| Wylie | e-texts produced with BDRC’s OCR application |
བོ་པྲཛྙཱ་གུ་རུས་མཛད་པ་རྫོགསོ།། ། རྒྱ་གར་སྐུད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་ཙཀྲ་ཀྲ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འཁོར་ལོའི་རིམ་པ། བཅོམ་ལྡན ་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚ་ལོ།། ཐོགས་མེང་དུས་མཐའ་ན་མཁའ་བསོད་ནམས་དཔག་མེད་པ།། མཁའ་མཉམ་སེམས་ཅན་སྒྲོལ་ཕྱིར་ཐམས་ཅད་མཁྱེན་བསྔོས་པའི།། འཇམ་དབྱངས་མཚན ་ལྡན་དུས་གསུམ་བདེ་གཤེགས་དགེ་བའི་གཤེས་གཉེན་བྱང་ཆུབ་སེམས་དཔའི་ཚུལ།། ཀུན་ཏུ་གཟིགས་པར་ལུང་བསྟན་བསམ་གྱིས་མི་ཁྱབ་དེ་ལ་བདག་ཕྱག་འཚལ།། བླ་མ་དམ་པའི་གཞུང་ལུགོས་ལས།། མན ་དགེ་རྒྱུ་པར་རབ་བསྟན་པ།། སྙིགས་མའི་སེམས་ཅན་བློ་ཞན་རྣམས།། རྣམ་རྟོག་གཡེང་བས་མོས་པ་ཉུང་།། དེ་ལ་དྲན་ཕྱིར་བསྡུས་པ་འདིས།། གྲིབ་དང་ལུང་བསྟན་མ་ཐོབ་ཀྱང་།། སྨན་པ་ཕན་པར་བཞུགས་པ་བཞིན ་བདག་གིས་འདི་ནི་བྱས་པ་ཡིན།། དབང་དང་དམ་ཚིག་ལྡན་པ་ཡིས།། ཡིད་དགའ་བའི་གནས་དག་ཏུ།། བདེ་བའི་སྟན་ལ་འདུག་ནས་ནི།། སྙིང་གར་ཟླ་བའི་དཀྱིལ་འཁོར་ལ།། ཡི་ག་ཨ་ནི་རྣམ་བསམས ་ནས།། དེ་ཡི་འོད་ཀྱིས་བླ་མ་དང་།། བདེ་གཤེགས་སྲས་དང་བཅས་པ་རྣམས།། མདུན་དུ་མངོན་སུམ་ལྟ་བུར་དམིགས།། ལུས་ངག་ཡིད་ཀྱིས་ཡང་དག་པར།། སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ།། རྒྱ་ཆེན་འདོད་པ ་ཐམས་ཅད་ཀྱིས།། སངས་རྒྱས་ཀུན་ལ་མཆོད་པར་བགྱི།། སངས་རྒྱས་བྱང་ཆུབ་སེམས་ཀུན་ལ།། བདག་སྡིག་ཐམས་ཅད་སོ་སོར་བཤགས།། སངས་རྒྱས་བྱང་ཆུབ་སེམས་བསྐྱེད་པའི།། དགེ་བ་ཀུན་ལ་རྗེ་ཡི་རང་།། ་མངོན་སངས་རྒྱས་ནས་མི་རོང་བའོ།། རྫོགས་པའི་སངས་རྒྱས་ཐམས་ཅད་ལ།། ཆོས་ཀྱི་འཁོར་ལོ་དམ་པ་ནི།། བསྐོར་ཕྱིར་བདག་གིས་བསྐུལ་བར་འཚལ།། ཡོངསུ་མྱ་ངན་འདའ་བཞེད་པ།། དེ་བཞིན་གཤེགས་པ་ཐ~ཾད ་ལ།། བསྐལ་པ་རབ་མང་བཞུགས་པར་ནི།། སངས་རྒྱས་ཀུན་ལ་གསོལ་པ་འདེབས།། གང་ཡང་བདག་གིས་མཆོད་པ་རྣམ་དྲུག་དང་།། དགེ་བ་གཞན་བྱས་དེ་དག་ཐམས་ཅད་ནི།། བླ་མེད་རྫོགས་པའི་སངས་རྒྱས་ཉིད ་ཐོབ་ཕྱིར།། བདག་གིས་ཆོས་བཞིན་ཡོངསུ་བགྱི།། ཆོས་ལ་དབང་བསྐུར་སངས་རྒྱས་ཐམས་ཅད་ལ།། བྱང་ཆུབ་སྙིང་པོའི་བར་དུ་སྐྱབསུ་མཆི།། ཨེ་མོ་སེམས་ཅན་བླ་མེད་སྐལ་བྱའི་ཕྱིར།། བདག་གིས་ཐམས་ཅད ་མཁྱེན་པ་ཐོབ་གྱུར་ཅིག། བདག་ཉིད་དངོས་པོ་དབུལ་ལགས་ཀྱི།། སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱིས།། ཇི་ལྟར་བཞེད་པ་མཛད་པའི་ཕྱིར།། བདག་ལུས་སོ་སོར་བ་ཞེསུ་གསོལ།། བདེ་བར་གཤེགས་པ་ཐ~ཾད་ཀྱི།། ཁྱད་འཕགས་ལ་མ་ནི ་བདག་གིས་བསྟན།། དེ་ནས་ཡེ་ཤེས་རྣམ་ལྔ་ཡི།། གཟུགས་བརྙན་ཙ་མོ་ལ་རོབ་དམིགས་ལ།། རང་བཞིན་གྱིས་ནི་རྣམ་པ་དག་པ།། རོང་བཞིན་གྱིས་ནི་བྱིན་གྱིས་བརླབ།། ཨོཾ་ཤཱུ་ནྱཱ་ཏ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ&་ཧཾ། ནམ་མཁའ་ལྟ་བུར ་རབ་དམིགས་ལ།། ཡི་གེ་བྷྲཱུཾ་ལས་བྱུང་བ་ཡི།། སྟོང་གསུམ་ཚད་དང་མཉམ་པ་ཡི།། མཆོད་རྟེན་བདེ་གཤེགས་གཞལ་ཡས་ཁང་།། རིམ་པ་དྲུག་དང་ལྡན་པར་བསྒོམ།། མཚན་ཉིད་ཐམས་ཅད་རྫོགས་པར་བསམ།། དབུས་ཀྱི་སྙིང་པོའི ་ཕོ་བྲང་དུ།། དབུས་སུ་སེང་གེའི་གྲདན་ཉིད་དེ།། གཞན་ཡང་རིམ་པ་ཇི་བཞིན་བསམ།། དེ་ཡི་དབུས་མའི་གདན་ཐོག་ཏུ།། ཨ་ལས་བསྐྱེད་པའི་བཅོམ་ལྡན་འངས།། མདོག་དཀར་རལ་པའི་ཐོར་གཙུག་ཅན།། ཞི་བ་རྒྱན་སྤངས་བྱང་ཆུབ ་མཆོག། ཀུན་ཏུ་ཞལ་གྱི་རྣམ་པར་མཛེས།། དེ་ཐུགས་དྷཱིཿལས་བསྐྱེད་པ་ཡི།། གདོང་ལྔ་ཟུར་ཕུད་ལྔ་པ་མེ་ཏོག་ཐོད།། གཡས་པ་བཞི་ན་རལ་གྲི་སྟེ།། གཡེན་བཞི་ཤེས་རབ་པོ་ཏི་བསྣམས།། རྒྱན་དང་ནཱ་བཟའ་གཞོན་ནུའི་ཚུལ།། ཐུགས། ་ཀར་ཨ་ལས་བྱུང་བ་ཡི།། འཁོར་ལོ་རིམ་པ་བཞི་དང་ལྡན།། ཇི་ལྟར་གསང་སྔགས་དགོད་པ་ནི།། འཁོར་ལོའི་ཆོ་ག་མཐོང་བ་ཡི།། དང་པོའི་སངས་རྒྱས་ཐུགས་ཁར་བསམ།། ལྟེ་བ་ཨ་ལས་བྱུང་བ་ཡི།། ཡེ་ཤེས་སེམས་དཔའ་ཞལ ་དྲུག་པ།། ཨུཏྤལ་དམར་ལ་སྔོ་པོ་ནི།། པོ་ཏིས་མཚན་པ་བསྣམས་པའོ།། གཞོནུའི་བརྒྱན་ལྡན་ཐུགས་ཁར་ནི།། ཟླ་བའི་སྟེང་དུ་ཨ་ཀར་བསམ།། དེ་ལས་སོ་སོར་འཕྲོས་པ་ཡིས།། རིམ་བཞིན་ཐམས་ཅད་སྣང ་བྱས་ནས།། ན་མཁའི་མཁའ་མཉམ་སེམས་ཅན་གྱི།། མ་རིཀ་མུན་པ་བསལ་བྱས་ན་སྟེ།། སར་འདུས་རིམ་བཞིན་རང་ཉིད་ཀྱི།། ཡི་གེའི་ནང་དུ་འདུས་པར་ལྟ།། དེ་ནས་སྔགས་ཀྱི་འཁོར་ལོ་ཡི།། མཚན་བརྗོད་རིམ་པར་ཀླག་པ་ཡང་།། འདི ་ལྟོར་སངས་རྒྱས་བཅོམ་ལྡན་འདས།། ཞེས་པ་དང་པོ་ནས་བརྩམས་ནས།། དོན་ཆེན་ཡི་གེ་དམ་པའི་བར།། རང་གི་དེ་ཉིད་བརྗོད་པ་ཡིན།། ཁོང་ནས་བྱུང་བ་སྐྱེ་བ་མེད།། ཚིག་ཀུན་རབ་ཏུ་གསལ་བར་བྱེད།། དེ་མཐར་ཐུགས་པ ་ཡུམ་བཞི་ཡིན།། མཆོད་པ་ཆེན་པོ་འདོད་ཆགས་ཆེ།། ཞེས་པ་དང་པོར་བརྩམས་བྱས་ནས།། ཆགས་པ་ཐམས་ཅད་སྤེལ་བར་བྱེད།། དེ་དག་མཐར་ནི་རིགས་ལྔ་སྟེ།། བདེ་གཤེགཱ་ཡབ་དང་ཡུམ་རྣམས་ཀྱང་།། མཚན་གྱི ་དོན་ལ་རབ་དམིགས་ཏེ།། མཉམ་པར་བཞག་ནས་མཚན་བརྗོད་ནི།། རིམ་བཞིན་ཀློག་པའི་རྣལ་འབྱོར་པས།། རང་གི་དེ་ཉིད་ཡི་གེ་ལས།། རིམ་བཞིན་སྤྲོ་ཞིང་བསྡུ་བ་ཡིས།། རང་རང་གིདན་ལ་དགོད་པར་བྱ།། འདོད་པ་ཆེན ་པོ་བདེ་བ་ཆེ།། ཞེས་པ་དང་པོར་བརྩམས་ནས་ནི།། སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན།། ངོ་ཡི་མཐར་ཐུག་སེམས་དཔའ་ནི།། བཅུ་དྲུག་འཁོར་ལོ་རབ་ཏུ་དགོང་།། ཡི་གེ་ཨ་ལས་བསྐྱེད་བ་དང་།། སེམས་ཅན་དོན་བྱ། ་སླར་འདུས་ཏེ།། རང་གི་གདན་ལ་དགོད་པར་བྱ།། སྦྱིན་བདག་ཆེན་པོ་གཙོ་བོ་སྟེ།། ཞེས་པ་དང་པོར་བརྩམས་བྱས་ནས།། སྨོན་ལམ་ཡེ་ཤེས་རྒྱ་མཚོའི་བར།། ཕྱི་ནང་ལྷ་མོ་བསྐྱེད་པར་བྱ།། བྱམས་ཆེན་རང་བཞིན་དཔག་ཏུ་མེད།། ་དེ་བཞིན་ཐཱག་ཆེན་ཚུལ་གནས་པར།། ཡི་གེ་ཨོཾ་ལ་སཽ་བསྐྱེད་པ་ཡི།། སྐལ་བཟང་ཕྱི་རོལ་རིམ་བཞིན་དུ།། འཁོར་ལོ་གསུམ་ལ་དགོད་པར་བྱ།། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནི།། ཇི་སྲིད་སྒོམ་པའི་མཐར་ཐུག་པ།། ཚིག་བཅང་བ ་བཞི་དག་གིས་ནི།། མཚན་གྱི་དོན་རྣམས་བསྟན་པ་ཡིན།། འོད་ཟེར་འཕྲོ་ཞིང་བསྡུ་བ་དང་།། གཟུགསུ་གྱུར་ནས་ལྷར་གནས་པ།། ཕོ་བྲང་སྙིང་པོའི་དཀྱིལ་འཁོར་རོ།། རིམ་གཉིས་ཆོས་དབྱིངས་ཡེ་ཤེས་ཀྱི།། དཀྱིལ་འཁོར་དགོད་པ་བསྟན ་པར་བྱ།། སངས་རྒྱས་རྣམ་པར་སྣང་མཛད་ཆེ།། ཞེས་པ་དང་པོར་བརྩམས་བྱས་ནས།། རྡོ་རྗེ་ལྕགས་ཀྱུ་ཞུགས་པ་ཆེ།། མཐར་ཐུགས་ཨོཾ་གྱིས་རྣམ་པར་སྤྲོ།། གཏི་མུག་སྤྱོད་པ་དག་བྱས་ཏེ།། སླར་འདུས་རིམ་པ་གཉིས་པ་ལས།། རྣམ་པར ་སྣང་མཛད་ཚུལ་གྱིས་ནི།། མཚན་གྱི་དོན་རྣམ་གྲངས་བཞིན་དུ།། ཕྱོགས་བཞི་དག་ནས་བཞུགས་པ་ཡིན།། ཚིག་བཅད་ཉི་ཤུ་རྩ་ལྔ་རུ།། ཚིག་རྐང་གཅིག་གིས་མ་ཚང་བ།། འདི་ཡི་དོར་ལ་དམིགས་ཤིང་དགོད།། དེ་ནས་རིམ་པ་གསུ ་པ་རུ།། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས།། ཚུལ་ནས་རབ་ཏུ་བསྟོད་པ་ནི།། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད།། ཅེས་པ་དང་པོར་བརྩམས་ནས་ནི།། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག། ཅེས་པ་ཡི་གེ་མཐར་ཐུག་པར།། ཧཱུཾ་གི་རྣམ་པར ་སྤྲོ་ཞིང་བསྡུ།། མ་བསྐྱོད་པ་ཡི་རྣམ་པར་དགོད།། ཚིག་རྐང་གཅིག་གིས་ལྷག་པ་ཡི།། ཚིགས་བཅུད་བཅུ་ཡིས་ཕྱོགས་བཞི་རུ།། གསང་སྔགས་བདུན་ཅུ་རྩ་གཅིག་སྤྲོས།། ཞེ་སྡང་བདུལ་ནས་རྣམ་པར་གནས།། 8 ་ནས་རིམ་པ་བཞི་པ་ནི།། ཡང་དག་བང་གོ་མིང་དེ་བཞིན་ཉིད།། ཅེས་པ་དང་པོར་བརྩམས་བྱས་ནས།། ཡེ་ཤེས་མེ་ལྕེ་འོད་འབར་གསོལ།། དེ་མཐར་ཐུག་པ་སྤྲོ་བསྡུ་སྟེ།། སྣང་བ་མཐའ་ཡས་རྣམ་པ་ཡིས།། ཕྱོགས་བཞི་དག་ཏུ་རྣམ་པར ་གནས།། སོ་སོར་ཀུན་རྟོག་ཡེ་ཤེས་ནི།། ཧྲཱི་ཡཾ་རྣམ་པར་སྤྲོ་བསྡུ་སྟེ།། འདོད་ཆགས་རྣམ་པར་དག་བྱས་ལ།། ཚིག་བཅད་བཞི་བཅུ་རྩ་གཉིས་ཀྱིས།། མཚན་དོན་གཞུང་ལས་བྱུང་བ་བཞིན།། ཕྱོགས་བཞི་རྣམ་པར་དགོད་པའོ།། དེ་ནས ་རིམ་པ་ལྔ་པ་ཡི།། དཀྱིལ་འཁོར་བ་དག་གིས་བཤད་པར་བྱ།། འདོད་པའི་དོན་གྲུབ་དམ་པ་སྟེ།། ཞེས་པ་དང་པོར་བྱས་ནས།། ནོར་བུ་ཆེན་པོ་རིན་ཆེན་རྟོག། དེར་མཐར་ཐུག་པ་མཉམ་ཉིད་ཀྱི། ཡེ་ཤེས་ཚིགས་བཅད་ཉི་ཤུ་གཉིས ་འོད་ཟེར་འཕྲོས་ཤིང་འདུས་པ་ཡིས།། སེར་སྣ་ཅན་ནི་རྣམ་བཅོམ་ཞིང་།། མཚན་གྱི་དོན་ནི་གྲངས་བཞིན་དུ།། རིན་ཆེན་འབྱུང་ལྡན་ཚུལ་དུ་གནས།། ཏྲཾ་གི་རྣམ་པར་འཕྲོ་ཞིང་འདུ།། དེ་ཟླས་རིམ་པ་དྲུག་པའོ།། དོན་གྲུབ་དཀྱིལ་འཁོར ་དགོད་པ་ཡང་།། ཚོགས་བཅང་བཅོ་ལྔའི་མཚོན་ངོན་ནི།། སངས་རྒྱས་ཀུན་གྱི་རྟོགས་བྱ་བ།། ཞེས་པ་དང་པོར་བརྩམས་བྱིས་ནས།། འཇམ་དཔལ་དཔལ་དང་ལྡན་པའི་མཆོག། དེ་ཡི་མཐར་ཐུག་མཚན་རྣམས་ནི།། ཨ་ཡི་རྣམ་པར ་སྤྲོ་ཞིང་བསྡུ།། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི།། འགྲོ་བ་ཕྲག་དོག་རྣམ་སྦྱངས་ཏེ།། དོན་གྲུབ་རྣམ་པར་རིམ་བཞིན་དགོད།། དེ་ལྟ་བུ་ཡི་ཚུལ་ཉིད་ཀྱིས།། འོད་ཟེར་སྤྲོ་ཞིང་བསྡུས་ནས་སུ།། ཁམས་གསུམ་སེམས་ཅན་ཐམས་ཅད་ནི།། གང་གི་འོད་ཟའོ།། ་རེརིག་གྱུར་པ།། དེ་ཡི་སངས་རྒྱས་རྣམསུ་འགྱུར།། སངས་རྒྱས་ཀུན་ལཱྀ་རེག་འགྱུར་ཞིང་།། བསྡུ་ཞིང་བདག་དང་མཉམ་པར་སྦྱར།། དཀྱིལ་འཁོར་དེ་དག་ཐམས་ཅད་ཀྱང་།། མདོག་དང་གདན་དང་ཕྱག་རྒྱ་རྣམས།། དེ་བཞིན་དང་པོའི་སངས་རྒྱ ་ཀྱང་།། འཁོར་ལོ་ལ་སོགས་རིམ་པ་ཡང་།། ཇི་ལྟར་གྲགས་པ་བཞིན་དུ་དགོད།། དེ་ནས་ཛཿཧཱུཾ་བཾ་ཧོཿཡིས།། ཡེ་ཤེས་འཁོར་ལོ་རྣམས་བཀུག་ཅིང་།། བདག་དང་མཉམ་པར་སྦྱར་བྱས་ནས།། རང་བཞིན་མཆོད་པའི་སྤྲིན་ཚེགས་བསྟིམ། ་བསྡུས་པའི་སྒོ་ནས་བསྟོད་པ་ཡང་།། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད།། ཅེས་པ་དང་པོར་བརྩམས་བྱས་ནས།། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད་།། ཅེས་པའི་ཚིག་བཅད་བཞི་བཞི་ཡིས།། དཀྱིལ་འཁོར་ལྔ་ལ་བསྡུས་ཏེ་བསྟོད།། དེ་ནས ་མཆིན་གྱི་ཡོན་ཏན་ནི།། ལག་ནཱ་རྡོ་རྗེ་རྡོ་རྗེ་འཆང་།། ཞེས་པ་དང་པོར་བརྩམས་བྱས་ནས།། ཆོས་ཀྱི་རྒྱལ་པོར་འགྱུར་ཞེས་པ།། ཡོན་ཏན་སྒོ་ནས་བསྟོད་པ་ཡིན།། ལག་ན་རྡོ་རྗེ་རྡོ་རྗེ་འཆང་།། ཞེས་པ་ལྔ་ཡིས་རྣམས་ཕྱེ་ལ།། དཀྱིལ་འཁོར། ་ལྔ་ཡི་ཡོན་ཏན་ནི།། རིམ་པ་བཞིན་དུ་མཁས་པས་དབྱེ།། དེ་ཡི་ཚིགས་བཅད་མཚན་རྣམས་ནི།། དཀྱིལ་འཁོར་ལྡེ་ཡི་ཡོན་ཏན་གྲགས།། ཨོཾ་སརྦ་དྷརྨ་ཞེས་པ་ནས། ཛྙཱ་ན་གརྦྷ་ཨ་ཡི་བར།། སྐུ་ཡི་ཕྲེབ་བའི་སྔགས་ཀྱི་ནི།། དེ་ལ་བརྟན་ཞིང ་རབ་གནས་པར།། སྔགས་ཀྱི་སྒོ་ནས་བསྟོད་པ་ཡིན།། དེ་ནས་དཔ་ལྡན་རྡོ་རྗེ་འཆང་།། ཞེས་པ་དང་པོར་བརྩམས་བྱས་ནས།། རྫོགས་པའི་ས་ངྱས་ཀུན་གྱིས་བཤད།། དེ་ཡི་མཐར་བསྡུས་པ་ཡིས།། སྒོ་ནས་ཡང་དག་སྟོན་པ་ཡིན།། །། དེ་ལྟར་གང ་ཞིག་སྒོམ་བྱེད་ཅིང་།། ངག་གི་འཁོར་ལོ་རྣམ་འཕྲོས་ཏེ།། རྣོ་གསུམ་དོན་ལ་དམིགས་པ་ཡིས།། རིང་པོར་མི་ཐོ་ཊ་འདུལ་དབང་གིས།། སྟོན་གཞུང་སོགས་ཐ~ཾད་ཀྱང་།། མ་ལུས་དེ་ཡིས་ཐོབ་པར་འགྱུར།། ས་མཆོག་བཅུས་རབ་བགྲོད་ནས།། འཇམ་པའི་དབྱངས་དང ་འདྲ་བར་འགྱུར།། ཐུན་བཞི་འམ་ནི་ཐུན་གསུམ་གྱི།། མཚན་མ་བརྟན་པོ་བྱུང་གི་པར།། དེ་ནི་རྒྱུན་ཏུ་ཀླག་པར་བྱ།། དེ་ནས་དཀྱིར་དབང་བསྐུར་དང་།། ཞི་སོགས་ལས་རྣམས་བརྩམ་པར་བྱ།། གཞན་ཡང་ཤི་ལ་ཕན་པ་དང་།། ཆོ་གའི་བྱེ་བྲག་མ་ལུས་ཀུན།། ཆོ་ག ་ཆེན་པོར་མཐོང་བར་བྱ།། དཀྱོར་བསྡུ་བའི་རིམ་པར་ཡང་།། རིམ་བཞིན་ཡི་ཨ་ལས་ཏྭ།། དེ་ནས་ཐིག་ལེ་དམི་ཌ་པ་མེད།། སྒྱུ་མའི་ཚུལ་དུ་སྤྱོད་ལམ་བརྟག། དམ་པའི་གཞུང་ལུགས་གསལ་མེད་ཀྱི།། བསྡུས་ལ་དགའ་བའི་ངོར་བྱས་ནས།། བདག་འདྲ་བརྩེ་བར ་མི་འོས་ཏེ།། ཁཱ་བ་ལེན་རྡོ་ཡིས་ལྕགས་འདུ་བཞིན།། འཇམ་པ། བྱངས་ལ་མོས་པ་ཡིན།། རང་དབང་མེད་པར་བརྩོམ་པ་ལ།། འཇམ་པའི་དབྱངས་ཀྱིས་བཟོད་པར་མཛོད།། དེ་ལས་བདག་གིས་དགེ་བ་གང་ཐོབ་དེས།། འགྲོ་བ་རྣཾས་ཀྱི་དོན་རྟོཊ་ཞི་གྱུར་ནས།། བདག ་སོ་འཇམ་དཔལ་དབྱངས་དང་འདྲ་གྱུར་ཏེ།། ན་མཁའི་མཐཱ་མ་ཉཾ་སེཾན་གྲོལ་བར་ཤོག། འཕཌ་པ་མཚན་ཡང་དག་པར་བརྗོད་པའི་འཁོར་ལོའི་རིམ་པོ། བླ་མ་དམ་པའི་ཆོ་ག་ཆེན་པོའི་གཞུང་རྣམས་ལ། བློ་ཞན་པའི་དོན་དུ་མོས་པ་ཙམ་ལས་འཇུག་པ་འདི་དག་གི་རིམ་པ་ཕྲ་མོ་རྗོན ་