ། བདག་བྱ་སྨང་པའོ།། ཧེ་རུ་ཀ་རྣམ་པར་རྒྱལ་བའི་ང་རྒྱལ་བརྟན་པས། གཡས་པའི་ཁྲོ་བོའི་ཁུ་ཚུར་སྙིང་གར་བསྒྲེང་སྟེ། གཡོན་སེ་གྲོལ་དང་བཅས་པའི་སྡིག་མཛུ ་ཕྱོགསུ་བསྐོར་ཞིང་། ཨོཾ་སུམ་བྷ་ནི་སུམ་བྷ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧུ~ཾ་ཧཱུཾ་ཕཊ། ཨོཾ་གྲཱྀཧྞཱ་པ་ཡོ་གྲྀཧྞཱ་པ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝཱན་བཛྲ་རཱ་ཛཱ་ཧུཾ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་ཞལ་གྱི་སྒོ་ནས་འོད་ཟེར་གྱི་ཚོགས་དུ་མ་སྤྲོས་པས་བགེ ་རྣམས་བསྐྲད་ཅིང་བསྲེག་པར་རྣམ་པར་བསམས་པར་བྱས་ལ། འོད་དེ་ཉིད་དང་། ཨོཾ་མེ་དི་ན~ཾ་བཛྲ་བྷ་བ་བཛྲ་བནྡྷ་ཧཱུཾ་ཞེས་བརྗོད་པས། འོག་རྩེ་གསུམ་པའི་བདག་ཉིད་ཀྱི་སྣ་ཚོགས་རྡོ་རྗེར་བྱིན་གྱིས་བརླབ་པར་བྱའོ།། ཨོཾ་བཛྲ་པྲཱི་ཀ་ར་ཧཱུཾ་བཾ་ཧཱུཾ། ་ཨོཾ་བཛྲ་པཉྫ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་བི་ད་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་ས་ར་ཛྭཱ་ལ་ཏྲཾ་སཾ་ཏྲཾ་ཧཱུཾ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་བྱ་བའི་སྔགས་རྣམས་ཀྱིས་རིམ་པ་བཞིན་དུ་རྡོ་རྗེའི་ར་བ་དང་། གུར་དང་། བླ་བྲེ་དང་། མདའི་དྲ་བ་དང་། མེ་རི་འབར ་བབའི་མཐར་ཐུག་པར་བསམས་ཏེ། ལས་ཐམས་ཅད་པའི་ཁྲོ་བོ་སྤྲོས་ནས། བགེགས་ཀྱི་དབང་པོ་རྣམས་བཀུག་སྟེ། ཨོཾ་གྷ~ཾཿགྷཿགྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱ་ན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་ར ་ཨཱཛྙཱ་བ་ཡ་ཏེ། སརྦ་བིགྷྣཱཾ་ཀཱ་ཡ་བཱཀྵིཏྟ་བཛྲ་ཀཱི་ལཱ་ཡ་ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་ཀྱིས་ཕུར་བུས་གང་བ་བོ།། ཨོཾ་བཛྲ་མུངྒ་ར། བཛྲ་ཀཱི་ལ་ཡ་ཨ་ཀོ་ཊ་ཡ་ཧཱུཾ་ཕཊ་ཅེས་བྱ་བས་ཕུར་བུ་རྣམས་བརྡུངངོ་།། དེ་ནས་རང་གི་སྙིང་གར་ཨཾ་ལས་ཟླ ་བའི་དཀྱིལ་འཁོར་དེའི་སྟེང་དུ། ཧཱུཾ་སྔོན་པོ་འོད་ཟེར་སྣ་ཚོགས་འཕོ་བ་བྱསེམས་ཏེ། དེའི་འོད་ཀྱིས་མདུན་གྱི་བར་སྣང་ལ་བླ་མ་དང་སངས་རྒྱས་ལ་སོགས་པའི་ཚོགས་བལྟས་ཏེ། ཕྱག་བྱས་ནས། ཕྱི་དང་གསང་པ་དང་། དེ་ཁོ་ན་ཉིད ་ཀྱིས་མཆོད་པས་ཡང་དག་པར་མཆོད་དེ། སྡིག་པ་བཤགས་པ་ལ་སོགས་པ་བྱའོ།། ཐོག་མ་མེད་དུས་འཁོར་བ་ནི།། ཆགས་སོགས་རྟོག་པའི་རང་བཞིན་གྱིས།། སྡིག་བགྱིས་མགོན་པོའི་སྤྱན་སྔ་རུ།། མ་ལུས་སོ་སོར་བཤགས་པ ་བགྱིད་རྒྱུ་དང་ལམ་དང་འབྲས་བུ་ཡིས།། ཉེར་བསྡུས་འགྲོ་བ་ཐམས་ཅད་ཀྱི།། བསོད་ནམས་ཚོགས་ནི་མ་ལུས་ལ།། རྟག་པར་བདག་ནི་ཡིང་ངོ་།། རྡོ་རྗེའི་ཡེ་ཤེས་ཐུགས་རྒུང་ནས།། ཤིང་དབང་དྲུང་ན་བཞུགས་གྱུར་པའི།། འགྲོ་ལ་ཉེར་བརྩེས ་ཐུབ་དབང་རྣམས།། ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ།། རྒྱལ་བའི་མཛད་པ་རྫོགས་གྱུར་ཏེ།། མགོན་པོ་དབྱིང་སུ་གཤེགས་བཞེད་ལ།། སེམས་ཅན་སྡུག་བསྔལ་བྲལ་བར་དུ།། མྱ་ངན་མཱི་འདར་བདུག་གསོལ། ་འདེབས།། བདག་ནི་ཐུབ་དབང་མ་གྱུར་པར།། སངས་རྒྱས་སྔགས་སོགས་ཆོས་རྣམས་དང་།། དཔའ་བོ་རྣལ་འབྱོར་མ་ཚུགས་བཅས།། དཀོན་མཆོག་གསུམྦུ་ལ་སྒྲུབསུ་མཆི།། རྣལ་འབྱོར་ལམ་ལ་གནས་བགྱི་ཞིང་།། དམ་ཚིག་ཐམ ་ཅད་བསྐྱུང་བ་དང་།། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས།། གྲོལ་བར་བདག་གིས་བསྒྲུབ་པར་བགྱི།། བརྟེན་སོགས་དགེ་བ་དེ་དག་གིས།། རྣམ་པའི་མཆོག་རྣམས་ཀུན་ལྡན་པའོ།། སངས་རྒྱས་ཉིད་དུ་བདག་གྱུར་ནས།། འགྲོ་བ་ཡད ་སུ་གྲོལ་བྱེད་ཤོག། དེ་ནས་དངོས་པོ་རྣམས་ཡོངསུ་བསལ་བར་བྱས་ནས། ཨོཾ་སྭ་བྷཱ་བ་ཤུད་དྷདྡྷ་སརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ&ཧཾ། ཞེས་བྱ་བས་དག་པར་བྱས་ནས་ཉེ་བར་བསྡུས་ཏེ། ནཱ་དེ་ཙམ་གྷི་ཡེ་ཤེས་ལ་ཨོཾ་ཡཱུ་ནྱ་ཏྲཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ& ་ཞེས་བརྗོད་པས་བྱང་ཆུབ་ཀྱི་ཚོགས་ཡོངསུ་རྫོགས་པའོ།། དེ་ལས་ལངས་ཏེ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་བ་བཀས་པ་ལྟ་ངུ་བ་དན་གྱིས་མཚན་པའོ།། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་མེ་གེ་ཡུང་དྲུང་གིས་མཚན ་པ་གྲུ་གསུམ་པའོ།། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མ་མཚོན་པའོ།། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྡོ་རྗེ་རྩེ་གསུམ་པས་མཚོན་པའོ།། དེའི་སྟེང་དུ་སུཾ་ལས་རི་རབ ་ཆེན་པོ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ལས་གྲུབ་པ་གྲུ་བཞི་པ་རྩེ་མོ་བརྒྱད་ཀྱིས་ཉེ་བར་མཚན་པའོ།། དེའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་དང་། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ་གཱི་སར་གྱི་ཕྲེང་བས་མཚན་པའོ།། དེའི་དབུསུ ་ཨཱུ་ལི་ཀཱ་ལཱི་ལ་དག་པ་རྣམས་ཨཱ་ལི་ཀཱ་ལིའི་རྣམས་པར་བསྡུས་ལ་དེར་གྱུར་པ་ལས་ཉི་མ་དང་ཟླ་བའི་གཟུགསུ་བསམས་ཏེ། དེའི་བྱར་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་གིས་མཚོན་པ་རྡོ་རྗེ་སེམས་དཔའི་རང་བཞིན་ཅན་བསམས་པ ་བྱའོ།། དེའི་འོད་ཀྱིས་དག་པ་དང་མ་དག་པ་རྣམས་བསྡུས་ཏེ། གྱུར་པ་ལས་དཔལ་ཧེ་རུ་ཀ་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པས་རྫོགས་པར་གྱུར་ཏེ། གྲཝ་བཞི་པ་སྒོ་བཞི་པ་རྟ་བབས་བཞི་དང་ལྡན་པ། རྡོ་རྗེ་རྩེ་མོ་ཅན་དྲ་བ་དང་དྲ་བ ་ཕྱོཕྱེད་པས་བརྒྱན་པ། ཀ་པཱ་སུམ་ཅུ་རྩ་གཉིས་སམ་བརྒྱད་ཀྱིས་སྤྲོས་པ། དར་དང་ཟླ་བ་དང་ཉི་མ་དང་རྔ་ཡབ་དང་། འཕན་ལ་སོགས་པས་བརྒྱན་པོ་དེའི་ཕྱི་རོལ་ན་རྡོ་རྗེའི་ས་གཞི་ལ་དུར་ཁྲོད་བརྒྱ་དེ་གནས་པ་སྟེ། ཤར་ཕྱོགསུ་དྲག ་ཏུ་གཏུམྦྷ་པར་མདུང་གིས་ཕྲུག་པའི་རོ་དང་ཤཱིཪྵ་ཏ་ལ་གླང་པོའོ་གདོང་དྲུང་། དབང་པོ་དང་། ལྷའི་དགེ་འདུན་གྱི་ཚོགས་དང་། ནོར་རྒྱས་དང་། སྒྲ་སྒྲོགས་བྱེད་རྣམས་གནས་པའོ།། བྱང་ཕྱོགས་ཚོང་ཚིང་རྣམ་པར་འཁྲིགས་པར་བྱང ་ཆུབ་ཀྱི་ཤིང་ལ་གནོད་སྦྱིན་གྱི་གདོང་དང་། ཀུ་བཻ་ར་དང་། གནོད་སྦྱིན་གྱི་ཚོགས་དང་། སྦྲུལ་གྱིས་ཟོས་དང་། འཇོག་པོ་དང་། སྤྲིན་གྱི་རྒྱལ་པོ་ལྡོག་བྱེད་རྣམས་གནས་པའོ།། ནུབ་ཕྱོགས་འུར་འུར་འབར་བར་མྱ་ངན་མེད་པའི་ཤིང་ལ ་ཆུ་སྲིན་གྱི་གདོང་ཅན་དང་། རུས་པའི་རེ་དང་ཆུ་ལྷ་དང་། སྦྱིན་དང་གྱི་རྒྱལ་པོ་དང་། སྟོབས་ཀྱི་རྒྱ་དང་། འཇིགས་པར་བྱེད་པ་རྣམསོ།། ལྷོ་ཕྱོགས་མཐུག་པའི་དུར་ཁྲོད་དུ་བསྲེགས་པའི་རོ་དང་། ཙཱུ་ཏིའི་ཤིང་ལ་མ་ཧེའི ་གདོང་དང་། གཤིན་རྗེ་དང་གཤིན་རྗེའི་ཚོགས་དང་། པདྨ་དང་འཁོར་བྱེད་རྣམསོ།། དབང་ལྡན་གྱི་མཚམས་ཧ་ཧ་ར་རྒོད་པར་འགེགསུ་པའི་རོ་དང་། ནྱ་གྲེ་བྷི་རཱ་ཤིང་ལ་ཁྱུ་མཆོག་གི་གདེང་དང་དབང་ལྡན་དང་། ཡི་དགས་ཀྱི་ཚོགས་དང་། པདྨ ་ཆེན་པོ་དང་། གང་བ་རྣམས་ཀྱིས་མཛེས་པའོ།། མཛེས་མོའི་མཚམས་ནགས་ཚལ་ཕུན་སུམ་ཚོགས་པར་དུམ་བུར་གྱུར་པའི་རོ་དང་། ཀ་རཱ་ཛ་ཀའི་ཤིང་ལཱ་རའི་གི་དོང་ཅན་དང་། མེ་ལྷ་དང་། དྲང་སྲོང་གི་ཚོགས་དང་། ཧུ་ལུནྟ་དང་། ་བགེགས་བྱེད་རྣམས་ཀྱི་གང་བའོ།། བདེན་བྲལ་གྱི་མཚམསུ་མུན་པ་མི་བཟད་པར་བྱིས་པ་ཤི་བའི་རོ་དང་། འཁྲི་ཤིང་ལྷ་ཨི་དགུས་ཀྱི་གདོང་དང་། སྲིན་པོ་དང་སྲིན་པོའི་ཚོགས་དང་རིགས་ལྡན་དང་། ཆར་འབེབས་རྣམསོ།། རླུ ་དུ་ཀི་ལི་ཀིཾ་ལི་སྒྲ་སྒྲོགས་པར་སྨྱོ་བའི་རོ་དང་། ཨུ་དུམ་བཱ་རའི་ཤིང་ལ། རི་དགས་ཀྱི་གདོང་དང་། རླུང་ལྷ་དང་རིགས་པ་འཛིན་པའི་ཚོགས་དང་། དུང་སྐྱོང་དང་སྤྲིན་སྟུག་པོ་རྣམསོ།། དེ་ལྟར་དུར་ཁྱེད་ཆེན་པོ་དེར། ལྷ་བརྒྱད་དྲང ་གཟའ་བརྒྱད་དང་། མཁའགྲོ་མ་ཆེན་པོ་བརྒྱད་དང་། འབྱུང་པོའི་ཚོགས་དང་། རི་དང་ཆུ་དང་མེ་དང་སྐུ་གདུང་ཆེན་པོ་བརྒྱད་དང་། རྣལ་འབྱོར་པ་བརྒྱད་དང་། གནོད་སྦྱིན་དང་། སྲིན་པོ་དང་སྨཻ་བྱེད་དང་། རྗེད་བྱེད་དང་། ཡི ་དགས་དང་། ཤ་ཟ་དང་། མཁ་འགྲོ་རྣམས་ཀྱི་གང་ཞིང་ཁྭ་དང་བྱ་རྒོད་དང་། ཁྲ་དང་འུག་པ་དང་། མགྲིན་རིངས་དང་། ཝ་དང་སྤྱང་ཀི་དང་། ཅེ་སྤྱང་འདུས་ཤིང་སྒྲ་འབྱིན་པའོ།། ཡོངསུ་རྫོགས་པའི་གཞལ་ཡས་ཁང་གི་སྙིང་པོ་ལྔ་བཅོཾ ་འདས་སྐུ་མདོག་སྟོན་པོ།། ཤིན་ཏུ་ཁྲོས་པ་དང་། ཆགས་པ་དང་། ཞི་བ་དང་། མཉམ་པའི་ཞལ་སྔོན་པོ་དང་དམར་པོ་དང་། ལྗང་གུ་དང་། སེར་པོ་མངའ་བ། ཞལ་རེ་རྀ་ལ་ཡང་སྤྱན་གསུམ་པ། རྡོ་རྗེ་དང་ཐོད་པའི་དབུ་རྒྱན་ཅན་རལ་པའི་ཐོར ་ཚུགས་ཀྱིས་མཛེས་པ། སྣ་ཚོགས་རྡོ་རྗེ་དང་། ཟླ་བ་ཕྱེད་པ་དང་། མི་བསྐྱོད་པ་གནས་པ། ཕྱག་རྒྱ་དྲུག་གིས་བརྒྱན་པ། བརྒྱ་ཕྱེད་པའི་མགོ་བོ་དང་། སྦྲུལ་གྱི་ཚངས་སྐུད་ཅན། ཕྱག་རྒྱ་བཅུ་གཉིས་པ་རྡོ་རྗེ་ཕྱག་མོ་ལ་འཁྱུད་པའི་ཕྱག ་གཉིས་ཀྱིས་རྣམ་པར་རྒྱལ་བའི་ཕྱག་གིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། གཉིས་ཀྱིས་གླང་པོ་ཆེའི་ལྤགས་པ་བསྣམས་པ། གཡས་པའི་ལྷག་མས་ཌོ་མ་རུ་དང་དགྲ་སྟ་དང་གྲི་གུག་དང་། རྩེ་གསུམ་འཛིན་པའོ།། གཡོན་པ་རྣམས་ན་ཁཾ་ཊྭཱཾ་ག ་དང་ཐོད་པ་དང་རྡོ་རྗེ་ཞགས་པ་དང་། ཚོངས་པའི་མགོ་བོ་འཛིན་པ། ཞབས་གཡས་བརྐྱང་འཇིགས་བྱེད་དང་དུས་མཚན་མནན་པའོ།། རྡོ་རྗེ་ཕག་མོ་ནི་སྐུ་མདོག་དམར་པོ་ཞལ་མཆེ་བ་གཙིགས་པ། ཁྲག་ལ་དགྱེས་པ་གྲི་གུག་དང་ཐོད་པ ་འཛིན་པའི་ཕྱག་གིས་འཁྱུད་པ། ལྷན་ཅིག་སྐྱེས་པའི་བདེ་བས་བགྱེས་པ། ཕྱག་རྒྱ་ལྔ་དང་ཐོད་པའི་ཕྲེང་བས་བརྒྱན་པར་གནས་པའོ།། ཤར་དེ་མཁའ་གྲོ་མ་ནག་མོ་དང་། བྱང་དུ་ལཱ་མ་དང་ལྗང་གུ་དང་། ནུབ་ཏུ་དུམ་སྐྱེས་མ་དམ ་མོ་དང་། ལྷོ་རུ་གཟུགས་ཅན་མ་སེར་པོ་དང་། མཚམ་སུ་བུམ་པ་པདྨའི་སྣོད་དང་ལྡན་པ། དྲི་ཆེན་དང་། དྲི་ཆུ་དང་། རང་བྱུང་དང་། གླད་པ་དང་། ཁུ་བས་གང་བའོ།། དེ་ལྟར་ལྷ་ལྷའི་བདག་ཉིད་ངམ། ཐུང་ཞིང་སྒེག་པའི་སྐུ ་རྡོ་རྗེ་དང་དྲིལ་བུ་དང་ཌ་མ་རུ་དང་། ཁ་ཊྭཱཾ་ག་དང་ཐོད་པ་བསྣམས་པའི་རང་བཞིན་འཁོར་ལོ་ལྔ་དང་བཅས་པ་འམ། བསྡུས་པའི་རྣལ་འབྱོར་ཕྱི་ནང་གི་འཁོར་ལོ་གཉིས་བསྒོམ་པར་བྱ་སྟེ། ཁྭ་གདོང་ནག་མོ་དང་། ལྗང་གུ་འུག་གདོང་དང ་ཁྱི་གདོང་དམར་མོ་དང་། ཕག་གདོང་སེར་མོ་དང་། གཤིན་རྗེ་བརྟན་མ་དང་། གཤིན་རྗེ་འཇོམས་མ་དང་། གཤིན་རྗེ་ཕོ་ཉྩ་མོ་དང་། གཤིན་རྗེ་མོ་ཆེ་བ་མ་རྣམས་གཟུགས་གཉིས་མའི་རང་བཞིན་ཅན་ཏེ། ཞལ་གཅིག་པ་ཕྱག་བཞི་མ་གྲི་གུག ་དང་བྱེད་པ་དང་། ཌ་མ་རུ་དང་། ཁ་ཊྭཱཾ་ག་བསྣམས་པ། ཞབས་གཡས་བརྐྱང་བས་རོ་མནནཱ་པ། ཕྱག་རྒྱ་ལྔས་བརྒྱན་པ། མི་མགོའི་ངོ་ཤལ་ཅན་སྒེག་པའི་ཞལ་དང་འཇིགསུ་རུང་བར་གནས་པའོ།། དེ་ལྟར་སྤྲུལ་པའི་སྐུའོ་སྒོམ་པ་ལ་གནས ་ཏེ། ལོངས་སྤྱོད་རྫོགས་པའི་ཆོ་ག་རྫོགས་པར་བྱཱ་བ་གསུངས་པ། ཧེ་རུ་ཀ་ལ་སོགས་པའི་ལྷོ།། རྩི་ཡོས་གཟུགས་ཀྱིས་ཡང་དག་གནས།། ལུས་ཀྱི་དཀྱིལ་འཁོར་ཉམས་དགའ་བའི།། རྐང་པའི་དཀྱིལ་དུ་བསྐྱོད་བྱེད་རླུང་།། གཞུ་ཡི། ་དབྱིབསུ་ཡང་དག་གནས།། སུམ་མདོའི་གནསུ་མི་ཡི་དངོས།། གྲུ་གསུམ་འབར་བར་ཡང་དག་གནས།། ལྟོ་བར་ཆུ་ནི་ཟླུམ་པོ་སྟེ།། སྙིང་གར་ས་ནི་གྲུ་བཞི་གནས།། སྒལ་ཚིགས་དབྱུག་པའི་རི་རབ་ཉིད།། རང་གི་ཡན་ལག་ལས ་བྱུང་བའི།། ཀ་བ་བརྒྱད་ནི་ཉེ་བར་གནྡྷས།། ཆུ་ཞེང་ཀུན་ཏུ་མཉམ་པ་ཡིས།། གྲུ་བཞི་པར་ནི་རབ་ཏུ་གྲགས།། སྐུ་གསུང་ཐུགས་ཀྱི་ངོ་བོ་ཡིས།། དཀྱིལ་འཁོར་གསུམ་ནི་ངེས་གསུངས།། པཱུ་ཛཱ་ཨོ་ཨ་གྷོ་རཱ་དེ་མཱ། ཀཱ་ཀྲོ་ཎྜི་ཀོ་ཀ་ལ་ཀཱ་ཧི། པྲོ་གྷྲ ་སཾ་སུ་ན་སི་མ་ཀུ། མཆོགས་མ་པུལླཱི་མ་ལ་ཡར།། མི་ཕྱེད་རྩ་ནི་སོ་སྐྱེན་འབབ།། རབ་གཏུམ་ཐོད་པའི་དུམ་བུ་ཉྀད།། སྤྱི་གཙུག་ཛཱ་ལནྡྷ་རར་ནི།། སྒྲ་སྠུ་འབབྷཱ་པ་ཕྲག་གཟུགས་མྱ།། ཀེང་རུས་གཏུམ་པའི་མིག་ཅན་མ།། ཨོ་ཌྱན་རྣ་བ་གཡས་པའི ་སྟེངས།། པགས་དང་དྲི་མ་བརྩེ་བྲ་མ།། ཀེང་རུས་ཅན་དང་འོད་ལྡན་མའོ།། ལྷག་པའི་སྟེང་ན་ཨརྦུ་ད།། གཡོན་པ་མརཱི་ནཱ་ཤཾ་ཡི་ཁམས།། འབབ་པ་མཚོ་གཙིགས་སྣ་ཆེན་མ།། གོ་དཱ་པ་རི་རྣ་བ་གཡོན།། ཐུང་ངུ་མ་ནཱི་རྒྱུས་པ་འབེབ།། ལྷ་དགྲ་དང་ནི ་དཔའ་བློ་ཅན།། རཱ་མེ་ཤྭ་ར་སྨིན་པའི་དབུས།། རུ་སྦལ་སྐྱེས་མ་རུས་པ་འབབ།། འོད་དཔག་མེད་དང་མི་ཐུང་མ།། ལྷ་མོའི་མཁར་ནི་མིག་གཉིས་ལ།། སྒོམ་པ་མ་ནི་མཁལ་མ་འབབ།། ལང་ཀའི་དབང་ཕྱུག་རྡོ་རྗེ་འོད།། དཔུང་པའི་རྩ་བར་མཱ་ལ་བ ་སྙིང་གི་ཁམས་འབབ་དབང་མ་སྟེ།། རྡོ་རྗེ་སྐུ་དང་ཤིང་གྲིབ་མ།། མཁའ་སྤྱོད་ཉིད་དེ་ཐུགས་འཁོར་ལཱ།། ཀཱ་མུ་རཱ་ནི་མཆུན་ཁུང་ལ།། མིག་གི་ཁམས་འབབ་སྐྱོན་འབྱིན་མ།། མྱུ་གུ་ཅན་དང་ས་བསྲུངས་མ།། ནུ་མ་གཉིས་ལ་ཨོ་དྲྀ་སྟེ།། ་མཇུག་མ་མཁྲིས་པ་འབབ་པ་ཉིད།། རལ་པ་ཅན་དང་འཇིགས་བྱེད་མོའོ།། ཏྲི་ཤ་ཀུ་ནི་ལྟེ་བར་ཏེ།། མེ་མོའི་རྩ་ནི་གློ་བ་འབབ།། དཔའ་བོ་ཆེ་དང་རླུང་ཤུགསཽ་མ།། སྣ་ཡི་རྩེ་མར་ཀེ་ས་ལ།། མཚན་མོའི་རྩ་ནི་རྒྱུ་མ་འབབ།། རྡོ་རྗེ་ཧཱུཾ་མཛད ་ཆང་མཐུང་མ།། ཀ་ལིངྒ་ནཱི་ཁ་ལ་སྟེ།། བསིལ་སྦྱིན་མ་ནཱི་གཉེ་མ་འབྲུབ།། རབ་ཏུ་བཟང་དང་བསྔོ་བསངས་མོ།། མགྲིན་པའི་གནྡྷ་སུ་ལམྦྷ་ཀ། ཚ་བ་མ་ནི་འཕོ་བ་འབབ།། རྡོ་རྗེ་འོད་དྲང་ཤིན་ཏུ་བཟང་།། ཀཱནྡྷི་སྙིང་གའི་གན ་སུ་སྟེ།། གཞོལ་མའི་རྩ་རུ་དྲི་ཆེན་འབབ།། འཇིགས་བྱེད་ཆེན་པོ་དྷ་རྣ་མ།། ཧི་མཱ་ལ་ནི་ཆུ་སོ་རུ།། ཤིན་ཏུ་གཟུགས་ཅན་མཚན་མ་འབབ།། མིག་མི་བཟང་དང་བྱ་རྒོད་མ།། གསུང་སྟེ་ས་སྤྱོད་བདག་ཉིད་ཀྱི།། མཁ་འགྲོ་མཱར་ནི་ཤེས་པར་བྱ།། ་པུ་རི་མཆིན་མ་ལ།། རངས་མའི་རུ་ནི་མཆི་ལྭ་མ་འབབ།། འཁོར་ལོའི་ཤུགས་མ་སྟོབས་པོ་ཆེ།། གྲྀ་ཧ་དེ་བ་བཤད་ལཾ་ལ།། དཔྱི་མའི་རྩ་ནི་རྣག་འབཔ་ལ།། རིན་ཆེན་རྡོ་རྗེ་དུམ་སྐྱེས་མ།། ས~ཾཀྵཥྚ་སྟེ་བརླ་གཉིས་ལ།། རྨྱ་སྤྲིན་མ་ནི་ཁྲག་འབབ ་མ།། རྟ་མགྲིན་དང་ནི་ཆ་ང?