| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏཱ་ཧྲི་ད་ཡ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་སྒྲུབ་ཐབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུས་གསུམ་རྒྱལ་བ་སྲས་དང་བཅས་པ་ལ་ཕྱག་འཚའོ།། དུས་གསུམ་རྒྱལ་བ་ཀུན་གྱིས ་གཞི་ཡིན་ལམ་ཡིན་འབྲས་བུ་འང་དེ།། ཤེས་རབ་མི་དམིགས་ཤེས་རབ་སྙིང་པོ་གཙོ་བོ་དབྱེར་མེད་པ།། སྐུ་གསུམ་དཀོན་མཆོག་གསུམ་ལ་དབྱེར་མེད་ལུས་ངག་ཡིད་བཏུད་ནས།། རྒྱལ་ཡུམ་རིག་བརྒྱུད ་དད་དང་ཤེས་རབ་ཐོབ་ཕྱིར་བྲི།། དད་དང་ཤེས་རབ་སྟོན་འགྲོ་སྐྱབས་དང་སེམས་བསྐྱེད་ཅིང་།། བརྩོན་པས་གྲོལ་འདོད་བཟོད་ལྡན་སྡུག་བསྔལ་མེད་སྤངས་ནས།། འཇིག་རྟེན་ཆོས་བརྒྱད་བསམ་བཏང་ནས་ནི་ཚེ་མཉམ་སྟེ།། འདོད་ཡོན ་མ་ཆགས་ཁྲིམས་ལྡན་ཅི་འབྱོར་མཆོད་དང་སྦྱིན།། ཤེས་རབ་སྦྱོངས་པས་ཤེས་རབ་དོན་ཤེས་ཤེས་རབ་སྤྱོད་འདོད་པས།། རྒྱལ་བའི་གནས་དང་ཆོས་འདི་གནསུ་ཤེས་རབ་སྙིང་པོ་སྒྲུབ།། གང་ལ་མ་ཆགས་ཕྱིན་དྲུག་ལྡན་པས ་ཁྲུས་བྱས་ལ།། རྟེན་ལ་མཎྜལ་མཆོད་བཤམོས་སྨན་ལ་མཉམ་འདུག་སྟེ།། བདུན་བརྒྱའི་བསྔགས་བརྗོད་སྔགས་ཀྱི་བདེན་པས་བདེན།། རྟེན་དེར་ཕུན་སུམ་ཚོགས་པ་སྔར་བསགས་སྦྱིན་དེར་དྲང་།། ཤེས་རབ་ཕ་རོལ་ཕྱིན་ཐོབ་ཤེས ་རབ་ཕ་རོལ་ཕྱིན།། ཐབས་མང་གདུལ་བྱ་འདུལ་བའི་ཆོས་རྣམས་ཕ་རོལ་ཕྱིན།། རྒྱལ་བའི་ཡུམ་གྱུར་རྒྱལ་བའི་སྲས་བཅས་ལ།། བདག་གི་ལུས་ངག་ཡིད་གསུམ་དང་གུས་དེང་ནས་ཕྱག་འཚལོ།། འཇིག་རྟེན་འདི་དང་གཞན་གྱི ་འཇིག་རྟེན་ནོ།། མཆོད་པར་འོས་པོའི་གཟུགས་སྒྲ་དྲི་དག་དང་།། རོ་དང་རེག་བྱ་ཐུགས་དང་མི་འགལ་པོའི།། གཙང་དང་མ་ཉམས་དམན་པར་མ་གྱུར་པའི།། ཆུ་གཙང་བསིལ་དང་མེ་ཏོག་ཁྱད་པར་ཅན།། དབྱིབས་ལེགས་དྲི་ཞིམ་ཁ་དོག ་སྣ་ཚོགས་མཛེས།། ཙན་དན་གུར་གུམུ་ག་བུར་ལ་སོགས་སྦྱར།། སོ་སོར་བསྲེགས་པའི་བདུག་པ་ཇི་སྙེད་དང་།། ཉི་ཟླ་ལྟར་གསལ་རིན་ཆེན་འོད་འབར་བའི།། རིན་ཆེན་སྒྲོལ་མ་མར་མེ་མཛེས་པའི་འོད།། གླང་རྩི་ཙན་དན་ཧཱ ་ལུ་ག་སོགས་ལེགས་སྦྱར་དྲི།། སྐུ་མཛེས་དོན་དུ་བྱི་དོར་བྱུག་པ་རྫས་རྣམས་དང་།། སྨན་དང་འབྲས་ཆུན་ཤིང་ཏོག་ཏམ་པོ་ལེ།། ཡུན་རིང་འཚོ་བ་རྣམས་ཀྱང་རིམ་པར་དབུལ།། སྒྲ་བརྙན་དབྱངས་དང་སེལ་སྙན་རོལ་མོར ་བཅས།། རིན་ཆེན་བདུན་དང་རིན་ཆེན་གཞན་རྣམས་དང་།། བཀྲ་ཤེས་རྫས་བརྒྱད་གཞན་ཡང་བཀྲ་ཤིས་རྫས།། བདག་གིས་ལུས་ངག་ཡི་དེ་བཅས་ཁྱད་ལ་དབུལ།། རྒྱལ་སྲས་ཐུགས་རྗེ་ཅན་གྱིས་བདག་གཟིགས་ལ།། འགྲོ་གཟུགས།། ་བདེ་བར་བྱ་ཕྱིར་བཞེས་སུ་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཞེས་དེ་ཉིད་བསྡུས་པའི་སྔགས་ཀྱིས་དབུལ།། རྒྱལ་བ་སྲས་དང་བཅས་ལ་བདག་རེ་གནོད།། འཁོར་བར་མ་རིག་ལུས་ངག་ཡིད་གསུམ་གྱིས།། མཚམས་མེད་ལ་སོགས ་སྡིག་པའི་ལས་བགྱིས་དང་།། བགྱིད་དུ་སྩལ་དང་རྗེས་སུ་ཡི་རང་བཤགས།། ད་ནི་འཇིགས་དང་རྒྱལ་སླས་ཁྱེད་དབང་ལས།། ལུས་ངག་ཡིད་སྡིག་སླན་ཆད་མི་བགྱི་།། རྒྱལ་སྲས་ཁྱེད་དང་འཇིག་རྟེན་འདི་དང་གཞན་དག་ན།། འགྲོ ་རིགས་དགེ་བ་ཐེག་པ་རིམ་གྱིས་སྤྲོད་བྱེད་པའི།། རྒྱུ་འབྲས་མ་འདྲེས་སོ་སོའི་དགེ་ལ་བདག་ཡི་རང་།། ཡི་རང་དགེ་དེ་ཟག་མེད་འགྲོ་ལ་སོ་སོར་སྔོ།། ཀུན་གྱི་སྐྱབས་ཆེན་རྒྱལ་སྲས་སྐྱབས་དག་ལ།། དེང་ནས་བཟུང་སྟེ་བདག་ཀྱང་སྐྱོབས ་པར་མཛོད།། སྐྱབས་གནས་ཁྱེད་ལྟར་བདག་ཀྱང་སེམས་བསྐྱེད་པས།། ཁྱོད་ཀྱི་སྤྱོད་ལྟར་བདག་སྤྱོད་འགྲོ་བའི་དོན་བྱེད་ཤོག། རྒྱལ་སྲས་ཁྱོད་ཀྱིས་སྣ་ཚོགས་སྐུ་སྤྲུལ་ལ།། འགྲོ་བ་འདུལ་བའི་རིམ་པར ་ཆོས་ཀྱི་འཁོར་ལོ་བསྐོར།། འགྲོ་བ་སོ་སོར་བདོ་ལམ་བྱང་ཆུབ་མ་ཐོབ་པར།། རྒྱལ་བ་སྲས་བཅས་མྱ་ངན་མོ་འདའ་བཞུགས་པར་གསོལ།། ཕྱག་འཚལ་མཆོད་སོགས་བྱས་པའི་དགེ་བ་རྒྱ་ཆེན་དོ།། འགྲོ་ལ་བསྔོས་པས་འགྲོ་བ་སོ་སོར་བདེ ་པ་དང་།། མ་གྲོལ་གྲོལ་དང་མ་སྦྲུལ་བསྒྲལ་དང་དབུགས་ཕྱིན་དང་།། མྱ་ངན་མ་འདས་པ་དག་མྱ་ངན་འདའ་བར་ཤོག། རྒྱལ་སྲས་དབང་པོར་རྒྱལ་སྲས་ལྟ་ཁུར་བདག་གིས་ནི།། ཚད་མེད་བཞི་བསྒོམ་རྒྱལ་བ་སྲས་བཅས་གནསུ ་གཤེགས་སུ་གསོལ།། ཤེས་རབ་ཕ་རོལ་ཕྱིན་ཤེས་དངོས་པོ་རྣམས་སྟོང་པས།། སྭ་བྷའི་སྔགས་ཀྱིས་སྟོང་པར་བཟླས་པས་དངོས་སྟོང་དང་།། ཤཱུནྱ་ཏ་བརྗོད་གཟུང་བ་དང་བྲལ་འཛིན་མེད་གནས་པ་མེད་པར་བློ་མཉམ་གཞག། ་མཉམ་པའི་ངང་ལུས་རི་རྒྱལ་དམིགས་བྱས་ལ།། དེ་ལས་རིམས་ཀྱིས་བྱུང་བས་གླིང་རྣམས་ཆགས།། རི་སྟེང་པ་པདྨ་ཨ་ལས་ཟླ་བ་དང་།། སིདྡྷེའི་ཁྲོ་ལ་རིན་པོ་ཆེའི་ཁྲི།། རིན་ཆེན་ཡོན་ཏན་རྒྱན་རྣམས་ལེགས་གསལ་ནས།། ་ཁྲི་སྟེངས་པདྨ་སྣ་ཚོགས་ལྟེ་བ་ལ།། ཡི་གཽ་མཾ་སེར་འཕྲོས་འདུས་ལས།། འོག་ཏུ་ཟླ་བ་ཨ་ལི་ལས།། སྟང་དུ་ཀཱ་ལི་ཉི་མ་གྲུབ་།། དེའི་སྟེང་དུ་འཕྲོ་འདུ་ལས།། ལྟེ་བར་ཟླ་བ་མཾ་གནས་པ།། ཐམས་ཅད་གཅིག་གྱུར་བཅོམ་ལྡན་འདས ་ཤར་དུ་པཾ་ལས་ཡུམ་ཉིད་བཞེངས།། ལྷོ་རུ་ཧཱུཾ་ལས་ཕྱག་རྡོ་རྗེ།། ནུབ་ཏུ་མཾ་ལས་ཤཱ་རིའི་བུ།། བྱུང་དུ་ཧྲཱི་ལས་སྤྱན་རས་གཟིགས།། བཅོམ་ལྡན་གསེར་མདོག་ཆོས་འཆང་ཕྱག། རྡོ་རྗེ་སྐྱིལ་ཀྲུང་གཙུག་ཏོར་བཅས།། སྤྱན་ཡངས་མཐིང ་ག་མཛོད་པུར་ལྡན།། སྐུ་ཡི་སྒོ་ནས་འོད་ཟེར་དགྱེས།། ཡུམ་ནི་ལོངས་སྤྱོད་རྒྱན་ཅན་ཏེ།། གསེར་མདོག་སྐུ་ནི་ཤིན་ཏུ་རྒྱས།། པད་ཟླ་རྒྱས་པོའི་གདན་ལ་བཞུགས།། ཕྱག་གཉིས་མཉམ་པའི་ཏིང་འཛིན་བཞག། གཡས་པ་ཆོས ་འཆད་པ་དང་ལྡན།། གཡོན་པ་པུ་ཏི་འཛིན་པའོ།། ཕྱག་ན་རྡོ་རྗེ་ཞལ་གཅིག་པ།། སྔོན་པོ་གཡས་ན་རྡོ་རྗེ་བསམ།། གཡོན་ན་པདྨ་འཛིན་པར་བྱེད།། རིན་ཆེན་གྱིས་རྒྱན་སྐྱིལ་ཀྲུང་བཅས།། ཤཱ་རི་སེར་པོ་དཀའ་ཐུབ་གཟུགས།། ཆོས ་གོས་གསུམ་དང་བསིལ་བྱེད་གཡས།། པུས་གཙུགས་གཡོན་ན་ལྷུང་བཟེད་ཐོགས།། ལུས་ངག་བསྡམས་ནས་གནས་པའོ།། མགོན་པོ་བྱང་སེམས་སྤྱན་རས་གཟིགས།། རྒྱན་མཛེས་སེམས་དཔའི་སྐྱིལ་མོ་ཀྲུང་།། གཡས་ན་པདྨ ་མཆོག་སྦྱིན་དང་།། གཡོན་ནཽ་པདྨ་པུ་ཏི་འཛིན།། དེ་རྣམས་ཟླ་བའི་གདན་ལ་བཞུགས།། གསལ་བར་གྱུར་ནས་ཕྱོགས་ཀུན་ཏུ།། བྱང་ཆུབ་སེམས་དང་ཉན་ཐོས་གཟུགས།། འགྲོ་བ་སོ་སོའི་གཟུགས་འཛིན་པ།། སྟེང་འོག་ཕྱོགས་རྣམས་ཐམས ་ཅད་དུ།། རང་རང་མདོག་དང་མཚན་མས་བསྐྱེད།། དེ་ནས་བདག་པོའི་མིག་སོགས་ལ།། ཀཱ་ཛཾ་ཁཾ་གཾ་སྐཾ་སཾ་རྣཾས།། ཟླ་བ་པདྨ་གདན་སྤོ་བསྡུ།། དེ་ཉིད་གསུམ་ཡང་གནས་གསུམ་དུ།། སྒྲོ་བསྡུ་མཚན་མ་གསུམ་དུ་བསྒོམ།། ཡེ་ཤེས་གཞུག ་དང་དབང་བསྐུར་དང་།། མི་བསྐྱོད་ལ་སོགས་སོ་སོར་བཞག། ཤཱ་རིའི་སྤྱི་བོར་རྒྱལ་བ་ཉིད།། གསང་དབང་སྤྱི་བོར་རྡོ་རྗེ་འཛིན།། མགོན་ལ་འོད་དཔག་ཡུམ་ཉིད་ལ། མི་བསྐྱོད་གནས་ལ་མཆོད་པ་དབུལ།། འོ་ཐུག ་སྤྲོ་བསྡུ་མདུན་གྱི་ཡུམ།། བདག་ལ་པོ་སྔས་ལ་སྙིང་པོའི་དོན།། འཁོར་བ་མྱ་ངན་འདས་པའི་ཆོས།། ཐམས་ཅད་བདག་གིས་གསོལ་བསྒོམས་ལ།། སྤྱན་རས་གཟིགས་དང་དཱར་སེམས་ལ།། ཤྭ་རིས་ཞུས་དང་ལན་བཏབ་པའི།། མདོ ་དོན་སྐབས་ཤེས་དོན་དམ་བསྒོམ།། ཙྪ་ནི་བདེན་པའི་སྔགས་འདོན་ཏེ།། ཏདྱ་ཐཱ་དང་ཨོཾ་སྤེལ་ནས།། ག་ཏེ་ག་ཏེ་པ་ར་དང་།། ག་ཏེ་པ་ར་སཾ་ག་ཏེ།། བོ་དྷི་སྭཱ་ཧཱ་ཞེས་བརྗོད་ལ།། སྙིང་ཁར་པདྨའི་ལྟེ་བ་ལ།། མཾ་སེར་དག་ལ་གཡས་སྐོར ་བགྲང་།། བཱསམ་གཏན་འདོད་ན་འཁོ་རྣམས་དང་།། བདག་ཉིད་ཡི་གེ་མ་ལ་བསྡུ།། དེ་ལྔ་རིམ་བསྐྱེད་འཁོར་རྣམས་ལ།། མདོག་དོན་སྔགས་ཀྱི་འཁོར་རྣམས་ཀུན།། སྒྲིབ་སྦྱང་བདག་འདྲར་གྱུར་པ་ལ།། རྒྱལ་བའི་ཡུམ་ཉིད ་བསྟེན་པ་ཡི།། དགེ་བ་བདག་གིས་ཅི་བྱས་ཐམས་ཅད་ནི།། སེམས་ཅན་ཀུན་ལ་བྱང་ཆུབ་ཕྱིར་བསྔོ་བས།། བདག་གཞན་ཤེས་རབ་སྙིང་པོ་ཐོབ་པར་ཤོག། རྗེས་ལ་སྒྱུ་མའི་བློ་ཡོཾ་ལངས།། ལྷའི་སྣང་བ་ལ་གནས་ལ།། བྱ་བ་ཐམས་ཅད ་རྒྱལ་བས་སྤྱད།། ཅི་སྤྱད་མཐར་ཕྱིན་ལམ་ཡིན་པས།། སེམས་གཉིས་ཕྱིན་དྲུག་སེམས་ཀྱིས་བྱ།། འདི་དོན་ཤེས་རབ་སྙིང་པོ་སྟེ།། རྨི་ལམ་སྒྱུ་མས་བཟླས་བརྗོད་བྱ།། དཀའ་བས་ཀླུའི་ལག་ནས་བླངས།། ཡུན་རིང་མདོ་རྣམས་ལེགས།། ་སྤྱད་ལ།། རྒྱལ་ཡུམ་འདི་བྱས་དགེ་བ་ཡིས།། འགྲོ་བས་ཤེས་རབ་ཡུམ་ཐོབ་ཤོག། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྙིང་པོའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་སྙིང་པོས་མཛད་པ་རྫོགསསོ།། ། ་རྒྱ་གར་གྱི་མཁན་པོ་བཻ་རཽ་ཙ་ན་རཀྵི་ཏ་དང་། བོད་ཀྱི་ལོཙྪ་པཾ་ཀླན་ཆུང་གིས་བསྒྱུར་བའོ།། སྐུད་ཀྱིས་སྟག་ལོ་ཚོ་བས་བཅོས་པའོ།། ། རྒྱ་གར་སྐད་དུ། པྲཛཱི་པཱ་ར་མི་ཏཱ་ཧྲི་ད་ཡ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། ཤེས ་