CLOSE WINDOW

GT1452: 'phags pa 'jam dpal gyi mtshan yang dag par brjod pa'i dkyil 'khor thams cad la bstod pa
Wyliee-texts produced with BDRC’s OCR application

དགེ་སློང་གཞོན་ནུ་འོད་ཀྱིས་བསྒྱུར་ཅིང་གཏན་ལ་ཕབྱ་བའོ།། རྒྱུ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སོ་གྷྲི་ཏཱི། སརྦ་མཎྜལ་སྟེཏྟ། བོད་སྐད་དུ།། ་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་ཐམས་ཅད་ལ་བསྟོད་པ།། བྱི་དང་ནང་དང་དེའི་ནང་ན།། སྐུ་གསུང་བདག་ཉིད་ལ་བཞུགས་པ།། སྙིང་རྗེ་ཤེས་རབ་རྗེས་ཞུགས་པ།། གཞོ། ་ནུ་ཁྱོད་ལ་ཕྱག་འཚལ་ལོ།། རྣམ་ཀུན་རྣམ་པར་བྱང་ཆུབ་དང་།། རྣམ་ཀུན་དྲི་མ་མེད་པ་དང་།། ཆོས་རྣམས་ཀུན་ལ་གནས་པ་དང་།། ཆོས་ཀུན་གཅིག་ཏུ་སྟོན་པ་དང་། ་རྣམ་ཀུན་ཚུལ་ལ་འཇུག་པ་དང་།། རྣམོ་ཀུན་ཚུལ་ལ་གནས་པ་དང་།། རྣམ་པ་ཀུན་གྱི་དོན་ཚུལ་ཅིག། འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད།། སྒེག་དང་བཞང་དང་མི་སྡུག་དང་།། དྲག ་པོའི་ངོ་མཚར་ཉམས་བདག་ཉིད།། ཉོན་མོངས་གཅོད་དང་ཤེས་རབ་ཅན།། དང་པོའི་སངས་རྒྱས་ཁྱོད་ལ་འདུད།། སྲིད་དང་ཞི་བ་སྤངས་པ་དང་།། སྲིད་དང་ཞི་བར་བཞུགས་པ་མཛད།། ་ཟླ་བ་གཞོན་ནུ་ལྟར་མཛེས་པ།། ཆོས་སྐུ་དེ་ལ་ཕྱག་འཚལ་ལོ།། ཆོས་རྣམས་ཐམས་ཅད་སྟོང་ཉིད་ཀྱི།། སྲོག་ཏུ་ཁྱོད་ནི་ཞུགས་པ་ཡིན།། མཚན་མེ་ལ་ཡང་མཚན་མཾ་མང་།། དབང་ཕྱུག ་ཚེ་ལ་ཕྱག་འཆི་ལི་བསྟོད།། ཁྱོད་མི་བཞུགས་ན་སྤྲོས་འདི་ལ།། ཇི་ལྟར་ཡང་ནི་སྟོན་པ་ཡིན།། ཁྱེད་འདིར་རྗེ་སུ་ཞུགས་ན་ནི།། འདི་ལ་སྣརོན་ལ་ཕྱག་འཚལ་སྟོང་།། ཐོགྷྲ་མ་བར་དང་ཐར་དག ་འདི་ནི་རང་ཉིད་འོད་གསིལ་བ།། འཕྲིན་ལས་རྗེ་སུ་འཇུག་པ་ཡིན།། སྣ་ཚོགས་སྟོན་ལ་ཕྱག་འཚལ་བསྟོད།། ལྟེ་བ་རྟོག་ངག་ལས་འཚེ་བ།། རྩོལ་དང་དྲན་དང་ཏིང་འཛིན་གྱི།། འཕགས་པའི ་ཡན་ལག་འཁོར་ལོ་མཛེས།། འཁོར་ལོས་སྒྱུར་ལ་ཕྱག་འཚལ་བསྟོད།། རུང་བཞིན་གྱིས་ནི་ཀུན་རྫོབ་དང་།། སེམས་ཅན་རྣམས་ཀྱི་བསྡུ་བ་དང་།། དགེ་བ་དྲི་མེད་སྣང་བ་དང་།། སྨིན་བྱེད་དེ་ལ་ཕྱག་འཚལ ་ལོ།། ཟང་ཟིང་མི་འཇིགས་སྦྱིན་བྱེད་དང་།། བྱམས་པ་སྦྱིན་བྱེད་མཆོག་དདྲ་ནི།། ཆོས་སྦྱིན་ཆོས་ཀྱི་དབྱང་ཕྱུག་གི། ཆེན་པོ་དེ་ལ་ཕྱག་འཚལ་བསྟོད།། ཞི་གནས་ལྷག་མཐོང་དག་གིས་ནི།། ་ཤེས་རབ་ཕ་རོལ་ཕྱིན་པར་འགྲོ།། ཉོན་མོངས་སྤྱོད་པའི་ཤེས་རབ་ཀྱི།། རལ་གྲི་བསྣམས་ལ་ཕྱག་འཚལ་བསྟོད་།། སེམས་ཅན་ཁམས་ནི་མགུ་པ་དང་།། རྫུ་འཕྲུལ་རྐང་པ་ཆེན་པོས་གནོན།། བསྟེན ་པ་སོ་སོ་རང་རིག་གིས།། སྐྱོབ་པའི་མགོན་ལ་ཕྱག་འཚལ་བསྟོད།། གོ་ཆ་ཆེན་པོ་བགོས་པ་དང་།། འཇུག་པ་ཆེ་ལ་གནས་པ་དང་།། སོ་སོར་རྟོག་པ་བྱེད་པ་དང་།། བྱ་བ་ནན་ཏན་དེ་ལ་བསྟོད།། སྦྱིན་དང ་ཚུལ་ཁྲིམས་བཟོད་བརྩོན་འགྲུས།། བསམ་གཏོན་ཤེས་རབ་སྟོབས་ཆེན་དང་།། ཐབས་དང་སྨོན་ལམ་ཡེ་ཤེས་ཀྱིས།། ཕ་རོལ་ཕྱིན་ལ་ཕྱག་འཚལ་བསྟོད།། བརྒྱ་དང་དྲུག་ཅུ་གྲངས་ཀྱི་ནི།། དཔལ ་གྱི་བྱང་ཆུབ་འགྲོ་བའི་གཙོ།། གང་ཞིག་གཅིག་ཀྱང་རྣམ་བཅུ་དྲུག། འདོད་ཆགས་ཆེ་ལ་ཕྱག་བསྟོད།། བྱམས་པའི་ཡ་ལང་བགོས་པ་དང་།། ཤེས་རབ་གོ་ཆ་བགོས་པ་དང་།། སྙིང་རྗེ་ཆེན་པོ་བློ་ལྡན ་དང་། ཡེ་ཤེས་ཏོག་ལ་ཕྱག་འཚལ་བསྟོད་།། བཟང་པོའི་ལམ་ལ་སེམས་ཅན་རྣམས།། འཇིག་ཅིང་སྐྱེབ་པར་བྱེད་པ་དང་།། ཐུབ་པའི་བློ་དང་རྒྱ་མཚོ་བཞིན།། མེ་བཟང་བློ་ཡ ་གཏར་ལ་འདུད།། དབྱེར་མེད་སྤོབས་པ་དག་གིས་ནཱི།། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་ལ་འདུད།། བགྲོད་དཀའི་ངན་སོང་ཆེན་པོ་ལས།། ཀུན་ཏུ་འདྲེན་ལྀ་ཕྱག་འཚལ་བསྟོད།། མྱ་ངན་མུན་པ་སེལ་འཇོམས་དང་།། དྲ ་བའི་འོད་ལ་ཕྱག་འཚལོ་བསྟོད།། རྣམ་ཀུན་བདུད་རྩིར་འཇིག་པ་ཡི།། ཟླ་བའི་འོད་ལ་ཕྱག་འཚལ་བསྟོད།། འོད་དཔག་མེད་དང་སྤྲིན་མེད་པའི།། ནི་མཁའི་སྙིང་པོ་ཕྱག་འཚལ་བསྟོད།། སྒྲིབ་པ་ཐམས་ཅད ་སྲེལ་བ་ལ།། ཕྱོག་འཚལ་འདུད་ཅིང་ཕྱག་འཚལྔ་འདུད།། དད་དང་བརྩོན་འགྲུས་དྲན་བསམ་གཏན།། ཤེས་རབ་ཀྱིས་ནི་རྗེས་བསྲུངས་པ།། སྲུང་བ་མེད་ཀྱང་འོད་དག་ནི།། གནོན་པ་རྨད་བྱུང་རྒྱལ་ལ་འདུད།། ཆོས ་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱི།། ལ་ལོར་རྡོ་རྗེ་སེམས་དཔའ་དང་།། ཉོན་མོངས་ཤེས་བྱ་སྤངས་པ་ཡིས།། ལཱ་ལར་རྣམ་པར་སྣང་མཛད་དང་།། ལྔ་ལར་རྡོ་རྗེ་ཧཱུཾ་མཛད་དང་།། ལ་ལར་པདྨ་གར་དཔུང་ཕྱག། ལ་ལར ་རྡོ་རྗེ་ཉི་མ་ནི།། རྒྱ་ཆེན་རྨད་བྱུང་ཆེན་པོས་མཛེས།། གཅིག་གི་བདག་ཉིད་རྟ་མཆོག་དོང་།། ལ་ལར་གསུམ་གྱི་བདག་ཉིད་དང་།། གང་ཞིག་རྣམ་ལྔའི་སྣ་ཚོགས་པའི།། སྐྱོབ་པ་དེ་ལ་ཕྱག་འཚལ་ལོ།། གཉིས ་མེད་འབྱུང་བའི་ཆོས་ཉིད་ཕྱིར།། འཁོར་ལོས་སྒྱུར་གྱི་རིགས་འཛིན་པ།། གཅིག་ཀྱང་སྣ་ཚོགས་བདག་ཉིད་ཀྱི།། རྣམ་པར་སྣང་མཛད་ཆེ་ལ་འདུད།། མཚན་བརྗོད་དཀྱིལ་འཁོར་མ་ལུས་ལ།། བསྟོད་པས་བསོད་ནམས ་གང་སྐྱེས་པ།། དགེ་བ་འད་ཡིས་སེམས་ཅན་རྣམས།། འཇམ་པའི་དབྱངས་ནི་འགྲུབ་པར་ཤོག། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་ཐམས་ཅད་ལ་བསྐྱོད་པ། སློབ་དཔོན ་སོ་མ་ཤྲཱི་མཛད་པ་རྫོགསོ།། ། རྒྱ་གར་གྱི་མཁན་པོ་མ་ཧཱ་ཛྙཱ་ན་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་གཞོན་ནུ་འོད་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ་