| Wylie | e-texts produced with BDRC’s OCR application |
རྒྱ་གར་གྱི་མཁན་པོ་བཻ་རཽ་ཙ་ན་རཀྵི་ཏ་དང་། བོད་ཀྱི་ལོཙྪ་པཾ་ཀླན་ཆུང་གིས་བསྒྱུར་བའོ།། སྐུད་ཀྱིས་སྟག་ལོ་ཚོ་བས་བཅོས་པའོ།། ། རྒྱ་གར་སྐད་དུ། པྲཛཱི་པཱ་ར་མི་ཏཱ་ཧྲི་ད་ཡ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་སྒྲིབ་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལོ།། གང་ཞིག་སྔོན་དུ་བྱས་གྱུར་པས།། རབ་ཞི་ཐམས་ཅད་མཁྱེན་མཛད་པའི།། རྒྱལ་ཡུན ་དེ་ལ་རབ་ཏུད་དེ།། སྒྲིབ་ཐབས་ཆོ་ག་དྲན་པར་བྱ།། དབེན་ཞིང་ཉམས་དགའི་ས་ཕྱོགསུ།། བདེ་བའི་སྟན་ལ་འདུག་ནས་ནི།། སྙིང་གར་པདྨ་ལྟའི་ཉི་སྟེངས་སུ།། མཾ་ལོས་འོད་འཕྲོས་ཕྱོགས་བཅུ་ནས།། རྒྱས་པོ་སྲས་བཅས་སྤྱན་དྲངས་ཏེ།། ་ནམཁའི་ཕྱོགསུ་གནས་པར་བསམ།། མཆོད་དང་ཉེས་པ་བཤགས་པར་བྱ།། རྗེས་སུ་ཡི་རང་གསོལ་བ་གདབ།། སྐྱབས་འགྲོ་སེམས་བསྐྱེད་བླང་བྱ་ཞིང་།། བྱང་ཆུབ་ཆེན་པོར་བསྔོ་བར་བྱ།། བྱམས་དང་སྙིང་རྗེ་དགའ་བ་དང་།། བཏང ་སྙོམས་ཚངས་པའི་གནས་པ་བསྒོམ།། གསང་སྔགས་འདི་ནི་རབ་ཏུ་བཟླས།། ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ&ཧཾ།། རྒྱང་དང་མི་རྒྱུ་འོད་དག་ཀུན།། བཟོད་ནས་རང་བཞིན་སྟོང་པར་དྲན།། དེ་རྗེས་སྟོང་པའི་རང་བཞིན་ལས།། ་ཡཾ་རཾ་དཾ་ལཾ་འབྱུང་བ་བཞི།། སུཾ་ལས་རི་རཱབ་དེ་སྟེང་དུ།། བྷྲཱུཾ་ལས་མཛེས་པའི་གཞལྔ་ཡས་ཁང་།། ཡང་སྲ་ཤིང་རྒྱུན་ལྡན་བསམ་པར་བྱ།། དབུས་སུ་སེངྒེའི་ཁྲི་སྟེངསུ།། པདྨ་ཉི་མ་ལ་གནས ་པའི།། མར་སེར་རྒྱལ་ཡུམ་སྐུ་མདོག་སེར།། ཞལ་གཅིག་ཕྱག་བཞི་སྐུ་ནི་རྒྱས།། གཡས་གཉིས་རྡོ་རྗེ་སྐྱབས་སྦྱིན་ཅན།། གཡོན་གཉིས་པུ་ཏི་ཆོས་འཆང་མཛད།། ལོངས་སྤྱོད་རྫོགས་པའི་རྒྱན་ལྡན་བསམ།། ཤར་དུ་སེངྒེ ་ཟླ་སྟང་སུ།། སཾ་ལས་རྒྱལ་བ་ཤཱཀྱ་ཐུབ།། བཙོ་མའི་མདོག་ཅན་སྤྲུལ་པོའི་སྐུ།། གཙུག་ཏོར་ལྡན་པ་སྐྱེད་པོར་བྱ།། ནུབ་ཏུ་པདྨ་ཟླ་བ་ལ།། ཧྲི་ལས་འཇིག་རྟེན་དབང་ཕྱུག་ནི།། ཤིན་ཏུ་དཀར་ཞིང་རྒྱན་མཛེས་པ།། སེམས་དཔལ ་སྐྱིལ་ཀྲུང་བཞུགས་པར་བསམ།། ལྷོ་རུ་མཾ་ལས་ཤཱ་རིའི་བུ།། དཀའ་ཐུབ་ཆེ་བྱད་སྐུ་མདོག་ནི།། དམར་སྐྱ་བུས་བཙུགས་ཐལ་མོ་སྦྱར། ན་ཏུ་མཛེས་པའི་སྐུ་ཉིད་བསམ།། བྱང་དུ་ཀུན་དགའ་དྲ་ལས་སྐུས།། དམར་པོ ་རྒྱལ་ལ་གུས་པའི་ཚུལ།། པདྨའི་སྟེང་དུ་བསྐྱེད་བྱས་ནས།། དེ་ལྷུར་སྐྱེད་པ་རྫོགས་པ་དང་།། བདག་ཉིད་ཐུགས་ཀའི་མཱཾ་ལུས་ནི།། འོད་འཕྲོས་ཡེ་ཤེས་བཀུག་བྱས་ཏེ།། མཆོད་དང་ཛཿཧཱུཾ་བཾ་ཧོཿཡིས།། སོ་སྲོར་གཞུག་བྱས ་ནས་ནི།། རྒྱལ་བས་དབང་བསྐུར་སོ་སོ་ལ།། རྣམོ་སྣང་མི་བསྐྱོད་རིན་འཚོང་དང་།། མཐའ་ཡས་རྒྱལ་བ་ཉིད་ཀྱི་མཚན།། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ།། ཡུམ~ཾ་གྱི་ཐུགས་ཀར་རྒྱལ་པོ་ཉིད།། བསྡུས་ཏེ་ཏིང་འཛིན་སྙོམས ་ཞུགས་ནས།། དྲིས་དང་ལན་གད་བ་སྟོང་པའི་དོན།། འཁོར་རྣམས་ཀུན་ལ་སྦྱིན་པར་བསམ།། འདི་ལྟར་ཆོས་ཀུནཱ་ར་པཱ་ཞི་ལས།། སྤྲོས་པའི་འཁོར་ཀུན་ཡུམ་ལ་བསྡུ།། མཚན་བཅས་ཏྲིང་འཛིན་ཡི་གེ་ལ།། དམིགས ་ཏེ་གསལ་ལ་མི་རྟོག་བྱ།། བཟོད་ནས་ཞི་བའི་ཆོས་ཀུན་ནི།། རྐྱེན་དབང་འཁྲུལ་པར་རབ་སྣང་ལ།། དེ་ཉིད་ཚེ་ན་ཞི་བ་ཉིད།། ཞི་ཚེ་སྒྱུ་མ་ལྟ་བུར་སྣང་།། མཐའ་བཞིར་མོ་རྟོག་བྲལ་བར་མིན།། བྱིང་རྒོད་མི་གནས་སེམས ་ཉིད་ནི།། འོད་གསལ་ཅིར་ཡང་མི་བསྒོམ་པ།། མཚན་མེད་རྣལ་འབྱོར་ཕ་རོལ་ཕྱིན།། རྒྱལ་བས་ཞི་བར་རབ་གསུངས་དང་།། གཅིག་དང་དུ་བྲལ་ལ་སོགས་པས།། སྤྲོས་པ་བཀག་པས་མི་རྟོག་ཤོས།། རྣམ་པར་རྟོག་དང ་ཡང་དག་རྟོགས།། གལ་ཏེ་སྐྱོ་ན་བཟླས་བྱས་ཏེ།། ཏདྱ་ཐཱ། ཨོཾ་ག་ཏེ་གཱ་ཏེ། པ་ར་ག་ཏཻ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ།། མ་ལ་རབ་བསྐོར་འོད་ཟེར་ནི།། སྒྲོ་སྡུས་དྲོན་བྱས་སྔགས་ཀྱི་འོད།། ལྟ་བའི་ཁ་ཡི་བར་དུ་བསྐོར།། ཡེ་ཤེས་སེམས ་དཔའ་མཆོད་ལ་གཤེགས།། སྟོང་པ་བཙོ་བརྒྱད་བརྗོད་བྱ་སྟེ།། དམ་ཚིག་སེམས་དཔའ་ཐམས་ཅད་དང་།། གཞལ་ཡས་ཁང་ནི་མི་དམིགས་བྱ།། རྒྱལ་བའི་བཀའ་དང་ནཱ་གཱརྫུ་ན་ཡིས།། གསུངས་པ་ལ་བརྟན་མོས་རྣམས་དོན་དང་ནི། ་བདག་ཉིད་སྦྱང་ཕྱིར་ཆོ་ག་ཐབས་མཆོག་བྱས།། མཁས་རྣམས་བློ་ཡི་དྲི་མ་བཟོད་པར་མཛོད།། འདི་ལ་ངལ་བའི་དགེ་བའི་རྩ་བ་དེས།། འགྲོ་རྣམས་རབ་སྦྱངས་སྙིང་པོའི་དོན་ཤེས་ནས།། རྒྱལ་བའི་གོ་འཕང་རབ་ཏུ་ཐོབ་གྱུར་ཏེ།། འགྲོ ་རྣམས་ཞི་བའི་ལམ་ལ་འགོད་པར་ཤོག། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྒྲུབ་ཐབས། སློབ་དཔོན་ཆེན་པོ་དཱ་ར་ཀ་པས་མཛད་པ་རྫོགསོ།། རྒྱ་གར་སྐད་དུ། ཨཱརྱ་པཱུ་ཛྙཱ་པཱར ་