| Wylie | e-texts produced with BDRC’s OCR application |
གཤེད་ཀྱི་སྒྲུབ་ཐུབས་སློབ་དཔོན་ཨ་ཤོ་ཀ་ཤྲཱིས་མཛད་པ་རྫོག་སོ།། ། པཎྜི་ཏ་དྷཱརྨཱ་ཤྭཱ་མཻ་ཏྲ་དང་ལོཙྪ་བ་ཆུས་ཀྱི་བཟང་པོས་བསྒྱུར་བའོ།། ་རྒྱ་གར་སྐུད་དུ། ཨཱརྱ་ཙ་ལ་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་མི་གཡོ་བའི་བསྒྲུབ་ཐབས། རྡོ་རྗེ་རྣོན་པོ་ལྔ་ཕྱག་འཚལོ།། གསུང་སྒྲ་ཟབ་མོའི་སྒྲ་སྒྲོགས་ཤིང་།། འཇམ་པའི་མགོན་ལ་ཕྱག་འཚལ་ནས།། ་མཚན་གྱི་དོན་ལ་རབ་བརྟེན་ཏེ།། བདག་གིས་སྒྲུབ་ཐབས་རབ་ཏུ་བཤད།། མེ་ཏོག་ཁང་པ་མཛེས་པར་ནི།། བདེ་བའི་སྟོན་ལ་ཉེར་འདུག་སྟེ།། རང་གི་སྙིང་ཁའི་ཨ་ལས་ནི།། དཀོན་ལ་སོགས་སྤྱན་དྲངས་ཏེ།། ཕྱག་འཚལ་མཆོད། ་པ་སོགས་པ་བྱ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ།། ཨོཾ་ཨཱ་བྷཱ་ལ.རྠ.ཎི་ཊདྡྷ་བཛྲ་ཙཀྲ་ཨཱ་ཨཱ་ཨཾ་ཨཿདྭེ་ནས་ཨ་ལས་བྱུང་བུ་ཡི།། རྡོ་རྗེ་རྣོན་པོར་རབ་བསྐྱེད་དེ།། སྐུ་མདོག་པདྨ་རལ་གྲི་བསྣམས།། གླང་ཆེན་སྟེང་དུ ་རབ་ཏུ་བྱས་མ།། ཉི་སྟེང་རལ་གྲི་འཕྲོ་འདུ་ལུས།། མི་གཡོ་བར་ནི་རབ་ཏུ་གྱུར།། རལ་པུ་གཅིག་བསྡུས་འགྱིང་བག་ཅན།། སྤྱི་མདོག་དམྱུར་ནག་འཇིགས་བྱེད་ཆེ།། གླང་ཆེན་ཀོ་བ་རློན་པས་བརྒྱ་ནི།། ཤུགས་དང་བྱཾཅས ་པའི་ཀླུ་ཡིས་བརྒྱན།། ཞགས་པ་རལ་གྲི་ཕྱག་ན་བསྣམས།། ཧ་ཧ་ཧི་ཧོ་རྡོ་རྗེའི་སྒྲ།། མེའི་ཕུང་པོ་རབ་འཕྲོ་བས།། ཚད་མེད་བཞི་ལྡན་བསྒོམ་པར་བྱ།། ཉི་མོ་ཨའི་ས་བོན་ལས།། བདེ་གཤེགས་སྤྱན་དྲངས་རབ་ཏུ་མཆོད་།། ཕྱག ་རྒྱུ་བཞི་ཡིས་རྒྱས་བཏབ་ནས།། དབང་བསྐུར་བྱིན་རླབས་ལ་སོགས་བྱ།། དེ་ནས་སྐྱོ་ན་བཟླས་པ་བྱ་སྟེ། ཨོཾ་བཛྲ་ཏཱིཀྵྞ་ཨ་ཙ་ལ་དྷི། དེ་ནས་གཏོར་མ་བཏང་བར་བྱའོ།། ཨོཾ་བཛྲ་མུཿསྤྱོད་ལམ་གྱིས་གནས་པར་བྱའོ།། དྲི ་མེང་ཡེ་ཤེས་ལས་བྱུང་འདི།། བདག་གིསཽ་སྒྲུབ་ཐབས་ལས་བྱུང་བ།། དག་པོ་ཟླ་ལྟར་གསལོ་བཾ་གང་།། དེ་ཡིས་སྐུ་གསུམ་ཐོབ་པར་ཤོག། མི་གཡོ་བའི་སྦུབས་ཐབས།། སློབ་དཔོན་ཨ་ཤོ་ཀ་ཤྲཱི་མཛད་པོ་རྫོགས ་སོ།། ། པཎྜི་ཏ་དྷརྨཱ། ཤྲཱི་མཻ་ཏྲ་དང་། ལོཙྪ་བ་དགེ་སྦྱོང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། རྒྱ་གར་སྐད་དུ། བ་ལི་བི་ཏི། བོང་སྐད་དུ། གཏོར་མའི་ཆོ་ག། ་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། ཡིད་བཞིན་ནོར་བུ་ཆེན་པོ་འཆང་།། དཔག་བསམ་ཤིང་ཆེན་རྒྱས་འདྲ་སྟེ།། བུམ་པ་བཟང་པོ་ཆེ་བྱའི་མཆོག། སེམས་ཅན་ཀུན་དོན་བྱེད་ལ་འདུད་།། གཏོར་མཱའི་རིམ་པ ་བཤད་པར་བྱ།། དང་པོར་ལྷའི་རྣལ་འབྱོར་དང་ལྡན་པར་སྔགས་པས་རིན་པོ་ཆེའི་སྣོད་མཛེས་པའི་ནང་དུ་ཁྭ་ཟས་ཀྱི་འབྱོར་པ་དྲི་དང་ཁ་དོན་དང་ལྡན་པ་སྣ་ཚོགས་བཅུག་ལོ།། གཏོར་མའི་ནང་དུ་ཡི་གེ་ཨཱ་ལཱས ་ཡིད་བཞིན་གྱི་ནོར་བུ་འབར་བ་ཟླ་བའི་སྟོང་དུ་རྣམ་པར་བསམས་ལ། དེ་ལས་བདུད་རྩི་ཆུ་རྒྱུན་དང་།། འདོད་པའི་ཡོན་ཏན་གྱི་རྣམ་པར་སྤྲས་པས་སྣོད་དང་བཅུད་ཆོས་ཀྱི་དབྱིངས་ཁྱབ་པར་བསམ་ཞིང་བསྒོམ་པ་ནི། ཡིད ་