CLOSE WINDOW

GT144: dpal 'khor lo sdom pa'i mtshan brgya rtsa brgyad pa'i bstod pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦྷ་ར་ནཱ་མ་ཤ་ར་ཏ་ཨཥྚ་གན་སྟོ་ཏྱཱ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་མཚན་བརྒྱ་རྩ་བརྒྱད་པའི་བསྟོད་པ།། དཔལ་རྡོ་རྗེ་མཁ་འགྲོ་ལ་ཕྱག་འཚལོ།། བསྐལ་པའི་མེ ་ལྟར་འབར་བའི་འཇིགས་པའི་སྐུར་ལྡན་པ།། ཁྲོས་པས་འཇིགས་མཛད་མཚོ་སྐྱེས་སྔོན་པོའི་སྐུ་མདོག་བཞིན།། ཉི་མོའི་དཀྱིལ་འཁོར་སྟེང་བཞུགས་ཁ་ཊྭཱཾ་ག་དང་ནི།། རྡོ་རྗེ་བསྣམས་ཤིང་ཨོཾ་ཨོཾ་ཡོཾ་གེ་དག་པ་ཡིས།། ཚངས་པ་དང ་ནི་ཁྱབ་འཇུག་དྲག་པོའི་ལྷ་དག་གི། མགོ་རྣམས་བཅང་མཛད་ནས་ནི་དབུ་ལ་རྣམ་བརྒྱན་པ།། ཧཱུཾ་ཧཱུཾ་ཕཊ་ཕཊ་ཊ་ཊ་ཡི་གེ་འཁོར་ལྡན་པ།། མི་ཡི་སེང་གེ་ཟིལ་མནན་ནས་ནི་འཇིགས་མཛད་པ།། ཐུགས་རྗེ་ཆེན་པོས་སྤྲུལ་པའི་འཁོར་ལོའི་ཚུལ ་བསྐྱེད་པ། ཛཿཧཱུ~ཾ་བཾ་དྡྷོཿས་དཔལ་མེའི་ནུ་མ་རབ་ཏུ་མནན། བདེ་བར་གཤེགས་པས་དབུ་གཙུག་ལ་ནི་རྣམ་བརྒྱན་པ།། ལྷ་རྣམས་གྷུ་དབུ་གཙུག་ཞབས་ཀྱིས་མནན་མཇེད་པཱ།། ཨུ་ལྱ་ལ་ཡ~ཾ་སྒྲས་ནི་འགེགས་རྣམས་སྐྱུག་མཛད་པ།། ་ཅང་ཏེའུ་འཁྲོལ་ཞིང་ཁྱབ་འཇུག་དྲག་པོའི་པགས་པ་བསྣམས།། རྡོ་རྗེ་ལྷ་མོ་རྣམས་ཀྱི་འཁོར་ལོ་བསྒྱུར་མཛད་པ།། ཧུ་ལུ་ཧུ་ལུ་ཛཱི་ཛི་ཏྲཾ་ཏྲཾ་ཛོ་ཛི་སྒྲོགས།། རྒྱུ་མས་བརྒྱུས་པའི་མགོ་བོའི་ཕྲེང་བའི་རྒྱན་ལྡན་པ།། རྡོ་རྗེ་མཁ་འགྲོའི་གཟུགས ་ཀྱིས་འཇིགས་བྱེད་གླུ་ལེན་པ།། ཀྲུཾ་ཀྲུཾ་དང་ནི་ཧུ་ལུ་ཧུ་ལུས་མྱོས་མཛད་པ།། རྡོ་རྗེ་མཁའགྲོ་རྣམ་པར་བ་རྒྱན་པ་ཡི།། དུར་ཁྲོད་དུ་ར་ནི་གར་དང་ཧ་ལ་ཧ་ལའི་སྒྲས།། གནོད་སྦྱིན་རྣམས་ནི་རབ་ཏུ་སྐྲག་པར་མཛད་པ་དེས། རྡོ་རྗེ་མཁ་འགྲོ ་མ་ཡིས་གླུས་ནཽ་རབ་བསྐུལ་བཥྛཤ་དང་ཁྲག་དང་རྒྱུ་མ་ནོད་ཁྲོལ་བ་གསོལ་བར་མཛད།། ཧཾ་ཧཾ་ཨ་ཨོཾའི་སྒྲས་ནི་ལྷ་རྣམས་གསལ་མཛད་པ།། ཐོད་པ་ཀླད་པས་བཀོང་ནས་གསོལ་ཕྱིར་ཕྱག་ན་བསྣམས།། ཀ་ཧ་ཀ་ཧའི་བཞད་སྒྲས ་འཁོར་བ་འཇིགས་མཛད་པ།། མི་བཟང་དུར་ཁྲོད་རྣ་རྣམས་ཀྱིས་རུས་པའི་རྒྱན་ལྡན་པ།། རྡོ་རྗེ་ཧ་ཧ་ར་བཞད་པས་ཁམས་གསུམ་རྒྱལ་མཛད་པ།། ཧ་ཧ་ཧི་ཧི་ཛ་ཛའི་ཡི་གེས་སྡིགས་མཛུབ་མཛད།། ཧ་ཧ་བིཞང་བས་རི་བོ་རྩེ་ནས་བསྒྱེལ་མཛད་པ།། རྣལ ་འབྱོར་མ་དང་དཔལ་རྣམས་ཏྲི་ཧྲི་སྒྲོགས་པས་འབོད།། མི་ཡི་སེང་གེ་རྩེ་གསུམ་གྱིས་འགུགས་སེམས་ཅན་དོན་མཛད་པ།། མཆེ་བ་གཙིགས་པའི་ཞལ་བཞི་སྐུ་མདོག་སྔོན་པོར་ལྡན།། དྲུ་བྲུཾ་སྒྲོགས་ཤིང་ཕྱག་རྒྱ་ཆེན་པོར་བསྐྱོད་མཛད་པ།། རྡོ་རྗེ ་གློབ་སྟོང་འགྱུར་བའི་ལྕགས་ནི་ཕྱུང་ནས་ཀྱང་།། རྡོ་རྗེ་དྲིལ་བུ་མངའ་དང་གནྡྷ་ལ་ཀྲྀ་ཀླྀ་སྒྲོགས།། གཡོན་བརྐྱང་བ་དང་སྦྲུལ་རྣམས་ཀྱིས་ནི་དབྱུ་བརྒྱུན་ཅིང་།། བསྐུལ་པ་གྲངས་མེད་སེམས་ཅན ་དོན་མཛད་མི་འདོར་བ།། ཧཱ་ན་ད་ཧ་ཕཊ་ཕྲིཊ་སྒྲོགས་ཤིང་སྐྱོབ་མཇེད་པ།། རྣལ་འབྱོར་སྟོབས་ཀྱིས་རྒྱལ་བའི་མཛད་པ་རྣམས་མཇེད་པ།། དངོས་དང་དངོས་མེད་མིན་ཞིང་བསྒོམ་དང་རྡོ་རྗེ་ཅན།། ཙ་ཊ་ཙ་ཊ་གྲྀ་གྲྀ་ཁཾ་ཁི་སྒྲོགས་མཛད་པ།། སངས ་རྒྱས་སྐུ་གསུང་ཐུགས་ཀྱི་སྤྲོས་པ་སྟོང་པ་ཉིད་།། རོལ་པའི་ལྟོ་བས་དྲི་མ་མ་ལུས་བྲལ་བ་དང་།། གྲོ་ལུ་གོ་ལུཛྲ་ཛ་ཡ་ཡཾ་སྒྲོགས་པས་ཞི་བ་དང་།། མཁའ་དང་མཉམ་པའི་ཏིང་འཛིན་བཞུགས་པའི་མཐུ་མངའ་བ།། མུཾ་མཾ་སྒྲས་ནི་བདེ་བ་ཆེན་པོའི ་བདག་ཉིད་ཅན།། ཐུགས་རྗེ་ཆེན་པོས་རྗེས་འབྲེལ་སེམས་ཅན་མི་གཏོང་བའི།། བརྟན་གཡོའི་རང་བཞིན་ཧེ་རུ་ཀ་དཔལ་ཕྱག་འཚལ་སྟོང་།། མཁའགྲོའི་དམ་ཚིག་ཨཱ་ལ་ཀཱ་ལིའི་སྦྱོར་བ་སྟེ།། རིགས་ལྔའི་བདེ་གཤེགས་བཅོམ་ལྡན་འདས་ཀྱིས་བཤད ་དུ་གསོལ།། ལྷ་དང་དྲང་སྲོང་རྣམས་ནི་ཕྱག་འཚལ་བརྗོད་པ་ཡིས།། ཧེ་རུ་ཀ་དཔལ་གསང་བའི་སྐུ་འཛིན་པ་དེར་ངེས་འགྱུར།། དཔལ་ལྡན་འཁོར་ལོ་སྡོམ་པའི་མཚན་བརྒྱ་རྩ་བརྒྱད་པའི་བསྟོད་པ་རྫོག་སོ།། @#།། རྒྱ་གར་སྐད་དུ། ་