་འཐུང་མ།། གསེར་གླིང་བྱིན་པ་གཉིས་ལ་སྟེ།། སྦྱོར་བྲལ་མ་ནི་རྡུལ་འབབ་བྱེད།། མཁའ་སྙིང་འཁོར་ལོའྀ་གོ་མ་མྲ།། རྐང་པའི་སོར་མྱོ་ནུ་ག་ཌ།། སྦུ་གུ་མཾ་ནི་ཚིལ་བུ་འབབ།། ཤིན་ཏུ་དཔའ་མི་ཧི་རུ་ཀ། སིནྡྷུ་རྐང་པའི ་བོལ་ཉིད་ལ།། གྲུབ་མའི་རྩ་ནི་འཆི་མ་འབབ།། པདྨ་གར་དབང་སྟོབས་ཆེན་མོ།། མ་རོ་རྐང་པའི་མཐེ་བོ་སྟེ།། འཚེང་མ་ཁ་ཆུ་འབབ་པ་ཉིད།། རྣམ་སྣང་འཁོར་ལོ་སྒྱུར་བ་མོ།། ཀུ་ལུ་ཏཱ་ནཱི་པུས་མྱོ་ལ།། ཡིད་བཟང་མ་ནི་སྣབས་སྐྱེ་ད་བྱེད།། ་རྡོ་རྗེ་སེམས་དཔའ་གཙོ་ཆེན་མོ།། སྐུ་སྟེ་ས་འོག་སྤྱོད་མ་ཡིས།། མཁའགྲོ་དཔའ་བོར་ཤེས་པར་བྱ།། ལྟེ་བ་འམ་སྙིང་གའི་རྩ་བཞི་ནི།། འབྱུང་ལྔའི་རླུང་དང་བདུད་རྩི་འབབ།། བདེ་ཆེན་དགུ་ཡི་བདག་ཉིད་བསམ།། ཕྱག་བརྒྱད་དམ་ནི ་སྒོ་བརྒྱད་དུ། ལས་ཀྱི་རླུང་ངམ་བྱེད་བདག་གིས།། ཁྭ་གདོང་གཤིན་རྗེ་ལ་སོགས་བརྒྱད།། མེ་ལོང་ནང་གི་གཟུགས་བཞིན་དུ།། རང་གི་ཆ་ལུགས་བརྒྱན་པའི་ཚུལ།། རོ་ཡི་གདན་ལ་ལེགས་པར་དགོད།། འོད་འཕྲོ་འོད་ཀྱི་དཀྱིལ་འཁོར ་ཅན།། མཛེས་ཤིང་འཇིགས་པའི་གཟུགས་ཅནོ།། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས།། ཡི་གེ་གསུམ་གྱི་ངོ་བོ་ཉིད།། མཐོ་རིས་མི་ཡུལ་ས་འོག་ཏུ།། སྐད་ཅིག་གིས་ནི་སྐུ་ཉྀད་གྱུར།། སྐད་ཅིག་གིས་ནི་རྣལ་འབྱོར་བྱུང་ལ། སྐད་ཅིག ་སྔགས་དང་ཕྱག་རྒྱར་ལྡན།། ཀུན་ནས་ཀུན་ཏུ་སྐད་ཅིག་སྟེ།། སྐད་ཅིག་གིས་ནི་གསང་སྔགས་ལྗོན། ཨོཾ་ཨཱཿཧཱུཾ། ཨོཾ་སརྦ་བཱི་ར་ཡོ་གི་ན~ཾ་ཀཱ་ཡ་ཝཱཀྵཱིཏྟ་བཛྲཱ་སྭ་བྷཱ་བ་ཨཱཏྨ་ཀོ་ཧོ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ&ཧཾ། ཨོཾ་ཨཱཿཧཱུཾ་ཧོ་ཡིག ་གིས་ཕྱག་རྒྱ་བཞིས་ནི་རྒྱས་བཏབ་བྱ།། ཨོཾ་སརྦ་བཱ་ར་ཡོ་གི་ནཱི་ཀཱ་ཡ་བཱཀྵིཎྜ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཱཏྨ་ཀོ་ཧཱུཾ། ཡེ་ཤེས་ལས་བྱུང་འོད་ཚོགས་ཀྱིས།། རྐང་པ་ནས་ནི་གཙུག་གཏོར་མཐར།། ལུས་ཀུན་རབ་ཏུ་བསལ་བྱས་ནས།། ཁམས་གསུམ ་ཁྱབ་པར་རབ་ཏུ་སྤྲོ།། མཛུབ་མོ་མདུད་བྱས་གུང་མོ་སྦྱར།། མཐེ་བོང་རྡོ་རྗེར་བརྟེན་བྱས་ནས།། དཔྲལ་བའི་སྟེང་དུ་རབ་བཞག་སྟེ།། བསྐོར་ཞིང་ཀུན་ཏུ་བསྐོར་བར་བྱ།། རྐང་པ་མནན་ཅིང་སྟེང་དུ་བལྟ།། གྱེན་དུ་པོ་གྱི་སྒྲ་སྒྲོགས་ཤིང་།། ཕྱོགས ་བཅུ་ཁམས་ན་བཞུགས་པ་ཡིས།། དཔའ་བོ་རྣལ་འབྱོར་མ་རྣམས་དགུག། སྔགས་དང་ཕྱག་རྒྱར་རབ་ལྡན་པས།། དགུག་སོགས་དམ་ཚིག་རོ་མཉམ་བྱས།། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨཱ་ཡོ་ག་ཤུདྡྷོ&་ཧོ། དེ་ནས་སྔགས་ཀྱིས་མཚོན་ཆ ་དགོད།། སྙིང་གར་ཨོཾ་ཧ་རྣམ་པ་ཡིས།། རྡོ་རྗེ་སེཾས་དཔའ་ཡང་དག་དགོད།། གཉིས་པ་དཔ་ལྡན་རྣམ་སྣང་མཛོད།། མཆོགས་མར་ན་མ་ཧི་ཉིད་དོ།། སྤྱི་གཙུག་སྭཱ་ཧཱ་ཧི་ཉིད་དུ།། མགོན་པོ་པདྨ་གར་དབ་རྒྱལ།། བཞི་པ ་དཔལ་ལྡན་ཧེ་རུ་ཀ། ཕྲུག་པ་ལ་ནི་བྲྀ་ཥིཊ་ཧེ།། མིག་གཉིས་ལ་ནི་ཧཱུཾ་ཧཱུཾ་ཧོ།། རྡོ་རྗེ་ཉི་མ་གཟི་བརྗིད་ལྡན།། དྲུག་པ་རྟ་མཆོག་རྒྱལ་པོ་ཉིད།། ཕཊ་ཧཾ་ཚིག་ཀུན་མཚོན་པའོ།། ལྟེ་བར་ཨོཾ་བ~ཾ་ཕྲག་མོའི་བདག། ཧཾ་ཡཾ་སྙིང་གར་གསོད་བྱེད་མ།། ཧཱི་མཾ་ཁ་ལ་རྨོ ་བྱེད་མ།། དཔྲལ་བར་ཧྲེཾ་ཧཱུ~ཾ་སྐྱོད་བྱེད་ཉིད།། ཧཱུཾ་ཧཱུཾ་སྤྱི་གཙུག་སྐྲག་བྱེད་མ།། ཚིག་མཐའ་ཀུན་ལྱ་ཕཊ་ཕཊ་ཏེ། གཏུམ་མོའི་བདག་ཉིད་རྣམ་པར་བསམ།། བདུད་ཚོགས་ཀུན་གྱི་གཡོ་བ་ཡི།། གོ་ཆ་བསྲུང་བ་བླ་ན་མེད།། ལུས་ལསཽ་ཁམས་གསུམ་ཀུན ་བཀང་སྟེ།། དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས།། ན་མཁའི་གཏོས་ནི་བཀང་བྱས་ལ།། འདོད་པ་ལྔ་ནི་མཉེས་གྱུར་ནས།། མགོན་པོ་སངས་རྒྱས་ཐམས་ཅད་ཀྱི།། དབང་བསྐུར་བ་ནི་བདག་ལ་སྩོལ།། ཡིད་ཀྱི་གསོལ་བ་ལེགས་བཏབྷཱ་པས།། ཇི་ལྟར ་བལྟམས་པ་ཙམ་གྱིས་ནི།། དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟ་བ། ལྷོ་ཡི་ཆུ་ནི་དག་པ་ཡིས།། དེ་བཞིན་དུ་ནི་སྐུ་ཁྲུས་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀུ་ས་མཱ་ཡ་ཤྲི་ཡེ་ཧཱུཾ།། དེ་ལྟར་སྔགས་ཏེ་བརྗོད་ན་སུ།། པདྨའི་བུམ་པས ་དབང་བསྐུར་བསམ།། ལྷ་རྣམས་ལུས་ལ་བསྡུས་ནས་ཀྱང་།། མཆོད་སྤྲིན་ཀུན་གྱིས་ཡང་དག་མཆོད།། སྣ་ཚོགས་བསྟོད་པས་མངོན་བསྟོད་ནས།། བདུད་རྩི་མཆོག་ལ་ལོང་སྤྱོང་བྱ།། དཔའ་བོས་ལྷ་རྣམས་གསལ་དམིགས་ནས།། ཆོས་ཀྱི་སྐུ་ལ ་ངེས་པར་སྦྱར།། དཔའོ་ལྷན་ཅིག་སྐྱེས་དགའི་དངོས།། དག་པ་ཆོས་ཀྱི་སྤྲུལ་པ་ནི།། ཕག་མོའི་གཟུགསུ་བསྟན།། མེ་ལོང་ལ་སོགས་ཡེ་ཤེས་བཞི།། མཁའ་གྲོ་མ་བཞི་པདྨར་གནས།། ལུས་དྲན་པ་ཉེ་བར་གཞག་པ་ནི་མཁའ་གྲོ་མའོ།། ཆོས ་བ་དྲན་པར་ཉེ་བར་གཞག་པ་ནི་ལྷ་མོའོ།། ཆོས་དྲན་པ་ཉེ་བར་གཞུག་པ་ནི་དུམ་སྐྱེས་མའོ།། སེམས་དྲན་པ་ཉེ་བར་གཞག་པ་ནི་གཟུགས་ཅན་མའོ།། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི་རབ་ཏུ་གཏུམ་མའོ།། བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི ་རྐ་པ་ནི་གཏུམ་པའི་མིག་གོ།། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་འོད་ལྡན་མའོ།། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་སྣ་ཚན་མའོ།། དང་པའི་དབང་པོ་ནི་བརྟན་པའི་བློ་ཅན་མའོ།། བརྩོན་འགྲུས་ཀྱི་དབང་པོ་ནི་མི་ཐུང་མའོ།། དྲན་པའི་དབང ་པོ་ནི་ལང་ཀའི་དབང་ཕྱུག་མའོ།། ཏཱིང་ངེ་འཛིན་གྱི་དབང་པོ་ནི་ཤིང་གྲི་བེ་མའོ།། ཤེས་རབ་ཀྱི་དབང་པོ་ས་སྲུངས་མའོ།། ངང་པའི་སྟོབས་ནི་འཇིགས་བྱེད་ཆེན་མོའོ།། བརྩོན་འགྲུས་ཀྱི་སྟོབས་ནི་རླུང་གི་ཤུགས་ཅན་མའོ།། དྲན་པའི ་སྟོབས་ནི་ཆང་འབུང་མེའོ།། ཏི་ངེ་འཛིན་གྱི་སྟོབས་ནི་སྔོ་བསངས་མྱའི།། ཤེས་རབ་ཀྱི་སྟོབས་ནི་ཤིན་ཏུ་བཟང་མོའོ།། ཏིང་ངེ་འཛིན་གྱི་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟ་རྣ་མའོ།། བརྩོན་འགྲུས་ཡིང་དགེ་བྱང་ཆུབ་ཀྱི་ཡན་ལགཱ་ནཱི་བྱཱ ་གདོང་མའོ།། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་ཤུགས་ཅན་མའོ།། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཁཎྜ་རོ་ཧིའོ།། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཤིདྡྷོན ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་གོ་ཆ་མྦྷའོ།། བཏང་སྙེམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཤིན་ཏུ་དཔའ་མྱེའོ།། ཡང་དག་པའི་ལྟ་བ་ནི་ཤིན་ཏུ་སྟོབས་ཆེནཱ་མའོ།། ཡང་དབ་པའི་རྟོག ་པ་ནི་འཁོར་ལོ་སྒྱུར་མའོ།། ཡང་དག་པཱིང་གཽ་ནི་བརྩོན་འགྲུས་ཆེན་པོའོ།། ཡང་དག་པའི་ལས་ཀྱི་མཐའ་ནི་ཁྭ་གདོང་མོའོ།། ཡང་དག་པའི་འཚོ་བ་ནི་འུག་གདོང་མའོ།། ཡང་དག་པའི་རྩོལ་བ་ནི་ཁྱི་གདོང་མའོ།། ཡང་དག་པའི་དྲན་པ་ནི ་ཕག་གདོང་མའོནི།། ཡང་དག་པའི་ཏིང་ངེ་འཛིན་ནི་དཔལྔ་ཧེ་རུ་ཀའོ།། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་ནི་གཤིན་རྗེ་བརྟན་མའོ།། དགེ་བའི་ཆོས་སྐྱེས་པ་རྣམས་བསྲུང་བ་ནི་གཤིན་རྗེ་ཕོ་ཉ་མའོ།། མི་དགེ་བའ་ཆོས་མི་སྐྱེས ་པ་རྣམས་མི་བསྐྱེད་པ་ནི་གཤིན་རྗེ་མཆེ་བ་མའོ།། མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་ནི་ག་ཤིནྡོ་རྗེ་འཇོམས་མའོ།། དེ་དག་གི་དཔའ་བོ་དང་དཔའ་མོ་རྣམས་གཉིས་མེད་པ་རྣམ་པར་དག་བྱའོ།། ཨཱ་ལི་ཀཱ་ལི་མངོན ་བསམས་ནས།། རྣལ་འབྱོར་ཆེན་པོ་ངལ་བྱསོ་སྟེ།། ཟླ་བའི་དཀྱིལ་འཁོར་རྫོགས་པ་ནི།། ལྟེ་བའི་རྩ་བར་གནས་པར་བསྒོམ།། ཡི་གེ་རྣམས་ཀྱི་མཆོག་གྱུར་པ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནྡན།། ལྷ་ཡི་སྐུ་ནི་བསྒོམ ་བར་བྱ།། དེ་ནི་གཟུགས་ལསོ་འདས་པ་སྟེ།། དངོས་པོ་ཉ་མེད་པའི་སེམས་ཉིད་ཡིན།། སེམས་ཉིད་རྟོག་པས་མི་བསླད་དོ།། བསམ་གྱིས་མི་ཁྱབ་དེ་བསམས་ན།། དེ་ལས་གཟུགས་ནི་ཐོབ་པར་འགྱུར།། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ་ནི་རྒྱུ་སོགས་སྟོང་པ་ཉིད།། རུ་ནི་ཚོགས་དང་བྲལ་བ་སྟེ།། ཀ་ནི་གང་དུའང་མི་གནས་པའོ།། དེ་ལྟར་སྐུ་གསུམ་སྦྱོར་བ་ཡིས།། གནས་བྱས་དཔའ་བོ་དེ་ཡིས་ནི།། ཡོན་ཏན་ཐོབ་པ་གང་ཡིན་པ།། བསྐལ་པ་བྱེ་བ་དུ་མ་རུ།། ཁ་ནི་བརྒྱད་སྟོང་དུ་མ་ཡི། ་བརྗོད་པར་ནུས་པྲ་མཱ་ཡི་ནི།། དེ་ནས་སྔགས་ཀྱི་དངོས་གྲུབ་ཕྱིར།། སྔགས་ཀྱི་བཟླས་པ་རབ་ཏུ་བརྞ་མ།། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུ~ཾ་ཌཱ་ཀི་ནཱི་ཛཱ་ལཱ་སྱཻ་བ་རཾ་སྭཱ་ཧཱ། སྙིང་པོའི་སྔག་སྷོ།། ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུཾ་ཕཊ་ཕུཊ། ཉེ་བའི་སྙིང་པོའོ།། ཨོཾ་བཛྲ་བི་རོ་ཙ་ནཱ། ་ཡེ་ཧུཾ་ཧཱུཾ་ཕཊ། སྙིང་པོའི་སྔགསོ།། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱ~ཾ་བཛྲོ་ཝརྞ་ནཱི་ཡི་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ།། ཉེ་བའི་སྙིང་པོའོ།། སྡིག་ཀུན་ལས་ནི་རྣམ་གྲོལ་ཞིང་།། འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིམ། ཨོཾ་སུམྦྷ་ན~ཾ་སུམྦྷ་བཛྲི་ཌཱ་ཀི་ནཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་བཛྲ་ལཱ་མེ་། ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་བཛྲ་ཁཎྜ་རོ་ཧྭེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ཎཱ་ཡ་ཧོ་བྷ་གཾ་བཱན་བཛྲ་རཱ་ཛ་བཛྲ་རཱུ་པི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཝི་རེ་ཤཱ་ཡ་བཛྲ་ཀཱ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། སཽ་མ་ཧཱ་ཀལྤཱགྣི་སཾ་ནཻ་བྷཱ་ཡ་བཛྲ་ཨུ་ལུ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ་ཨོཾ་ཛ་ཊཱ་མ་ཀུ་ཊོཏྐ་ཊཱ་ཡ་བཛྲ་ཤཱུ་ནཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་དཾཥྚ་ཀཱ་ར་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་བཛྲ་སཱུ་ཀ་རཱ་སྱེ་ཧུཾ་ཧཱུ~ཾ་ཕཊ། ཨོཾ་ས་ཧཾ་སྲ་བྷཱ་ཛ་བྷཱ་སུ་རཱ་ཡ་ཡ་མ་དཱ་ཌྷི་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཌཱ་ག་དྷཱ་རི་ཎི་བཛྲ་ཡ་མ་དཱུ་ཏཱི་ཧུཾ་ཧཱུཾ་ཕཊ། ཨོཾ་བཱརྨྨ ་ཛིཛཾ་ནཾ་བ་ར་དྷ་རཱ་ཡ་བཛྲ་ཡ་མ་དཥྞཱི་ཎི་ཧུ~ཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་དྷརྨྨཱནྣ་ཀ་ར་ཝ་པུ་ཥཱ་ཡ་བཛྲ་ཡམ་མ་ཐཱ་ནི་ཧུཾ་ཧཱུཾ་ཕཊ། རང་གི་ཡུམ་དང་གཉིསུ་མེདང་པ་ཞལ་བཞི་དང་རྐང་པ་བརྒྱད་པའི་སྔགས་ཏེ་བསུ་ཆ་སྦྱིན་སྲེག་དང་བཅས་པས་བཾཟླས།། གཞན་ཡོད ་རྒྱས་པའི་ཚུལ་ལ་ཡང་།། ཨོཾ་ཀ་ར་ཀ་ཪྵ་བཛྲ་བཱ་ཙྪ་ཌེ་བཛྫ་ཁརྡྷ་ཀ་པཱ་ལ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བ་ལ་སོགས་པ་རྣམས་ཨོཾ་དང་ཧཱུཾ་དྷྱཾ་ཕཊ་ཀྵུ་བར་ཆུད་པ། ཕྲེང་བའི་སྔགས་དང་། དཔའ་བོ་དཔའ་མོ་རྣམས་འབྲེལ ་བར་བཟླ་སོ།། མངའི་འོད་དང་སྒྲོའི་འོད་དང་། ལུ་གུ་རྒྱུད་དང་། སུམ་སྒྲིལ་ནི་ཆོ་གའི་ཁྱད་པར་རོ།། ཐམས་ཅད་དུའང་ཆེས་བསྩལ།། རང་འདོད་ལས་ལ་གཏོར་མ་སྦྱིན།། དང་པོ་དཔའ་བོ་རྣལ་འབྱོར་མ།། ཆང་སྔོགས་ལོང་སྤྱོད་ཀྱིས་མཆོད་མ ་འབར་བའི་ཕྱག་རྒྱ་རབ་བཅིངས་ནས།། སྐྲ་གྲོལ་གཙེར་བུར་གྱུར་པ་ཡིས།། ལྷོ་ཡིསཽ་ཕྱོགསུ་ཁ་བལྟས་ལ།། དཔལ་ཆེན་ཁྲག་འབུང་ནས་བརྩམས་ནས།། དུར་ཁྲོད་གནས་ཀྱི་མཐུར་ཐུག་པར།། མངོན་པོའི་གནསུ་མཆོད་པར་བྱ།། སྐྱེ་བ ་དམ་པ་ཀུན་འདུས་ལ།། བདེ་བ་ཐམས་ཅད་དབུལ་བར་བྱ།། དེར་ནི་བཟའ་བ་རྣམས་ཟོས་ལ།། ལྷག་མ་སྣོད་གཉིས་གཞག་པར་བྱ།། ཧ་རུ་ཀཱ་དཔལ་རྣལ་འབྱོར་བདག། དེ་ཡིས་མུ་མོ་དགའ་བར་འགྱུར།། དེ་ཡི་ལག་ཏུ་འོངས་པའི་དཔལ ་གང་གིས་ཀྱང་ནི་འཕྲོག་མི་ནུས།། སྐྱེ་བོ་དང་ལྡན་ཀུན་གྱིས་མཆོད།། ཧེ་རུ་ཀ་དཔལ་དགྱེས་གྱུར་ནས།། སྤྱོད་དང་གྲོལ་བའི་འབྲས་རབ་གསོལ།། ཨོཾ་ཨཱ་རལླི་ཧོ།། ཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ཀིནྱཿས་མཱ་ཡ་སྟྭཾ་དྲྀ་ཤྱ་ཧོ།། ལན་གསུམ་ལྔ་ཡི་བར་དུ ་བརྗོད།། རྡོ་རྗེ་ཐལ་མོ་གྱེན་དུ་བྷི།། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཏི། སརྦ་ཡཀྵ་རཀྵ་སཾ་བྷཱུ་ཏ། པྲེ་ཏཱ་བི་ཤཱི་ཙནྡྲ་ད་ཨ་པི་སྨཱ་ར་བཛྲ་ཌཱ་ཀ་ཌཱ་ཀིནྡྲཱ་ད་ཡ། ཨི་མ~ཾ་བ་མ~ཾ་ཀྲྀརྨྨ།། ས་མ་ཡ་རཿརྨྨ། མ་མ་སརྦ་སིདྡྷི་པཱ་ཡ་ཙྪེཥྚ། ཡ་ཐཻ་བི། ཡ་ཐེཥྨཱ། བྷྱཊྚ་བྷྱཿ ་བ~ཾ་བནྡྷ། མཱ་ཏི་ཀྲ་མ་ཐ་མ་མ་སརྦ་ཀཿ་ཡཱ་སཏྭཱ་སུ་ཁ་བི་ཤུདྡྷཱ་ཡ~ཾ། སཏྭཱ་ཡཱཾ་ཀྵ་བྷ་བཱནྡྷ་ཧུ~ཾདྷུ་ཕཊ་སྭཱཿ། ཨོཾ་ཁཱ་ཁ་ཁྱཱ་ཏི་ཁཱ་ཧི་ཨཱནྡྷི་ཙཱ་བྷཱཀྵ་ཀཱ་སྨཱཏྨ།། སྐྱེས་བྱས་པའི་སྔགས་ཀྱིས་གཏོར་མ་ཕུལ་ལ།། ལྷ་མོ་ཆུང་མ་དམ་ཆོག་རྒྱུད་མ ་དང་།། དེས་གསུངས་ཚིག་ཀྱང་ཚད་མ་མཆོག་ཡིན་ཏེ།། བདེན་པ་དེ་དག་གིས་ནི་ལྷ་མོ་རྣམས།། བདག་ལ་རྗེ་སུ་འཛིན་པའི་རྒྱུར་གྱུར་ཅིག། ཅེས་བརྗོད་ལ་ཡི་གེ་བརྒྱ་པས་བརྟན་པར་བྱ་སྟེ། སྐུ་དང་གསུང་དང་ཐུགས་ཀྱི་དགའ་བས། སེམས ་ཅན་རྣམས་བདེ་བ་ཆེན་པོའི་བདག་ཉི་དུ་ཡང་དག་པར་བྱའོ།། བདག་དོན་འགྱུར་དང་གཞན་ལ་རྣམ་བརྩེ་བས།། དཔལ་ལྡན་འཁོར་ལོ་སྡོམ་པའི་སྒྲུབ་པ་ཡི།། ཐབས་བདག་ཅུང་ཟད་བཀོད་ལ་ཚུལ་མིན་པ།། འབྱུང་འགྱུར་ཉེས་པ ་མཁས་རྣམས་བཟོད་པར་མཛོད།། འདི་ཡིས་བསོད་ནུས་མཐའ་མེད་སྒྲུབ་གྱུར་གང་ཡིན་དེས།། མཐའ་མེད་སེམས་ཅན་བདེ་བའི་ལམ་ཞུགས་སངས་རྒྱས་ཤོག།། དཔལ་འཁོར་ལོ་སྡོམ ་པའི་སྒྲུབ་པའི་ཐབས་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་རིག་པོའི་བརྟུལ་ཞུགས་པ་དཔལ་དཱ་རི་ཀ་པས་མཛད་པ་རྫོགས།། ། བྷངྒ་གཽ་ལའི་པཎྜི་ཏ་ཀུ་མཱ་ར་བཛྲ་དང་། ལོ་ཙ་བ་དགེ་སློང་ཉི་མ་རྡོ་རྗེས་བསྒྱུར་ཅིང་ཞུས ་གཏབ་ཕབ་པའོ།། ། བཀྲ་ཤིས་། སརྦ་མཧཱ ་