| Wylie | e-texts produced with BDRC’s OCR application |
དབྱུང་བ་རྡ་རྗེའི་ཚིག་ཏུ་གནས།། མཱཁའུའརྒའི་རྗེས་འབྱུང་ན་པར་བྷཱསྨྲས་པ་སྨྲན།། སློབ་དཔོན་གྶ་ས་མ་པའི་སམྦྷ་པས་མཛད་སྔག་སོ།། དྲན། མྱུག་སྨད་དུ། ་ནམ་ས་གྷྲྀ་ཏི་སཱ་དྷ་ན། བོད་སྐད་དུ། མཚན་ཡང་དག་པར་རྗོད་པ་སྒྲུབ་། ངག་གི་དབང་ཕྱུག་ལལྔ་ཕྱག་འཚའོ།། ད་པར་རེ་ཤློག་སྒྲུབ་པ་བློས་སྐྱེར་ལངས་ཏེ། ཁ་ལ་སོགས་པ་དྲུག་པར་བྱས་ལ། ་གཏན་གྱི་ཁང་པ་རུ་རབ་ཏུ་ཞུགས་ཏེ། བདེ་བའི་སྟན་ལ་ཉེ་བར་གནས་ནས། སྙིང་ཁ་པདྨ་དང་ཟླ་བ་ལ་དྲི་མྱུར་ཞིང་དཀར་བཱའི་མུ་བསྒོམ་པར་བྱའོ།། དེ་ནས་འོད་ཟེར་གྱི་ཚོགས་ལྕགས་ཀྱུའི་རྣམ་པ་ཅན་གྱིས་དགུག་པའི་བཅྡོཾས ་འོད་འབྱུང་བའི་མདོག་དང་ཚུལ་དང་ཕྱག་མཚན་དང་གདན་དང་ཉེ་བར་ལྡན་པ་མདུན་དུ་རྣམ་པར་བསྒོམས་ཏེ། ཡིད་ཀྱི་རང་བཞིན་གྱི་མེ་ཏོག་དང་བདུག་པ་ལ་སོགས་པས་ཡང་དག་པར་མཆོད་ལ། དེའི་མདུན་དུ་སྡིག་པ ་བཤགས་པ་ལ་སོགས་བྱ་ཞིང་།། བྱམས་པ་ལ་སོགས་པ་ཚུངས་པའི་གནས་བཞི་བསྒོམས་ནས་ཆོས་ཐམས་ཅད་སྟོང་པ་ཉིད་མངོན་དུ་བྱཱས་ཏེ། ཨཻ་ཤཱུ་ནྱ་ཏཱ་ཛྙཱ་ནཱ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ་ཞེས་བྱ་བའི་སྔགས་ཀྱིས་བྱིན ་གྱིས་བརླབ་པར་བྱའོ།། དེ་ནས་ན་མཁོའ་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་ས་བོན་དང་བཅས་པ་རྣམ་པར་བསྒོམས་ལ། དེའི་འོད་ཟེར་གྱིས་ཇི་ལྟ་བའི་སྦྱོར་བས། རྡོ་རྗེའི་ར་བ་དེང་རྡོ་རྗེའི་གུར་དང་ས་འོག་ཀུན་རྡོ་རྗེའི་ས་གཞིར ་དམིགས་ལ།། རྡོ་རྗེ་ཡང་འོད་ཟེར་དུ་ཀུན་ནས་རྡོ་རྗེའི་ར་བ་ལས་ཕྱི་རོལ་དུ་ཕྱོགས་བཅིང་བ་ལ་སོགས་པའི་གཟུགས་ཀྱིས་ཉེ་བར་གནས་པས་ལྟའོ།། དེའི་རྗེ་སུ་རྡོ་རྗེའི་ནང་དུ་ཧྲཱིཿདམར་པོ་ཡོངསུ་གྱུར་པ་ལས་པདྨའོ།། ་པདྨའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་དམར་ཞིང་དཀོར་བའི་མུཾ་ལས་སངས་རྒྱས་མང་པོ་སྤྲོ་བ་དང་བསྡུ་བའི་རྣམ་པར་བསྒོམས་ལ། དྲི་ཡོངསུ་གྱུར་པ་ལས་རྗེ་བཙུན་འཇོམ་པའི་དབྱངས་དམ ་ཞིང་དཀར་བ་པདྨ་དང་ཟླ་བའི་སྟེང་ན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ཞལ་དང་པོ་དམར་པོ་གཡས་སྔོན་པོ་གཡོན་དཀར་པོ་ཞེས་བྱ་བའི་ཞལ་གསུམ་པ་བསྒོམ་པར་བྱའོ།། ཕྱག་བཞི་ཇི་ལྟ་བའི་སྦྱོར་བསོ་ཤེས་རབ ་ཀྱི་པོ་ཏི་དང་། རཱལ་གྲི་དང་། གཞུ་དང་། མདའོ་དང་ལྡན་པའོ།། རྡོ་རྗེའི་དབུ་རྒྱན་ཅན། མཚན་སུམ་ཅུ་རྩ་གེཉིས་དང་དཔེ་བྱང་བཟང་པོ་བརྒྱད་ཅུས་རྣམ་པར་མཛེས་པ།། གོཞོན་ནུའི་རྒྱན་གྱིས་བརྒྱན་པོའི་བདག་ཉིད་དུ ་བསམས་ལ། སྙིང་གེར་པདྨ་དང་ཟླ་བའི་སྟེང་དུ་རྡོ་རྗེ་སེམས་དཔའ་དྲཀར་པོ་སེམས་དཔའི་སྐྱིལ་མོ་ཀྲུང་གི་ས་བཞུགསཽ་པ། གཡོན་པ་དྲིལ་བུ་དཀུ་ལ་བརྟེན་ཅིང་འཆང་བ། གཡོས་ན་རང་གི་སྙིང་གར་འདེགས་པར ་བྱེད་པའི་སྦྱོར་བས་རྡོ་རྗེ་འཆང་བའི།། དེ་བཞིན་དུ་སྨིན་མཚམ་སུ་རིན་ཆེན་རྡོ་རྗེ་སེམས་མ་ཕྱག་གཉིས་ཀྱིས་སྤྱི་བོར་མེ་ཏོག་གི་ཕྲེང་བས་འཆིང་ཞིང་གནས་པའོ།། མགྲིན་པར་པདྨ་རྡོ་རྗེ་དམར་ཞིང་དཀར་བ། ་གཡོན་པ་པདྨའི་སྡོང་བུ་འགྱིང་བག་དང་བཅས་པ་བཟུང་བ་གཡས་པ་དེའི་འདུ་བ་མུ་ཁ་འབྱེད་ཅིང་སྔོན་བཞིན་དུ་ཉེ་བར་གནས་པའོ།། སྤྱི་བོར་ལས་ཀྱི་རྡོ་རྗེ་མ་མདོག་ལྗང་གུ་རྡོ་རྗེ་རྩེ་གསུམ་པ་དང་ལྡནཾ། ་པའི་ཕྱག་གཉིས་བདག་ཉིད་ཀྱི་སྤྱི་བོར་འཆང་ཞིང་དེ་ཁོ་ན་བཞིན་དུ་ཉེ་བར་གནས་པ་བསྒོམ་པར་བྱའོ།། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿོཾ་བཛྲ་པཱ་ཤ་ཧཱུཾ་ཨོཾ་བཛྲ་སྥོ་ཊ་ཕེཾ། ཨོཾ་བཛྲ་ཨ་བཻ་ཤེ་ཧོཿཞེས་བྱ་བའི་སྔགས་ཀྱིས་པདྨ་དང ་ཟླ་བའི་སྟེང་དུ་གོ་རིམས་ཇི་ལྟ་བར་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱའོ།། རྡོ་རྗེའི་ཁུ་ཚུར་གཉིས་བཅིངས་ཏེ་སྡིགས་མཛུབ་དང་མཐེའུ་ཆུང་ལྕགས་སྒྲོག་ཏུ་བྱས་ཤིང་སྤྲད་པ་བཀུན ་ཏྲི་རང་གི་ཁ་རུ་ཉེ་བར་བཞག་པ་ནི་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་སྟེ། ཨརྒྷཾ་དང་། ཞབས་བསིལ་དང་། མེ་ཏོག་དང་། བདུག་སྤོས་ལ་སོགས་པས་ཡང་དག་པར་མཆིད་ལ་སྐད་ཅིག་གིས་རང་གི་ལུས་ལ་གཞོག་པར་བྱའོ།། དེའི་རྗེས ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལོ་དབང་བསྐུར་བཱི་སྔོན་དུ་འགྲོ་བས་མི་བསྐྱོད་པའི་བདག་ཉིད་ཀྱི་རྣམ་པས་དབུ་བརྒྱན་པར་བྱཱ་ས་མཱ་ལ། ཨོཾ་སརྦ་དྷརྨཱ་ཨ་བྷཱུ་ཝ་སྭ་བྷཱ་ཝ་བི་ཤུདྡྷ། བཛྲ་ཨ་ཨཱ་ཨཻ་ཨཿཔྲ་ཀྲྀ ་ཏི་པ་རི་ཤུདྡྷ་སརྦ་དྷརྨཿཡ་ཏུ་ཏ། སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ་མཉྫུ་ཤྲཱི་བི་རི་ཤུདྡྷི་ཏ། མུ་པ་ཏ་ཡཻ་ཏི་ཨ་ཨཱ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཧ་ར་ཧ་ར་ཧ། ཨོཾ་ཧཱུཾ་ཧྲིཿབྷ་ག་ཝཾ་ཛྙཱ་ན་མུརྟ་ཝཱ་ག~ཾ་ཤྭ་ར་མ་ཧཱ་པ་ཙ་སརྦ་དྷརྨཱ་ག་ག་ན་ཨ་མཱ ་སུ་པ་རི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཿཞེས་བྱ་བའི་སྔགས་ཀྱིས་དང་པོ་དང་བར་དང་ཐ་མར་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས་རྗེ་བཙུན་གྱི་མཚན་ཡང་དག་པར་བརྗོད་པ་སྔོན་དུ་འགྲོ་བས་ཉི་མ་རེ་རེ་ཞིང་སོ་སོའི་ཐུན་མཚམས། ་སུ་ལྡན་གསུམ་མམ་གཅིག་ཏུ་སྐྱིལ་ཀྲུང་མ་བ་ཤིག་པས་མཉམ་པར་བཞག་པས་ཀླག་པར་བྱའོ།། དེ་ལྟར་ཇི་སྲིད་སྒྲུབ་པའི་མཚན་མ་མ་ཐོན་གྱི་བར་དུ་ཀླག་པར་བྱའོ།། དེའི་རྗེ་སུ་རྒྱུད་ཇི་ལྟ་བ་བཞིན་དུ་དངོས་གྲུབ་ཀྱི་ཐབས ་ལ་རྗེསུ་གནས་པར་བྱའོ།། མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས། སློབ་དཔོན་མི་གཡོ་སེངྒེས་མཛད་པ་རྫོགསོ།། ། མར་པ་དེ་པས་བསྒྱུར་བའོ།། ་