CLOSE WINDOW

GT1425: gsang ldan gyi tho yig
Wyliee-texts produced with BDRC’s OCR application

འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ།། རིགས་ཀུན་བདག་པོ་འཇམ་དཔལ་དང་།། བླ་མ་དེ་ལ་ཕྱག་འཚལ་ལོ།། མཆོག་དང་ཐུན་མོང་སྒྲུབ་འདོད་པ།། གང་ཟག་རྣམས་ལ་ཕན་པའི་ཕྱིར།། ་བླ་མ་རིམ་པ་བརྒྱུད་པ་ཡིས།། ཆོ་གའི་རིམ་པ་བརྗོད་པར་བྱ།། དཀྱིལ་འཁོར་བདུན་གྱི་ཆོ་ག་ལ།། བསྙེན་པ་ས་དང་སྟ་གོན་དང་།། དཀྱིལ་འཁོར་ཞག་གི་ཆོ་གའོ།། བསྙེན་པའི་ལས་སུ་བྱ་བ་ལྔ།། དང་པོ་ལས་དང་སྦྱོར་བ་གསུམ།། མཆོད ་བསྟོད་བསྙེན་པ་བྱེ་བའོ།། དང་པོའི་ལས་སུ་བྱ་བ་ལ།། ཉེ་རེག་འཐོར་འཐུང་སྟོང་པར་བསྒོམ།། སྐུར་གྱུར་ལྕེ་དང་ལག་པ་བརླབ།། བསྲུང་དང་ཚོགས་བསག་ཕྱག་ལྔ་བྱ།། སྡོམ་བཟུང་ལུས་བསྲེག་སྐུར་ལྡང་ངོ་།། སྲུང་ལ་བདག་དང་གན ་སྲུང་སྟེ།། བདག་ཉིད་སྲུང་བ་བྱ་བ་ཡང་།། བསྐྱེད་བརླབ་དབང་དང་གོ་བསྒྲེའོ།། གནས་སྲུང་བ་ཡི་རིམ་པ་ལ།། བསྣུན་དང་བསྲེག་དང་བཅིང་བ་བྱ།། ཁྲོ་བོ་རྡོ་རྗེའི་ར་བ་བསྒོམ།། ཚོགས་བསག་པ་ཡི་རིམ་པ་ཡང་།། སྦྱིན་སྲེག་བྱ་ཞིང་མཆོད ་པ་བརླབ།། རྟེན་སྦྲུལ་བསྟོད་དོ་གསལ་པོར་བསྒོམ།། དགའ་བར་གྱུར་པས་བསྟོད་པ་བྱ།། ཕྱག་མཆོད་སྡིག་བཤིགས་ཡི་རང་བྱ།། བསྐུལ་དང་གསོལ་གདབ་དགེ་བ་སྔོ།། སྐྱབས་འགྲོ་ལམ་བསྟན་སེམས་སྐུ་།། བསྟོད་པ་གནང་སྦྱིན ་བསླ་བསྟོད་བྱ།། སྦྱོར་བ་གསུམ་ལ་དང་པོ་དང་།། རྒྱལ་མཆོག་དང་ནི་ལས་དག་གོ།། དང་པོའི་སྦྱོར་བ་བྱ་བ་ལ།། ཡེ་ཤེས་བཞི་དང་ག་ཙོ་བོ་བསྐྱེད།། ཡེ་ཤེས་མེ་ལོང་མཉམ་ཉིད་དང་།། སོ་སོ་ཆོས་དབྱིངས་ནན་ཏན་ནོ།། གཞི་ལོ ་རྗེ་མཆོད་རྟེན་དང་།། ཆོས་འབྱུང་རྒྱ་གྲམ་བསྒོམ་པ་དང་།། གཞལ་ཡས་གདན་དང་བཅས་པའོ།། གཙོ་བོ་བསྐྱེད་པ་དག་ལ་ཡང་།། ཆེ་ག་རྣམ་པ་གསུམ་ལས་སུ།། གཞི་ཡི་སངས་རྒྱས་བསྐྱེད་པ་དང་།། ་དང་པོའི་སངས་རྒྱས་འཁོར་ལོ་དང་།། ཡེ་ཤེས་སེམས་དང་ཟླ་བ་ཨའོ།། དཀྱིལ་འཁོར་རྒྱལ་མཆོག་བསྒོམ་པ་ཡང་།། དང་པོར་ཡིག་འབྲུ་བསྐྱེད་པ་དང་།། དེ་ལས་ཕྱག་མཚན་སྐུ་ཕྲ་མོ།། ཐིག་ལེར་གྱུར་ཏེ་སྐུ་རྣམས་བསྐྱེདེ།། ་ལས་ཀྱི་རྒྱལ་པོ་མཆོག་ལ་ནི།། སྒོ་དཔེ་བསྡུ་བསྐྲད་ཡོན་དབུལ་བསྟོད།། བསྟིམ་ལ་བསྐྲད་དེ་སྒོ་ཡང་བཅད།། རྒྱས་གདབ་དབང་བསྐུར་ལས་ལ་སྦར།། མཆོད་ཅིང་བསྟོད་པ་བྱ་བ་ཡང་།། དང་པོའི་སངས་རྒྱས་བཻ་བྱས་ལོ།། ་མཆོད་བདྲབ་སྒོ་དབྱེ་སྤྱན་ཀསསྦྱི་དྲངས་བསླད་ལ་ཡོན་དབུལ་བསྟོད།། ནང་དུ་དགུག་གདུག་བྱ་དང་།། བསྐྲད་ཅིང་སྒོ་བཅད་།། །། རྒྱས་ག་བ་དབང་ད་ད།། ཆོད་ད་འ ་བྱའོ།། བསྙེན་པ་བྱེ་བའི་རིམ་པ་ཡང་།། ཕྱག་བྱབ་ཐུགས་བཞུགས་ལས་སྔགས་བྱ། སྔགས་དགོདདྲན་བྱས་ཟླ་བ་དྨ།། ཐུན་མམས་ཏུ་རང་བྱ།། ། ་སྡུས་སྤྱོད་ལམ་བྱོ།། ཐུན་ལ་བབས་ན་ནང་ཞུགས་བསྐྱེད།། སྒོ་བཅད་ལྷ་དགོད་མཆོད་པ་འདྲེབ།། མཆོད་བསྟོད་ཕྱག་བྱ་ཡོད་ཆ་བ་དབུལ།། ཐུ་ང་ཞུགས་སྟ ་བཞི་པ་ཡི་ཐ་མ་རུ།། གོང་ལྟར་བྱས་ལ་དོན་གསོལ་གདབ།། སྨོན་ལམ་གདབ་ལ་ཡེ་ཤེས་གཤེགས།། དཀྱིལ་འཁོར་བསྡུས་ཏེ་རང་ལ་བསྲུང་།། བརྒྱ་པ་བཟླས་ཏེ་སྤྱོད་ལམ་བྱའོ།། དེ་ནིས་བསྙེན་པ ་རྒྱས་པའོ།། བསྙེན་པ་བསྡུས་པ་བྱེ་བ་ཡང་།། གཙོ་བོ་ཡན་ཆད་སྒོམ་བྱས་ལ།། སྦྱོར་བ་རྣམ་གཉིས་བཞག་པ་སྟེ།། ཕྱི་མ་གོང་ལྟར་བྱ་བ་ཡིན།། གྲངས་དང་མཚན་མའི་བསྙེན་པ་ཡང་།། བཟླས་དང་བསྒོམ་པའི ་ཁྱད་པར་རོ།། དེ་ལྟར་བྱ་བའི་རྗེས་དགྲ་ལ།། ཕྲན་ཚེགས་པ་ནི་ཅི་རིགས་གདགས།། དེ་རྣམས་སྔོན་དུ་བསྙེན་པའོ།། དེ་ནས་སའི་ཆོ་ག་སྟེ།། བརྟག་དང་བསླང་དང་སྦྱང་བ་དང་།། གཟུང་དང་རྡོ་རྗེའི་སྒྲུབ ་པའོ།། བརྟག་པ་ཕྱོགས་དང་མཚན་ཉིད་དང་།། གནས་དང་ལྟོ་འཕྱེའི་བརྟག་པའོ།། སྤང་བ་སྣང་དང་མི་སྣང་སྟེ།། མི་སྣང་བ་ལ་བསླང་བ་ཡང་།། མཎྜལ་བྱས་ལ་དྲི་ཚོམ་དགོད།། བདག་ཉིད་ལྔར་བསྐྱེད་ལྷ་ཚོགས ་སྦྲུལ།། དེ་ལ་མཆོད་སྟོད་གཏོར་མ་སྦྱིན།། ལྷ་མོ་བསྐྱེད་ལ་སྤྱན་དྲངས་ཏེ།། བསྐྲད་བསྟིམ་རྒྱས་གདབ་དའང་བསྐུར་བྱ།། མཆོད་དང་གཏོར་འབུལ་ས་སླང་བྱ།། ཡེ་ཤེས་གཤེགས་ལ་དམ་ཚིག་བསྟིམ།། སྐྲང་བ ་ལས་དང་བྱ་བ་དང་།། སྔགས་དང་ཕྱག་རྒྱས་སྦྱང་བྱས་ཏེ།། བྲི་བརྟག་བུམ་ཞུགས་འཐས་པར་བཅག། རྡོ་རྗེ་སྒྲུབ་པར་བྱ་བ་ནི།། སློབ་དཔོན་རྒྱན་གྱིས་བརྒྱན་བྱོས་ལ།། སྟེགས་བུའི་དབུས་སུ་གནས་བྱས་ཏེ།། དང་པོར ་ཉེ་རེག་བྱ་བ་ནས།། བཟླས་ལ་ཐུག་པ་ཡན་ཆོད་བྱ།། མཆོད་ཅིང་བསྟོད་ལ་གསོལ་བ་གདབ།། དཀྱིལ་འཁོར་བཏེག་ལ་རང་ཡང་བབས།། གནས་གསུམ་བརླབས་ལ་སྤྲོ་བ་བསྐྱེད།། ཕྱག་བྱས་སྤྲོས་ཐོག་སྤྱན་ཡང་དྲང ་བཀའ་བསྒོ་བསྐོར་ཏེ་བསྲུང་བ་བྱ།། བྷྲཱུཾ་མ་མ་ཁཾ་ལས་དཀྱིལ་འཁོར་བསྐྱེད།། ཁྲོ་བོ་གསང་བ་བསྟིམ་བྱས་ལ།། ཕུར་བུས་གདབ་པའི་ལས་བྱའོ།། སྟ་གོར་བྱ་བའི་རིམ་པ་ནི།། ལྷ་དང་བུམ་པ་སྦྱིན་སྲེག་དང་།། ལྷ་མོ་དང་ནི་སློབ་མའོ།། ་ལྷ་ཡི་སྟ་གོན་བྱ་བ་ལ།། གནས་སུ་དྲི་དང་མི་ཏོག་དགོད།། དེ་ལས་ལྷར་སྐྱེད་བསྟིམ་ལ་མཆོད།། བུམ་པ་མཚན་ཉིད་ལྡན་བྱ་ལ།། མཚོན་བྱ་མགུལ་བཅིངས་ཁ་རྒན་ཏེ།། བསྐྲད་བདུག་བསངས་ལ་བཅུད་བྲུག་གོ། བུམ་པ་བཾ་ལ ་བསྐྱང་བྱས་ལོ།། ནང་དུ་ལྷ་བསྐྱེད་སྤྱན་ཡང་དྲང་།། བསྟིམ་ལ་རྒྱས་གདབ་དབང་ལྡན་བྱ།། མཆོད་ཅིང་བསྟོད་ལ་བཟླས་པར་བྱའོ།། སྦྱིན་སྲེགྶ་ཤར་དུ་ཐབ་བྱས་ལ།། ཤིང་གཅེར་མེ་སྤར་མེ་ལྷ་བསྐྱེད།། དེ་ལ་མཆོད་ལ་ཐུགས ་ཁ་ར་ནི།། སུམ་རྩིགས་བསྐྱེད་ལ་སྤྱན་དྲངས་བསྟིམ།། མཆོད་ཅིང་བསྟོད་ལ་སྲེག་རྫས་དབུལ།། སྤྱན་མ་གནོད་སྦྱིན་དག་ལ་ཡང་།། སྦྱིན་སྲེག་རིམ་བཞིན་དབུལ་བར་བྱ།། ས་ཡི་ལྷ་མོའི་སྟ་གོན་ནི།། གོང་ལྟར་བྱས་ཏེ་མིག ་གཤེགས་སོ།། དེ་ནས་སློབ་མའི་སྟེ་གོན་ནི།། ཕྱི་རོལ་གཏོར་མ་བྱིན་བྱས་ལ།། ཁྲུས་བྱས་གོས་གོན་མེ་ཏོག་ཐོགས།། ཕྱག་བྱས་གསོལ་གདབ་སྣ་གཏོང་བསྐུལ།། སྡིག་བཤགས་ཡི་རང་སྐྱབས་སུ་འགྲོ། སེམས ་བསྐྱེད་ལམ་གནས་རྡོ་རྗེ་ལྟ་བུ་བྱ།། ལྷུར་བསྐྱེད་བྱིན་བརླབས་དེ་ལྔ་མཆོད།། སོ་ཤིང་ཀུ་ཤ་སྲུང་སྐུད་གདགས།། གཟེངས་བསྟོད་ཉལ་གཞུག་སྦ་བ་བསྐྱེད།། ལྷ་ལ་མཆོད་ཅིང་བསྟོད་པ་བྱ།། ཕྱག་པས་གསོལ་བ་ལན་གསུམ ་གདབ།། དགེ་བ་བསྔོ་ཞིང་བཟོད་གསོལ་བྱ།། གསོལ་བ་གདབ་ཅིང་སྨོན་ལམ་གདབ།། སངས་རྒྱས་དང་པོར་མཚན་འདོན་གནས།། དཀྱིལ་འཁོར་ཞག་གི་ཆོ་ག་ལ།། ཐིག་དང་ཆེན་ད་སྒྲུབ་པ་དང་།། འཇུག་ཅིང་དབང་བསྐུར ་འོ།། ཐིག་ལ་ལས་དང་ཡེ་ཤེས་ཏེ།། ཡེ་ཤེས་སྣལ་མ་སར་བ་ལ།། བྱིན་བརླབས་བསྐུལ་ཏེ་སྣོད་བཅུག་མཆོད།། བཟླས་ཏེ་རིམ་པས་གདབ་པར་བ།། གདབ་པ་དང་པོ་གནམ་ཐིག་སྟེ།། དེ་ནས་ས་ཐིག་གདབ་པའི ་ཚོན་ནི་བྱིན་བརླབས་བཟླས་ཏེ་དགྱེ།། པན་ཙ་ར་ཀ་ཕྱོགས་ཚོན་དང་།། མཚན་མའི་བྱེ་བྲག་བྲི་བར་བྱ།། བསྒྲུབ་པ་བྱ་བའི་རིམ་པ་ཡང་།། དཀྱིལ་འཁོར་བརྒྱན་ཏེ་མདོ་གདོན་བཞག། ཁྲུས་བྱས་གཞན་ལ་ཤར་སྒོར་གནས ་བསྲུང་དོང་གསང་གཏོར་དཀྱིལ་འཁོར་བསླང་།། སྒོ་ཕྱེ་བུམ་དགོད་ལྷར་བསྐྱེད་དེ།། ན་མཁའི་ལྷ་ཚོགས་ཕབ་ལ་བསྲེ།། བདག་ཉིད་དང་པོའི་ལྷར་བསྐྱེད་དེ།། སྔགས་བཟླས་པར་སྤྲོ་ཚུར་འདུ་བྱ།། ལྷ་རྣམས་སྟོང ་བསྒོམས་སླར་ལ་བསྐྱེད།། དེ་ནས་སྒོ་དབྱེ་ལ་སོགས་པོ།། སྔོན་དུ་བསྟན་པ་བཞིན་དུ་བྱ།། ཕྱི་རོལ་དག་ཏུ་བྱུང་བྱས་ལ།། འཇིག་རྟེན་པ་ལ་གཏོར་མ་བྱིན།། སླར་ལ་ནང་དུ་ཞུགས་བྱས་ལ།། སྦྱིན་སྲེག་དག་གིས་ཚིམ ་པར་བྱ།། དེ་ནས་སློབ་མ་འཇུག་པར་ཡང་།། ལྷ་ལ་གསོལ་། དབ་གནང་བར་བསམ།། སློབ་མས་ཁྲུས་བྱས་མེ་ཏོག་ཐོགས།། ཡོལ་བས་བཅད་ལ་ཕྱི་རོལ་དགུག།། སློབ་མས་ཕྱག་བྱས་གསོལ་བ་གདབ།། གདོང་དང་སྟོད་དང་སྨད་གཡོ ་ཏེ།། ནང་བཀུག་ཕྱག་བྱ་སྡིག་པ་བཤགས།། ཡི་རང་བསྐུལ་དང་གསོལ་བ་གདབ།། སློབ་དཔོན་འདོད་ཕྱིར་ཡང་གསོལ་གདབ།། དེ་ནས་དམ་ཚིག་དག་ནི་དཔོག། ངམ་ཚིག་འཛིན་པར་ཁས་ལེན་གཞུག། སེམས་བསྐྲད་པ་དང་ལྷར་བསྐྱེད་བརླབ།། དམ་ཚིག ་བསྒྲག་ཅིང་དེ་ལོ་མཆོད།། ལས་ཀྱི་བུམ་པས་དབང་ཡང་བསྐུར།། སྒོ་བཞིར་བཅུག་ལ་སླར་ཡང་ནི།། ཤར་སྒོར་བཞག་ལ་མནའ་ཡང་སྐྲག། མནའ་ཆུ་བླུད་ལ་ཡིས་དབབ།། མཆོད་ཅིང་སྨྲར་གཞུག་ཕྲེང་བ་དོར།། མགོ་ལ་བཅིངས་ཏེ་སྣང་བ་བརྟག། མི་དབྱེ་བ་དང ་དཀྱིལ་འཁོར་བསྟན།། དབང་བསྐུར་བ་ཡི་རིམ་པ་དང་།། སྒྲུབ་པ་པོ་དང་སློབ་དཔོན་ནི།། སྒྲུབ་པ་པོ་རུ་དབང་བསྐུར་ན།། རང་གི་ལྷར་བསྐྱེད་དེ་ལ་མཆོད།། དང་པོ་རིག་པའི་དབང་བསྐུར་ཏེ།། བཀྲིས་བརྗོད་ཅིང་ཆུ་དབང་བསྐུར།། དབུ་རྒྱན་དང་ནི་རྡོ་སྦྱིན།། ་དྲིལ་བུ་དང་ནི་མིང་ཡང་གདགས།། གསང་བའི་ཡས་སྔགས་ཀྱང་སྦྱིན།། ཕྱག་རྒྱ་བཞི་བརླབ་བརྟུལ་ཞུགས་སྦྱིན།། སློབ་དཔོན་དག་ཏུ་དབང་བསྐུར་ན།། ཤར་སྒྲོ་སྣ་ཚོགས་པདྨ་བྲི།། སློབ་མ་སངྱས་དང་པོར་སྐྱེད།། རིག་པའི་དབང་ལྔ་བསྐུར་བར་བྱ།། ་དམ་ཚིག་གསུམ་དང་གསང་བ་དང་།། གསང་རྒྱལ་དང་ནི་ངེས་པའི་དབང་།། རིམ་པ་བཞིན་དུ་བསྐུར་བར་བྱའོ།། དམ་ཚིག་གསུམ་ལ་རྡོ་རྗེ་དང་།། དྲིལ་བུ་དང་ནི་ཕྱག་རྒྱའོ།། གསང་བའི་དབང་ལ་དཀྱིལ་འཁོར་དང་།། ལྷ་དང་སློབ་དཔོན་ལས་རྣམསོ།། ་གསང་རྒྱལ་དག་གྲི་དབང་བསྐུར་བ།། དེ་བཞིན་རིགས་དང་རྡོ་རྗེ་དང་།། རིན་པོ་ཆུ་དང་པདྨ་དང་།། ལས་ཀྱི་རིགས་ཀྱི་གསང་བའོ།། ངེས་པའི་དབང་ལ་གཞན་དོན་དང་།། རང་དོན་ངེས་པའི་དབང་བསྐུ་རོ།། གཞན་དོན་ངེས་པའི་དབང་བསྐུར་ན། ་བྱེ་བྲག་དག་དང་སྤྱི་དག་གོ།། བྱེ་བྲག་ལ་ཡང་འདི་ལྟ་སྟེ། དེ་བཞིན་རིགས་དང་རྡོ་རྗེ་དང་།། རིན་ཆེན་རིགས་དང་པདྨ་དང་།། ལས་ཀྱི་རིགས་ཀྱི་ངེས་པའོ།། རང་དོན་ངེས་པའི་དབང་བསྐུར་བ།། གསང་བའི་ཡེ་ཤེས་བརླབ་ཅིང་སྔགས་ཀྱང ་སྦྱིན།། ཕྱག་རྒྱ་བཞི་བརླབ་ལུང་ཡང་བསྟན།། གཟེངས་བསྟོད་པ་དང་དབུགས་དབྱུང་བའོ།། དེ་མཐར་དབང་བསྟན་བྱ་བའི་ཕྱིར།། བརྟུལ་ཞུགས་དག་གི་དབང་བསྐུརོ།། དེ་ལྟར་དབང་བསྐུར་རྫོགས་པ་དང་།། དཀྱིལ་འཁོར་ལྷ་ལ་མཆོད་ཅིང ་བསྟོད།། དགེ་བ་བསྔོ་ཞིང་བཟོད་གསོལ་བྱ།། སྨོན་ལམ་གདྲབ་ལ་དོན་གསལ་གདབ།། ཡཱ་ཤེས་གཤེགས་ལ་དཀྱིལ་འཁོར་བསྡུ།། བརྒྱ་པ་བཟླས་ཤིང་གཟུགས་བརྙན་བཀྲུ། ལྷག་ཆད་བསྐྲང་ཕྱིར་སྦྱིན་སྲེག་བྱ།། མཚན ་བརྗོད་པ་ཡི་གསུང་རབ་བསྒྲག། གསང་ལྡན་པ་ཡི་པནྡི་ཐ།། དཀྱིལ་འཁོར་བདུན་གྱི་ཐོ་ཡིག་འདི།། བདག་གིས་བསྡེབས་པའི་དགེ་བ་ཡིས།། ཀུན་གྱིས་འཇམ་མགོན་ཐོབ་པར་ཤོག། གསང་ལྡན་མའི་ཐོ་ཡིའོ།། བིནྟི་ཐར་བྱས་པ་སྨྲྀ་ཏི་ཛྙཱ ་ན་ཀཱིརྷས་མཛད་པ་རྫོགསོ།། ། ཨ་ཧཱུཾ་བྷཱུ་ཧྲཱིཿ། ཨ་བྲུཾ། སཾ་ཧཾ་ཨཾ་ཡཾ་ཁཾ་ཨ་ཨ། ལྷའི་གཙོ་བོ་བསྐྱེད་དོ།། དཀྱིལ་འཁོར་རྒྱལ་མཆོག་བསྒོམ་མེ།། ལས་རྒྱལ་མཆོག་བསྒོམ་མོ།། ་