| Wylie | e-texts produced with BDRC’s OCR application |
པ་འཇམ་དཔལ་གྱི་སྦྱིན་སྲེག་སློབ་དཔོན་མྱ་ངན་མེད་པས་མཛད་པ་རྫོགསོ།། @#།། རྒྱ་གར་སྐད་དུ། ཛྙཱ་ན་སཏྭ་མཉྫུ་ཤྲཱི་ཨཱ་དཱ་བུདྡྷ་སཱ་དྷ་ནཱ་མ། བོད་སྐ་དུ། འཇམ་དཔལ་ཡེ་ཤེས་སེམས་དཔའ་དང་པོ ་སངས་རྒྱས་ཞེས་བྱ་བའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལོ།། ཐོག་མ་བར་དང་ཐར་སངས་རྒྱས།། སྲིད་པའི་དྲི་མ་དང་བྲལ་བའི།། རང་བཞིན་གྱིས་ནི་དག་པའི་སྐུ།། དང་པོའི་སངས ་རྒྱས་ལ་གཏུད་ནས།། སྙིང་པོ་བསྡུས་པའི་མཚན་རྒྱུད་ལས།། ཡེ་ཤེས་ལྔའི་སྒྲུབ་ཐབས་འདི།། མ་རིག་འཕྲུལ་པ་སྤངས་པའི་ཕྱིར།། གསུང་གི་སྒྲུབ་ཐབས་གསལ་ཕྱིར་བྲི།། གནས་ཁང་ཡིད་དུ་འོང་བར་ནི།། ་བདེ་བའི་བསྟན་ལ་ཉེར་འདུག་སྟེ།། ཚད་མེད་བཞི་པོ་བསྒོམས་བྱས་ནས།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ།། ཨ་བྷཱ་ཝཱ་སྭ་བྷཱ་ཝ་བི་ཤུདྡྷ་བཛྲ་ཙཀྲེ་ཨ་ཨཱཾ་ཨོཾ་ཨཿདེ་ནས་སྟོང་པའི་ཏིང་འཛིན་ལས།། ཨ་ཧཱུཾ་ལས་བྱུང ་རྡོ་རྗེ་ནི།། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད།། ཁྲོ་བོ་རྒྱལ་པོ་ཞལོ་དྲུག་ལྡན།། མཱི་དཔུང་འབར་བ་དང་བཅས་པོ།། འཇིགས་པའི་རྡོ་རྗེ་བསྐྱེད་པར་བྱ།། དང་པོ་ཡི་ནི་དབྱངས་ཡིག་ལས།། ཐབས་དྲང་ཤེས་རཱ་པ་རང་བཞིན་གྱི།། ཡ ་ཤེས་མིག་ཅིག་ཨེ་ཡཽ་ནང་།། ཉོན་མོངསཽ་དྲི་མེད་པདྨའོ།། དང་པོའི་དབྱངས་ཡིག་ལས་བྱུང་བའི།། པཾ་ལས་བྱུང་བའི་པདྨའི་ནང་།། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས།། སངས་རྒྱས་འགྲོ་བའི་ཆོས་འཛིན་པ།། དཔལ་ལྡན ་སངས་རྒྱས་པདྨ་སྐྱེས།། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ།། རྡོ་རྗེ་གནོན་པོ་རང་བཞིན་ཞལ།། ཚིག་གི་དབང་ཕྱུག་སྨྲ་བ་ཆེ།། རྣམ་དག་ཤེས་རབ་ཡེ་ཤེས་ཞལ།། སླུ་བའི་སྐྱེས་མཆོག་དམ་པ་ཡི།། བཅོམ་ལྡན་སྡུག ་བསྔལ་གཅོད་པའོ་ཞལ།། སྟབས་དང་ལྡན་པ་སྨྲ་བའི་རྒྱལ།། གསུང་དབྱངས་རྡོ་རྗེ་ཆོས་ཀྱི་ཞལ།། སྨྲ་བའི་དམ་པ་མཆོག་གི་གནས།། རྡོ་རྗེ་ཟབ་མོ་སྐུའི་ཞལ།། སྨྲ་བའི་སིངྒེ་ཉོན་མོངས་སོལ།། ཁ་དོག་སོ་སོ་མཚུངས་མེད ་ཞལ།། ཀུན་ཏུ་བལྟས་པ་མཆོག་ཏུ་དགའ།། སྐུ་ནི་གཟི་བརྗིད་ཕུང་པོ་ཡིས།། མཚན་དང་དཔེ་བྱང་ལྟ་ནུ་སྡུག། འོད་བཟང་རིན་ཆེན་འབར་བ་སྟེ།། གཡོན་པའི་ཕྱག་བཞི་པྲོ་ཏི་འཛིན།། གཡཱ་བ་ཡི་ནི་ཕྱག་བཞི་ཡིས།། འོད ་དང་བཅས་པའི་རལ་གྲི་འཕྱར།། སྨན་པ་ཆེ་མཆོག་གཞོན་ནུའི་སྐུ།། ལྗོན་པའི་ཤིང་དང་བཙོས་པའོ།། སངས་རྒྱས་ཀུན་གྱི་སྐུ་ཆེ་བ།། སངས་རྒྱས་ཀུན་སྐུ་ལྷོའི་བདག་ཉིད་ཅན།། སངས་རྒྱས་ཀུན་གྱི་གསུང་ཆེ་བ།། རྩིབ ་མུ་ཁྱུང་གསུང་ཡང་ཡིན།། ཨ་བཛྲ་ཏིཀྟཱ་ནུབ་ཏུའོ།། དུཿཁིཙྪིང་ཤྭར་དུའོ།། པྲཛྙཱ་ཛྙཱ་ན་མུརྟ་ཡེ་དབུས་སུའོ།། ཝ་གི་ཤྭ་ར་ལྷོ་རུའོ།། ཛྙཱ་ན་ཀཱ་ཡ་བྱང་དུ་སྟེ། ཨེ་ནི་དབུས་སུ་དཀར་པོའོ།། པ་ནི་ཤར་དུ་མཐིང་ཀའོ།། ཙ་ནི་ལྦོ ་རུ་སེར་པོའོ།། ར་ནི་ནུབ་ཏུ་དམར་པོའོ།། ན་ནི་བྱང་དུ་ལྗང་གུའོ།། གསལ་བྱེད་དང་ནི་དབྱིངས་ཡིག་ནི།། མུ་ཁྱུད་བཞི་ལ་བསམ་པ་སྟེ།། དེ་ལྟར་ཤེས་རབ་འཁོར་ལོའོ།། སངས་རྒྱས་ཀུན་གྱི་ཐུགས་ཆེ་བ།། སངས་རྒྱས་ཀུན་གྱི ་ཐུགས་ལ་གནས།། རྡོ་རྗེ་ཉི་མ་ཤེས་རབ་།། རྡོ་རྗེ་ཟླ་བ་ཐབས་ཀྱི་བྱ་དག། ཆགས་དང་ཆགས་བྲལ་ཡིག་འབྲུ་མཆོག། ཁྭ་དོག་སྣ་ཚོགས་འབར་བུའི་འོང་།། ཨཾ་པྲ་ཀྲྀ་ཏཱ་པ་རི་ཤུདྡྷ། སརྦ་དྷརྨྨ་ཡ་ཏུ་ཏ། སརྦ་ཏ་ཐཱ་ག་ཏཱ་ཛྙཱ་ནཾ། ་ཀཱ་ཡ། མཉྫུ་ཤྲཱི་མུ་པ་ཏ་ཡེ་ཏི་ཨ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨོ་ཨཾ་ཨཿསཱིསྟེ་ཧྲྀ་ཏི་ཛྙཱ་ན་མུརྟི་ར་ཧཾ་བུདྡྷོ་བུདྡྷ་ནི། དྱུ་ཏཱ་བརྟི་ན~ཾ། ཨོཾ་བཛྲ་དྷཱུ་པེ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལ~ཾ་ཀ་སྭཱ་ཧཱ། ཨོཾ་བཛྲ་གརྦྷེ་སྭཱ་ཧཱ། ཨོཾ་བཛྲ་ནེ&ཏེ ་སྭཱ་ཧཱ། ཨོཾ་བཛྲ་ཤཔྟ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་གུ་ཏཱ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲི། བྷ་ག་ཝཾ་ཛྙཱ་ན་མུརྟི་ཝཱ་གི་ཤྭ་ར། མ་ཧཱ་པ་ཙ། ཨ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཧ་ར་ཧ་ར། ག་ག་ན། ཨ་མཱ་ལ་སུ་པ་རི ་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨ། དེ་ལྟར་བསྐྱེད་ནས་བསྒོམ་པར་བྱའོ།། དེ་ནས་གསང་སྔགས་བཟླས་པར་བྱ།། ཨོཾ་བཛྲ་ཏིཀྵྞ་དུཿཁཱཙྪེ་ང། པྲཛྙཱ་ཛྙཱ་ན་མུརྟ་ཡེ། ཛྙཱ་ནཱ་ཀཱ་ཡ། ཝཱ་གཱི་ཤྭ་ར། ཨ་ར་པ་ཙ་ན་ཡ་ཏེ་ན་མ། ད་ནི ་མཚོན་ནས་བརྗོད་པ་ནི།། སྡུག་གུ་འཇིག་རྟེན་གསུམ་གྱི་མཆོག། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན།། ཕྱོགས་བཅུ་ནི་མཁའི་མཐས་གཏུགས་པར།། ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར།། འགྲོ་དང་འདུག་པ ་ཡངས་པ་སྟེ།། བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན།། དེ་ལྟར་བསྒོམས་ནས་མཚན་བརྗོད་དོ།། གཏོར་མ་ཕུལ་ནས་གཤེགསུ་གསོལ།། བདག་ཉིད་སྤྱོད་ལམ་གནས་པར་བྱའོ།། མོང་རྒྱུད་སྙིང་པོའི་དོན་ལས་ནི།། མན ་ངག་ལ་བརྟེན་གཞུང་འདི་བརྩམས།། དེ་ཡི་བསོད་ནམས་གང་བསྩགས་པ།། འགྲོ་རྣམས་འཇམ་དབྱངས་ཐོབ་པར་ཤོག། སློབ་དཔོན་ཨ་ཝ་དྷཱུ་ཏིས་མཛད་པའི་དང་པོའི་སངས་རྒྱས་ཀྱི་སྒྲུབ་ཐབས་རྫོགསོ།། ་དྷརྨཱ་ཤྲཱི་མི་ཏྲ་དང་། ལོཙྪ་བ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། ་