CLOSE WINDOW

GT1466: ngan song thams cad yongs su sbyong ba'i ro'i sbyin sreg dkyil 'khor gyi cho ga
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། སརྦ་དུརྒ་ཏི་པ་རི་ཤོ་དྷ་ན་མ་ར་ཧོ་མཎྜ་ལོ་པ་ཡི་ཀ། བོད་སྐད་དུ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རོའོ་སྦྱིན་སྲེག་དཀྱིལ་འཁོར་གྱི་ཆོ་ག། དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། བདེར་གཤེགས་གཙོ་དང་སྲོས་པོ་དང་པོ་དང་།། རྒྱལ་སྲས་ལྷག་མ་དང་ནི་རིགས་ཀྱི་ཡུམ་རྣམས་དང་། ་ཕྱི་ནང་ལྷ་མོ་སྒོ་སྐྱོང་བཅས་པ་ལ།། དངོས་པོ་ཀུན་གྱིས་དང་བས་ཕྱག་འཚལ་འདུད།། རྩ་བའི་རྒྱུད་ལས་བཏུས་ནས་སུ།། ངན་སོང་ཐམས་ཅད་སྐྱོང་མཛད་པའི།། ཤི་བའི་དོན་དུ་རོ་བསྲེག་ཐབས།། སངས་རྒྱས་གསང་བའི་རིམ ་པོ་ལ།། བརྟེན་དོ་བདག་གིས་བཤད་པར་བྱ།། དང་པོ་བླ་མ་རིན་པོ་ཆེ་མཉེས་པར་བྱས་ནས། དེས་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་བ་དམ་ཚིག་ཕོག་ནས། སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་པས་སྔར་རང ་གི་སྒྲུབ་ཐབས་ཀྱི་རིམ་པས་བསྙེན་པ་བྱས་པ་དང་། བཟླས་བརྗོད་བྱས་པས་མཚན་མ་མཐོང་བས། བདག་དང་གཞན་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བར་བྱ་བའི་ཕྱིར། དཀྱིལ་འཁོར་གྱི་བྱ་བ་འཇུག་པར་བྱའོ།། དཀྱིལ ་འཁོར་ཡོ་བྱད་ཐམས་ཅད་བསྡུས་ནས་སུ།། ཚེས་གྲངས་བཟང་དང་རྒྱུ་སྐར་བཟང་པོ་ལ།། དཀྱིལ་འཁོར་ས་གཞི་མཚན་མ་ལྷ་ཕྱིར་གྲོགས་དང་བཅས་པས་དེ་ཉིད་བརྟག་བྱ་སྟེ།། ལྷ་ཁང་ཚོང་འདུས་ཡུལ་དང་གྲོང་ཁྱེར ་ཁྱམས་ཀྱི་ཤར་དང་བྱང་དུ་བརྩམ་པར་བྱ།། ཡང་ན་བཟང་སྣུམ་དང་ལྡན་ཟུག་རྔུ་ལ་སོགས་ཉེས་མེད་ཤྭར་དང་བྱང་དུ་གཞོལ།། མེ་ཏོག་ཆུར་ལྡན་རང་བཞིན་དག་པར་བྱའོ།། ཡང་ན་སྔགས་པ་ཡིད་གང ་དུ་དགའ་བར་བྱའོ།། དེ་ནས་གཙོ་བོའི་ཏིང་ངེ་འཛིན་དུ་ཞུགས་ལ་ལྕི་བ་ས་ལ་མ་ལྷུང་བས་མཎྜལ་བྱ།། དཀོན་མཆོག་གསུམ་ལ་ཕྱི་ནང་མཆོད་པ་བྱ་ཞིང་འཇིག་རྟེན་སྐྱོང་བ་རྣམས་ལ་གཏོར་མ་སྦྱིན།། དེ་ནས་ས་གཞི་གྲུ་བཞིར ་བསམ་ལས་བདག་བསམས་ཏེ་བྱརྐོ།། སྟོན་ཟླ་གསུམ་ལ་བྱང་དུ་བལྟས་ལ་བརྐོ།། དགུན་ཟླ་གསུམ་ལ་ཤར་དུ་བལྟས་ལ་བརྐོ།། དཔྱིད་ཟླ་གསུམ་ལ་ལྷོ་རུ་བལྟས་ལ་བརྐོ།། དབྱར་ཟླ་གསུམ་ལ་ནུབ་ཏུ་བལྟས ་ལ་བརྐོ།། མགོ་དང་རྒྱབ་དང་འཕོངས་བོར་བའོ།། སའི་རོ་ལྔ་ལ་སོགས་པ་བསལ་ཞིང་ཡང་ངོ་།། དྲི་ཞིམ་པོ་དང་སཾ་བསྲེས་པ་འམ། དྲྀ་ཞིམ་པོ་དང་ཆུ་བསྲེས་པ་ལ་ཧཱུཾ་བཟླས་པས་བཀང་ལ་འཐས་པར་བཅགས་ལ། ་ལག་མཐིལ་མཉམ་པའི་སྟེང་དུ་གཞལ་ཡས་ཁང་རྒྱན་དང་བཅས་པ་བསམ།། མེ་ཏོག་ཕྲེང་བ་ལ་སོགས་པའི་རྒྱན་མང་པོ་དགོད།། གཙོ་བོའི་བཟླས་པ་བྱས་པའི་སྨན་དང་།། འབྲུ་དང་རིན་པོ་ཆེ་དབུས་སུ་བཞག་གོ།། ་ཟུག་རྔུའི་ཉེས་པ་ཐམས་ཅད་ནི།། གལ་ཏེ་དབྱུང་བར་མི་ནུས་ན།། ལག་པས་བརྡབ་སྟེ་སྔགས་འདི་བཟླས།། དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར།། ཁང་ཆེན་བྲག་ཕུབ་པ་ལང་ལྷས།། ལྷ་ཁང་ལ་སོགས་འབབ་ཆུ་འགྲམ ་སྔར་སྦྱང་མི་དགོས།། རང་གཙོ་བོར་བསྒོམ་ཞིང་ཁྲོ་བོའི་སྔགས་ཀྱིས་བགེགས་སྐད་ཆུ་དང་ཡུངས་ཀར་ཐལ་བ་ལ་བཟླས་ཏེ་བའི་རྣམ་ལྔས་བྱུག་ཅིང་དྲིའི་ཆབ་ཀྱིས་གཏོར།། ཁྲོ་བོའི་གསང་སྔགས་ལན་བདུན་བཟླས་པའི ་སྨན་དང་རིན་ཆེན་དབུས་སུ་གཞུག། ས་དག་པར་བྱེད་པའི་ཆོ་གའོ།། །། དེ་ནས་རྣམ་དག་མོས་པ་ཡིས།། ནང་གི་ཁྲུས་ཀྱིས་དག་པར་བྱའོ།། དང་པོ་སྔགས་པ་བདག་གི་ངག། དག་པར་འདོད་པས་འདི་ལྟར ་བསམ།། ལྕེ་ལ་པཾ་ལས་སྐྱེས་པ་ཡི།། པདྨ་འདབ་གཅིག་བསྐྱེད་བྱ་སྟེ།། དེ་སྟེང་ཡི་གེ་ཨ་ལས་ནི།། བསྐྱེད་པ་ཟླ་བའི་དཀྱིལ་འཁོར་དུ།། ཧཱུཾ་ལས་རྡོ་རྗེ་རྩེ་ལྔར་བསྐྱེད།། རྡོ་རྗེ་ལྕེ་སྟེ་ཐིམ་བྱས་ནས།། རྡོ་རྗེ་ལྕེ་ཞེས་བྱ་བ་སྟེ། ་སྔགས་བཟླས་མཐུ་དང་ལྡན་པར་འགྱུར།། ལག་གཉིས་མཐིལ་དུ་ཟླ་གཉིས་བསམ།། དེ་ཡང་ཡི་གེ་ཨོཾ་ལས་སོ།། ཧཱུཾ་ལས་རྡོ་རྗེ་རྩེ་ལྔར་བསྐྱེད།། ཤིན་ཏུ་དཀ་རོ་བ་ལག་པ་ལ།། ཐིམ་པས་རྡོ་རྗེ་ལག་པར་བཤད།། ཕྱག ་རྒྱ་གང་ཡིན་བཅིང་བར་བྱེ།། རྡོར་དྲིལ་གཡོན་བླངས་ལག་བཞག་སྟེ།། རྡོ་རྗེ་སྙིང་རྗེ་བྱང་ཆུབ་སེམས།། དྲིལ་བུ་སྟོང་པའི་བདག་ཏུ་བརྟག། དེ་ལྟར་བདག་གིས་བསྒོམ་བྱས་ལ།། སྤྱི་བོར་དཀྲོལ་ཏེ་དབང་བསྐུར་རོ།། དེ་ནས ་ཕབ་ལ་ཕྱོགས་བཅུར་བསྒྲག། དེ་ནས་ལན་གསུམ་གྱེན་ཕྱར་དགྲོལ།། དེ་གཉིས་གཅིག་གིས་གཅིག་འཁྱུད་དེ།། རྡོ་རྗེ་ལན་གསུམ་གསོར་བྱས་ཏེ།། ཐུགས་ཀར་བརྟན་པ་སྤྱན་དྲང་བ།། དྲིལ་བུའི་སྒྲས་ནི་དགྱེས་པ ་བསྐྱེད།། དེ་ལྟར་བྱས་ན་ནུས་པ་སྐྱེད།། གཟའ་སྐར་སོགས་དུས་གཟུང་བྱ་སྟེ།། སློབ་དཔོན་རང་ལྷའི་རྣལ་འབྱོར་བྱས།། དཀྱིལ་འཁོར་དབུས་སུ་འདུག་ནས་སུ།། བསྒྲུབ་པའི་རིམ་པས་བགེགས ་བསྐྲད་དེ། བསྲུང་བའི་འཁོར་ལོ་རྫོགས་པར་བྱ།། སྙིང་ག་ནས་བྱུང་དཀྱིལ་འཁོར་སྤྲུལ།། འཁོར་ལས་འཕྲོས་སྤྲུལ་པ་ཡིས།། ན་མཁའི་ཁམས་སུ་ཁྱབ་བསམས་ཏེ།། དེ་ལ་འདི་སྐུད་གསོལ་བ་གདབ།། ཕྱོགས ་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་།། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས ་ཀྱི་ལྷའི་ཁྱད་པར་ཐམས་ཅད་དང་། བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ལ་སོགས་པ་དཀྱིལ་འཁོར་དུ་བཅས་པ།། ཁྱེད་རྣམས་བདག་དང་སློབ་མར་བཅས་པ་ལ་བྱིན་གྱིས་བརླབ་ཅིང་སྲུང་བའི་ཕྱིར་བཞུགས ་སུ་གསོལ་ལོ།། ཞེས་བསྐུལ་ཏེ།། སྙིང་གའི་ཟླ་བའི་དཀྱིལ་འཁོར་རྡོ་རྗེའི་དབུས་སུ་བསྡུས་ནས་གཅིག་ཏུ་གྱུར་པར་བསམ།། དེ་ནས་རང་ལུས་ལྷའི་ང་རྒྱལ་བྱས་ལ་ལངས་མིག་གཡོན་ཊ་ལས་ཟླ་བའི་དཀྱིལ་འཁོར།། གཉིས ་པ་མ་ལས་ཉི་མའི་དཀྱིལ་འཁོར། འབྲས་བུ་གཉིས་ལ་ཡི་གེ་ཧཱུཾ། འབར་བའི་ལྟ་བས་མེ་ལྟར་འབར་བས་རྡོ་རྗེའི་མིག། ཨ་ལས་སྣ་ཚོགས་རྡོ་རྗེ་རྐང་པའི་འོག་ཏུ་བསམ།། རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ།། ་རྒྱུན་ཆ་དང་ལྡན་གཙོ་བོའི་ང་རྒྱལ་བསྐྱེད།། རྡོ་རྗེ་འགྲོས་ཀྱིས་བསྐོར་བ་བྱ་ཞིང་དྲིལ་བསིལ་རྡོ་རྗེ་བསྐོར།། བགེགས་རྣམས་བསྐྲད་པའི་ཕྱིར་ནི་མགོ་མིག་བཏུང་ལ་འདི་བརྗོད་སློབ་དཔོན་མིང་འདི་ཞེས་བྱ་བས། སློབ་མ་ཆེ་གེ་མོ་ཞིག ་རྫོགས་པའི་བྱང་ཆུབ་རྫོགས་པར་བྱ་བའི་ཕྱིར་དང་། མཐའ་ཡས་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར།། ས་ཕྱོགས་འདིར་དཀྱིལ་འཁོར་གྱི་རྒྱལ་པོ་རོ་བསྲེགས་ཧོམ་གྱི་དཀྱིལ་འཁོར ་ཞེས་བྱ་བ་འབྲི་ཡིས།། ལྷ་དང་ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། རྗེད་བྱེད་དང་། འབྱུང་པོ་དང་། མཁའ་འགྲོ་མ་དང་། རྣོན་པོ་དང་། ན་མཁའ་ལྡིང་དང་། མི་འམ་ཅི་དང་། ་རིག་སྔགས་འཆང་གྲུབ་པ་རྒན་པོ་དང་། རྒན་མོ་དང་། འཁོར་དང་གཡོག་ཏུ་བཅས་པ་གང་དག་འཁོད་པ་རྣམས་དེངས་ཤིང་། དེ་ལྟར་ཕྱག་ན་རྡོ་རྗེའི་བཀའ་ཐོས་ནས་མྱུར་དུ་དེངས་ཤིག། གང་དག་མི་འགྲོ་བར་སེམས ་པ་དེ་དགྲ་ནི། ཕྱག་ན་རྡོ་རྗེ་ཧཱུཾ་ཞེས་བྱ་བ་རབ་ཏུ་ཁྲོས་པའི་བཞིན་འབར་བ་ཅན་གྱི་ཡེ་ཤེས་འབར་བ་རབ་ཏུ་རྡོ་རྗེ་ཆེན་པོ་འབར་བས་མགོ་ཚལ་པ་བརྒྱར་འགས་པར་འགྱུར་རོ།། ཧཱུཾ་ཞེས་ལན་མང་དུ་བརྗོད།། རང་ལས ་སྤྲུལ་པའི་ཁྲོ་བོ་གྲངས་མེད་པ་ཤིན་ཏུ་འཇིགས་པ་ཕྱུང་སྟེ། བགེགས་ཚར་བཅད་ནས་ན་མཁའ་ཁྱབ་པར་འཁྱིལ་ཅིང་བཞུག་སོ།། གཡས་བརྐྱང་བ་ལ་སོགས་པའི་སྟང་སྟབས་སྐབས་འདིར་བྱའོ།། གོམ་པ་བརྒྱད་པ ་ཡང་བྱའོ།། ཧཱུཾ་རྒྱུན་མ་ཆུད་པར་བྱའོ།། རྡོ་རྗེ་དྲིལ་བུ་བསྐོར་རོ།། སྟང་སྟབས་བྱའོ།། དེ་ནུས་དབང་ལྡན་ནས་བརྩམས་ཏེ། སྐོར་ཕྱོགས་སུ་ཕུར་པ་རྣམས་ལ་བཟླས་ཤིང་གསེར་གྱི་ས་གཞི་ལ ་ཐུག་པའི་བར་དུ་བཏབ་པར་བསམ།། ཨོཾ་བཻ་རོ་ཙ་ན་ཧཱུཾ། སརྦ་བིགྷྣཱན་ཨུ་ཙ་ཡ་ཧཱུཾ་ཕཊ། དེ་ནས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་བཅས་ལ། ཧཱུཾ་བརྗོད་ཅིང་ང་རྒྱལ་བསྐྱེད་དེ་སྔགས་ཀྱང་བརྗོད།། དེའི་རྣལ་འབྱོར་བྱ་སྟེ། ན་མཁའ ་ལ་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གང་བར་ང་རྒྱལ་བསྐྱེད་ལ།། གྲོགས་པོ་རྣམས་ཀྱིས་དཀྱིལ་འཁོར་བྲི་བའི་ཕྱིར། བདག་ཉིད་ལ་གསོལ་བ་བཏབ་པར་བསམ་མོ།། དེ་བཞིན་གཤེགས ་པ་ཀུན་ཞི་བ།། དེ་བཞིན་གཤེགས་པ་ཀུན་གྱི་གནས།། ཆོས་ཀུན་བདག་མེད་པ་ཡི་མཆོག། དཀྱིལ་འཁོར་དམ་པ་བཤད་དུ་གསོལ།། མཚན་ཉིད་ཐམས་ཅད་ཡང་དག་རྫོགས།། མཚན་མིན་ཐམས་ཅད་ཡང་དག་སྤངས ་ཀུན་ཏུ་བཟང་པོ་སྐུ་ཡི་མཆོག། དཀྱིལ་འཁོར་དམ་པ་བཤད་དུ་གསོལ།། ཞི་བའི་མཆོག་ནི་ཆོས་ལས་བྱུང་།། ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ།། ཀུན་ཏུ་བཟང་པོ་གསུང་གི་མཆོག། དཀྱིལ་འཁོར་དམ་པ་བཤད་ཏུ་གསོལ། ་སེམས་ཅན་ཀུན་གྱི་སེམས་ཆེན་པོ།། རང་བཞིན་དག་པ་དྲི་མ་མེད།། ཀུན་ཏུ་བཟང་པོ་ཐུགས་ཀྱི་མཆོག། དཀྱིལ་འཁོར་དམ་པོ་བཤད་དུ་གསོལ།། དེ་ནས་ལངས་ལ་ན་མཁའ་ཁྱབ་པའི་དེ་བཞིན་གཤེགས་པ་ལ། ཨོཾ་སརྦ ་ཏ་ཐཱ་ག་ཏ་པཱ་ད་ཡ་བནྡ་ནཾ་ཀ་རོ་མི། ཞེས་པས་ཞབས་ལ་ཕྱག་བྱའོ།། དེ་བཞིན་གཤེགས་པའི་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ།། ལངས་ལ་ང་རྒྱལ་བསྐྱེད་པ་འདི་བརྗོད་དོ།། བདག་ཉིད་རང་བཞིན་རྡོ་རྗེ་ཅན།། རྡོ་རྗེ་སེམས ་དཔའ་བདག་རང་ཉིད།། བདག་ནི་སངས་རྒྱས་རྒྱལ་པོ་ཆེ།། སྟོབས་ཆེན་རྡོ་རྗེ་ཅན་བདག་ཡིན།། རྣལ་འབྱོར་དབང་ཕྱུག་རྒྱལ་པོ་བདག། ཕྱག་ན་རྡོ་རྗེ་སྟོན་བདག་སྟེ།། བདག་པོ་རྡོ་རྗེ་ཆེན་པོ་བདག། བྱིན་གྱིས་བརླབ་པ་མི་འདོར་རོ།། ་དེ་ནས་རྡོ་རྗེ་དྲིལ་བུ་བླངས་ལ། ཨོཾ་བཛྲ་ཨུཏྟེཥྛ། ཞེས་པས་ཇི་ལྟར་སྤྲུལ་པའི་ལྷའི་དཀྱིལ་འཁོར་ན་མཁའ་ལ་བཞུགས་སུ་གསོལ།། ཡང་སྟང་སྟབས་གཡས་བརྐྱང་ལ་སོགས་པ་བྱའོ།། ས་གཞིར་རྡོ་རྗེར་གྱུར་པར་བསམ་མོ ་གཞལ་ཡས་ཁང་ཡང་ན་མཁའ་ལ་དམིགས་ལ་རྡོ་རྗེ་མིག་གིས་བགེགས་མེད་པར་མཐོང་ནས།། སྒོ་དབྱེ་བའི་ཕྱག་རྒྱས་སྒོ་དབྱེ་སྟེ། སྔགས་པས་རྡོ་རྗེ་རྒྱུའི་གཟུགས་ལྟོ་བར་ཆེ་བ་དབུ་བཞི་པ་ཕྱག་བཞི་པ། རྡོ་རྗེ་དང་འཁོར་ལོ ་དང་། པདྨ་དང་རལ་གྲི་བསྣམས་པ། སྐུ་མདོག་སེར་པོར་བསྒོམས་ཏེ། དེ་ལ་འཁོར་ལོ་བཙུད་ལ། ལྕགས་ཀྱུའི་ཕྱག་རྒྱས་བཀུག་ལ།། ཨོཾ་བཛྲ་མཎྜ་ལ་ཧཱུཾ་ཕཊ་ཅེས་པས་རྒྱུ་ཉིད་བསྒྱུར་བས་ས་གཞི་གྲུབ་པར་འགྱུར་ཏེ། དེ་ནས ་འདིས་བྱིན་གྱིས་བརླབ་པར་བྱས། ཨོཾ་མ་ཧཱ་བཛྲ་ཙཀྲ་ཨུཏྟིཥྛ་བ་དྷི་ཧཱུཾ།། དེ་ནས་ཁུ་ཚུར་གཉིས་བཅིངས་ཏེ།། འཁོར་ལོ་བཞིན་དུ་བསྐོར་བར་བྱ།། འཁོར་ལོ་བྱིན་གྱིས་བརླབ་པའོ།། དེ་ནས་ཅན་དན་དམར་པོ་མེ་ཏོག་དམར་པོ ་ངར་དམར་བའི་རྒྱན་དང་བརྙས་པའི་ཕུར་པ།། ལག་པ་གཡོན་པའི་ཁུ་ཚུར་གྱིས་གཟུང་ལ་གཡས་པ་ཐོ་བརྒྱན་དང་བཅས་པས་བརྡུད་།། དབང་ལྡན་ནས་བརྩམས་ཏེ། ཨོཾ་བདྡྷ་ཀྲོདྦྷ་ཀཱ་ལ~ཾ་ཀཱི་ལ་། ་སརྦ་བིགྷྣཱན་ཧཱུཾ་ཕཊ། ཕུར་པ་གདབ་པའི་སྔགསོ།། ཨོཾ་བཛྲ་མུད་ག་ར་ཨཱ་ཀོ་ཊ་ཡ་ཧཱུཾ། ཐོ་བའི་སྔགས་སོ།། དེ་ནས་རྩེ་གསུམ་པའི་ཕྱག་རྒྱས་བགེགས་བསྐྲད། ཨོཾ་ཨཱཿཧཱུཾ་གསུམ་གྱིས་ཕྱི་རོལ་ཏུ། འཁོར་ལོ་དང་། པདྨ་དང ་རྡོ་རྗེ་ར་བི་དང་། ས་གཞི་ཡང་རྡོ་རྗེར་བསམ། འབར་བའི་ཕྲེང་བ་འོད་དང་བཅས་པར་བསྒོམ། བགེགས་བསྐྲད་ཅིང་གཙོ་བོའི་སྔགས་དང་རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅད་པར་བསམ་མོ།། དེ་ནས་ཡི་གེ་ལཾ་ལས་བྱུང་བའི་སའི ་ལྷ་སྐུ་མདོག་སེར་མོ་བུམ་པ་ལག་ན་ཐོགས་པ། རྒྱན་ཐམས་ཅད་དང་ལྡན་པ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་ལ་སོགས་པ་བྱས་ནས། མཆོད་པ་བྱ་ཞིང་ཚིགས་སུ་བཅད་པ་འདིས་སྟ་གོན་དུ་བྱའོ།། སྐྱོབ་པ་སངས ་རྒྱས་ཐམས་ཅད་ཀྱི།། སྤྱོད་པའི་ཚུལ་དང་ཁྱད་པར་ནི།། ས་དང་ཕ་རོལ་ཕྱིན་པ་ལ།། ལྷ་མོ་ཁྱོད་ནི་དབང་དུ་གྱུར།། སྐྱོབ་པ་ཤཱཀྱ་སེང་གེ་ཡིས།། ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ།། དེ་བཞིན་བདག་གིས་བདུད་ལས་ནི།། རྒྱལ་བར ་བྱས་ཏེ་དཀྱིལ་འཁོར་བྲི།། སའི་ལྷ་མོ་དགའ་བའི་མདངས་ཀྱིས་དེ་བཞོན་དུ་གྱིས་ཤིག་ཟེར་ནས་འོག་ཏུ་ཐོམ་མོ།། དེ་ནས་རྡོ་རྗེ་བསྡམས་པ་དང་སྔགས་འདིས་གཟུང་བར་བྱའོ།། ཨོཾ་བཛྲ་བྷ་བ་ཧཱུཾ་ཞེས་བརྗོད། ཨོཾ་བཛྲ་དྷི་དེ ་ཨུཏྟ་ཏིཥྛ་ཞེས་པས་བྱིན་གྱིས་བརླབ་པའི་ཆོ་གའོ།། དེ་ནས་དྲི་བཟང་པོ་ལ་སོགས་པས་བྱུགས་ལ། མེ་ཏོག་སྣ་ཚོགས་པ་ཆལ་པར་དགྲམ་མོ།། དཀྱིལ་འཁོར་དུ་ལྷ་རྣམས་ཇི་ལྟར་གནས་པའི་མིང་བརྗོད་དེ་མཎྜལ་རེ་རེར ་བྱའོ།། ར་བ་དང་དྲ་བ་ལ་སོགས་པས་མཚམས་བཅད་ནས། རྣམ་པར་སྣང་མཛད་འཁོར་དང་བཅས་པ་སྤྱན་དྲངས་ལ། ཞབས་བསིལ་དང་། ཞལ་བསིལ་དང་། ཡོན་ཆབ་དང་། མཆོད་པ་བརྒྱད་དང་གཞན་གྱིས་ཀྱང ་མཆོད། བསྟོད་པ་བྱ་སྟེ་ན་མཁའོ།། བདག་རང་དཀྱིལ་འཁོར་གྱི་དབུས་སུ་འདུག་ནས་སྒྲུབ་ཐབས་འབྱུང་བ་བཞིན་དུ་བགེགས་བསལ་ནས། སེམས་དཔའི་སྐྱིལ་མོ་དཀྲུང་དུ་འདུག་ལ།། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར ་བྱས་ལ་ང་རྒྱལ་བསྐྱོད་དེ་སེམས་དག་པར་བྱ་ཞིང་། འདི་བརྗོད་ལ། དང་དུ་བང་གི་ཚེ་འབྲས་བུ་ཡོད།། བདག་གི་གསོན་པའང་འབྲས་བུར་བཅས།། ལྷ་དང་དམ་ཚིག་གིས་མཉམ་པར།། འགྱུར་བར་བདག་ནི་ཐེ་ཚོམ་མེད།། ་བྱང་ཆུབ་སེམས་དང་སེམས་གཅིག་པས།། མི་ལྡོག་པར་ནི་བདག་འགྱུར་ཏེ། དེ་བཞིན་གཤེགས་པའི་རིགས་སུ་ནི།། དེང་བདག་སྐྱེ་བར་ཐེ་ཚོམ་མེད།། སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས།། དང་བདག་འདུས་པའི ་མཆོག་ཡིན་ནོ།། དེ་ནས་ལུས་ཐམས་ཅད་ཀྱིས་ཕྱག་བྱས་ལ། སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་པར་བྱའོ།། མ་ལུས་ཕྱོགས་ན་བཞུགས་པ་ཡི།། སངས་རྒྱས་ཐམས་ཅད་དགོངས་སུ་གསོལ།། བདག ་མིང་འདི་ཞེས་བགྱི་བ་ཡིས།། ཚེ་འདས་འདི་ཡིས་དོན་དུ་ནི།། རྡོ་རྗེ་ཅན་གྱི་དཀྱིལ་འཁོར་བྲི།། དེང་འདིར་སངས་རྒྱས་ཀུན་གཤེགས་ཏེ།། དངོས་གྲུབ་དེ་ནི་སྩལ་དུ་སྩོལ་ཞེས་ལན་གསུམ་བརྗོད ་པ་སྔ་མ་བཞིན་བསམས་ཏྭེ། དཀྱིལ་འཁོར་གྱི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར།། དེའི་སྟེང་དུ་ཨོཾ་ལ་སོགས་པ་རང་རང་གི་ཡི་གེ་བཀོད་ལ། ལྷ་འཁོར་དང་བཅས་པ་སོ་སོའི་གནས་སུ་བཞུགས་པར་བསམ་མོ།། ་དེའི་འོག་ཏུ་ན་མཁའི་ཡེ་ཤེས་སེམས་དཔའ་འཁོར་དང་བཅས་པ་དགུག་པ་དང་གཞུག་པ་དང་བཅིང་བ་དབང་དུ་བྱས་ཏེ། དམ་ཚིག་སེམས་དཔའ་དང་གཅིག་ཏུ་བྱའོ།། དེ་ནས་ཞབས་བསིལ་ཞལ་བསིལ་མཆོད་ཡོན་ལྷ ་སོའི་འཁོར་བཅས་བཞུགས་སུ་གསོལ་ཏེ་དབུལ་སོ་སོའི་སྔགས་ལ། ཨོཾ་བཽ་རོ་ཙ་ན་ཨརྒྷཾ་པྲཱ་ཏཱིཙྪ་སྭཱ་ཧཱ།། མཆོད་ཡོན་གྱི་སྔགས་སོ།། དེ་ལ་སོགས་པའི་མཆོད་པ་ལྔ་ཕུལ་ལ་བསྟོད་པ་དང་ཕྱག་བྱའོ།། དེ་ནས་གསེར་རམ་དངུལ ་ངས་ལ་རྣམ་པར་རྒྱལ་བའི་བྱམ་པ་བྱའོ།། མེ་འབྱོར་ན་ཁམས་པ་ལ་བྱའོ།། དེ་ཉིད་དངོས་པོ་མེད་པར་བསམས་ལ། ཡི་ཀཾ་ཁམ་ལས་བྱུང་བ་ནག་པོ་ར་རི་མེད་པ་མགྲིན་པ་རིང་བ། ལྟོ་བ་ཚ་བ་མཆུ་འཕྱང་བ་བསྒོམས་ལ། ་དེའི་ནང་དུ་ཧྲི་ལས་པདྨ། དེའི་སྙིང་དུ་ཨོཾ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་མ་ལས་ཉོ་མའི་དཀྱིལ་འཁོར་སྔ་མ་བཞིན་དུ་ལྷའི་འཁོར་ལོ་བསམས་ལ། དེ་རྣམ་པར་དག་པར་གྱུར་པ་ལས་བདུད་རྩིའི་ཆུས་གང་བར་བསམས ་ཏེ། དེ་ནས་དྲི་ཆུ་བླུགས་ལ། མར་དང་འོ་མ་ལ་སོགས་པ་སྩལ། སྨན་ལྔ་དང་འབྲུ་ལྔ་དང་རིན་པོ་ཆེ་སྩལ། དྲ་ཡང་ལུང་ལས། བྱ་གྷཾ་སེ་ཏྲི་ཀ་ར་ཎི་ཀཱ། ཧཱ་ས་ཧཱ་ས་དེ་བ་སྟེ།། སྨན་སྣ་ལྔ་ཞེས་བྱ་བ་སྟེ།། ལས་རྣམས་ཀུན་ལ་འདི ་དག་བཟུང་།། འབྲས་ཀྱི་སྔོ་བ་མོན་སྙན་གྲེའུ།། ནས་དང་གྲོ་དང་ཏིལ་དང་ལྔ།། ལས་ཀུན་ལ་ནི་འདི་དག་ཤིས།། ཤུལ་དང་དངུལ་དུང་བྷུ་རུ་མུ་ཏིག་སྟེ།། རིན་ཆེན་ལྔ་ཞེས་བྱ་བ་ཡིན།། སྨན་ལྔ་བྱང་ཆུབ་སེམས་ཀྱི་རྟགས།། ་འབྲུ་ལྔ་ཐུགས་ཀྱི་རང་བཞིན་ཏེ།། རིན་ཆེན་བདེར་གཤེགས་སྐུ་མདོག་རྟགས།། ཞེས་པའོ།། བུམ་པ་ལ་འཁོར་ལོའི་བདག་པོ་ལྔའི་མཚན་མ་ལ་སོགས་ལྔ་དང་ལྡན་པར་བྱ་ཞིང་། དཀར་པོ་དམར་པོ་སེར་པོ་ལྷང་གུ་སྔོན ་པོའི་ཁེ་དོག་དང་ལྡན་པའི་རས་ཀྱིས་མགུལ་པ་བཅིང་བར་བྱའོ།། མ་འབྱོར་ན་སར་པ་ཞིག་གིས་སྤྱིར་བཅིང་བར་བྱའོ།། ཤིང་འོ་མ་ཅན་འབྲས་བུ་ཅན་གྱིས་ཁ་བརྒྱན་བྱའོ།། གཙོ་བོའི་ཕྱག་རྒྱ་བསྣུན། ཡང་ན་རྡོ་རྗེ་སེམས ་དཔའི་ཕྱག་རྒྱ་བསྟེན།། གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་དམ། སྟོང་རྩ་བརྒྱད་བཟླས་སོ།། ཡང་ན་ཨོཾ་བཛྲ་ཨུ་ད་ཀ་ཐ་ཧཱུཾ་ཞེས་བཟླས་ལ་བཞག་གོ། མེ་ཏོག་དཀར་པོ་ཚལ་པར་བཀྲམ་པ་རས་བཏིང་བའི་སྟེང་དུ་བཞག་གོ། ་དེ་ནས་མཆོད་ཡོན་ཆུ་དང་བཅས་པ་ལ་སོགས་པ་བཤོམས་ལ། མཆོད་པ་ཆེན་པོའི་ཞག་པར་དུ།། ཉིན་རིལ་ལན་གསུམ་དུ་ཏིང་ངེ་འཛིན་དང་མཆོད་པ་དང་བཟླས་པ་བྱའོ།། བཟླས་པ་ནི་བསྐྱེད་པ་ལའོ།། དེ་ནས་ཞུ་བར་བྱའོ།། ་དེ་ནས་མཆོད་པའི་དུས་སུ་དཀྱིལ་འཁོར་བསྐོར་ལ། དང་པོར་དབུས་སུ། དེ་ནས་མ་མ་གནས་སུ་བཞག་གོ།། ཟླུམ་པའི་གྲངས་སྒྲ་གྲངས་རྔ་ཙམ་ཡོད་པ་དེ་ཙམ་མོ།། མ་འབྱོར་ནུ་བཅཝ་དྲུག་ལས ་ཉུང་བར་མི་བྱའོ།། དེ་ནས་ལས་ཐམས་ཅད་པའི་བུམ་པ་ལ་བགེགས་བསྐྲད་པའི་སྔགས་བཟླས་ཏེ། སྣ་ཚོགས་རྡོ་རྗེས་མཚན་པ་ལ་མཆོད་པ་བྱས་ཏེ། ཕྱི་རོལ་དུ་བྱང་ཤར་མཚམས་སུ་བཞག་པར་བྱའོ།། འོད་སྐད་དུ ་གསོལ་བ་གོདབ་པར་བྱ་སྟེ། ཁྱེད་ཀྱིས་དཀྱིལ་འཁོར་མ་རྫོགས་བར་དུ་བྱུག་གས་མི་རུངས་པ་རྣམས་བསྲུང་དུ་གསོལ་ལོ།། བུམ་པ་སྟ་གོན་བྷྲཱུཾ་གའོ།། ། དེ་ནས་ཕྱི་རོལ་དུ་སོང་ལ་རྣམ་པར་སྣང་མཛད་ཀྱི་རྣལ ་འབྱོར་དུ་གནས་ལ། ཕྱོགས་སྐྱོང་གི་གཏོར་མ་གཏང་ངོ་།། གྲུབ་ན་ཞི་བའི་སྦྱིན་སྲེག་བྱའོ།། དེ་ནས་སླར་དཀྱིལ་འཁོར་གྱི་སར་ཞུགས་ནས། སྔ་མའི་ཏིང་ངེ་འཛིན་ལ་གནས་ནས། ལྕེ་བྱིན་གྱིས་བརླབ་སྟེ། ཨོཾ་པདྨ་ས་ར་སྭ་སྟི་ཨ ་པ་ར་ཧ་ཡ་ཤོ་དྷཱ་ཡ་ཧཱུཾ་ར་དྷི། དེས་ལྕེ་བྱིན་གྱིས་བརླབས་ནས། ལག་ཏུ་བདུག་སྤོས་ཐོགས་ལ་པུས་མོ་ས་ལྔ་བཙུག་ནས། འདི་སྐྱེད་གསོལ་བ་གདབ་བོ།། རྣམ་པར་སྣང་མཛད་བཅོམ་ལྡན་འདས།། རིག་སྔགས་རྒྱལ་ལ་ཕྱག་འཚ ་བདག་ལ་རྩེ་བར་གྱུར་ནས་སུ།། ཚེ་འདས་འདི་ལ་བརྩེ་བ་དང་།། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར།། སང་ནི་དཀྱིལ་འཁོར་འབྲི་བར་འཚལ།། བཅོམ་ལྡན་བདག་ནི་གུས་པ་ལ།། དེ་བས་གནང་བར་མཛད་པར་རིགས།། སངས་རྒྱས ་འཇིག་རྟེན་མགོན་བརྩེ་དང་།། བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་།། གསང་བའི་ལྷ་གཞན་གང་ལྕགས་དང་།། འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་།། གང་ཡང་འབྱུང་པོ་མཐུ་ཆེན་དང་།། གང་སུ་ལཱུ་ཡི་སྤྱན་མངའ་བའི།། ་སེམས་ཅན་བསྟན་ལ་དགའ་བ་རྣམས།། བདག་མིང་འདི་ལ་དགོངས་སུ་གསོལ།། བདག་མིང་འདི་ཞེས་བགྱི་བ་ཡིས།། སད་ནི་དཀྱིལ་འཁོར་བཟང་པོའི་མིང་།། འདི་ཞེས་བགྱི་བ་ཅི་ནུས་ཀྱིས།། ཆོ་ག་བཞིན་དུ་བྲིས་ལགས་ན།། ་བདག་དང་སློབ་མར་བཅས་པ་ལ།། ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ།། བྱིན་གྱིས་བརླབ་པ་མཛད་དུ་གསོལ།། ཡེ་ཤེས་འབར་བའི་བསྲེག་ཁང་འདིར།། ཚེ་འདས་སྡིག་པ་སྦྱང་བའི་ཕྱིར།། འབྲས་བུ་རྫོགས་པའི་སངས ་རྒྱས་རྣམས།། དམ་ཚིག་རྫོགས་པར་མཛད་འཚལ་གྱིས།། སྟ་གོན་ལ་ནི་གནས་པར་མཛོད།། སེམས་དཔའ་ཆེན་པོ་ཕལ་རྣམས་ཀྱང་།། གཙོ་བོའི་དམ་ཚིག་རྗེས་དགོངས་ཏེ།། ཡེ་ཤྲཱིས་འབར་བའི་བསྲེག་ཁང་འདིར།། ཚུལ ་བཞིན་དུ་ནི་སྤྱན་འདྲེན་གྱིས།། སྟ་གོན་ཁྭ་ནི་གནས་པར་མཛོད།། སྡེར་བཅས་ལྷ་ཀླུ་མཐུ་ཆེན་རྣམས།། སྔོན་གྱི་རྒྱལ་བའི་བཀའ་བཞིན་དུ།། ཕྱོགས་དང་མཚམསུ་སྤྱན་འདྲེན་གྱིས།། སྟ་གོན་ལ་ནི་གནས་པར་མཛོད།། རྒྱུ་དྲུག ་འཁོར་བའི་སེམས་ཅན་རྣམས།། ཡེ་ཤེས་འབར་བའི་བསྲེག་ཁང་འདིར།། སྦྱིན་པ་རྒྱ་ཆེན་གཏོང་ལགས་ཀྱིས།། སྟ་གོན་ལ་ནི་གནས་པར་མཛོད།། སྔགས་མཁན་དམ་ཚིག་རྫོགས་པ་དང་།། རྫས་དང་ཆོ་ག་མ་ཉམས་པར ་ཚུལ་བཞིན་དུ་ནི་བསགས་ལགས་ཀྱིས།། སྟ་གོན་ལ་ནི་གནས་པར་མཛོད།། ཅེས་པ་ལན་གསུམ་གུས་པ་དང་བཅས་པར་བརྗོད།། དེ་ནས་སེམས་དག་པ་ནས་བསྟོད་པ་དང་ཕྱག་བྱ་སྟེ། ཕྱི་རོལ་ཏུ ་བྱུང་ནས་སློབ་མ་སྟ་གོན་ལ་གནས་པར་བྱ་སྟེ། དང་པོར་ལུས་བཀྲུ་བ་དྲུག་པ་དང་། གཙང་མ་བགོས་ལ་སྙིམ་པ་མེ་ཏོག་གིས་བཀང་ནས། སློབ་དཔོན་ལ་ཕྱག་བྱས་ལ། གསོལ་བ་གདབ་པར་བྱའོ།། དགའ་ཆེན་ཁྱོད་ནི་བདག ་སྟོན་པས།། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ།། བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ།། མགོན་པོ་ཆེན་པོ་བདག་འཚལ་ལོ།། བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། སྐྱབས་གསུམ་དག་ནི ་བདག་ལ་སྩོལ།། ཐར་པ་ཚོན་པོའི་གྲོང་མཆོག་ཏུ།། མགོན་པོ་བདག་ནི་འཇུག་པར་བགྱིད།། དེ་སྐད་ལན་གསུམ་བརྗོད་དོ།། དེ་ནས་སློབ་དཔོན་གྱིས།། སློབ་མ་མཚན་ཉིད་དང་ལྡན་པ་ལ་འདི་སྐད་བརྗོད་དོ།། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱིས ་བུ་ཚུར་ཐེག་པ་ཆེན་པོ་ཡི།། གསང་སྔགས་སྤྱོད་ཚུལ་ཆོ་ག་ནི།། ཁྱད་ལ་ཡང་དག་བསྟན་པར་བྱ།། རྫོགས་པའི་སངས་རྒྱས་གང་འདས་དང་།། དེ་བཞིན་གང་དག་མ་བྱོན་པ།། ད་ལྟར་བྱུང་བའི་མགོན་པོ་རྣམས།། འགྲོ་ལ་ཕན་ཕྱིར ་བཞུགས་པ་དག། དེ་དག་ཀུན་གྱིས་གསོང་སྔགས་ཀྱི།། ཆོ་ག་བཟང་པོ་འདི་མཁྱེན་ནས།། དཔའ་བོ་བྱང་ཆུབ་ཤིང་དྲུང་དུ།། ཐམས་ཅད་མཁྱེན་པ་བླ་མེད་བརྙེས།། གསང་སྔགས་སྦྱོར་བ་མཉམ་མེད་དེ།། ཤཱཀྱ་སེང་གེ་སྐྱེབ ་བ་ཡིས།། བདུད་སྟེ་ཤིན་ཏུ་མི་བཟད་པ།། དཔུང་ཆེན་དག་ཀྱང་དེ་ཡི་བཅོམ།། དེ་བུས་ཀུན་མཁྱེན་ཐོབ་བྱའི་ཕྱིར།། བུ་ཡིས་བློ་གྲོས་འདི་གྱིས་ཤིག། རྟོགས་པ་མང་པོ་ལེགས་པར་བསྡུས་ནས་སུ།། ཤིན་ཏུ་བསམ ་པ་བཟང་པོས་མཉན་པར་གྱིས།། བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས།། བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ།། དེ་ནས་སྡིག་བཤགས་པ་ལ་སོགས་པ་བྱེད་དུ་གཞུག་སྟེ།། བདག་གིས་སྡིག་པ་བགྱིས ་པ་དང་།། བགྱིད་དུ་སྩལ་དང་ཡི་རང་བ།། སངས་རྒྱས་སྤྱན་སྔར་མཆིས་ནས་ནི།། དེ་དག་ཐམས་ཅད་བཤགས་པར་བགྱི།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི།། བསྒོམ་དང་བཟླས ་བརྗོད་བསོད་ནམས་ཚེགས།། དེ་ལ་བདག་ནི་ཡི་རང་ངོ་།། སེམས་བསྐྱེད་མངོན་པར་སངས་རྒྱས་དང་།། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་།། བྱང་ཆུབ་སེམས་དཔའི་ཚོ་གས་སྤྱོད་ལ།། དེ་ལ་བདག་ནི་སྐྱབས་སུ་མཆི།། སངས་རྒྱས་རང ་བྱུང་ཇི་ལྟ་བར།། སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས།། བྱང་ཆུབོ་སེམས་ནི་བསྐྱེད་པ་ལྟར།། དེ་རིང་ཉིད་དུ་སེམས་བསྐྱེད་དོ།། མགོན་པོ་བདག་ལ་དགོངས་སུ་གསོལ།། མ་ལུས་བཞུགས་པའི་སངས་རྒྱས་རྣམས།། དུས་འདི་ནས ་ནི་སངས་རྒྱའི་བར།། བླ་མེད་བདག་ལ་གཟིགས་སུ་གསོལ།། སངས་རྒྱས་ཆོས་དོང་དགེ་འདུན་ཏེ།། བླ་ན་མེད་པའི་དཀོན་མཆོག་གསུམ།། དེ་ཉིད་བདག་ལ་དགོངས་སུ་གསོལ།། སངས་རྒྱས་རྣལ་འབྱོར་སྡོམ་པ་ལ།། ་སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་།། དགེ་བའི་ཆོས་ནི་སྡུད་པ་དང་།། སེམས་ཅན་དྲོན་བྱེད་ཚུལ་ཁྲིམས་གསུམ།། ཡང་དག་ཉིད་དུ་གཟུང་བར་གྱི།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། བླ་ན ་མེད་པའི་དཀོན་མཆོག་གསུམ།། ནཱམ་དུ་ཡང་ནི་མི་གཏོང་ངོ་།། རྡོ་རྗེ་རིགས་མཆོག་ཆེན་པོ་ལ།། རྡོ་རྗེ་དྲོལ་བུའི་ཕྱག་རྒྱ་ཡང་།། ཡང་དག་ཉིད་དུ་གཟུང་བར་བགྱི།། སློབ་དཔོན་དག་ཀྱང་གཟུང་བར་བགྱི།། རིན་ཆེན ་རིགས་མཆོག་ཆེན་པོ་ཡི།། དམ་ཚིག་ཡིད་དུ་འོང་བ་ལ།། ཉིན་རེ་ཞིང་ནི་ལན་དྲུག་ཏུ།། སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན།། བྱང་ཆུབ་ཆེན་པོ་ལས་བྱུང་བའི།། པདྨའི་རིགས་མཆོག་དག་པ་ལ།། ཕྱི་ནང་གསང་བ ་ཐེག་པ་གསུམ།། དམ་པའི་ཆོས་ཀྱང་མ་ལུས་གཟུང་།། ལས་ཀྱི་རིགས་མཆོག་ཆེན་པོ་ཡི།། སྡོམ་པ་ཐམས་ཅད་ལྗོན་པར་ནི།། ཡང་དག་ཉིད་དུ་གཟུང་བར་བགྱི།། མཆོད་པའི་ལུས་ཀྱང་ཅི་ནུས་བགྱི།། སེམས་ཅན ་ཀུན་གྱི་དོན་གྱི་ཕྱིར།། བདག་གིས་སྡོམ་པ་མ་ལུས་གཟུང་།། མ་གྲོལ་བ་ནི་དགྲོལ་བར་བགྱི།། མ་རྒལ་བ་ནི་བསྒྲལ་བར་བགྱི།། དབུགས་མ་ཕྱིན་རྣམས་དབུགས་ཕྱུང་བགྱི།། སེམས་ཅན་མྱ་ངན་འདས་ལྔ ་འགོད།། བདག་གི་དགེ་བའི་ལས་རྣམས་འདི་དག་གིས།། འཇིག་རྟེན་མི་རིང་སངས་རྒྱས་མྱུར་བསྒྲུབས་ནས།། སེམས་ཅན་འཁོར་བའི་རྒྱ་མཚོར་བྱིང་བ་རྣམས།། བླ་མེད་བྱང་ཆུབ་ཉིད་དུ་བསྒྲལ་བར་བགྱི།། ། ་དེ་ནས་གསོན་པོ་ལ་བྱེད་ན་སོ་ཤིང་སྦྱིན་པའམ། མཆོད་པ་བྱ་བ་དང་། སོ་ཤིང་བོར་ལ་པྲཱ་བརྟག་པ་དང་། དྲི་ཆུས་ཁ་ལག་བཀྲུ་ཞིང་འཐོར་འཐུང་བྱ་བ་དང་། སློབ་མ་རྣམས་དགའ་བའི་ཕྱིར་ཆོས་བསྟན་པར་བྱའོ།། དེ་ནས་རྩཝ་བའི་སྔགས ་བཟླས་པའི་ཀཱ་ཤ་སྟན་དང་སྦྲུས་བྱེད་དུ་གཞུག། དེ་ནས་ཡི་གེ་བརྒྱ་པས་བརྟན་པར་བྱ་བའི་བསྲུང་སྲུང་དཔུང་པ་གཡོན་པར་གདགས། དེ་ནས་བཞིན་བཟང་ལོངས་ཤིག། སང་གི་ཉིན་མོ་ཁྱེད་རྣམས་ཀྱིས།། ཐར་པ་ཆེན་པོའི་རང་བཞིན ་གྱི། གྲོང་ཁྱེར་ཆེན་པོ་མཐོང་འགྱུར་གྱིས།། ཡང་མཆོད་པ་ལྔ་བྱས་ཏེ་གཏོར་མ་གཏང་།། ཡང་ན་ནི་དཀྱིལ་འཁོར་ལ་ཕྱི་ནང་གི་མཆོད་པ་རྒྱས་པར་བྱའོ།། གནས་དེ་ཉིད་དུ་ཀུ་ཤ་སྟན་པ་སེང་གེའི་ཉལ་སྟབས་སུ་རྨི་ལམ་བལྟ ་བའི་ཕྱིར་མི་སྨྲ་བར་བསམ་གཏན་གྱིས་ཉལ་བར་བྱའོ།། ནང་བར་གང་སྦས་མེད་པར་རྨི་ལམ་བསྟན་པར་བྱའོ།། བཟང་ན་རྗེས་སུ་ཡི་རང་བར་བྱའོ།། དངོས་གྲུབ་འོས་པ་སྟེན་པར་བྱའོ།། ངན་ན་བའི་རྣམ་ལྔ་ལ་ཁྲོ་བོའི་སྔགས ་བཟླས་ལྕེ་ཐུང་དུ་གཞུག་བསྲུང་བར་བྱའོ།། གྲུབ་ན་དྲག་པོའི་སྦྱིན་སྲེག་བྱའོ།། དེ་ནས་སློབ་དཔོན་ལྷའི་རྣལ་འབྱོར་དང་ལྡན་པས་སྔ་མ་བཞིན་དུ། ཕུར་བུ་དང་ར་བ་དང་དྲ་བ་དང་ཕྱོགས་བཅིང་བར་བྱའོ།། དེ་ནས་ཡི་གེ་གསུམ་ལས་རི ་རབ་བསྐྱེད།། དེའི་སྟེང་དུ་བདག་ཉིད་རྣམ་པར་སྣང་མཛད་ཆེན་པོ་བསྒོམས་ཏེ། དེ་ནས་སྤྲུལ་པ་བྱུང་བས་སྲད་བུ་འཛིན་པར་བསམས་ལ། དེ་ཡང་ལུང་ལས་ངེས་པར་དཀྱིལ་འཁོར་བྱ་བ་ནི། སུ་ཞིག་གིས་ནི་བྱ་བར་ནི། ལྷའི་རྣལ ་འབྱོར་རང་གནས་ན། དཀྱིལ་འཁོར་འགྲུབ་པར་འགྱུར་ཞིང་ཞེས་འབྱུང་ངོ་།། དེ་ནས་དཀྱིལ་འཁོར་ཐིག་གདབ་པར་བྱའོ།། ལས་ཐམས་ཅད་པའི་བུམ་པས་གསང་གཏོར་བྱའོ།། གླུ་ལ་སོགས་པ་མཆོད ་པ་རྒྱས་པར་བྱའོ།། ན་མཁའི་དཀྱིལ་འཁོར་དུ་བྱའོ།། དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་གྱིས་དབུས་སུ་འདུག་ལ། སྲང་བུ་སོ་སོར་ཕྱོགས་བཞིར་སློབ་མ་བཞིས་ཐེན་ལ། དཀར་པོ་སྔོན་པོ་སེར་པོ་དམར་པོ་ལྗང་གུ་རྣམས ་ལ། ཨོཾ་ཧཱུཾ་ཏྲྀ་ཧྲི་ཁཾ་ཞེས་པའི་ཡི་གེ་བསམས་པས། རྣམ་པར་སྣང་མཛད་ལ་སོགས་པར་གྱུར་པར་བསྒོམ།། མིག་གཡས་གཡོན་གཉིས་ལ་ཉི་མ་དང་ཟླ་བ་བསམས་ཏེ། ཨོཾ་དཱཔྟི་དྲྀཥྚི་ཨཾ་ཀུ་ཤི་ཛཿཞེས་པ་བཟླས་པས། ་ལྕགས་ཀྱུ་འདྲེ་བའི་འོད་ཟེར་གྱི་སྤྲིན་བྱུང་ནས། རྣམ་པར་སྣང་མཛད་ལ་སོགས་པ་བསྐྱལ་ཏེ། ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ནས་གནས་པ་ལ། འདི་སྐད་ཅེས་གསོལ་བ་གདབ་པར་བྱའོ།། ལྷ་ཚོགས་མ་ལུས་པ་ལ་གསོལ ་པ་བཏབ་ལ། ཞབས་ལ་ཀྱེ་བཅོམ་ལྡན་འདས་རྣམས་དཀྱིལ་འཁོར་ཐིག་གདབ་རྡོ་རྗེ་སྲད་བུ་སྩལ་དུ་གསོལ། དེ་ནྱས་ཡེ་ཤེས་སྤྱན་གྱིས་གཟིགས་ནས། རྣམ་པར་སྣང་མཛད་ལ་སོགས་པོའི་ཐུགས་ཀ་ནས་བྱུང་སྟེ། ལྕགས ་ཀྱུ་འདྲ་བའི་ཚུལ་གྱིས་རང་གི་ལག་ཏུ་འོངས་པར་བསམ་མོ།། རྣམ་པར་སྣང་མཛད་མདུན་དུ་དམིགས་ལ། ཨོཾ་ཛི་ན་ཛི་ཀ་སྭཱ་ཧཱུ~ཾ་ཞེས་བརྗོད་ལ་བསྒྲིལ་བར་བྱའོ།། དེ་ནས་ཙན་དན་བཟང་པོ་ལ་སོགས་པས་ལེགས་པར་བསྐུས ་པའི་གསེར་གྱི་སྣོད་ལ་སོགས་པར་ལེགས་པར་བཞག་ལ། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། རྡོ་རྗེ་མིག་བྱས་ལ། རྡོ་རྗེ་ཁུ་ཚུར་གྱིས་གཟུང་ལ་འདི་སྐད་ཅེས་གསོལ་བ་གདབ་པོ།། སངས་རྒྱས་ཀྱི་ཞིང་མཐག ་ཡས་པ་ན་བཞུགས་པའི་བཅོམ་ལྡན་འདས་ཐུབ་པའི་དབང་པོ་སེམས་ཅན་རྣམས་ཀྱི་དོན་མཛད་ཅིང་། སེམས་རྣམས་ལ་ཕན་པ་དང་བདེ་བ་མཛད་པ། ཞལ་ཟླ་བ་འདྲ་བས་བསིལ་བར་མཛད་པ་རྣམས་དགོངས་སུ་གསོལོ།། ་དེང་སེམས་ཅན་གྱི་དོན་ལ་བབ་ཀྱིས་བདག་ལ་མཐུ་བཏང་བ་དང་བྱིན་གྱིས་བརླབ་ཏུ་གསོལ་ལོ།། དགོངས་ཤིག་རྒྱལ་བ་ཐུབ་དབང་ཇི་སྙེད་ཅིག། དཔག་མེད་ཞིང་ན་བཞུགས་པ་ཐམས་ཅད་ཀྱིས།། དཀྱིལ་འཁོར་འདི་ལ་བྱིན ་གྱིས་བརླབ་པ་དང་།། དེ་རིང་བདག་ལ་བཏང་བའི་དུས་ལ་བབ།། དེ་ནས་ཨོཾ་བཛྲ་ས་མ་སུ་ཏྲཾ་མཱ་ཏཱི་ཀྲ་མ་ཧཱུཾ་ཞེས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ།། ཡང་ན་ཨོཾ་ཨཱཿཧཱུཾ་ཞེས་བརྒྱ་རྩཝ་བརྒྱད་བཟླས་པར་བྱའོ།། དཀྱིལ་འཁོར་དྲི་བཟོང ་པོས་བྱུག་པ་ཕྱི་རོལ་འཁོར་བར་མེ་ཏོག་བཀྲམ་ནས། དེ་ནས་ན་མཁའ་ལ་བཞུགས་པོའི་དཀྱིལ་འཁོར་ལ་རྫས་ཅི་འབྱོར་པའི་མཆོད་པ་དང་།། སྒེག་མོ་ལ་སོགས་པ་ཕྱི་ནང་གི་མཆོད་པ་དང་། གླུ་དང་རོལ་མོ་ལ་སོགས་པ་ཙ ་ནུས་པས་མཆོད་ནས་ཐིག་གདབ་པར་བྱའོ།། དེ་ལ་རིམ་པ་ནི་འདི་སྟེ། བདག་ཉིད་རྣམ་པར་སྣང་མཛད་ཀྱིས་རྣལ་འབྱོར་དུ་བྱས་ཏེ། ཛི་ན་ཛ~ཾ་ཀ་ཞེས་བྱ་བ་ཅི་ནུས་སུ་བརྗོད་ནས། རྣམ་པར་སྣང་མཛད་དུ་གྱུར་པའི་སྙིང་གནས ་སྒྲོགས་བློ་སྤྲུལ་ནས། བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་བྱས་ཏེ། མདུན་དུ་ལྟ་བ་བྱས་ནས་ཕན་ཚུན་རྡོ་རྗེ་གཉིས་བཅིངས་ལ། མཚན་སྣ་ལྔའི་སྐུད་པ་དང་པོ་དཀྱིལ་འཁོར་ཉིས་འགྱུར ་གྱི་ཚད། སྙོམས་སུ་སྒོའི་ཉི་ཤུའི་ཚང་། རྡོ་རྗེ་ཁུ་ཚུར་གཡོན་པས་བླངས་ལ་གཟུང་ལྀ། ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་དམིགས་ལ། ཛཿཛཿཛཿལན་གསུམ་བརྗོད་ལ། ལག་པ་གཡས་པས་བླངས་ཏེ། ་གྲོགས་པོའི་ལག་ཏུ་གཏང་ངོ་།། གྲོགས་པོ་རྐང་པ་མདུན་བསྐུར་ནས། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས། ཛཿཛཿཛཿགསུམ་བརྗོད་ནས་བླངས་ཏེ། སློབ་དཔོན་ནུབ་ཏུ་འདུག་ནས་ཤར་དུ་བལྟ་བ་དང་། དེ་བཞིན་དུ་ལྷོར ་འདུག་ལ་བྱུང་དུ་ཁ་བལྟས་ལ་གནམ་ཐིག་གདབ་པར་བྱའོ།། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཱ་མ་ཏི་ཀྲ་མ་ཧཱུཾ་ཞེས་གཉིས་ཀས་བརྗོད་པར་བྱའོ།། དེ་ནས་ཐིག་གཉིས་པ་སྔ་མ་ཛེ་ལྔ་བ་བཞིན་དུ་གདབ་པར་བྱའོ།། སློབ་དཔོན ་གཉིས་ཀ་གཡས་སུ་བསྐོར་བར་བྱའོ།། དེ་ནས་མེའི་ཕྱོགས་སུ་འདུག་ལ་བྱང་དུ་བལྟས་ལ་ཤར་གྱི་ཐིག་གདབ་པོ་རླུང་གི་ཕྱོགས་སུ་འདུག་ལ་ལྷོར་བལྟས་ཏེ་ནུབ་ངོས་གདབ་པོ།། དེ་ཉིད་ལས་ཤར་དུ་བལྟས་ཏེ ་བྱང་ངོས་གདབ་པོ།། ཡང་མའི་ཕྱོགས་སུ་འདུག་ལ་ནུབ་ཏུ་བལྟས་ཏེ་ལྷོ་ངོས་གདབ་པོ།། དེ་བཞིན་དུ་འདུག་ལ་རླུང་ཕྱོགས་སུ་བྲི་བར་བྱའོ།། ཡང་བདན་བྲལ་དུ་འདུག་ལ་དབང་ལྡན་དུ་བྲེ་བར་བྱའོ།། ཆ་བཞིར་བགོས ་ནས་གཉིས་ལ་བརྒྱད་།། ནང་གི་དཀྱིལ་འཁོར་བྱ་བར་གསུངས།། ལྷག་མ་བཞི་ལ་བརྒྱང་བྱས་པ།། ཕྱི་ཡི་དཀྱིལ་འཁོར་ས་ཡིན་ནོ།། བརྒྱད་དྲུག་པོ་ལ་བཞི་བཞིར་བསྒོ།། དེ་ལྟར་ཐིག་ནི་བཏབ་ནས་ནི།། ཕྱོགས་སུ ་བལྟས་ཏེ་ལྷག་ཆད་བསྐང་།། ཐིག་བསྲུང་ཆུད་ན་བློ་མ་འཆི།། རིང་ཐུང་ཁྱེར་ནཱ་ན་བར་འགྱུར།། ཕྱོགས་འཁྲུལ་སློབ་ལ་མྱོས་པར་འགྱུར།། དེ་བས་ཐམས་ཅད་ནན་ཏན་དུ།། ཐིག་བསྐུད་ལ་ནི་འབད་པར་བྱའོ།། དེ་ནས ་ནང་དུ་ཞུགས་ནས་སུ།། ནང་གི་རིམ་པ་དབྱེ་བར་བྱ་སྟེ།། དེ་ཡང་རྒྱུད་ལས། ཧོ་མ་ཁུད་ཐ་མ་བ་ར་མ་མཆོག། ཁྲུ་གང་ཁྲུ་དོ་ཁྲུ་བཞི་པ།། ཟླུམ་པོ་ཉིད་དུ་བྱས་ནས་སུ།། དེ་ཡི་ཤ་དང་རུས་པ་དང་།། སྒྲ་དང་སེན་མོ་ལ ་སོགས་པ།། སྦྱིན་སྲེག་བྱས་ན་དྲན་པའི་ལུས།། ཀུན་ལས་རྣམ་པར་ཐར་བར་འགྱུར།། ཞེས་པ་ནི་ཞི་བའི་དབང་དུ་བྱས་པའོ།། ། སྤྱིའི་དབང་དུ་བྱས་ཏེ་གསུངས་པ།། ཆུང་ངུ་བར་མ་བརྒྱད་ཅུ་གཉིས།། མཆོག་ལ ་བཅུ་དྲུག་ཉི་ཤུ་བཞིར།། ཞི་ལ་སོགས་པའི་སྔགས་བྱའོ།། དེ་ལ་ཐབ་ཁུང་བརྐོ་བ་ཡང་རྒྱུད་ལས།། དེ་ཡི་དབུས་སུ་བརྐོ་བ་ནི།། ལེགས་པར་བརྟགས་ཏེ་ཕྱེད་ཀྱི་ཚད་།། མུ་ཁྱུད་སོར་བཞུ་སོར་བརྒྱུད་དམ།། བཅུ་དྲུག་དག་ཏུ་བྱ ་བ་ཡིན།། འབྱུང་བ་ལྟར་བརྟག་པ་དེ་ནི་སྤྱིར་རོ།། རོའི་ཧོམ་གྱི་དབང་དུ་བྱས་ནས་རྩ་བའི་རྒྱུད་ལས།། ཁྲུ་བཞི་པ་ཡི་ཚད་དུ་ནི།། ཆོ་ག་བཞིན་དུ་ཁུང་བརྐོས་ཏེ།། རྡོ་རྗེ་མཐའ་མ་བསྐོར་བ་ཡིས།། ཞེས་གསུངས་ཏེ། འདིའོ ་དགོངས་པ་འདི་ཡིན་ཏེ། སྟེགས་བུ་ཁྲུ་རབ་འབྲིང་ཐཱ་མས་དབྱེ་སྟེ། ཁྲུ་བཅུ་གཉིས་པ་ལ་མ་ཐབ་ཁོ་ར་ཁོར་ཡུག་ཏུ་ཁྲུ་དོ་ཟླུམ་པོ་ཟབསུ་ཁྲུ་དོ་པ་ཅིག་བྱས་ཏེ། མུ་རན་འཕྱང་དང་ཞེང་དུ་སོར ་བཞི་པས་བསྐོར། ལྕི་བས་བརྐྱང་ནུལ་ལེགས་པར་བྱས། ས་ཀེར་པོས་བསྐུ་ཞིང་དྲིས་བྱུག། དེ་ཡང་དང་པོ་ཁྲུ་དོ་པ་ཚངས་ཐིག་གཡས་གཡོན་ནས་ཁྲུ་རེ་ལ་བསྐོར། དེ་ནས་ཡང་སོར་བཞི་ལས་བསྐོར། དེ་ནས་སོར ་བཅུ་བཞི་ལས་བསྐོར། དེ་ནས་སྣུམ་བུ་ལས་ནང་དུ་ཆ་ཆུང་དུ་བསྐོར། དེ་ནས་སྣམ་བུ་གཉིས་སུ་བྱ། དེ་ནས་སྐེ་རྒྱན་དང་བཅས་པ་ཕྱི་རོལ་ནས་བླངས་ལ། ཆ་ཆེན་བཞི་ཆ་དང་བཅས་པ་ལས་བསྐོར། དེ་ནས་ཕུར་པ ་གདོན། དེ་ནས་ཡེ་ཤེས་ཀྱི་ཐིག་སྐུད་ཀྱང་སྔ་མ་བཞིན་དུ་མཆོད་ལ་གཤེགས་སུ་གསོལ་བར་བྱའོ།། དེ་ནས་ཤིང་རྩིག་པ་ཡང་མཆོད་རྟེན་དང་འདྲ་བར་བརྩིག་སྟེ། ས་དཀར་པོ་ལས་བྱས་པའི་ཕག་དྲི་ཞིམ་པོས ་བསྒོས་པ། ཆུར་མཐོ་དོ་པ་ཞེང་དུ་སོར་བཅུ་བཞི་པས། རིམ་པ་བརྒྱད་སྐར་ཁུང་བརྒྱད་པ་བརྩིགས། རང་གི་སྔགས་བཏབ་པའི་བལྕིས་ཞལ་ཞལ་བྱ། ས་དཀར་པོས་བྱུག། ཀུ་བ་བཞི་ས་མཛེས་པར་པད་བདེག། ་དེའི་སྟེང་དུ་བསྲེག་ཤིང་ཁྲུ་དྲུག་པ་ལྷའི་གྲངས་དང་འཐུན་པ་ལ་རྩ་བའི་སྔགས་དང་། རང་གི་སྔགས་བཟླས་པ་འམ་བྲིས་ལ་རྩིག་པ་རིམ་པ་གསུམ་དང་ལུས་ཁང་བཞིར་བྱའོ།། ཤིང་དྲི་བཟང་པོ་ལས་བྱའོ།། ་དྲིས་བྱུག་གོ།། རོའི་དུམ་པ་ཕྱག་ནོན་དུ་བརྩི་གོ།། དེ་ཡང་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས།། རོ་བསྲེག་དཀྱིལ་འཁོར་ཁྲུ་བཅུ་གཉིས།། ཐབ་ཁུང་ཁྲུ་དོ་ཁྲུ་དོ་ཟབས།། ཟླུམ་པོ་སོར་བཞིས་སོར་བཞིས་བསྐོར།། འཕང་དང་ཞེང་ཡང ་དེ་དང་འདྲ།། དེ་ཡི་ཕྱི་རོལ་སོར་བཅུ་བཞི།། ས་དཀར་དྲིས་བསྒོས་ཕག་པས་བརྩིག། འཁོར་ལོ་རྡོ་རྗེ་རང་གྲུ་བཞི།། བར་ཁྱམས་གཉིས་ལ་སྒོ་ནང་བཅས།། རྟ་བབས་ཐོམ་སྐས་མཛེས་པས་བརྒྱན།། སྔགས་བཏབ་ཤིང་ནི་རིམ་པ ་གསུམ།། བརྩིགས་ཏེ་མཆོད་རྟེན་ཚུལ་དུ་བརྩིག། བཤད་པའི་རྒྱུད་ལས་འབྱུང་ངོ་།། གང་དག་སྣམ་བུ་ལྔར་འདོད་པ་ཡང་།། དང་པོ་སྒོ་སྣུམ་གཉིས་པ་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་རང་རྒྱལ་གསུམ་པ་ལས།། ཁྲོ་བོ་བརྒྱད ་ནི་བཞི་པ་ལ།། ཕྱི་ཡི་རྡོ་རྗེ་རིགས་རྣམས་ཀྱི།། ཕྱག་རྒྱ་རྣམས་ནི་ཕྱི་རོལ་བྲི།། གཟའ་དང་སྐར་མའི་མཚན་མ་དང་།། དེ་ལྟར་འཇིག་རྟེན་སྐྱོང་བ་རྣམས།། སྣམ་བུ་ལྔ་པ་བདག་པོ་བཞི་པོ་དགོད།། ཅེས་ཟེར་བ་ཡང་མ་བཀླག་སྟེ།། ་བཤད་པའི་རྒྱུད་ན་མོ་འདུག་གོ། དེ་ནས་ཤིང་ལ་ངན་སོང་སྦྱོང་བའི་སྔགས་ཀྱིས་བཏབ་སྟེ་བརྩིག། རོ་ལ་ངན་སོང་སྤྱོད་པའི་སྔགས་ཀྱིས་མང་དུ་བཏབ་སྟེ་བྱེ་མ་འམ། ཡུངས་ཀར་ལ་བཟླས་ཤིང་གཏོར་ནས་བུམ་པའི་ཆུས ་ཚུལ་བཞིན་དུ་བཀྲུས་ཏེ། ག་བུར་དང་གུར་གུམ་ལ་སོགས་པའི་དྲི་རྣམས་ལ་ངན་སོང་སྦྱོང་བའི་སྔགས་ཀྱིས་བཏབ་སྟེ་རོ་ལ་བྱུག། གུར་གུམ་གྱིས་སྔགས་བཅོ་བརྒྱད་རིམས་ཀྱིས་བྲིས་ནས་བདགས་ཏེ། ཨོཾ་སརྦ་བིདེ་ཨ ་བ་ར་ཎ་བི་ཤོ་དྷ་ཡ་ཧེ་ན་ཧཱུཾ། གཙུག་ཕུད་ལའོ།། ཨོཾ་སརྦ་བིད་ཧཱུཾ། ཨོཾ་སརྦ་བིད་ཕཊ། ཨོཾ་སྭརྦ་བིདེ་ཨ། ཨོཾ་སརྦ་བིད་ཏྲཊ། ཨོཾ་སརྦ་བིད་ཨོཾ། ཨོཾ་སརྦ་བིདི་སྭ། ཨོཾ་སརྦ་བྲིད་ཧཱུཾ། ཨོཾ་སརྦ་བིད་ཏྲ་ཊ། ཨོཾ་ཤ། ་ཨོཾ་བྷུ། དཔྲལ་བ་མཛོད་སྤུ་རྣ་བ་གཉིས།། དཔུང་པ་གཉིས་དང་རྐང་པ་དང་།། པུས་གཉིས་བོལ་གཉིས་ལོང་བུ་གཉིས།། མིག་གཉིས་གསང་བའི་དབང་པོར་གདགས།། ཡང་ན་དེ་བཞིན་དུ་ཡིས་ཀྱིས་སྔགས་དགོད་དོ།། དེ་དག ་གི་འོད་ཟེར་གྱིས་སྒྲིབ་པ་སྦྱང་བར་བསམ་མོ།། ངན་སོང་སྦྱོང་བའི་ཕྱག་རྒྱ་བཅིངས་ལ་སརྦ་བིད་ཀྱི་སྔགས་བཟླས་ཏེ། སྙིང་ག་དང་ལྐོག་མ་དང་སྤྱི་བོར་གཏུགས་པས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས་པར་བསམ་མོ ་དེ་ནས་རོ་ལ་ངན་སོང་སྦྱོང་པོ་བཏབ་པའི་གོས་ཀྱིས་གཡོགས་ནས། རྒྱན་རྣམས་ཀྱིས་ཀླུབས་ཏེ། མེ་ཏོག་གི་ཕྲེང་བ་གདགས་ཤིང་སྔགས་ཀྱིས་བཏབ་པའི་བདུག་པས་བདུགས་པས་ཐབས་ཀྱི་དབུས་སུ་སྟོན་དང་བཅས་པས ་བཞག་སྟེ། ཁ་ནུབ་ཏུ་བསྟན་ཏེ་བདགཱ་ཉིད་ཁྭ་ཤར་ཕྱོགསུ་བལྟས་ཏེ་ལས་བྱའོ།། དེ་ཡང་རྒྱུད་ལས། རང་གི་སྔགས་ཀྱིས་བཏབ་པའི་ཤིང་།། ཁུང་བུའི་ནད་དུ་གཞུག་པར་བྱའོ།། རོ་ལ་སྔགས་ཀྱིས་བཏབ་ནས་ཀྱང་།། ཆུ་མཆོག ་ངག་གིས་བཀྲུས་ནས་ནི།། བཟླས་པའི་དྲི་ཡི་བྱུག་པོར་བྱ།། གོས་དང་རྒྱན་གྱིས་ཀླུབས་ནས་ཀྱང་།། སྔགས་ཀྱིས་བཏབ་པའི་བདུག་པས་བདུག། མེ་ཏོག་ཕྲེང་ལ་སོགས་པོས་མཆོད།། སྙིང་ག་ལྐོག་མ་ཁ་ཕྱོགསུ།། སརྦ་བིད་ཀྱིས ་བྱིན་གྱིས་བརླབ།། དེ་ལྟར་གཞན་དུ་ཡེ་ཤེས་སྔགས།། མཆོག་ཏུ་ཡི་གེ་རྣམས་བཞག་གོ། དེ་ནས་ངན་སོང་སྦྱོང་བའི་ཕྱིར། སྟན་དང་བཅས་པ་དེ་དབུས་སུ།། བཞག་པ་ཉིད་དུ་བྱ་བ་ཡིན།། ཞེས་འབྱུང་ངོ་།། དེ་ནས་མཆོད་པ་ཡང ་སྡོ་མ་ཡེ་ཤེས་ཀྱིས་སྐུད་པ་ཡིག་འབྲུ་ཇི་ལྟར་བཀོད་པ་དེ་བཞིན་དུ་འདིར་ས་ཚོན་ལ་ཡང་བསམ་པར་བྱ་སྟེ། ས་ཚོནི་ལ་བྱེ་བྲག་ཏུ་ཆོ་གའི་རིམ་པ་བསྟན་པ་འདིའོ།། ཨོཾ་བཛྲ་ཙི་ཏྲ་ས་མཱ་ཡ་ཧཱུཾ། སྔགས་འདི་ལན་བདུན་བཟླས་ཏེ། ་དེ་ནས་ས་ཚོན་ལ་འབརརེ་བའི་ལྟ་བས་བལྟའོ།། མཐར་ཡི་གེ་ཧྲིཿདང་པདྨའི་ཕྱག་རྒྱས་སྦྱོར་བར་བྱའོ།། དེ་ནས་ཚོན་རྩི་བཟང་པོར་བྱ་བའི་ཕྱིར། བདེན་པའི་བྱིན་བརླབ་བྱ་སྟེ། བདེན་པ་གང་གིས་སངས་རྒྱས་རྣམས་སེམས་ཅན་ལ ་ཆགས་པས། ཆགས་པར་མཛད་པའི་བདེན་པ་དེས། ཚོན་རྣམས་འབར་བར་གྱུར་ཅིག་ཅེས་བྱའོ།། དེ་ནས་གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ། དེའི་འོག་ཏུ་རྡོ་རྗེ་དྲིལ་བུ་བླངས་ཏེ། དཀྲོལ་ཞིང་བཀྲ་ཤིས་པའི་དབྱངས ་བརྗོད།། དེ་ནས་མྱ་ངན་ལས་འདས་པའི་བསྣམ་པ་གཏང་། འགྲོ་བའི་དོན་ལ་དམིགས་ལ་ཨོཾ་བཛྲ་ཙི་ཏྲ་ཞེས་བྱ་བའི་སྔགས་བརྗོད་ཅིང་། རྡོ་རྗེ་ཁུ་ཚུར་གཱཡོན་པས་ཚུན་བླངས་ལ། དབང་ལྡན་གྱི་ཕྱོགས་བཀོད་དེ། ཚོན་དགྱེ ་བ་བྱའོ།། དེ་ནས་ཕྱིས་ཅི་བདེ་བར་བྱའོ།། ཚོན་དགྱེ་བ་ཡང་། མཉམ་ལ་མ་འདྲས་པའི་མ་ཡོ་བར།། བར་མཽ་ཆད་དང་གཡོན་མོ་བསྐོར།། སྦོམས་སུ་སྒོ་ཡི་ཉི་ཤུའི་ཚད།། རེ་ཁཱ་རྣམས་ཀྱང་དེ་ཙམ་བྱ།། སྒོམས་ན་ནད་རྣམས ་འབྱུང་བར་འགྱུར།། ཕྲས་ན་ཡང་ནི་ནོར་ཟད་འགྱུར།། ཡོ་བར་གྱུར་ན་མཛཱའ་བ་ཤེས་འཕྲལ།། བར་དུ་ཆུད་ནཱ་མཁན་སློབ་འཆི།། དེ་བྲུས་ཚོན་རྩི་ནན་ཏན་བྱ།། ར་བའི་རིམ་པ་ཡང་རྒྱུད་ལས།། དཀར་དམར ་སེར་ལྗང་རིམ་པ་སྟེ།། ཀུན་གྱི་ཕྱི་རོལ་ནག་པོར་གཏང་།། བཤད་པའི་རྒྱུད་ལས་འབྱུང་ངོ་།། ལྷ་དང་དཀྱིལ་འཁོར་གྱི་ཁ་དོག་ཀྱང་རྡོ་རྗེ་རྩེ་མོའི་རྒྱུད་ལས། ཤྭར་སྔོ་ལྷོ་སེར་ནུབ་ཏུ་དམར།། བྱང་ལྗང་དབུས་ནི་ཤེལ་ལྟར་དཀར་ཞེས་བྱ་བ ་བཞིན་དུ་བྱ། ཡང་ན་རྩ་བའི་རྒྱུད་ལས། ཁ་དོག་དང་རྒྱན་ནི་ངེས་པ་མེད་དེ་སྔགས་པ་ཇི་ལྟར་འདོད་པ་ལྟར་བྱའོ།། ཇི་ལྟར་འབྲི་ཡང་རུང་བས། རྡོ་རྗེ་དྲིལ་བུ་རྟག་འཆང་ཞིང་། ཤིན་ཏུ་མཉམ་བཞག་ལེགས་པར་བྲི།། གསོ ་སྔགས་དེ་ཉིད་ཡོངས་བཟླས་ཤིང་། ཚོན་གྱི་ཐོག་ནི་ཡོངསུ་དག་གསུངས་སོ།། དཀྱིལ་འཁོར་གྱི་སྒོ་གཉིས་པ་འམ་གསུམ་པ་བྱེད་ན། སྔགས་བཛྲ་བཱ་ག་ཧཱུཾ་ཞེས་པ་འམ། ཨོཾ་བཛྲ་ཞེས་པ་བཟླས་ཤིང་དཀྱིལ་འཁོར་ན་མཁའ་ལ ་བསམས་ལ་འཇུག་ཅིང་འབྱུང་བ་བྱའོ།། དེ་ལྟར་བྲིས་ཟིན་ནས་བགེགས་ཞི་བར་བྱ་བའི་ཕྱིར། ཁྲོ་བོའི་སྦྱོར་བ་ལས་བགེགས་བསྲུང་བ་བྱའོ།། ཕྱག་རྒྱ་དགོད་པ་ཡང་རྒྱུད་ལས།། འཁོར་ལོ་དབུས་སུ་བྲི་བར་བྱ།། རིགས་ལྔ་ཡི་ནི་ཕྱག་རྒྱ ་རྣམས།། ཇི་བཞིན་སེམས་དཔའ་རྣམས་དང་ནི།། འཇིག་རྟེན་གཙོ་ལ་སོགས་པ་བྲྀ། ཞེས་གསུངས་སོ།། དེ་ལ་མེ་ཐབ་ཀྱི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་བྱ། དེའི་དབུས་སུ་རྡོ་རྗེ་རྩེ་ལྔ་པ་བྲི་བ་ནི་ཕྲིན་ལས་གཞན་གྱི་དབང་དུ་བྱས་པ ་ཡཱིན། ཤར་དུ་རྡོ་རྗེ་ལྷོར་རློནྡ་པོ་ཆེ་ནུབ་ཏུ་པདྨ་བྱང་དུ་སྣ་ཚོགས་རྡོ་རྗེ་ཚུལ་བཞིན་དུ་དགོད། མུ་རན་རྡོ་རྗེ་རྐྱང་པ་རྩེ་ལྔ་པ་འམ་རྩེ་གསུམ་པས་བསྐོར། ལོག་ལ་མེ་འོད་བྲི་ནང་དུ་ལེ་རྩེ་དགུ་མུ་རན་དང་བཅས་པ་བྲི། ཕྱིའི་རྩིག ་པའི་ཕྱི་རོལ་གྱི་འཁོར་ལོ་རྩིབས་བཅུ་དྲུག་འབུ་རོ་ར་མེ་ཐིག་གིས་ཕྱེ་བ་ལ་ཤྭར་གྱི་འཁོར་ལོ་རྩིབས་བཞི་པ་ལྀ། རྡོ་རྗེ་ལྕགས་ཀྱུ་མདའ་འགུ་བ་རྣམས་དགོད། ལྷོའི་འཁོར་ལོའི་རྩིབས་བཞི་ལ་ནོར་བུ་རིན་པོ་ཆེ་ཉི་མ་རྒྱལ་མཚན ་སོའི་ཕྲེང་བ་རྣམས་དགོད། ནུབ་ཀྱི་འཁོར་ལོའི་རྩིབས་བཞི་ལ་རྡོ་རྗེ་པདྨ་རལ་གྲི་འཁོར་ལོ་དུང་ངམ་ལྕེ་རྣམས་དགོད། བྱང་གི་འཁོར་ལོའི་རྩིབས་བཞི་ལ་རྡོ་རྗེ་ཁ་བཞི་པ་དང་། གོ་ཆ་མཆེ་བ་ཁུ་ཚུར་བཅངས་པ་རྣམས་དགོད། དེའི་ཕྱེ ་རིམ་གྱི་གྲུ་ཆད་ཤར་ལྷོར་སྨིན་མ་འདྲེགས་པའི་ཚུལ་ལམ། རྡོ་རྗེ་དང་པོག་ཕོར་དགོད། ལྷོ་ནུབ་ཏུ་ཕྲེང་བ་དང་མེ་ཏོག་དགོང། ནུབ་བྱང་དུ་པི་ཝང་དང་མར་མཾ་དགྲོད། བྱུང་ཤར་དུ་གར་བྱེད་པའི་ལྷག་པ་དང་། ཡང་ན་རྡོ་རྗེ་དང་དུང ་ཕོར་དགོད། དེའི་ཕྱི་རིམྦི་གྱི་སྣམ་བུ་ལ། རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་། རྡོ་རྗེ་ཁ་བཞི་པ་བཞི་བཞི་འམ་གཏམས་པར་ཤྭར་ནཱས་བརྩམས་ལ་དགོད། དེའི་ཕྱི་རིམ་གྱི་སྣམ་བུ་ལ་ཤར་དུ་རྡོ་རྗེ་གདང་པོ་ཟླ་བ་ཤར་ལྷོ། མེ་ཐབ་ལྷོར ་དབྱུག་པ་ལྷོ་ནུབ་རོལ་གྲི། ནུབ་ཏུ་ཞགས་པ་དང་བུམ་པ་དང་ཉི་མ། ནུབ་བྱང་དུ་བ་དན་བྱང་དུ་བེ་ཅོན་རྣམས་དགོད། བཀྲིས་ཀྱི་ལྷ་མོ་བར་བར་དུ་སྦལ་ལ་དགོད། ཡང་ནི་མ་བཀོད་ཀྱང་མི་འགལ་སྒོ་བཞིར་ལྕགས་ཀྱུ་ཞགས་པ ་ལྕགས་སྒྲོག་དྲིལ་བུ་རྣམས་བགོད། གཞན་ཡང་སེང་གེ་གླང་ཆེན་ལྔ་ལྡི་དོ་ཤལ་དྲིལ་བུ་ཕྲེང་བ་རྣམས་ཙ་རིགས་དགོད་དོ།། རྒྱན་ཡང་རྒྱུད་ལས། བྱ་དང་བུམ་པ་གང་བ་དང་།། གཏོར་མ་སྣོང ་རྣམས་བཀད་པ་དང་།། བརྒྱ་སྙེད་ཙམ་དུ་བཞག་བྱ་འམ། ཡང་ན་བཅུ་དྲུག་སྙེད་དུ་བཞག། བཟའ་བ་དང་ནི་བཅའ་བའི་བཤོས།། མེ་ཏོག་ཕྲང་སོགས་དེ་བཞིན་ཏེ།། བླ་རེ་རྒྱལ་མཚན་དར་ལ་སོགས།། གདུགས་མཆོག ་རྣམས་ཀྱིས་ལེགས་པར་བརྒྱན་ཅེས་འབྱུང་།། དེ་ཡང་དཀྱིལ་འཁོར་དུ། བུམ་པ་བྱ་ཆུས་བཀང་བ་སྨན་དང་འབྲུ་དང་རིན་པོ་ཆེ་དང་།། མགུལ་ཚངས་དང་ལྡུམ་བུས་བརྒྱན་པ། གཞུང་དང་འཐུན་པར་བྱས་ལ་བཅུ་ཡན་ཆོད ་དགོད་པ་དང་། གཏོར་མའི་བུམ་པ་ལྷ་བཤོས་སྣོད་གཙང་མ་བཀང་བ་བརྒྱད་དམ། བཅུ་དྲུག་སྙེད་ཀྱི་བཟའ་བ་དང་བཅས་པ་དང་། མེ་ཏོག་བདུག་པ་མར་མེ་བྱུག་པ་བརྒྱ་འམ། སྟོང་ངམ། དེ་ལས་ལྷག་པོའི་མཆོད་པ་ལ་སོགས ་པ་མེ་ཏོག་གི་ཕྲེང་བ་དང་རྒྱལ་མཚན་དང་བླ་རེ་དང་གདུགས་དང་། བ་དན་དང་འཕན་ལ་སོགས་པས་བརྒྱན་པ་དང་། དཀྱིལ་འཁོར་མཐའ་མཐའ་མ་མེ་ཏོག་སིལ་མས་དཀྲམ་ཞིང་ཀུ་ཤཱས་བསྐོར། མཆོད་ཡོན་གྱི་བུམ་པ་འ། ་གཏོར་མ་བཅས་པ་གཉིས་བཤམ། བགེགས་བསྐྲད་པའི་ཕྲིན་ལས་བཅོལ་ལ་བྱང་ཤར་དུ་བཞག། སྦྱིན་སྲོག་གི་རྫས་ཀྱང་ནུབ་ཏུ་བཞག། ལྷ་དགོད་ཙམ་ན་སོ་སོའི་སྡོང་པོ་བཟླས། བུམ་པ་ལ་སོགས་པ་སོ་སོའི་གནས་སུ་དགོད། རྣམ ་བར་རྒྱལ་བའི་བུམ་པ་ཤར་སྐོར་བཞག། ཕྱོགས་བཞིར་རིང་བ་འམ་ཡུན་ཐུང་བ་མ་ཡིན་པར་ཁྲི་ལ་ཀློག་མཁན་བཞག་ལ་སངས་རྒྱས་བཞིན་དུ་མཆོད། མང་བཞི་གདོན་ནོ།། ཚན་ལྷག་མ་བསྡུས་ལ་བཤགས་པ་བྱས་ལ་གཏང་། དེ་ནས་ཤར ་ཕྱོགས་སུ་སློབ་དཔོན་གྱི་རྡོ་རྗེ་དྲིལ་བུ་དེ་ཉིད་དྲན་པར་བྱས་ལ། དཀྲོལ་གསོར། ལྕེ་དང་ལག་པ་བྱིན་གྱིས་བརླབ། བདག་མེད་པར་བསྒོམས་ཏེ། དེ་ནས་ཁྲོ་བོར་བསྒོམས་ཏེ། དབང་བསྐུར་གོ་བགོ། རྐང་པ་དང་མིག་བྱིན་གྱིས་བརླབས་ཏེ། ་རྐང་པའི་འོག་ཏུ་ཧཱུཾ་ལས་རྡོ་རྗེ་རྒྱ་གྲམ་དུ་བསམ། མིག་གཡོན་པར་མ་ལས་ཉི་མའི་དཀྱིལ་འཁོར། གཡས་པར་ཊ་ལས་ཟླ་བའི་དཀྱིལ་འཁོར་དབུས་སུ་ཧཱུཾ་མཐིང་ག་བསམ། དེ་ནས་ང་རྒྱལ་བསྐྱེད་ལ་བསྟོད། དེ་ནས་བསྐྲད་པ་དང་རྒྱན་ཆ ་བྱིན་གྱིས་བརླབས་ལ། གདོན་ལ་བདེན་པ་བསྒོམ། དེ་ནས་བྱ་བ་ཤར་ནས་བརྩམས་ནས་རྩེ་གསུམ་འགྲོས་དང་རྒྱ་གྲམ་འགྲོས། གཡས་བརྐྱང་དང་གཡོན་བརྐྱང་ལ་སོགས་པ་བྱའོ།། ཁྲོ་བོའི་ལྔ་པ་ལ་སོགས་པ་བྱ། རྡོ་རྗེ་འགྲོས་ཀྱིས ་འགྱིང་ཚུལ་གར་སྟབས་དང་འཇོ་ཚུལ་དང་བརྟག་པ་དང་། རྒྱ་གྲམ་དང་སྟེག་པ་དང་། འཕེན་ཚུལ་དང་། དབང་བསྐུར་བ་དང་གོ་བགོ་བ་དང་། ལས་ཀྱི་ཕྱག་རྒྱ་ལ་སོགས་པ་མོ་ལུས་པར་བྱའོ།། ཧཱུཾ་རྒྱུན་མ་ཆད་པ་གདོན་ནོ།། ཕྱོགས ་ཕྱོགས་སུ་བསྟོད་པ་བདེན་པ་བསྐྲད་པར་བྱའོ།། རབ་དང་དྲ་བ་བསམ། རྒྱན་དང་བཅས་པ་ལྷོ་ཤེར་དུ་བཞག། དེ་ནས་སེམས་དཔའ་འམ་མཉམ་པའི་སྐྱིལ་ཀྲུང་དུ་འདུག་ལ་ཡང་དག་མེད་པར་མོས་པ་བྱ། ཁ་ལག་བྱིན་གྱིས་བརླབ། ་ཧཱུཾ་ལས་ཁྲོ་བོར་བསྒོམ། དབང་བསྐུར་བ་བླང་གོ་གྷོནྡ། དེ་ནས་རྡོ་རྗེ་འཇིགས་བྱེད་ནས་རྫ་ཝཱར་བའི་བར་དང་།། རབ་དང་དྲ་བ་དང་ཐཱ་ར་དང་ས་བཞིའི་བར་དུ་བྱའོ།། དེའི་སྤྱན་སྔར་སྡོམ་པ་བླང་ངོ་།། དེ་ཡན། ་ཆང་དུ་རིམ་པ་དང་པོའི་བྱ་བ་རྫོག་སོ།། ། འདི་ནས་མར་ནི་སློབ་དཔོན་གང་དག་ཏིང་ངེ་འཛིན་གསུམ་དུ་འདོད་དོ།། དེ་ཡང་མི་འགལ་བས། དང་པོར་གཟུགས་བརྙན་གྱི་སྦྱོར་བ་རེ་ཐལ་མོ་སྦྱར་ལ། ཨོཾ་སྭ་བྷ ་བ་ཤུདྡྷཿསརྦ་དྷརྨཿསཾ་བྷཱ་བ་ཤུདྡྷོ&ཧཾ། དེའི་དོན་མོས་པར་བྱའོ།། དེ་ནས་དཀྱིལ་འཁོར་རྒྱ་ཡོངས་སུ་མ་ཆད་པ།། རི་རབ་གིཟོ་མདངས་དང་ལྡན་པའི་དབུས་སུ་རྡོ་རྗེ་རིན་པོ་ཆེའི་དཀྱིལ་འཁོར་འཁོར་ལོ་ལྟ་བུ་ཆོ་བརྒྱད་དུ་ལེགྶ ་པར་ཕྱེ་བ། དེའི་མཐའ་ཀྭི་བ་ཆེན་པོ་བརྒྱད་ཀྱིས་བརྟེན་པ་རིན་པོ་ཆེ་སྣ་ཚོགས་འོད་འབར་བའི་ཁང་པ་མཐོན་པོར་འཇིག་རྟེན་ལས་འདྲེས་པའི་ཕུན་སུམ་ཚོགས་པ་ཆེན་པོ་ངོ་མཚར་བ་རྣམ་པ་སྣ་ཚོགས་པའི་གཞིར་གྱུར ་བ་ཅིག་བསམས་ལ། ཇི་ལྟར་བསམས་པའི་འཁོར་ལོའི་ནང་དུ། སེང་གེ་དང་གླང་པོ་ཆེ་དང་རྩཝ་དང་རྨ་བྱ་དང་ཤུང་ཤད། ཟླ་བ་དང་པདྨ་ནི་གཙོ་བོ་རྣམས་ཀྱིའོ།། ཡང་ན་སེང་གེ་འབའ་ཞིག་ཏུ་བཤད་པའི་རྒྱུད་ལས་འབྱུང་བ ་ལྟར་བྱའོ།། འཁོར་ལོ་སོ་སོའི་གནས་སུ་ཟླ་བ་དང་པདྨའོ།། དེ་རུ་ལྷ་མོ་མཆོད་པ་བྱ་བ་ནི། རྡུལ་ཚོན་དུ་ཇི་ལྟར་བཀོད་པ་དེ་དེ་ལྟར་བསམ་མོ།། དེ་བཞིན་གཤེགས་པ་ལ་སོགས་པ་ལྷའི་དཀྱིལ་འཁོར་འདི་དག་གི་ཁ་དོག་རྣམ ་བར་དབྱེ་བ་བརྟག་པ་ཡང་འདི་ལྟ་སྟེ། རྩུ་བའི་རྒྱུད་ཀྱི་དབང་དུ་བྱས་པ་ནི་སློབ་དཔོན་དང་སློབ་མའི་གདོང་གཡོགས་དང་སྤྱོད་གཡོགས་སྨད་དཀྲིས་ཀྱི་ཁ་དོག་ལས་ཤེས་པར་བྱ་སྟེ། དེ་ཡང་རྩ་བའི་རྒྱུད་འཕགས་པ་དེ་ཁོ།། ་ན་ཉིད་བསྡུས་པ་ལས་རིགས་བཞི་ཆར་གྱི་ཁ་དོག་གསུངས་པ། དམར་པོ་དེ་བཞིན་གཤེགས་པའི་རིགས།། སྔོན་པོ་རྡོ་རྗེའི་རིགསུ་བཤད།། དཀར་པོ་པདྨའི་ལས་བྱུང་ཡིན།། ཁ་དོག་ཐམས་ཅད་རིན་ཚོན་འབྱུང་ཞེས་གསུང ་སོ།། དེའི་རྗེས་སུ་བསྩགས་ན་རིགས་ཀྱི་བདག་པོ་ཡང་ཁ་དོག་དེ་དང་འདྲ་བ་ཉིད་དུ་རིགས་པར་བྱའོ།། ཡང་ན་ཁུ་དོག་རྒྱན་སྔགས་པ་ཇི་ལྟར་འདོད་པ་བཞིན་དུ་འདིར་བསམ་པར་བྱའོ།། ཇི་སྲིད་དུ་ཁ་དོག་རྒྱན་རྣམས་ཇི་ལྟར་འདོད། ་པ་བཞིན་དུ་བྲིའོ།། ཞེས་རྩ་རྒྱུད་ལས་གསུངས་པའི་ཕྱིར་རོ།། འདིར་ནི་རྡོ་རྗེ་རྩེ་མོའི་དབང་དུ་བྱས་ཏེ། དེ་ལས་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཁ་དོག་རྣམ་པར་ཕྱེ་སྟེ། ཇི་སྐད་དུ་སྔོན་པོ་སེར་པོ་དེ་བཞིན་དམར།། སྔོ་བསངས ་དེ་དག་རིགས་སུ་བཤད།། དེ་བཞིན་རྒྱལ་བའི་རིགས་བཟང་པོ།། ཁ་དོག་དཀར་པོར་རབ་ཏུ་གྲོགས་ཞེས་གསུང་སོ།། ཡང་ན་གཞུ་ཆེན་པོ་ལས་རྒྱལ་བ་འབའ་ཞིག་གི་ཁ་དོག་རྣམ་པར་དབྱེ་བ་བཤད་པ་ལྟར་བྱའོ།། དེ་ཡང་ཇི་སྐད ་དུ་རྟག་པའི་འཁོར་ལོ་སེར་པོ་སྟེ། མི་འཁྲུགས་འཁོར་ལོ་དཀར་པོ་ཡིན།། རིན་ཆེན་དབང་གི་རབ་ཏུ་བསྔོ།། ཚེ་དཔག་མེད་པ་དམར་པོར་བྱ།། ཁ་དོག་སྣ་ཚོགས་རྒྱ་ཆེན་མཆོག། ཅེས་གསུངས་སོ།། དེ་བས་ན་དེ་ལྟར་འདུལ་བ ་སྐྱེ་བོའི་དབང་གིས། དེ་དག་གི་ཁ་དོག་དང་དབྱིབས་དུ་མུར་སྣང་བར་འགྱུར་བས། དེ་དག་གིས་ཁ་དོག་ཁྱད་པར་ནི་སོ་སོར་ངེས་པ་མེད་པར་རིག་པར་བྱའོ།། སྣུམ་དུ་བདག་པོ་དང་འཁོར་ཡང་དེ ་བཞིན་དུ་ཤེས་པར་བྱའོ།། དེ་ཉིད་ཡོན་ཏན་ཐམས་ཅད་ལྡན་པར་བསམ་པ་ནི་རྡུལ་ཚོན་གྱི་དབང་དུ་བྱས་པའི་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་རྫོགས།། ། ལྔ་སོ་སོའི་ལས་སེམས་བསྐྱེད་མ་ཐག་ཏུ། ་ཆོས་ཀྱི་འཁོར་ལོ་བསྐོར་བ་བྱང་ཆུབ་སེམས་བསྐྱེད་པ་ལ་སོགས་པའི་ལས་ལ་སྦྱར་བར་བྱའོ།། ལེས་རྒྱལ་མཆོག་གི་ཏིང་འཛིན་རྫོག་སོ།། ། ད་ལྟར་བསམ་པ་བྱས་ནས་སྤྱན་དྲང་བར་བྱ་སྟེ། དེ་ལོ་རིམ་པ ་འདིའོ།། དང་པོར་རེ་ཞིག་ལྷོའི་རྣལ་འབྱོར་ཇི་ལྟར་བྱས་པ་མངོན་དུ་བྱས་ཏེ། རང་གི་སྙིང་ཁར་སྣ་ཚོགས་རྡོ་རྗེ་བསམས་ཏེ། རྡོ་རྗེ་བསྡུ་བའི་སྙིང་པོ་རྡོ་རྗེ་ཚིག་གིས་བརྗོད་ཅིང་། རྡོ་རྗེ་ཁུ་ཚུར་གཉིས་བསྣོལ་ཏེ། དཔུང་མགོར་བཞག ་ལ་འཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བྱས་ལ་རང་གི་གུང་མོ་དང་མཐེ་བོང་གཉིས་ཀྱི་ས་གོལ་བརྡབ་ཅིང་། ཇི་ལྟར་བསམས་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་སེམས་དཔའ་ཆེན་པོ་རྣམས་བསྡུ་བར་བྱའོ།། དེ་ལ་འང ་ནི་རྡོ་རྗེ་བསྡུ་བའི་སྙིང་པོའོ།། ཨོཾ་བཛྲ་ས་མཱ་ཡ་ཛཿཧཱུཾ་བཾ་ཧོཿཞེས་བརྗོད་དོ།། དེ་ནས་སོ་སོའི་བྱ་བའི་རྣམ་པར་གྲོལ་བ་ལ་མཉམ་པར་བཞག་པས། ཇི་ལྟར་བསམས་པ་རྣམས་ཇི་ལྟར་བསམས་པའི་མཆོད་པའི་གནས་ཀྱི་ཁོར ་ཁོར་ཡུག་ཏུ་གཞུག་པར་བསམ་མོ།། དེ་ནས་ཇི་ལྟར་བསྡམས་པའི་གནས་ཀྱི་ཤར་སྒོར་བལྟས་ཏེ། རྡོ་རྗེ་ལྕགས་ཀྱུ་སྒྲོ་སྤངས་ཀྱི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། དེར་ཡང་ལྕགས་ཀྱུ་བསམས་ལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ་ཞེས་བྱ་བའི་རྡོ་རྗེ་ལྕགས་ཀྱུའི་སྙིང་པོ་བརྗོད་ཅིང་དགུག་པའི་ཚུལ་གྱིས། བདེ་བར་གཤེགས་པ་ལ་སོགས་པ་རང་རང་གི་སྒོར་མངོན་པར་ཕྱོགས་པར་བལྟའོ།། དེ་ནས་ཕྱག་རྒྱ་དེ་རང་གི་གནས་སུ་བཀྲོལ་ཏེ། ལྕགས་ཀྱུ་དེ་སྒོམ ་དེ་ཉིད་ལ་གཏད་དོ།། ལྷོ་ཕྱོགས་ཀྱི་སྒོར་བལྟས་ལ། རྡོ་རྗེ་ཞགས་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། རྡོ་རྗེ་ཞགས་པ་བསམས་ལ་འགུགས་པའི་ཚུལ་གྱིས་བདེ་བར་གཤེགས་པ་ལ་སོགས་པ་སེམས་དཔའ་ཆེན་པོ ་ཐམས་ཅད་རང་རང་གི་སྒོར་ཞུགས་པར་བརྟགས་ཏེ། དེའི་སྙིང་པོ་ཨོཾ་བཛྲ་པཱ་ཤ་ཧཱུཾ་ཞེས་པའོ།། ཕྱག་རྒྱ་ཡང་རང་གི་གནས་ཉིད་དུ་དགྲོལ་ལོ།། དེའི་འོག་ཏུ་ནུབ་ཕྱོགསུ་སྒོར་བལྟས་ཏེ། རྡོ་རྗེ་ལྕགས་སྒྲོག་ཕོ་ཉ་མའི་ལ ་ཀྱི་ཕྱག་རྒྱ་བཅིངས་ལ། དེར་ལྕགས་སྒྲོག་བསམསུ་ལ། ཨོཾ་བཛྲ་སྟོ་ཊ་བཾ་ཞེས་བྱ་བ་ཡང་བརྗོད་ཅིང་དེ་དག་ཇི་སྲིད་འདོད་པར་བཞུགས་པར་བྱ་བའི་ཕྱིར་སྟོན་པོའོ་བཀའ་མཚན་ཉིད་རྡོ་རྗེ་ལྕགས་སྒྲོག་གྲཝ་སྒྲོག་ཏུ་གཞུག། ་དེ་ཡང་རང་གནསུ་དགྲོལ་བར་བྱའོ།། བྱང་ཕྱོགས་ཀྱི་སྒོར་བལྟས་ཏེ་རྡོ་རྗེ་དབབ་པ་བྲན་གྱི་ཕྱག་རྒྱ་བཅིངས་ནས་དེར་ཡང་ཤེས་རབ་ཀྱི་མཚན་མ་རྡོ་རྗེ་དྲིལ་བུ་བསམས་ཏེ། ཨོཾ་བཛྲ་ཨཱ་བེ་ཤ་ཧོཿཞེས་བརྗོད་ལ། དྲིལ་བུ་བསྐྱོད་པའི ་ཚུལ་གྱིས་དེ་རྣམས་མཉེས་པར་བྱས་ཏེ། ཕྱག་རྒྱ་རང་གཱི་གནས་དགྲོལ་ལོ།། རང་གི་ཁས་བླངས་པའི་ཚིག་ཀྱང་བརྗོད་དོ།། དེ་ཡང་རྒྱུད་ལྔས། སྒོ་རྣམས་ཀྱང་ནི་ཐམས་ཅད་དུ།། ལྕགས་ཀྱུ་ལ་སོགས ་ལས་བྱས་ནས་ཞེས་གསུངསོ།། དེ་སྔོན་དུ་སྒོ་དབྱེ་བ་ཡང་ལ་ལ་འདོད་དོ།། བདག་ཉིད་ཆེན་པོ་གླིང་དང་ཕྱུང་གིས།། ཕྱག་རྒྱས་གང་དང་གླང་བཅིངས་པ།། བཟླས་པའི་སྙིང་པོའི་དོན་དུ་ནཱཾ།། དེར་ནི་བདག་ཉིད་སྒོམ་པར་བྱའོ།། དམ ་ཚག་གི་ཕྱག་རྒྱ་ཐམས་ཅད་ལ་རྒྱལ་བ་ལ་ས་མ་ཡཱ་སྟྭཾ་ཞེས་བརྗོད་དོ།། དེ་ནི་ཕྱག་རྒྱ་བཅིང་བའི་སྙིང་པོ་ཡིན་པས་ཕྱག་རྒྱ་བཅའ་བའི་རིགས་ཀུན་ལ་ཡང་མི་འགལ་ལོ།། དེ་ནས་ལས་ཀྱི་ཕྱག་རྒྱ་ལྷ་ཐམས་ཅད་ཀྱིས་གསོལ་ཀཱས ་བཞུགས་པའི་ས་ནས་སོ་སོའི་གནས་བཞུགས་པ་བསྟིམ་པ་སྟེ། གཉིས་སུ་མེད་པར་བྱའོ།། དེ་ཡང་སྔགས་ཀྱི་རྒྱུད་ལས། ལས་ཆེན་མཆོག་གི་ཕྱག་རྒྱ་ཡིས།། དམ་ཚིག་རྣམས་ནི་བཞག་པར་བགྱི་ཞེས་གསུང་སོ།། དེའི་དོན་ནི་ལྷ་སྔོ ་ཡས་ཀྱི་ཕྱག་རྒྱ་བཅས་ཏེ་སོ་སོའི་སྙིང་པོ་བརྗོད་ལ་གནསུ་བསྒྲིམ་མོ།། སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ལ་སྦྱར་བར་བྱའོ།། དེ་ནས་དམ་ཚིག་གིས་ཕྱག་རྒྱས་གཉིསུ་མེད་པ་དེ་ལ་ཡུན་རིང་དུ་བསམ་གཏན་བྱའོ།། སྔགས་ཀྱི ་རླུང་ལས། དམ་ཚིག་མཆོག་གི་ཕྱག་རྒྱ་རྣམས།། སེམས་མ་རྡོ་རྗེ་ལ་སོགས་པས།། དེ་ལྟར་སེམས་དཔའ་ཆེན་པོ་བསྒྲུབ།། ཞེས་གསུངསོ།། དེའི་དོན་སྙིང་གར་སེམས་མ་རྡོ་རྗེ་བསམས་ལ་ལྷ་སོ་སོའི་དམ་ཚིག་གི་ཕྱག་རྒྱ ་བཅས་ལ་སོ་སོའི་སྔགས་ཀྱི་མཇུག་ལ་ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ་ཨ་ཧཾ་ཞེས་བརྗོད་ལ་རྡོ་རྗེ་ལྟ་བས་ཡུན་རིང་དུ་བསམ་གཏན་བྱའོ།། སྔགས་ཤིན་ཏུ་གསལ་བ་དེ་ལ་ལྷ་སོ་སོའི་ལྕེ་ལ་རྡོ་རྗེ་རྩེ་ལྔ་པའི་དབུས་སུ་ཆོས་ཀྱི་ཕྱག་རྒྱ ་བཅས་ལ། སོ་སོའི་ཆོས་ཀྱི་ཕྱག་རྒྱ་བརྗོད་དོ།། ཕྱག་རྒྱ་ཆེན་པོ་གོང་དུ་བསམ་པའོ།། དེ་ལྟར་ཕྱག་རྒྱ་བཞི་དང་ལྡན་པར་བྱས་ནས་བདེ་བར་གཤེགས་པ་བདག་བྱིན་གྱིས་བརླབ་པའོ།། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་བཾ་ཨཱ~ཾ་ན་ཡ་ཧཱུཾ། ་ངན་སོང་འདྲེན་པའི་སྔགསོ།། ཨོཾ་སརྦ་བིད་སརྦ་པཱ་པཾ་པི་ཤོ་དྷཱ་ནེ་ཧཱུཾ་ཕཊ། སྡིག་པ་ཐམས་ཅད་ཡང་དག་པར་བྱེད་པའི་སྡུག་སོ།། ཨོཾ་སརྦ་བིདེ་ཏྲཊ་ཧཱུཾ་ཕཊ། ངན་སོང་ཐམས་ཅད་དག་པར་བྱེད་པའོ།། ཨོཾ་བཛྲ་སཏྭ་ཧཱུཾ། ཨོཾ་བཛྲ་རཱ་ཛ་ཛ། ཨོཾ ་ག་ཧོ་ཨོཾ་བཛྲ་སཱ་དྷཱ་ས། ཨོཾ་བཛྲ་རཏྣ་ཨོཾ།། ཨོཾ་བཛྲ་ཏེ་ཛ་ཨཾ། ཨོཾ་བཛྲི་ཀེ་ཏུ་ཏྲཾ། ཨོཾ་བཛྲ་ཧ་ས་ཧ། ཨོཾ་བཛྲ་དྷརྨ་ཧྲཱི། ཨོཾ་བཛྲ་ཏཱིཀྵཱ་དྷཾ། ཨོཾ་བཛྲ་ཧེ་ཏུ་མཾ། ཨོཾ་བཛྲ་བྷ་ཥ་རཾ། ཨོཾ་བཛྲ་ཀརྨ་ཏྲཾ། ཨོཾ་བཛྲ་རཀྵ་ཧཾ། ཨོཾ་བཛྲ་ཡཀྵ་ཧཱུཾ། ཨོཾ་བཛྲ་སནྣི་པཾ། ་ཨོཾ་བཛྲ་ལཱ་སྱེ་ཧཱུཾ། ཨོཾ་བཛྲ་མཱ་ལེ་ཏྲཾ། ཨོཾ་བཛྲ་གི་ཏི་ཧྲི། ཨོཾ་བཛྲ་ནིར་ཏེ་ཨ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་པུཥྤེ་ཏྲཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲི། ཨོཾ་བཛྲ་གནྡྷེ་ཨ། ཨོཾ་བཛྲ་ཨཾ་ཀུ་ཤྲ་ཛཿོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་ཨཾ། ་ཨོཾ་བཛྲ་སརྦ་སཾ་སྐཱ་ར་པ་རི་ཤོ་དྷ་ཡ་མ་ཧཱ་ཡ་ན་པ་བཱ་རེ་སྭཱ་ཧཱ།། དེ་ནི་སྔགས་རྣམས་སོ།། བྱམས་པ་ལ་སོགས་པ་ནས་ཀུན་ཏུ་བཟང་པོ་མཐར་ཐུག་པ་ནི་རིག་པ་ངེས་བྱའོ།། ཡང་ན་བཤད་པའི་རྒྱུད་ལས་འབྱུང་བ་སོ་སོའི་སྡུག ་ཀྱིས་བྱའོ།། བཤད་པའི་རྒྱུད་ལས་འབྱུང་བའི་ཚིག་འདི་དགྲ་བརྗོད། མཉམ་ཉིད་ཆོས་སྐུ་ཆེན་པོ་ལས།། སེམས་ཅན་དོན་ཕྱིར་ལོངས་སྤྱོད་རྫོགས།། ཐུགས་རྗེ་སྦྲུལ་སྐུར་གཤེགས་ནས་ཀྱང་།། སེམས ་ཅན་དགོས་པ་བསྒྲུབ་པའི་ཕྱིར།། སོ་སོའི་གན་སུ་ཕྱག་རྒྱས་བཞུགས།། ཕྱག་རྒྱ་དང་ནི་སྙིང་པོ་བརྗོད་དོ།། དེ་ནས་ཡང་སེམས་ཅན་དོན་ཕྱིར་གཙོ་བོའི་གཟུགས།། རྒྱལ་བ་སྲས་དང་བཅས་པ་རྣམས་སྔོན་གྱི་ཐུགས་དམ་རྗེས ་དགོངས་ཏེ།། དགོས་པ་བསྒྲུབ་ཕྱིར་བརྟན་པར་བཞུགས།། ཞེས་བརྗོད་ལ། ཕྱག་རྒྱ་བཅའ་སྙིང་པོ་བརྗོད།། སེམས་ཅན་དོན་ཕྱིར་སྐུ་སྤྲུལ་པ།། རྒྱལ་སྲས་འཁོར་དང་བཅས་པ་རྣམས།། རྒྱལ་པོ་གྲངས་རྣམས་གསུངས་པའོ།། ་གསུངས་པའི་དོན་རྣམས་བཤད་དུ་གསོལ། ཞེས་བརྗོད་དོ།། བྱམས་པ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ནི།། སྐུ་དང་ལས་དང་དམ་ཚིག་གི་ཕྱག་རྒྱ་དང་ལྡན་པ་ནི་ཕྱག་རྒྱའོ།། ལས་ཀྱི་ཕྱག་རྒྱནི་དམ་ཚིག་གི་ཕྱག་རྒྱ་མེད ་པའོ།། དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་། རྡོ་རྗེ་རྩེ་ཉི་ཤུ་པའོ།། ཡང་ན་དེ་བཞིན་གཤེགས་པའི་ཁུ་ཚུར་གཡས་པའི་མཐོབ་མཛུབ་ཀྱིས་ཕྱེ་བའོ།། ཆོས་ཀྱི་ཕྱག་རྒྱ་ནི་གོང་གིས་རིག་པའོ།། བརྗོད་པ ་ཆོས་ཀྱི་ཕྱག་རྒྱ་དང་བསམས་པ་ཆོས་ཀྱི་ཕྱག་རྒྱའོ།། བསམས་པ་དང་བཅས་པ་ལས་ཀྱི་ཕྱག་རྒྱའོ།། བསམས་པ་དང་བཅིང་བ་དང་གཟུང་བའི་དམ་ཚིག་གི་ཕྱག་རྒྱའོ།། ཀུན་ལ་སྦྱོར་ན་དངོས་གྲུབ་ཏུ་འགྱུར་རོ།། ཕྱག་རྒྱ་བཞི་དང ་བྲལ་བ་ནི།། ལྡན་ན་དགོས་པ་ཐམས་ཅད་འགྲུབ།། རྣལ་འབྱོར་པ་ལ་དངོས་གྲུབ་མེད།། རྡོ་རྗེ་སེམས་དཔའ་ཉིད་ཀྱིས་གསུངས།། དེ་བས་ནཱི་འཇིག་རྟེན་པ་ལ་ཡང་སྐུ་དང་གསུང་དང་ཐུགས་དང་ལས་དང་རིམ་པས་སྦྱ་རོ།། ཀུན ་ཀྱང་ཕྱག་རྒྱ་བཞིས་རྒྱས་གདབ་པར་བྱའོ།། སྐུ་ཕྱག་རྒྱ་ཆེན་པོ་དེ་ནས་མཆོད་པ་བྱ་སྟེ། དེ་ཡང་དེང་གི་མདུན་དུ་སྡོམ་པ་བླངས་ཏེ། དེ་ཡང་ཇི་ལྟར་དུས་གསུམ་མགོན་པོ་རྣམས་ཞེས་པ་ནས་སེམས་ཅན་མྱ་ངན་ལས་འདས་ལ ་དགོད་ཅེས་བྱ་བའི་བར་དུ་བརྗོད།། དེ་ནས་རང་གི་ལྷའི་ཏིང་འཛིན་དང་ལྡན་པས་མཆོད་པ་བྱིན་གྱིས་བརླབ་སྟེ། གཙོ་བོའི་སྔགས་དང་། སརྦ་ཀ་རི་གང་ཡང་རུང་བར་གདགས་པར་བྱའོ།། དེ་ནས་ལྷ་སོ་སོའི་ལས་མུ་དྲ་ཕྱག་རྒྱ་དང་ལྡན ་པས། སོ་སོའི་སྔགས་བཟླས་སོ།། དེ་ནས་རྡོ་རྗེ་སེམས་དཔའི་སྔགས་མེང་དུ་བཟླས་ཏེ། བ~ཾ་སང་དག་པར་བྱའོ།། དེ་ནས་མཆོད་པ་ཡང་དྲིའི་ཆུས་ཞབས་བསོལ་དབུལ།། འོ་མ་དང་མངར་བསླུས་པས་ཞལ་བསིལ།། ཆུ་གཅོད་མ་འབའ ་ཞིག་གི་འཐོར་འཐུང་བྱ།། དེ་ནས་མེ་ཏོག་དཀར་པོ་གཡས་པའི་མཐེ་བོང་མཛུབ་མོས་བླངས་པ་གཞན་བརྐྱང་ལ་དབུལ། ཨོཾ་ནི་རྀ་ཏི་ཁཾ་སྭཱ་ཧཱ།། ཞེས་པ་གྲོང་མའི་སྔགསོ།། ཨོཾ་སྱཱརྦ་སཾ་ཤོ་དྷ་ནེ་ཧཱུཾ་གསུམ་གྱི་སྔགསོ།། དེ་ནས ་མཆོད་ཡོན་གྱི་སྣོད་ནས་ཨོཾ་བཻ་རོ་ཙ་ན་ཨརྒ་པྲ་ཏཱིཙྪ་ཧོ་ཞེས་པས་དབུའོ།། དེ་ནས་སྤོས་ལ་སོགས་བཞི་ཞེས་བསྐྱེད་དེ། རྒྱལ་བ་སྲས་དང་བཅས་པ་ལ་སོ་སོ་འམ་སྦྱོར་དབུལོ།། ཨོཾ་སརྦ་ཏ་ཐཱ་ག་ཏཱ་དྷཱུ་པ་པཱུ་ཛ་མེ་གྷེ་ས་མུ་དྲ་སྥ་ར་ཎ་ས ་མ་ཡེ་ཧཱུཾ་ཞེས་པ་དང་སྤོས་ཀྱིསོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤ་པཱ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ལ་ཧཱུཾ། ཞེས་བྱ་བ་དང་མེ་ཏོག་གིས་སོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ལོ་ས་པཱ་ཛ་མ་གྷ་ས་མ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ ་ཞེས་བྱ་བ་དང་། མར་མེས་སོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷ་པཱུ་ཛ་མེ་གྷ་ས་མུཾ་དྲ་སྥ་ར་ཎ་སེ་མ་ཡཾ་ཧཱུཾ། ཞེས་བྱ་བ་དང་དྲིས་སོ།། བདག་གི་སློབ་དཔོན་རྩ་བའི་རྒྱུད་ལྟར་བྱ་བར་གསུང་སོ།། ཨོཾ་ཨ་ཀཱི་རོ་མུ་དཾ་སརྦ་དྷརྨ་ཛ་ཨཱཏྨ་ནུཏྤཪྻཱ་དཱ་ཐཱ ་བྱ་བ་དང་བཤོས་སོ།། དེ་ནས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དོ།། ཡང་ན་ལྷ་ཐམས་ཅད་ལ་བསྟོད་དོ།། ཡང་ན་ལྷ་ཐམས་ཅད་ལ་བསྟོད་པ་སོ་སོར་བསྟོད་དོ།། ནུས་ན་མཆོད་པ་བཅུ་དྲུག་པོས་མཆོད།། དེ་ནས་ཕྱག་རྒྱ་བཞི་བྱ་སྟེ།། དེ ་ལྟར་ཤར་ཕྱོགས་ནས་རྡོ་རྗེ་ཐལ་མོ་བརྐྱང་ལ། ལུས་ཐམས་ཅད་ཕབ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་བསྠ་ན་ཡ་ཨཱ་ཏ་མ་ནཾ་ནཱིཪྵ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སཾ་ཏྭ་ཨ་དྷི་ཏིནྡྲ་སྭ་མི། ཞེས་བྱ་བ་འདིས་ཕུག་བྱའོ།། དེ་ནས་བྷྲཱུཾ་ཕྱོགས ་ནས་ཇི་སྐད་བཤད་པའི་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ཏེ། དཔྲལ་བ་ས་ལ་རེག་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥཾ་ཀ་ཡ་ཨཱཏྨ་ན་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏེ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཾ་ཞེས་པས་ཕྱག་བྱའོ།། དེ་ནས ་ནུབ་ཕྱོགས་ནས་ཇི་སྐད་བཤད་པའི་རྡོ་རྗེ་ཐལ་མོ་སྤྱི་བོར་བཞག་སྟེ། ཁ་ས་ལ་རིག་པ་དང་། ཨོཾ་སརྦ་ཏི་ཐཱ་ག་ཏེ་པཱུ་ཛ་པྲ་བརྟན་ཡ་ཨཱཏྨ་ནཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་པྲ་བརྟ་ཡ~ཾ་མི། ཞེས་ཕྱག་བྱའོ།། དེ་ནས་བྱུང ་ཕྱོགས་ནས་དེ་བཞིན་དུ་གནས་པ་ལསྲ་རྡོ་རྗེ་ཐལ་མོ་སྤྱི་བོ་ནས་ཕབ་སྟེ། སྙིང་གར་སྦྱར་ལ་སྤྱི་བོ་ས་ལ་རྙོག་པར་བྱ་སྟེ། ཨོཾ་སརྦ་ད་ཐཱ་ག་ཏ་པཱུ་ཛ་ཀ་ར་མ་ཎེ་ཨཱཏྨ་ནཾ་ནིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱཾ། ཞེས་བྱ ་བ་འདིས་ཕྱག་བྱའོ།། དེ་ནས་གསང་བའི་མཆོད་པ་བྱ་སྟེ། དེ་ཡང་སྒེག་མོའི་ལས་ཀྱི་ཕྱག་རྒྱ་བཅོས་ལ། ཨོཾ་བཛྲ་ལཱ་སྱེ་སཏྭ་སུཾ་ས་གྲ་ཧ་ཞེས་བརྗོད་པས། ལྷ་མོ་གཟུགས་མཛེས་མས་མཆོད་པར་བྱའོ།། ཡང་བྱང་ཆུབ་སེམས ་ཀྱི་ཕན་ཡོན་དྲན་པས་བ་སྤུ་ལྡང་བ་ལ་སོགས་པས་མཆོད།། ཡང་མཱ་ལེའི་ལས་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་མཱ་ལེ་བཛྲ་རཏྣ་མ་ནཏྟ་རཾ། ཞེས་པས་ལྷ་མོ་ཕྲེང་བ་དབུ་དང་སྐུ་ལ་བཅིང་བར་བྱའོ།། ཡང་ངོ་བཞིན་གཤེགས ་པའི་ཡོན་ཏན་མེ་ཏོག་གི་ཕྲེང་བུ་བདག་དང་སེམས་ཅན་ཐམས་ཅད་ལ་འབྱུང་བར་གྱུར་ཅིག། གཱི་ཏི་མའི་ལས་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་གཱི་ཏི་བཛྲ་དྷརྨ་ཀ་རོད་བྷ་བ་ཞེས་པས་ལྷ་མོ་ཉིད་ཀྱིས་པཽ་ཝཾ་བརྡུངས་པས་མཆོད་པར ་བསམ་མོ།། ཡང་དེ་བཞིན་གཤེགས་པས་བཤད་པའི་ཆོ་ས་བདག་དང་སེམས་ཅན་ཐམས་ཅད་ལ་འབྱུང་བར་གྱུར་ཅིག། ནིར་ཏིའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་ནི་རྟི་བཛྲ་ཀརྨ་ཀཱ་རོད་བྷ་བ། ལྷ་མོ་ཉིད་ཀྱི་གར་བསྒྱུན ་བས་མཆོད་པར་བསམ་མོ།། ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཐམས་ཅད་བདག་དང་སེམས་ཅན་ཐམས་ཅད་ལ་འབྱུང་བར་གྱུར་ཅིག་ཅེས་པས། མཆོད་པ་ཀུན་ཀྱང་རྡོ་རྗེ་སེམས་དཔའི་ང་རྒྱལ་བྱའོ།། ་རྡོ་རྗེ་སེམས་དཔའ་བསྡུས་པས་ནི།། རྡོ་རྗེ་རིན་ཆེན་བླ་ན་མེད།། རྡོ་རྗེ་ཆོས་ནི་གླུ་བླངས་པས།། རྡོ་རྗེ་ལས་ནི་བྱེད་པར་འགྱུར།། ཞེས་གསུང་སོ།། ནུས་ན་བསྒྲུབ་པའི་མཆོད་པ་བྱའོ།། ལས་ཀྱི་ཕྱག་རྒྱ་དང་ལྡན ་པར་བྱའོ།། རྩ་བའི་རྒྱུད་དུ་ཤེས་པར་བྱའོ།། དེ་ནས་རས་ཟུང་བ་རྒྱ་ལ་སོགས་པ་དང་། རྡོ་རྗེ་རྣམ་པ་སྣ་ཚོགས་དང་བ་དན་དང་གདུགས་དང་རྒྱལ་མཚན་དང་། མེ་ཏོག་གི་ཤིང་དང་། དྲི་དང་། བདུག་སྤོས་དང་། ལྷ་བཤོས་དང་། བཟ ་བ་དང་། བཅའ་བ་དང་། བཏུང་བ་དང་།། རོལ་མོའི་ཆ་བྱང་གར་མཁན་དང་། དར་ད་པྱངས་དང་། ཕྲེང་བ་དང་། སེམས་ཅན་གླང་པོ་ཆེ་ལ་སོགས་པ་བརྒྱ་འམ་སྟོང་ངམ་ཁྲི་དབུལ་བར་བྱའོ།། དེ་ཐམས་ཅད་ལ་ཡི་གེ་ཨཾ་མཾ། ་རྡོ་རྗེ་སེམས་དཔའི་སྔགས་སམ། མེ་ཏོག་ལ་སོགས་པ་རང་རང་གི་སྔགས་ཀྱིས་དབུལོ།། དངོས་གྲུབ་ཐམས་ཅད་གྲུབ་པར་བྱ་བའི་ཕྱིར། རྒྱལ་བ་སྲས་དང་བཅས་པས་སེམས་ཅན་ཐམས་ཅད་ཀྱི་དོན་མཐོད་ཅིག་ཅེས ་གསོལ་བ་གདབ་པོ།། དེ་ནས་ཕྱི་རོལ་ཏུ་གཏོར་མ་སྦྱིན་པར་བྱ་སྟེ། དེ་ཡང་རྒྱུད་ལས། འབྲས་ཡོས་བཅས་ཤིང་ཏིལ་དང་བཅས།། འབྲས་ཙོན་མེ་ཏོག་ཆུ་དང་བཅས།། སྲན་ཆན་བཅོས་ཤིང་དང་རརྭ་དང་བཅས། སྣུམ་ཁུར་ལ་སོགས ་བཟའ་བ་རྣམས།། དེ་ཡང་གཏོར་མ་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎ་ཨཱདྷི་ནུཏྤནྣ་ཏྲ་ཏ་ཞེས་པ་བཟླས་ལ་ཤར་ཕྱོགས་ནས་བརྩམས་ནས་གསུམ་གསུམ་དུ་གཏང་། དྲི་དང་སྤོས་དང་བདུག་པ་མཆོད་པ་རྟོག་པ་དང་ཐ་མ་མེད ་པར་སྦྱར་བར་བྱའོ།། དེ་ནས་ཡང་དང་པོར་སྤྱན་དྲང་། དེ་ནས་དམ་ཚིག་གི་ཕྱག་རྒྱ་བསྟན་ལ། མཆོད་ཡོན་དབུལ། དེ་ནས་དྲི་ལ་སོགས་པས་ལེགས་པར་མཆོད། དེ་ནས་གཏོར་མ་དབུལ་ལོ།། དེ་ནས་གཤེགསུ་གསོལ་བར་བྱའོ།། ་ཕྱག་རྒྱ་དང་སྔ་གོས་བཤད་པའི་རྒྱུད་དུ་ཤེས་པར་བྱའོ།། ཡང་ན་དཔུང་བཟང་གིས་ཞུས་པ་ལས་འབྱུང་བའི་ཚིགསུ་བཅད་པ། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ་ཞེས་བྱ་བ་ལ་སོགས་པས་གཏོར་མ་སྦྱིན།། དེ་ནས་རང་གི་ལྷ་བཞིན ་དུ་ང་རྒྱལ་བྱའོ།། ཡི་གེ་བརྒྱ་པ་གདོན་ནོ།། དེ་ནི་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་རློབ་བོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ལ། བདག་མིང་འདི་ཞེས་བགྱི་བ་ཡི།། རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས།། སེམས་ཅན ་ཀུན་ལ་ཕན་པའི་ཕྱིར།། སློབ་མ་རྣམས་ནི་གཞུག་པར་བགྱིའོ།། དེ་ནས་སློབ་མ་དགེ་བསྙེན་ནམ་དགེ་སློང་ངམ། ཐེག་པ་འོག་མ་ལ་སྡོམ་པ་བླངས་ལ་དབང་བསྐུར་བ་འམ། རོ་ཉིད་དེ་ལྟ་བུས་འདི་སྐད་བརྗོད་དོ།། དགའ་ཆེན་ཁྱོད་ནི་བདག ་སྟོན་པས།། སློབ་དཔོན་ཁྱོད་ནི་དགོངསུ་གསོལ།། བྱང་ཆུབ་ཆེན་པོའི་ཚུལ་བརྟན་པ།། མགོན་པོ་ཆེན་པོ་བདག་འཚལོ།། བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ།། དམ་ཚིག་དེ་ནི་སྦྲུལ་དུ་གསོལ།། སྡོམ་པ་རྣམས་ཀྱང་བདག་ལ་སྩོལ།། དེ་ན ་སློབ་མ་ལ་རྡོ་རྗེ་བསྲུང་བ་བཟླས་པའི་སྟོད་གཡོགས་དང་། རྡོ་རྗེ་གནོད་སྦྱིན་ལ་སོགས་པའི་ལྕགས་ཀྱུ་ལ་སོགས་པ་བཟླས་པ་གདོང་གཡོགས་བཅིངས་ལ། ཕྱག་བཞི་བྱེད་དུ་གཞུག་གོ།། དེ་ནས་སློབ་དཔོན་གྱིས་ཆོས་བཤད་གོ་བགོ་བསྡམས ་བཤགས་རྗེསུ་ཡི་རང་། སྐྱབས་ཕྱེད་གསོལ་བ་ཡང་བྱས་ལ། ཡང་འདི་སྐད་བརྗོད་པར་བྱའོ།། གཙོ་བོ་བདག་ལ་སྡོམ་པ་སྩོལ།། ཐུབ་པའི་ཉི་མ་མ་ལུས་པ།། སངས་རྒྱས་རྣམས་ཀྱང་བདག་ལ་དགོངས།། ་བདག་མིང་འདི་ཞེས་བགྱི་བ་ཡི།། སློབ་དཔོན་དཔང་དུ་གནས་པ་ལས།། སངས་རྒྱས་རོལ་མོ་ལས་བྱུང་བའི།། མི་ལྡོག་པ་ཡི་འཁོར་ལོ་འབྱོར།། ཐར་པའི་རང་བཞིན་གྲོང་ཁྱེར་ཆེ།། གསང་བ་ཆེན་པོར་འཇུག་པར་བགྱི།། གསང་བ་ཐམས ་ཅད་བསྡུས་པར་ནི།། སློབ་དཔོན་ཆེན་པོ་བདག་འཇུག་མཛོད།། མི་ལྡོག་པ་ཡི་དབང་བསྐུར་བ།། སྐལ་པ་ཆེན་པོ་བདག་ལ་སྩོལ།། མཚན་རྣམས་ཀུན་གྱིས་རྒྱས་བཏབ་ཅིང་།། དཔེ་བྱད་རྣམས་དང་ཡང་དག་ལྡན།། སངས་རྒྱས་ཀུན་གྱི ་ཡིད་འོང་བ།། སློབ་དཔོན་ཆེན་པོ་བདག་ལ་སྩོལ།། དའང་བསྐུར་ཆེན་པོ་རྨད་བྱུང་བ།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། བདག་ནི་རྟག་ཏུ་སློབ་དཔོན་གྱུར།། སློབ་དཔོན་ཆེན་པོ་བདག་ལ་སྩོལ།། དེ་ནས་སློབ་དཔོན་གྱིས། རིགས་ཐམ ་ཅད་ལ་གསོལ་བ་གདབ་པར་བྱ་སྟེ། ཆེ་གེ་མོས་བྱ་བ་འདི་ཉིད་ནི་བྱང་ཆུབ་སེམས་ནི་ཡོངས་འཛིན་པ།། དམ་ཚིག་མཆོག་ཏུ་གསང་བ་པ།། འཁོར་ལོ་འདིར་ཡང་འཇུག་པར་འཚལ།། དེ་ནས་ཡང་སློབ་དཔོན་གྱིས་འདི་སྐད་བརྗོད་པ ་བྱ་སྟེ། གསང་བ་ཆེན་པོ་རིགས་དག་པའི།། གསང་བ་ཡོངསུ་འཛིན་པར་ནི།། བདག་ཉིད་ཆེན་པོ་ཁྱོད་འདོད་དམ།། དེས་ཀྱང་འཚལ་ཞེས་བརྗོད་པར་བྱ།། ཡང་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ།། སངས་རྒྱས་ཆོས་དང་། ་དགེ་འདུན་ཏེ།། དཀོན་མཆོག་གསུམ་ལ་སྐྱབསུ་སོང་།། འདི་ནི་སངས་རྒྱས་རིགས་དག་པའི།། དམ་ཚིག་འདའ་བར་དཀའ་བའོ།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག། བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས།། བྱང་ཆུབ་སེམས་གང་དེ་རྡོ་རྗེ།། ཤེས་རབ ་དྲིལ་བུ་ཞེས་བཤད་དོ།། སློབ་དཔོན་དག་ཀྱང་གཟུང་བར་བྱའོ།། བླ་མ་སངས་རྒྱས་ཀུན་དང་མཉམ།། འདི་ནི་རྡོ་རྗེ་རིགས་དག་པའི།། སྡོམ་པ་དམ་ཚིག་ཡིན་པར་གསུངས།། རིན་ཆེན་རིགས་མཆོག་ཆེན་པོ་ལ།། ཉིན་དང་མཚན་མོ་ལན ་གསུམ་དུ།། ཟང་ཟིང་མི་འཇིགས་ཆོས་དང་བྱམས།། སྦྱིན་པོ་རྣམ་བཞི་རབ་ཏུ་སྦྱིན།། ཕྱི་ནང་གསང་བ་ཐེག་པ་གསུམ།། དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ།། འདི་ནི་པདྨའི་རིགས་དྲག་པའི།། དམ་ཚིག་སྡོམ་པ་ཡིན་པར་གསུངས།། ་ལས་ཀྱི་རིགས་མཆོག་ཆེན་པོ་ལས།། སྡོམ་པ་ཐམས་ཅད་ལྡན་པར་ནི།། ཡང་དག་ཉིད་དུ་གཟུང་བར་བགྱི།། མཆོད་པའི་ལས་ཀྱང་ཅི་ནུས་བགྱི།། གཞན་ཡང་བཅུ་བཞི་འདི་དག་ནི།། ཕས་ཕམ་པར་ནི་རབ་ཏུ་བཤད།། སྤང་ཞིང་དོར ་བར་མི་བྱ་སྟེ།། རྩ་བའི་ལྟུང་བར་ཤེས་པར་བྱ།། ཉིན་དང་མཚན་མོ་ལན་གསུམ་དུ།། ཉིན་རེ་ཞིང་ནི་བཟླ་བར་བྱ།། གང་ཚེ་ཉམས་ན་རྣལ་འབྱོར་པ།། ཁ་ནཱ་མ་ཐོ་སྦོམ་པོར་འགྱུར།། ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ།། མ་བྱིན་པ ་ཡང་མི་བླང་ངོ་།། འདོད་པ་ལོག་པར་མི་སྤྱད་དོ།། རྫུན་དུ་སྨྲ་བར་མི་བྱའོ།། ཕུང་གྲོལ་ཀུན་གྱི་རྩ་བ་ཡི།། ཆང་ནི་རྣམ་པར་སྤང་བར་བྱ།། སེམས་ཅན་གདུལ་ཕྱིར་མ་གཏོགས་པར།། བྱ་བ་མོ་ཡིན་ཐམས་ཅད་སྤངས།། དམ་པོ་ཉེ་བར་བསྟན ་བྱ་ཞིང་།། རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ།། ལུས་ཀྱི་ལས་ན་རྣམ་གསུམ་དུ་ངག་ཀ་རྣམ་པ་བཅུ་རྣམས་དང་། ཨཱངྒ་ཀྲཱྀ་རྣམ་པ་བརྒྱ་རྣམས་ནཱ།། ཅི་ནུས་པར་ནྣཿས་རྨཱ་ས། ཞུག་པ་དམན་པ ་འདོད་མི་བྱ།། སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན།། འཁོར་བ་དག་ཀྱང་ཡོང་མི་སྤང་།། རྟག་ཏུ་མྱ་ངན་འདའ་མི་ཆགས།། ལྷ་དང་ལྷ་མིན་གསང་བ་པ།། ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་།། ཕྱག་རྒྱ་མཚོན་ཆེ་བ་ཞོན་པ་དང་།། མཚན་མ ་འགོམ་པར་མི་བྱའོ།། འདི་དག་དམ་ཚིག་ཡིན་པར་བཤད།། ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ།། དེས་ཀྱང་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ།། སློབ་དཔོན་འདིར་ནི་གནས་པ་ལོས།། གཙོ་དོས་ཇི་སྐད་བཀའ་སྩལ་པ།། དེ་ལྟར་བདག ་ནི་བགྱིད་པར་འཚལ།། ཇི་ལྟར་དུས་གསུམ་མགོན་པོ་རྣམས།། ཞེས་བྱ་བ་ནས་སེམས་ཅན་མྱ་ངན་འདས་ལ་འགོད་ཅེས་པའི་བར་དུ་བརྗོད།། གང་སྡོམ་པ་འཛིན་པར་མི་བྱེད་པ་དེ་ལ་ནི།། དེང་ཁྱོད་ཅེས་པ་ལ་སོགས་པ་བརྗོད་པར ་མི་བྱའོ།། དབང་མི་བསྐུར་གནང་བ་མི་སྦྱིན།། འཇུག་པ་ཙམ་བྱའོ།། དེ་ནས་ཨོཾ་སརྦ་ཡོ་ག་ཙིདྦྷ་ཨུདྦ་ད་ཡཱ་མི།། ཞེས་པ་འདིས་རྡོ་རྗེ་སྙིང་གར་བཞག་ལེ།། བྱང་ཆུབ་སེམས་ནཽ་བླ་མད་པ།། དམ་པ་བདག་གིས་བསྐྱེད་ནསུ།། དེ་ཡི་སྟོང་གུར ་སྙིང་པོས་ནི།། རྡོ་རྗེ་རབ་ཏུ་བཞག་པར་བྱ།། སུ་ར་ཏ་ས་མ་ཡ་སྟྭཾ་ཧོ་བཛྲ་སིདྷ་ཡ་ཐཱ་སུ་ཁཾ། དེ་ནས་རྡོ་སེམས་དཔར་བྱིན་གྱིས་བརླབས་ལ། དྲི་དང་མེ་ཏོག་ལ་སོགས་པས་མཆོད་དོ།། མེ་ཏོག་གི་ཕྲེང་བ་གདགས།། གདོང་དྲིས་བྱུགས་ལ། ཡོན ་གྱི་མཆོག་བླང་ངོ་།། དེ་ནས་ཕྱི་ན་གནས་པའི་བུམ་པའི་ཆུས་དབང་བསྒྱུར་བ། ས་མཱ་ཡ་སྟྭཾ་ཞེས་བྱ་བ་འདིས། རྡོ་རྗེ་སེམྱས་མའི་ཕྱག་རྒྱུ་འཆིང་དུ་བཅུག་ལ། གུང་མོ་གཉིས་མེ་ཏོག་གི་ཕྲེང་བ་ཐོགས་ལ་ས་མ་ཡ་ཧཱུ~ཾ་ཞེས་པས ་གཞུགས་པར་བྱ་ཞིང་། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་ཀྱང་རང་གི་སྒོ་ནས་བཛྲ་ཨཾ་ཀུ་ཤཾ་ཛཿབོཛྲ་པཱ་ཤྭ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲོ་ཨཱ་བྲྀ་ཤ་ཨ་ཞེས་བྱ་བས་དྲྀགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱའོ།། དེ་ནས ་ཤར་སྒོར་དེ་བཞིན་དུ་བཅུག་ལ་འདི་སྐད་བརྗོད་པར་བྱའོ།། དང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགསུ་ཞུགས་ཀྱིས། ངས་ཁྱེད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་གྲུབ་པ་ཡང་ཐོབ་ལ། དངོས ་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱས་ལ། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་ལ་སྨྲ་བར་མ་བྱེད་ཅིག། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་རྡོ་རྗེ་སློབ་དཔོན་བདག་ཉིད་ཀྱིས་རྡོ་རྗེ ་སེམས་མའི་ཕྱག་རྒྱ་ཁ་ཐུར་དུ་བསྟན་པ་བཅིངས་ལ། རྡོ་རྗེ་སློབ་མའི་སྤྱི་བོར་བཞག་ལ། འདི་སྐད་ཅེས་བརྗོད་པར་བྱའོ།། འདི་ནི་ཁྱོད་ཀྱི་རྡོ་རྗེ་དམ་ཚིག་ཡིནྣ་གྱིས། གལ་ཏེ་འགའ་ཞིག་ལ་སྨྲས་ན། ཀླད་པ་འགས་པར་འགྱུར་རོ།། དེ་ནས ་ཕྱག་རྒྱ་དེ་ཉིད་དང་མནའི་སྙིང་པོ་འདི་ལན་ཅིག་བཟླས་ཏེ་སློབ་མ་ངོ་འཐུང་དུ་བཅུག་ལ། འདི་སྐད་ཅེས་བརྗོད་པོར་བྱའོ།། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས།། སྙིང་ལ་ཡང་དག་ཞུགས་པར་མཛད།། གལ་ཏེ་ཚུལ་འདི་སྨྲས་ན་ནི།། དེ་མ ་ཐག་ཏུ་བཀས་ནས་གཤེགས།། བཛྲོད་ཀ་ཐ་ཞེས་བྱའོ།། དེ་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས།། ས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་བྱ་དགོསོ།། ཁྱོད་ངལ་བརྙས་པར ་མ་བྱེད་ཅིག། མི་བདེ་བ་མ་སྤངས་པར་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེ་ནས་ཡཽ་གེ་ཨ་ཞེས་བྱ་བས་བདག་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོར་བསམ་པར་བྱའོ།། དེའི་རྗེས་ལ་རང་གི་སྙིང ་གཱ་རྀ་ཡི་གེ་ཨ་ལས་རྡོ་རྗེ་འོད་ཟེར་གྱི་ཕྲེང་བ་དང་ལྡན་པ་བསམ་པར་བྱའོ།། ཡི་གེ་ཧཱུཾ་གིས་སློབ་མ་རྡོ་རྗེ་སེམས་དཔའ་རྡུལ་དང་བྲལ་ཞིང་ཤིན་ཏུ་དང་བར་བསམས་ལ། ཧཱུཾ་ཏྲཱཾ་ཧྲི་ཀཾ་ལས་རྡོ་རྗེ་དང་རིན་པོ་ཆེ་དང་། པདྨ་དང་སྣ་ཚོགས ་རྡོ་རྗེ་སྙིང་ག་དང་དཔྲལ་བ་དང་། ལྕེ་དང་སྤྱི་བོར་བསམ་མོ།། དེ་ནས་སོ་དབྱེ་བའི་ཕྱག་རྒྱས་རང་དང་སློབ་མའི་སྙིང་ག་དབྱེ་བར་བྱའོ།། དེ་ནས་རང་གི་སྙིང་གར་གནས་པའི་རྡོ་རྗེ་ཨ་ཞེས་བྱ་བས་ཕྱུ་ལ་སློབ་མའི་སྙིང་གའི་རྡོ་རྗེ་དབུ་སུ ་བཅུག་སྟེ། ལུས་ཐམས་ཅད་དུ་གང་བར་བསམས་ལ། འདི་སྐད་བརྗོད་པར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརློབ་ལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་སླར་གཞུག་གོ།། དེ་ནས ་བསྒོ་དཔོན་གྱི་མྱུར་དུ་རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ལ་དེའི་སྙིང་གར་བཞག་སྟེ། འདི་སྐད་བརྗོད་དུ་གཞུག་གོ།། རྡོ་རྗེ་སེམས་དཔའ་ཡིན་པར་གྲགས།། རྡོ་རྗེ་ཡེ་ཤེས་བླ་ན་མེད།། དེ་རིང་ཉིད་དུ་འབབ་པར་ཤོག། བཛྲ་ཨ་བཾ་ཤ་ཨ ་ཞེས་པ་ལན་བཅུ་ནས་བརྒྱའི་བར་དུ་བཟླས་ན་འབབ་པར་འགྱུར་རོ།། གལ་ཏེ་མ་བབས་ན་ཡང་ཁྲོ་བོའི་ཁུ་ཚུར་བཅིངས་ལ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་དྲལ་བར་བྱ་ཞིང་། བཛྲ་སཏྭ་ཨ་ཨ་ཞེས་བྱ་བ་འདི་བརྗོད་ལ། རྡོ་རྗེ་སེམས ་དཔའ་འོད་ཟེར་དམར་པོ་འབབ་པས་ཀུན་ཏུ་ཁྱབ་པར་ཀུན་ཏུ་གང་བར་བསམས་ལ། ལན་བརྒྱའི་བར་དུ་བཟླ་བར་བྱའོ།། མ་བབས་ན་མི་བསྐུར་མི་གནང་། གསོན་པོ་ལ་ནི་སྦྱིན་སྲེག་བྱ་བ་དང་། གར་དང་ཉེ་བའི་གར་དང་རྡོ་རྗེ་སེམས་དཔའ ་ཞེས་བྱ་བ་དང་ཀྱེ་རྡོ་རྗེ་རིན་ཆེན་ཞེས་བྱའོ།། ཀྱེ་རྡོ་རྗེ་ལས་རྡོ་རྗེ་ཆོས་ལན་དང་ཉེ་བའི་ལན་ནོ།། ཕྱག་རྒྱ་མཆོང་དུ་གཞུག་གོ།། དེ་ཡང་དང་པོར་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་འཆིང་དུ་གཞུག་གོ།། ཡང་ནིརྱ་བཛྲ་ཞེས་པས་གར་བསྒྱུར། ་དེ་ནས་གར་དང་ཉེ་བའི་གར་ལ་སོགས་པ་སློབ་དཔོན་གྱིས་རྡོ་རྗེ་ཁུ་ཚུར་ནས་རྡོ་རྗེ་ཆོས་ཀྱི་བར་དུ་བྱ།། སློབ་མས་རྡོ་རྗེ་སེམས་དཔའ་ནས་རྡོ་རྗེ་བཞད་པའི་བར་དུ་བྱའོ།། དེ་ལྟ་བུས་རྒྱལ་བ་སྲས་དང་བཅས་པ་མཛད་པར་འགྱུ་རོ།། དེ་ནས་བབྲ ་པའི་ལྕེ་ལ་རྡོ་རྗེ་བསམ་ལ་ཧཱུཾ་ཏིཥྛ་བཛྲ་ཞེས་བརྗོད་པས་ཐམས་ཅད་སྨྲ་བར་འགྱུར་རོ།། དེ་ནས་པྲ་ཏིཙྪ་བཛྲ་ཧོ་ཞེས་པས་ཕྲེང་བ་དཀྱིལ་འཁོར་དུ་དོར་བར་བྱའོ།། བབས་པའི་ལྷ་དེ་འདི་ལ་གྲུབ་པར་འགྱུ་རོ།། དེ་ནས་ཨོཾ་པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་ས ་མཧཱ་བ་ལ་ཞེས་པ་དེས་ཕྲེང་བ་དེ་མགོ་ལ་བཅིང་བར་བྱའོ།། དེ་ནས་གདོང་གཡོགས་བསལ་ཏེ། རྡོ་རྗེ་སེམས་དཔའ་དང་ཁྱོད་ཀྱིས།། མོག་དབྱེ་བར་ནི་བརྩོན་པར་མཛད།། མིག་ནི་ཐམས་ཅད་རབ་འབྱེད་ལ།། རྡོ་རྗེ་མིག་ནི་བླ་མེད་པའོ།། ཧ ་བཛྲཱ་པཱ་ཤྱ་ཞེས་བྱ་བ་འདིས་གདོང་གཡོགས་དགྲོལ་བར་བྱའོ།། དེ་ནས་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ། རྣམ་པར་སྣང་མཛད་ལ་ཐུགས་ཀྱི་བར་དུ་དཀྱིལ་འཁོར་བསྟན་པར་བྱའོ།། ཏིཥྛ་བཛྲ་ཞེས་དབབ་པའི་ཕྱག་རྒྱས ་སྐྱོབ་མའི་སྙིང་གྲཝར་དགྲོལ་ལོ།། དེ་ནས་ཤར་ཕྱོགས་ཀྱི་སྒོ་ལ་མངོན་པར་ཕྱོགས་པར་བཟླ་བའི་དཀྱིལ་འཁོར་ལ་བྲིས་ལ། རང་གི་ཕྱག་རྒྱས་སློབ་མ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགསུ་བསམ་སྣ་ལ་རང་གི་ཕྱག་རྒྱ་ཆེན ་པོས་ཟླ་བའི་དཀྱིལ་འཁོར་ལ་བཞག་སྟེ། མཆོད་ཡོན་བསྟབས་ཏེ་དྲི་དང་མེ་ཏོག་ལ་སོགས་པས་མཆོད་དེ། གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དང་། དུང་དང་རོལ་མོ་ལ་སོགས་པའི་སྒྲ་རྣམས་ཀྱིས་མཆོད་དོ།། དེ་ནས་བཀྲ ་ཤིས་ཀྱི་ཚོགས་བཅད་པ་ལ་སོགས་པས་མངོན་པར་དགའ་བར་བྱ་ཞིང་དང་པོར་རེ་ཞིག་ཆུའི་དབང་བསྐུར་རོ།། དེ་ནས་ཕྲེང་བ་ལ་སོགས་པ་བཅུ་དང་། རྡོ་རྗེ་དྲིལ་བུཾ་དང་རིན་པོ་ཆེ་སྣ་བདུན་དང་རྒྱུད་ལས་འབྱུང་བ་ལྟར་རིམ་པས་བསྒྱུར ་དེ་ཡང་རྗེ་བཙུན་གྱི་རིམ་པ་ཉིད་དུ་ཤེས་པར་བྱའོ།། བདག་གིས་དེ་ལྟར་བལྟོས་པས་མ་བྲིས་སོ།། དབང་བསྐུར་བའི་རྗེས་ལ་སྤོས་ལ་སོགས་པས་མཆོད།། སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་མཆོད་ལ་དབང་གཞན་བསྐུར་བར་བྱའོ།། ་དེ་ནས་སློབ་དཔོན་གྱིས་ཡང་ཡི་གེ་བརྒྱ་པ་བཏོན་ལ། ཏིང་འཛིན་དེ་བཞིན་དུ་གནས་ལ། ཤིང་ལ་སྔགས་ཀྱི་རྒྱལ་པོ་མང་དུ་བཟླས་ལ། རོ་རིག་པའི་མེ་ཏོག་ཏུ་བསམས་ལ་དོར་བ་འམ། ཡང་ན་སྔ་མ་བཞིན་དུ་གདན་དང་བཅས་པ་རྒྱན་ཀྱང ་རང་གི་ལྷ་བཞིན་དུ་བསམས་ལ། མཆོད་པ་འམ་ཡང་ན་གང་དུ་ཡང་མི་བསམ་པར་བྱའོ།། དེ་ནས་ནུབ་ཕྱོགས་སུ་ཀུ་ཤའི་གདན་ལ་གནས་ཏེ། ཁ་ཤར་དུ་བལྟས་ཏེ་སྦྱིན་སྲེག་བྱའོ།། རྫས་མར་ཁུ་དང་། མངར་གསུམ་དང་ཡཾ ་ཤིང་ལོ་མ་ཅན་དང་། དྲི་ཞིམ་པ་ལས་བྱས་པ་སོར་བརྒྱད་དམ། སོར་བཞི་ཉི་ཤུ་རྩ་བཞིའི་བར་དང་། འབྲས་ཐུགས་དང་མངར་བ་དང་འོ་མར་སྦྱར་བ་དང་། འབྲས་ཆན་དང་། འབྲས་ཡོས་དང་། ས་ཏུ་བ་དང་འབྲུ་སྣ་ལྔ་དང་། ཏིལ། ་དཀར་པོ་དང་སྤོས་དང་མེ་ཏོག་དང་། མར་མེ་དང་དྲི་དང་བཤོས་ཀུན་གཡས་སུ་བཞག་གོ། ཞབས་བསིལ་དང་མཆོད་ཡོན་གཡོན་ཏུ་བཞག་གོ། བུད་ཤིང་སྐམ་པོ་གུར་ཀུམ་གྱིས་བསྒོས་པ་ཡང་བཞག་གོ། ཡུངས ་ཀཱར་ཡང་བསག་གོ།། དེ་ཡང་རྒྱུད་ལས། ག་བུར་གུར་གུམ་ལ་སོགས་པས།། མར་དང་འོ་མ་ཏིལ་བསྒོས་ལ།། ཏིལ་དང་ཡུངས་ཀར་འབྲས་རྣམས་དང་།། དྲི་ཡི་ཆུས་ནི་ལེགས་བཀང་སྟེ།། འབྲས་ཆན་སྤོས་དང་ས་དུ་བ།། སྦྲང ་རྩི་ཤ་ཀར་མངར་ལྡན་པ་ཞེས་འབྱུང་སྟེ།། དེ་ནས་དགང་གཟར་དང་བླུགས་གཟར་དང་ཕུར་བ་དང་། ཐོ་བ་དང་གཏོར་མ་རྣམས་བཤད་པའི་རྒྱུད་བཞིན་དུ་བྱའོ།། དེར་མདོར་བསྟན་པ། དགུང་བླུགས་ཐོ་བ་ཕུར་པ་རྣམས།། ཞི་བ ་ཤིན་ཏུ་རྩེ་མོ་དཀར།། དབྱིབས་ཟླུམ་དྲི་ཡིས་བསྒོས་པར་བྱ།། དྲི་ཞིམ་གཞོན་དང་ས་དཀར་ལས།། སྐྱེས་སྤ་རབ་ཏུ་བསྔགས་པ་ཡིན་ཞེས་གསུངསོ།། རང་རྣལ་འབྱོར་དང་ལྡན་པས།། ཡོ་བྱད་ལས་ཐམས་ཅད་པ་དང་ངན་སོང ་སྦྱོང་བའི་སྔགས་ཀྱིས་བཏབ་པོ།། དེ་ཡང་རྒྱུད་ལས། བརྒྱ་ཕྲག་དུ་མར་ཡོངས་བཟླས་པ།། ཡམ་ཤིང་ལ་ཡང་དེ་བཞིན་ཏེ། ཞེས་གསུང་སོ།། དེ་ནས་ཀུ་ཤ་ལ་བཀྲ་ཤིས་ཀྱི་སྐྱིལ་མོ་ཀྲུང་དུ། དུག ་ལ་རྡོ་རྗེ་ཆོས་ཀྱིས་བཟླས་བརྗོད་བྱས་ཆུས་ཐབས་ཀྱི་ཉེ་འཁོར་དང་། ཡོ་བྱད་ཐམས་ཅད་བསངས་ནས། རང་གི་ལྷའི་རྣལ་འབྱོར་གསལ་བར་བྱ་སྟེ། རྒྱུན་ཆགས་པའི་མེ་འམ། དཀའ་ཐུབ་ལ་དགའ་བའི་ཁྱིམ་ནས་བླངས་པའི་མི་ལ།། རྡོ་རྗེ ་ཆོས་ཀྱིས་བཟླས་བརྗོད་བྱས་པའི་ཆུས་མེ་བསླངས་ཏེ། བུད་ཤིང་ལ་མེས་ར་བ་ལས་སྣ་ཚོགས་ཀྱི་སྙིང་པོ་བརྗོད་ཅིང་རླུང་ཡབ་ཀྱིས་མེ་སྦར་རོ།། དེ་ནས་རང་གི་ཏིང་འཛིན་གསལ་བའི་སྙིང་གར་ཧཱུཾ་བསམས་པ་ལས་ཧཱུཾ་འམ་རམ་ལས་མེ་ལྷ ་བསྐྱེད་དེ། རྡོ་རྗེ་མེའི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་བཅིང་བ་བསྡམ་པ་བྱས་པའོ།། དམ་ཚིག་གི་སྔགས་ཧཱུཾ་ཨོཾ་བཛྲཱ་ཨ་ན་ལ་མཧཱ་བྷཱུ་ཏ་ཛྭ་ལ་བྷསྨིཾ་ཀུ་རུ་སརྦ་དུཥྚཱནུ་ཧཱུཾ་ཕཊ་ཕཊ་ཧཱུཾ་ཞེས་བརྗོད་པས་རྡོ་རྗེ་མེ་ལྷའི་གཟུགསུ་གྱུར་ཏེ། མི་ཏ ་རིང་པ་ལ་གཟི་མདངས་ཆེན་པོ་གཡས་བགྲང་ཕྲེང་། གཡོན་རོལ་པ་སྤྱི་བླུགས་ཐོགས་པ་ཐུར་ཚུགས་སེར་པོ་ཅན་ལུས་པོ་མདོག་དཀར་ཞིང་ཟླུམ་པོ།། མི་ལྕེ་སྟོང་གིས་དཀྲིགས་ཤིང་འོད་འབར་བར་བསམས་ནས། ལྕགས་ཀྱུ་ལ་སོགས ་པའི་ལས་ཀྱི་ཕྱག་རྒྱ་དང་ལྡན་པས་སྔགས་བརྗོད་དོ།། ཨོཾ་བཛྲ་ཨགྣེ་ཨོཾ་ཀུ་ཤ་ཛཿཔཱ་ཤ་ཧཱུཾ་སྠིཊ་ཙི། གརྦྷེ་ཧོཿབགུག་གཞུག་བཅིང་དབང་དུ་བྱའོ།། དེ་ལ་མཆོད་ཡོན་ལ་སོགས་པ་སྔགས་ཀྱིས་བྱིན་ལ། ཞི་བའི་མཐུན་པའི་དགང་གཟར ་གྱིས་མར་གྱི་དགང་བླུགས་གསུམ་སྦྱིན་ནོ།། དེ་ནས་མངར་གསུམ་དང་བསྲེག་ཤིང་ཐོར་ཏོ་མར་ལ་བསྡེབས་པ་གསུམ་བསྲེག་པ་དང་། ཡོ་བྱད་རིམ་པས་དབུལ།། གུང་མོ་སྲིན་ལག་གསུམ་གྱིས་བསྐོར་ཞིང་དབུལོ།། དེ་ནས་བསྟོད་པ་བྱའོ།། ་དེ་ཡང་བཤད་པའི་རྒྱུད་ལས་འབྱུང་བས་བསྟོད་ངོ་།། དྲང་སྲོང་ཆེན་པོ་ཁྱེད་འབར་བ་ཉིད་དུ་བཞུགས་ཏེ། བདག་ཉིད་ཇི་ལྟར་འདོད་ཀྱིས་སྦྱིན་སྲེག་བྱེད་ཀྱི་བར་དུ་གནས་པར་གྱིས་ཤོག་ཅེས་སྨྲས་ནས།། མེ་ལྷའི་གཟུགས་དེ་ཉིད ་མེའི་རང་བཞིན་འབར་བ་ཉིད་དུ་གྱུར་པར་བསམ་མོ།། དེ་ཡང་རྒྱུད་ལས་དེ་ནས་བྱིན་ཟ་དགེ་བ་རཾ་སྦར་ནས། མེ་ལྕེ་སྟོང་གིས་དཀྲིགསོ་ཤིང་འབར་བའི་ལུས།། ཟླ་དཀར་ཀུན་ངའི་བཞིན་ལ་ཞི་བའི་ལུས།། མཐའ་ཡས་པ་ཡི་གཟུགས ་ཀྱིས་མེ་བཀུག་ལ།། ཨརྒ་ཕུལ་བར་བརྟགས་ནས་དེ་བཞིན་དུ།། བློ་མཆོག་ལྡན་པོའི་མདུན་དུ་གཟུགས་མཆོག་བཞག། ཅེས་གསུངས་སོ།། རྡོ་རྗེ་སེམས་དཔའ་བཟླས་པའི་ཡོ་བྱད་གཡས་གཡོན་དུ་བཞག་དགང་གཟར་བླུགས་གཟར ་དང་ཕུར་བ་དང་ཐོ་བ་དང་། གཏོར་མ་མདུན་དུ་བཞག། དེ་ནས་ཁྲོ་བོ་ཧཱུཾ་ལས་བསྐྱེད་པ་དང་།། རང་བཞིན་དང་གཉིསུ་བསྐྲད་པར་བྱས་ལ་མཆོད་པའི་རིམ་པའོ།། ཡང་ཕྲན་ལས་བཅོལ་བསྟོད་པ་བྱའོ།། དེ་ནས་དཀོན་མཆོག་གསུམ་སྤྱན ་དྲང་། མཆོད་པའི་རིམ་པ་ཡང་བྱ།། བསྟོད་ཕྲིན་ལས་བཅོལ།། གཤེགས་སུ་གསོལ།། དེ་ནས་ལྷ་སོ་སོ་ལ་མཆོད་པའི་རིམ་པ་བྱའོ།། དེ་ཡང་བཤད་པའི་རྒྱུད་ལས་ཇི་སྐད་དུ།། དང་པོར་མེ་ལྷ་ཉིད་ལ་གསུམ།། དེ་ནས་ཁྲོ་བོ་ཁམས་གསུལ། ་དེ་འོག་དཀོན་མཆོག་གསུམ་ལ་དབུལ།། དེ་ནས་ལྷ་རྣམས་རེ་རེ་ལ།། ཞེས་གསུངས་པས། དེ་དང་འཐུན་པར་དབུལ།། ཡང་ན་མེ་ལྷ་དང་སོ་སོ་ལའོ།། དེ་ནས་ཁམས་གསུམ་པར་རྒྱལ་ལའོ།། དེ ་ནས་མེ་དག་པར་བྱས་ལ།། དེའི་ནང་དུ་དེ་རྣམས་སྤྱན་དྲང་བྱར་བྱ་བ་དང་། གདན་དབུལ་བ་དང་ཞབས་བསོལ་ལྔ་སོགས་པ་དབུལ་བ་དང་། བསྲེག་རྫས་རིམ་པར་དབུལ་བ་དང་། ལས་ཞི་བར་བྱ་བའི་ལས་དང་བསྟོད་པ་དང་ག ་སུ་གསོལ་བ་དང་། བྱིན་ལས་བཅོལ་བ་མ་ལུས་པོར་བྱའོ།། དཀྱིལ་འཁོར་ཆེན་པོ་ནས་སྤྱན་དྲང་བ་དང་གཤེགསུ་གསོལ་བ་དར་བྱའོ།། ཡང་ན་རང་ལྷའི་རྣལ་འབྱོར་གསལ་བར་བྱས་ལ། ལས་སྣ་ཚོགས་པའི་སྙིང་པོ་བརྗོད་པ ་མེ་འབར་བ་དེ་ཉིད་ཀྱི་ནང་དུ་གཞལ་ཡས་ཁང་རྒྱན་དང་གདན་དུ་བཅས་པ་བསྐྱེད་ལ། དེའི་ནང་དུ་རྡོ་རྗེ་བསྡུ་བ་དང་། བསྦྱོར་ཕྱོགས་པོ་དང་། ནང་དུ་དགུག་པ་དང་གཞུག་པ་དང་། བཅིང་བ་དང་དགྱེས་པར་བྱ་བ་བྱས་ལ་དེ་དག་སྐྱེ་མདོ ་དང་ཕྱག་མཚན་དང་བཞུགས་པའི་ཚུལ་ལ་སོགས་པ་སོ་སོའི་ལྟེ་བས་ཡུནྡ་རོང་དུ་བལྟ་ཞིང་བསམ་མོ།། དེ་ནས་སོ་སོའི་དམ་ཚིག་གི་ཕྱག་རྒྱ་བཅའི་སོ་སོའི་སྔགས་མཇུག་ལ་ས་མ་ཡ་སྟྭཾ་ཞེས་བརྗོད་པས།། འཕགས་པ་རྣམས ་མཉེས་ཤིང་དམ་ཚིག་སྐོངས་པར་བསམ་མོ།། དེ་དག་ལ་ཡང་མཆོད་པའི་རིམ་པ་དང་པོ་ཞབས་བསིལ་དེ་ནས་ཞལ་བསིལ་ཏེ། འཐོར་འཐུང་གིས་བསང་། མཆོད་ཡོན་དབུལ། དེ་ནས་མཆོད་པ་བརྒྱད་དང་ཉི་ཤུ་ཡང་མི་འགས ་ཏེ་ནུས་ན་དབུལ། དེ་ནས་བྱ་སྲེག་རྫས་རྣམས་ལ་ལྷ་སོ་སོའི་སྙིང་པོ་དང་ངན་སོང་སྦྱོང་བའི་སྔགས་བྱསམས་ཏེ་འོད་ཟེར་དཀར་པོར་གྱུར་པར་བསམས་ཏེ། བདག་ལྷ་གནས་རྫས་ལས་དེ་ལྟར་བསམ་མོ།། རྫས་རེ་རེ་ལ་རང་ཨོཾ ་བུདྡྷེ་བཻ་རོ་ཙ་ན་སྭཱ་ཧཱ། ཨོཾ་སརྦ་དུརྒ་ཏི་པ་རི་ཤོ་དྷི་ཡ་སྭ། ཨོཾ་རཏྣ་སཾ་བྷ་བ་ཏྲཾ། ཨོཾ་ཤཱཀྱ་མུ་ནེ་ཡེ་ཨོཾ་སརྦ་ཏྲ་ཊ་ཅེས་པའི་མིང་སྔགས་དང་། སང་དོན་སྔགས་ཀྱི་མཐར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་བཏགས་ལ་དབུལ་ལོ།། དེ་ཡང་དང་པོར་མར ་དངུར་གསུམ། དེ་ནས་ཡཾ་ཤིང་ལོ་མ་སོར་བཞི་པ་རྩ་བ་སོར་གསུམ་པ་ཟླུམ་པོ་གེ་བུར་གུར་གུམ་གྱིས་བསྒོས་པ་དང་། ཤིང་ཞོ་ཅན་དང་དྲི་ཞིམ་པ་ལ་བྱས་པ་སོར་བཞི་པའམ་བརྒྱད་པ་འམ་ཉི་ཤུ་རྩ་ལྔ་མན་ཆད་སྦོམ་ཕྲ་སྔགས ་པའི་ཆང་པཱ་གང་འམ། ཡང་ན་སོར་བརྒྱད་པ་ལ་སོར་ལྔ་རལ་གྲི་འདྲ་བ་སོར་གསུམ་ཟླུམ་པོ་དབུལ་བ་རྩེ་མོ་མར་ལ་བསྡོགས་ལ་དབུལོ།། གོང་མའི་རིམ་པ་བཞིན་དབུ་ལོ།། དེ་ནས་བཟླས་པའི་མཐར་མིང་འདི་ཞེས་བྱ་བའི་ལས་དང་ཉོན་མོངས་པའི ་སྒྲིབ་པ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་བརྗོད་དོ།། ལྷའི་དཀྱིལ་འཁོར་གྱི་ལྷ་རེ་རེ་ལ་བརྒྱ་རྩ་བརྒྱད་དང་ཉི་ཤུ་རྩ་གཅིག་དང་། གསུམ་ལས་ཉུང་བར་མི་དབུལ་ལོ།། དེ་ནས་བཤད་པའི་རྒྱུད་ལས་འབྱུང་བའི་ཚོགས་དང་ཤེས་པ་གླུ་དང་ཕུར་པས་གདབ་པ ་དང་། ཐོ་བའི་ལས་དང་། གཏོར་མ་དང་སྲིད་པ་ཞི་བར་བྱེད་པའི་སྔགས་ཀྱང་ནུས་ན་བྱའོ།། མ་ནུས་ན་བསྟོད་པ་དང་ཕྲིན་ལས་བཅོལ་གཤེགསུ་གསོལ་བར་བྱའོ།། དེ་ཡང་རྡོ་རྗེ་གླུ་དང་ཕུར་བུས་གདབ་པ་དང་། ཐོ་བཞི་པའི་གཏོར་མ་དང་། སྲིང ་པ་ཞི་བྱེད་སྔགས་རྣམས་ནི།། མེད་ན་ལ་སོགས་མི་འགྱུར་ཞེས་གསུངས་སོ།། ཡང་བར་དུ་མིང་འདི་ཞེས་བྱ་བའི་ཉོན་མོངས་པ་དང་སྒྲིབ་པ་ཐམས་ཅད། ཨོཾ་སརྦ་པཱ་པཾ་ད་ཧ་ན་དཛྲ་ལ་སྭཱ་ཧཱ། ཞེས་བརྗོད་ཅིང ་ཏིལ་བསྲེག་གོ།། དེ་ནས་རྫོགས་པ་དང་ཡང་མ་ཐབ་བསངས་ལ། ལྷག་ཆད་ཀྱི་དོན་དུ་གཙོ་བོ་ལ་སོགས་པའི་ལྷ་ཐམས་ཅད་ལ་བརྒྱ་རྩ་བརྒྱད་དབུལ་ལོ།། ཡང་ངན་སོང་སྦྱོང་བའི་ལྷ་ལ་བསྲེག་རྫས་ཉི་ཤུ་རྩ་གཅིག་ཕུལ་ནས་ཚུལ ་བཞིན་དུ་གཤེགས་སུ་གསོལ་དེ་ནས་མེ་ལྷ་མ་ཐབ་ཏུ་སྣང་བར་བྱས་ལ། མཆོད་ཡོན་ལ་སོགས་པ་ལན་གསུམ་དབུལ་ལོ།། དེ་ཡང་རྒྱུད་ལས་ཇི་སྐད་གསུངས་པའི་ཡོན་ཏན་འདོད་པའི་དེ་བཞིན་གཤེགས་པ་ལ་སོགས་དེ་ལྟར་སྤྱན ་དྲངས་ལ། ཨརྒ་ལ་སོགས་དེ་བཞིན་དུ།། བདེར་གཤེགས་གསུངས་པའི་མཆོད་པ་གང་ཡིན་བྱ།། དེ་ནས་བསྲེག་བྱ་གང་སྟེ་རིམ་གྱིས་ནི།། རྒྱལ་ལ་སོགས་ཏེ་བརྒྱ་རྩ་བརྒྱད་དུ་བརྡག། དེ་ནས་སྦྱོང་བའི་སྔགས་ཀྱི་རྒྱལ་པོ་འམ།། བསྲེག་བྱ་ཉི། ་ཤུ་རྩ་གཅིག་ཏུ་བརྟག། དེ་ནས་སྤྱན་དྲངས་ཡོ་བྱད་ལན་གླསུམ་དང་། ཨརྒ་ལ་སོགས་པདྨ་དཀར་ཞལ་མཆོད་ཅེས་གསུང་སོ།། བསྒྲུབ་པར་བྱ་བ་ལང་རྒྱུད་ལས་ཕྱག་ནི་རྡོ་རྗེ་པདྨ་ཞགས་པ་བསྣམས།། འཇིག་རྟེན་གསུམ་ལས་རྣམ ་བར་རྒྱལ་པའི་གཟུགས།། ཞབས་ཀྱིས་པདྲེས་ལྡོག་མནན་ཅིང་།། རྒྱན་རྣམས་ཀུན་ནི་རང་རྫོགས་པ། རྫོགས་སངས་རྒྱས་ཀྱི་དཔེ་རྒྱན་མཐོ།། བས་མོས་སམ་ཡང་ན་བྲིས་ཀྱང་རུང་།། དེའི་སྙིང་པོ་དེ་བཞིན་དུ།། བརྒྱ་ཕྲག་གྲོང་ངམ་ཡང་ན་ནི།། ་བྱེ་བའི་ཚད་དུ་སྦྱིན་སྲེག་བྱ།། དེ་ལྟར་བསྒྲུབ་པ་རྗེ་བཙུན་གྱིས་འཆད་པར་བལྟའོ།། དེ་ལྟར་མི་སྒྲུབ་པ་རྣམས་ཀྱིས། དཀྱིལ་འཁོར་བསྡུ་བ་མཛད་དེ། དྲའི་རིམ་པ་འདིའོ།། སྔར་སྐྱེས་པ་རྣམས་གསལ་བར་བྱས་ལ། དེ་ཡ་མཆོད་པ་རྣམ ་པ་བརྒྱད་ཀྱིས་མཆོད་ལ།། དེ་ནས་ཇི་ལྟར་བསམས་ཤིང་སྤྱན་དྲངས་པའི་ལྷ་རང་གི་ལྷ་ལ་སོགས་པའི་དཀྱིལ་འཁོར་དྲ་བའི་སྤྱོད་ཡུལ་དུ་བྱས་ཏེ། ལེགས་པར་བྱིན་གྱིས་རློབ་པའི་ཕྱིར།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ། ཡི་གེ ་བརྒྱ་པས་གསོལ་པ་གདབ།། དེ་ནས་ཕྱག་རྒྱལ་དགྲོལ་བར་བརྩམས་ཏེ། ཆོས་ཀྱི་ཕྱག་རྒྱ་ལྕེ་རྡོ་རྗེ་ལས་སོ།། ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར།། སེམས་དཔའ་ཆེན་པོ་དམ་ཚིག་གི་ཕྱག་རྒྱ་ལས་སོ།། དམ་ཚིག་གི་ཕྱག་རྒྱ་ཐམས་ཅད ་ནི་རྡོ་རྗེ་བཅིངས་པ་ལས་སོ།། ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་ལ་སོགས་པའི་ཕྱིར། རྒྱ་ཟླ་བའི་དཀྱིལ་འཁོར་ལ་གནས་པས་སོ།། རྡོ་རྗེ་ཕྱག་རྒྱ་ཡང་ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་སྙིང་པོ་ཡི་གེ་སྒྲ་ལས་སོ།། དེ་ཡང་ཟླ་བ་ལས་སོ།། དེ་ཡང་བདག་མེད ་པར་མོས་པར་ལས་སོ།། དེ་ཡང་རྡོ་རྗེ་དབབ་པའི་ཕྱག་རྒྱ་ལས་སོ།། དེ་ཡང་རྡོ་རྗེ་བཅིངས་པ་དྲལ་བའི་ཕྱག་རྒྱ་ལས་སོ།། རྡོ་རྗེ་དྲལ་བའི་ཕྱག་རྒྱ་ཡང་རྡོ་རྗེ་བཅིངས་པ་ལས་སོ།། དེ་ཡང་རྡོ་རྗེ་ཐལ་མོ་ལས་སོ།། རྡོ་རྗེ་ཐལ་མོ་རྣམ་པར་སྨིན་པའི ་ལུས་སུ་མོས་པ་བྱས་ཏེ། བདག་དང་མི་གཉིས་པར་གྱུར་པའི་དམ་ཚིག་སེམས་དཔར་མོས་པ་བཏབ་སྟེ། དེའི་སྙིང་པོ་བཛྲ་མུཿཞེས་བརྗོད་ཅིང་དགྲོལ་ལོ།། དེ་ནས་ཨོཾ་བཛྲ་རཏྣ་ཨ་བྷི་ཥོཉྩ་ཞེས་བརྗོད་ཅིང་སྙིང་གར་རྡོ་རྗེ་རིན་ཆེན་གྱི ་དམ་ཚིག་གི་ཕྱག་རྒྱ་སྔར་བཤད་པ་བཅིངས་ལ་དཔྲལ་བར་གཏུགས་ཏེ། རྡོ་རྗེ་ཁུ་ཚུར་མཛུབ་མའི་རྩེ་མོས་མགོ་ལ་བཅིངས་པའི་ཚུལ་དུ་བྱའོ།། དེའི་འོག་ཏུ་སརྦ་མུ་ཏྲ་མ་ཏྲི་ཀུ་རུ་བ་ར་ཀ་བཱ་ཅན ་བཾ་ཞེས་བྱ་བའི་སྙིང་པོ་བརྗོད་ཅིང་སྔ་མ་བཞིན་དུ་གོ་ཆ་བཅིང་བར་བྱའོ།། གོ་ཆེའི་མཐའ་གཉིས་རྣ་བ་གཉིས་ཀྱི་སྟེང་དུ་ཕྱུང་སྟེ། དར་སྣ་འཕྱང་བའི་ཚུལ་དུ་ལོག་པོ་གཉིས་བརྐྱང་པ་བརྡབ་བོ།། བརྡབ་པོའི་ཐལ་མོ་ཡང ་ལག་པའི་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས་སླད་ཆེ་ལ་མགོ་མི་འབྱེད་པར་ཐལ་མོ་མཉམ་པར་བརྡབ་པའི་ཚུལ་དུ་བྱའོ།། ཨོཾ་བཛྲ་ཏུ་ཥཾ་ཧོ་བརྗོད་དོ།། དེ་ལྟར་ཕྱག་རྒྱ་རྣམས་བཀྲོལ་བ་དང་། བཅིང་བ་དང་མཉེས ་པར་བྱས་ནས་རྡོ་རྗེ་ལྟ་བུར་འགྱུར་རོ།། དེ་ནས་ང་བཞིན་གཤེགས་པ་ལ་སོགས་པ་འཁོར་རྣམས་ཇི་ལྟར་སྦྱིན་དྲངས་ཤིང་མདུན་དུ་བསམས་པ་རྣམས་ཡང་རྗེས་སུ་དྲན་པར་བྱས་ཏེ། ཡང་གསང་བའི ་མཆོད་པ་བཞི་དང་། བདུག་པ་ལ་སྩོགས་པ་བརྒྱད་ཀྱིས་མཆོད་ནས། ཡང་མཆོད་པ་བྱས་ནས། དགེ་བོའི་རྩ་བ་བསྔོ་བར་བྱའོ།། དེ་ནས་རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ནས་ཁ་གྱེན་དུ་བསྟན་ཏེ། ་དགྲོལ་བའི་སྙིང་པོ་འདི་བརྗོད་དོ།། ཨོ་ཏྲི་ཏོ་བ་སརྦ་སཏྭ་ཨརྠ་སིདྡྷི་ར་ཏ་ཏཱ་ཡ་ཐཱ་ནུ་ག་ཏ་གཙྪི་དྷ་མ་བྲདྡྷ་བི་ཥ་ཡཾ་པུ་ན་རཾ་ག་མ་ཡ་མུཿཅེས་པ་དེ་ལྟ་བུས་གཤེགས་སུ་གསོལ་བར་འགྱུར་རོ།། ཇི་ལྟར་བསྐྲང ་བའི་ཏིང་ངེ་འཛིན་གྱིས་སྤྲུལ་པའི་དཀྱིལ་འཁོར་ཡིད་ཀྱི་སྦྱོར་བས་རང་གི་ལུས་ལ་བཅུག་ལ། བསྲུང་བ་བྱ་ཞིང་ང་རྒྱལ་བྱའོ།། དེ་ལྟར་བསྲེག་ནས་ཐལ་བར་གྱུར་པ་དང་། རྡོ་རྗེ་བསྡུ་བའི་སྐྱུགས་སོ་ཧཱ་རཱ་ཎ་ཞེས ་བརྗོད་ཅིང་། རུས་པ་དང་ཐལ་བ་རྣམས་བསྡུས་ནས། སྣོད་གཙང་མར་བཅུག་སྟེ། མཆོད་རྟེན་གདབོ་པའི་ས་ཕྱོགས་སུ་བཞག་གོ། དེ་ནས་གྲ་བུར་ལ་སོགས་པ་དྲིའི་ཆུ་དང་བའི་འོ་མ་དང་། ཞོ་དང་འོ ་མ་དང་། ལྕི་བ་དང་། གཅིན་དང་། རུས་པ་བསྲེས་ཏེ། ངན་སོང་སྦྱོང་བའི་སྔགས་བཞི་ལས་གང་ཡང་རུང་བ་འབུམ་བཟླས་ལ། དཀྱིལ་འཁོར་གྱི་ལྷ་གང་ཡང་རུང་བའི་གཟུགས་སུ་གདབ་པ་འམ། ཡང ་ན་མཆོད་རྟེན་དུ་བྱས་ཏེ། མཆོད་རྟེན་གཅིག་ནས་རྒྱའི་བར་གཞུང་གཞོན་དང་འཐུན་པར་གདབ་བོ།། དེ་ཡང་རྒྱུད་ལས། དེ་ནས་ཐལ་བར་གྱུར་པ་དང་།། རྡོ་རྗེ་བསྡུ་བའི་སྔགས་ཀྱིས་སུ།། ཆོ་ག་བཞིན་དུ་བསྡུ་བར་བྱ།། ་པ་དེ་ཡང་རུས་པའི་རྡུལ།། སྔགས་ཀྱིས་བཏབ་པའི་དྲི་ཆུ་དང་།། བ་སྐྱེས་འོ་མ་ལ་སོགས་ལྔས།། སྦྱོང་བའི་སྔགས་ཀྱིས་བློ་ལྡན་གྱིས།། འབུམ་དུ་བཟླས་པ་རྫོགས་ནས་ནི།། ག་བུར་དྲི་ཡིས་བསྒོས་པ་ཡིས།། འཇོ་བ་དང་ནི ་བསྲེས་ནས་ཀྱང་།། གཟུགས་སུ་བྱས་པ་འམ་ཡང་ན་ནི།། མཆོད་རྟེན་གྱིས་ནི་བལྟར་བྱས་ལ།། གཅིག་གམོ་གཉིས་སེམ་གསུམ་མམ་ལྔ།། ཡང་ན་བརྒྱ་རྩ་བརྒྱད་དུ་བྱ།། ཅེས་པ་ལ་སོགས་པ་གསུངས་ཏེ། དེ་ཡང་ཤི་བའི་དོན་དུ ་ངན་སོང་ལས་ཐར་བར་བྱ་བའི་ཐབས། རྒྱུད་ལས་བསྟན་པར་ཤེས་པར་བྱའོ།། གོང་མ་སྦྱར་བྱས་པའི་ཡོན་ཏན་ཡང་རྒྱུད་ལས། དེ་ལྡན་ནི་སྡིག་ཅན་ཡང་།། ངན་སོང་ལས་ན་བར་བར་འནྡྷ། ་དགེ་བའི་ཆོས་ནི་བསྡུ་བ་དང་།། བྱང་ཆུབ་ས་བོན་བསྐྱོད་པ་དང་།། སངས་རྒྱས་འབྲས་བུ་རྒྱུད་དང་ལྡན།། སྦྱིན་པའི་ཕ་རོལ་ཕྱིན་པར་ལྡན།། ཚུལ་ཁྲིམས་རྒྱུད་དང་རབ་ལྡན་པ།། བཟོད་པ་བརྩོན་འགྲུས་ཕྱིན་བཞག་དང་།། ཤེས ་རབ་རྣམས་ཀྱིས་རྒྱུ་བསྒོམ་པའོ།། འཇིག་རྟེན་བསོད་ནམས་ལྟ་ཅི་སྨོས།། མྱུར་དུ་ངན་སོང་ཐེ་ཚོ་མ་ནི།། བཅོམ་པར་འགྱུར་ཏེ་ཐེ་ཚོམ་མེད།། ཅེས་པ་ལ་སོགས་པ་གསུང་སོ།། དེ་ནས་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏ་པནྣ་ཏྲད ་ཅེས་ཟློས་ཤིང་དཀྱིལ་འཁོར་ཕྱིས་ལ། དམན་མ་ལ་སོགས་པ་ཆུར་དོར་བར་བྱའོ།། དེ་ནས་ཕུར་པ་ཡང་གདོན། དེ་ནས་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ན་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། བརྒྱ་རྩ་བརྒྱད་བཟླས་པའི་འོ་མས་ཕུར་བུ་དང་། གཟུགས ་བརྙན་ཐམས་ཅད་བཀྲུ་བར་བྱ་ཞིང་། ཁང་བུ་ཡང་དག་པར་བྱའོ།། དཀྱིལ་འཁོར་ཆོ་ག་བྱས་པ་ལས།། བདག་གིས་དགེ་བ་གང་བསགས་དེས།། བདེ་བ་གཉིས་མང་དམ་པ་དོ།། འཇིག་རྟེན་ཀུན་གྱིས་རྟོགས་པར་ཤོག། འཕགས ་པ་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལོས་བཏུས་པའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་དྷརྨ་ཀཱིརྟིས་མཛད་པ་རྫོགསོ།། །། རྒྱ་གར་གྱི་མཁན་པོ་ཨཱརྱ་དྷརྨ་པཱ་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་གཏན ་གཏན་ལ་ཕབ་པའོ།། ། ་