CLOSE WINDOW

GT1424: gsang ldan gyi dka' 'grel don bsdus sgron ma
Wyliee-texts produced with BDRC’s OCR application

བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚ་ལོ།། ཐུགས་རྗེ་དང་ནི་ཤེས་རབ་གཉིས།། སངས་རྒྱས་ཀུན་ལྟར་གཉིས་མེད་པ།། དམ་པ་ལམ་སྟོན་ལྟ་བུ་ཡི།། སྐུ་ཡི་རྣམ་པར་འཆར་མཛད་པ།། འཇམ་པའི ་ས་ལ་ཕྱག་འཚལོ།། སློབ་མས་ལགས་པར་རྟོགས་ཕྱིར་དང་།། བདག་ཉིད་ཀྱིས་ཀྱང་དྲན་པའི་ཕྱིར།། གསང་ལྡན་དཀའ་འགྲེལ་འདིར་བརྩམ་བྱ།། དེ་ནས་དཀྱུས་ཉིད་ལ་འཇུག་པར་བྱ་སྟེ།། གང་འདི་ལ་སོགས་པའི་ཚིག་རྐང་པ་བཞིས་མཆོད་པར ་བརྗོད་པ་སྟོན་ཏེ། འཕགས་པ་འཇམ་དཔལ་ཉིད་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད་དུ་བཞུགས་པ་ཡིན་ལ། དེ་ལ་སློབ་དཔོན་ཉིད་ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བ་བསྟན་པའོ།། ཟབ་ཅིང་ལ་སོགས་པ་རྐང་པ་བཞིས ་བཤད་པར་དམ་བཅའ་སྟོན་པ་སྟེ། འཕགས་པ་འཇམ་དཔལ་གྱི་མཚན་ཟབ་ཅིང་རྒྱ་ཆེ་བའི་མཚན། རྣལ་འབྱོར་ཅིའི་རྒྱུད་ལ་བརྟེན་ནས། གཞན་དང་བདག་གི་དོན་དུ་འགྱུར་བའི་ཕྱིར་བཤད་པའོ།། ཐིག་ལ་བཅུ་དྲུག་མི་ཤིགས་དབུས་ལ་སོགས་པ ་རྐང་པ་བཅུ་དྲུག་གིས་གང་ལ་ཞུས་པ་དང་། གང་གིས་ཞུས་པ་དང་། གང་གི་དོན་དུ་ཞུས་པ་སྟོན་པ་ལས། གང་ལ་ཞུས་ན་སྐུ་གསུམ་ལ་ཞུས་པ་སྟོན་ཏེ། ཐིག་ལེ་ལ་སོགས་པོ་རྐང་པ་བདུན་གྱིས་ཆོས་སྐུ་བསྟན། གསང་སྔགས་ལ་སོགས་པ ་རྐང་པ་གཉིས་ཀྱིས་ལོངས་སྐུ་བསྟན་ལ། སངས་རྒྱས་ལ་སོགས་པ་རྐང་པ་གཉིས་ཀྱིས་སྤྲུལ་སྐུ་བསྟན། བྱང་ཆུབ་ལ་སོགས་པ་རྐང་པ་བཞིས་གང་གིས་ཞུས་པ་བསྟོན་ཅིང་བློ་ཞན་དོན་ཕྱིར་རིམ་པ་གསུངས།། ཞེས་པ་རྐང་པ་གཅིག་གིས་གང་གི་དོན་དུ ་ཞུས་པ་བསྟན་པའོ།། དེ་ལྟར་སླད་ཀྱི་དོན་བསྟན་ནས་གཞུང་ལ་འཇུག་པར་བྱ་སྟེ། གང་གིས་གང་དུ་ཐབས་ཇི་ལྟར་བྱ་བ་དང་གསུམ་དུ་གནས་པ་ལས། དེ་ལ་དང་པོར་རྡོ་རྗེ་འཆང་ཆེན་པོར།། སློབ་དཔོན་ཆ་ལུགས་གནས་བྱས ་ཏེ། ས་པ་རྐང་པ་གཉིས་ཀྱིས་གང་ཟག་གང་གིས་བྱ་བ་སྟོན་ཏེ། སློབ་དཔོན་རིག་པའི་གནས་ལྔ་ལ་སྦྱངས་པ། དེ་ཉིད་བཅུ་ཤེས་ཤིང་འཇིགས་པ་མེད་པས་ཆ་རྐྱེན་ལྔ་དང་ལྡན་པར་བྱ་སྟེ། ཕྱི་ནང་གི་ཁྲུས་དང་། ཕྱི་ནང་གི་བསྲུང་བ་དང་། བྱི་ནང ་གེ་གོས་བགོ་བ་དང་། ཕྱི་ནང་གི་བྱུག་པ་དང་། གནས་དོང་སྟན་སྔགས་ཆུས་བསངས་ལ་འདུག་པའོ།། བསམ་གཏན་དང་ནི་རྗེས་འཐུན་པར་ལ་སོགས་པའི་རྐང་པ་དྲུག་གིས་གནས་དང་བསྙེན་པ་སྟོན་པ་ལ། གནས་ནི་རྐང་པ་ལྔ་ཡིས་སྟོན་ཏོ།། ཟླ་ཡིས ་བྱེ་བ་གཉིས་ཏེ། བསྙེན་པ་དང་སྒྲུབ་པའི་གནས་སོ།། སོགས་པའི་སྒྲས་ནི་སྒྲུབ་པའི་གནས་བསྡུའོ།། དེར་ཆག་ཆག་སྦྱང་ནུལ་བྱ་ཞོང་མེ་ཏོག་གིས་ཉམས་དགའ་བར་བྱའོ།། གྲོགས་བཟང་བཙལ་ལ་སྙེན་པ་བརྩམ་ཞུས་པ་རྐང་པ་གཅིག་གིས ་བསྙེན་པ་བྱ་བར་དམ་བཅའ་བ་བསྟན་པའོ།། བདག་དངས་གཱ་ནི་ངསུ་སྦྱང་སྙིད་ལ་སོགས་བྱུང་བ་བཞིས་ཚོགས་གཅིག་པའི་བདྨ་ད་བསྒྲུང་ཟླ་བསྣུན་ཏེ། རྡོ་རྗེ་འཆང་ཧཱུཾ་མཛད་དུ་བསྒྱུར་ལ།། གཡས་དང་གླུ་ཡོན་གསེར་གྱི་རྡོ་རྗེ་དང ་བུ་བསྣམས་པ་ཁྲོ་ཞིང་རྔམ་པའི་ཐུགས་ཁར་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་དྷཱུ་སྔོན་པོ་བསམས་ལ་དེ་ལས་འོང་བྱུང་བས་རྡོ་རྗེའི་ས་གཞི་དཔེར་བ་དང་གུར་དང་བྲི་རེས་དང་དྲོ་བར་གྱུར་པར་བསམ་མོ།། རྒྱས་པ་ལ་དགའ་བ་རྣམས ་ཀྱིས་ནི། སྒྱུ་འཕྲུལ་དྲ་བའི་རྗེསུ་འབྲང་བ་འམ། རྡོ་རྗེ་རྩེ་མོ་དག་གི་རྗེསུ་འབྲང་བ་ལས་ཤེས་པར་བྱའོ།། འདིར་ནི་བླ་མའི་མན་ངག་བསྡུས་པའོ།། དེ་ནས་ཤིན་ཏུ་རྩེར་ལྡན་པས། སྦྱིན་སྲེག་གིས་ནི་མཉེས་པར་བྱ་ཞེས་པ་རྐང་པ་གཉིས་ཀྱིས་ཚོགས་གསོག ་པའི་ཡོ་བྱད་སྤྲུལ་པ་སྟོན་ཏེ། དེ་ལ་སྤྱིར་སྦྱང་ཞིང་བསྲེག་པ་དང་། སོ་སོའི་སྔགས་དང་ཕྱག་རྒྱ་བྱིན་གྱིས་བརླབ་བོ།། སྤྱིར་སྦྱང་ཞིང་བསྲེག་པ་ནི་རྡོ་རྗེ་གནོད་སྦྱིན་ནམ། རྡོ་རྗེ་རྩེ་མོ་ཡོངསུ་བཟླས་པའི་སྤོས་ཆུས་བསང་གཏོར་བྱ་བ་ནི་སྤྱིར་སྦྱང་བའོ།། རྡོ་རྗེ ་མེའི་སྔགས་དང་ཕྱག་རྒྱ་མི་གཙང་བ་ལ་སོགས་པ་བསྲེགས་པ་ནི་སྲེག་པའོ།། སོ་སོའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ་པ་ནི། ཏིལ་དང་ནས་དང་ཀུ་ཤ་དང་། འབྲས་ཡོས་དང་དྲི་བཟང་པོ་དང་། མེ་ཏོག་དཀར་པོ་དང་ལྡན་པའི་མཆོད་ཡོན ་སྔོན་དུ་རྡོ་རྗེའི་གར་བྱས་ལ་རྡོ་རྗེའི་ཐལ་མོ་ཁ་ཕྱེ་བའི་མཆོད་ཡོན་གྱི་ཕྱག་བྱ་བཅས་པ་ལ། ཨོཾ་ཨ་ར་པ་ཙ་ར་ཡ་ཏི་རཱ་མ་འམ། ཨོཾ་བཛྲ་སཏྭ་ཧཱུཾ། ལན་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་གིས་བྱིན་གྱིས་བརླབ་བོ།། དེ་བཞིན་དུ་མེ་ཏོག་དྲང ་སྤོས་དང་མར་མེ་དང་དྲི་དང་བྱུག་པ་དང་ལྷ་བཤོས་དང་གཏོར་མ་ལ་སོགས་པ་རྣམས་མིའི་ལས་འདས་ནས། ལྷའི་མཆོད་རྫས་ཁྱད་པར་ཅན་དུ་བསམ་མོ།། དེ་བཞིན་དུ་སྦྱིན་སྲོག་ལ་ཡང་བཟའ་བ་ཟས་ཀྱི་མཆོད་པ་ཞེས་བྱ་སྟེ། གཞུང་བཞིན ་དུ་བཤམ་ཞིང་བྱིན་གྱིས་བརླབ་བོ།། སྔོན་དུ་བསྙེན་པ་རབ་འབད་དེ། ཞེས་བྱ་བ་ལ་སོགས་པ་རྐང་པ་བཅོ་ལྔས་རྟེན་གྱི་ཞིང་སྤྲུལ་པར་སྟོན་ཏེ། དེ་ཡང་སྔོན་དུ་བསྙེན་པ་ཞེས་པ་རྐང་པ་བཞི་རྟེན་གྱི་ཞིང་ན་མཁའ་ལ་སྤྲུལ་པར་དམ་བཅའ་བར ་སྟོན་ལ། ལག་པའི་འདུ་བྱེད་ཅེས་བརྐྱང་བ་བཅུ་གཅིག་གིས་རྣལ་འབྱོར་པ་བདག་ཉིད་ཀྱི་ལུས་ངམ་ཡིད་ཀྱི་སྦྱོར་བས་ལྕིང་སྤྱན་དྲུངས་པ་སྟོན་ཏེ། དེ་ཡང་བདག་གིས་གཡས་དང་གཡོན་གྱི་སོར་མོ་ལ་ཨོཾ་ཨཱཿནྟུ་དྷཱུ་ཏཱ། ་ལྔ་བཀོད་ལ། དེ་ནས་མཛུམ་མོ་གཉིས་མཐེ་ཆུང་གཉིས་སོ་སོར་བདུད་ལ་དེ་བཀན་ལ། ཨོཾ་བཛྲ་ཙཀྲ་ཧཱུཾ་ཞེས་བརྗོད་ཅིང་བྱོན་པར་བསམས་མོ།། གྲོང་བྱོན་ཞེ་ན་རིགས་ལྔ་འམ་གཅིག་གྲམ་དྲུག་པ། མྱ་རིགས་གསུམ་མདུན་གྱི་ནམ ་མཁའ་ལ་བྱོན་པའོ།། གང་གིས་བྱོན་ཞེ་ན། ལུས་ངག་ཡིད་ཀྱི་སྦྱོར་བས་སོ།། དེ་ལྟར་མཁའ་ལ་ཞེས་པ་རྐང་པ་གཉིས་ཀྱིས་བདག་དང་ཞིང་དུ་འབྲེལ་པར་བྱ་བ་སྟོན་ཏེ། མདུན་གྱི་དཀྱིལ་འཁོར་གྱི་ལྷ་དེ་རྣམས་ཡང་བྱེམ་པོ ་ལྟ་བུ་མ་ཡིན་ཏེ། རིག་པ་ཅན་སྤྱན་རྩི་རིག་རིག་པ་སྙན་ཆ་ཁྲོལ་ཁྲོལ་པར་བསམ་པའོ།། དཀའ་བའི་མཆོད་པ་ཀླུ་ཡིས་བསྟོད་ཅེས་པ་ཚིགས་བཅད་སུམ་ཅུ་རྩ་ལྟོས་ཆོ་ག་དག་པ་ཡན་ལག་བཅུའི་སྐེ་ནས་བསོད་ནམས་ཀྱི་ཚོགས ་གསག་པར་བྱ་བ་སྟོན་ཏེ། དེ་ཡང་དག་པུས་མཆོད་ཅེས་པ་རྐང་པ་ལྔས་ཕྱག་འཚལ་བ་དང་། མཆོད་པ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ཐམས་ཅད་ལ་རྗེ་སུ་ཡི་རང་བ་དང་། མྱ་དྲན་ལས་མི་འངའ་བར་གསོལ ་བ་གདབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བདག་དབུལ་བ་དང་། དངོས་གྲུབ་བླང་བ་དང་། དགེ་བའི་རྩ་བ་བསྔོ་བ་དང་དགུ་སྟེ། དེ་ཡང་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲེང་བ་དང་སྒྱུ་འཕྲུལ་དྲ་བའི་རྗེསུ་འབྲེང་བ་ལས་ཤེས་པར་བྱ་སྟེ། ་ཚིགས་བཅད་སྔགས་དང་ཕྱག་རྒྱ་ཡིས་མེ་ཏོག་ལ་སོགས་པ་རྣམ་པ་ལྔ་ཕུལ། ཨོཾ་བཛྲ་ལཱ་སྱ་ཧཱུཾ། ཨོཾ་བཛྲ་མཱ་ལེ་ཏྲཱཾ། ཨོཾ་བཛྲ་གཱི་ཏཱི་ཧྲཱི། ཨོཾ་བཛྲ་ནིརྟྟི་ཨཱ། ཨོཾ་བཛྲ་སཏྭ་སུ་སཾ་གྲ་ཧཾ། བཛྲ་རཏྣ་མ་ནུཏྟཱ་རཾ། བཛྲ་དྷརྨྨ་ཀ་ཡ་ནྱེ། བཛྲ་ཀརྨྨ་ཀ་རོ་དྷཱུ་བེ། ་ཨོཾ་བཛྲ་དྷུ་བེ་ཛྷཻཾ། ཨོཾ་བཛྲ་པུཥྚོ་ཏྲཱཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ། ཨོཾ་བཛྲ་གརྦྷེ་ཨེ། སྒེག་མོ་ལ་སོགས་མཆོད་པ་བརྒྱད་ཀྱིས་ཡང་དགེ་བཻར་མཆོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཏྨ་ནཱཾ་ནིརྱཱ་ཏ་ནཱ་པཱུ་ཛཾ་སྥ་ར་ཎེ་ཀརྨ་བཛྲ་ཨ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཏྨ ་ཙཱ་ནཱིཪྻཱ་ཏ་ན་པཱུ་ཛ་སྥ་ར་ཎ་ཀརྨྨ་གྲི་ཛཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཏྨ་ནཱཾ་ནཱིཪྵ་ཏཱ་ནུ་རཱ་ག་ཎ་པཱུ་ཛ་སྥཱ་ར་ཎ་ཀརྨ་བཱ་ནེ་ཧཱུཾ་ཧོ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཏྨ་ནཱཾ་ནིཪྻཱ་ཏ་ན་སཱ་དྷུ་ཀ་ར་པཱུ་ཛ་སྥཱ་ར་ཎ་ཀརྨ་དུཥྚོ་ཨཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀ་ཡཱ་བྷི་ཥེ་ཀ་རཏྣེ་བོ་བཛྲ་མ ་ནཱིནི་ཨོཾ། ཨོཾ་ན་མཿསརྦྦ་ཏ་ཐཱ་གྷཱ་ཏ་སཱུརྱེ་བྷྱོ་བཛྲ་ཏེ་ཛ་ནི་ཛ་ལ་ཧྲི། ཨོཾ་སིརྦ་ཏ་ཐཱ་ག་ཏཱ་ཤ་བ་རི་པཱུ་ར་ཎཱ་ཙནྟ་མ་ནི་དྷ་ཛཱ་གྲ་བྷྱོ་བཛྲ་དྷཱ་ཛཱ་གྲི་ཏཱི། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བཱ་ཏྲཔྲ་ཏི་པྲ་མོརྱ་ཀ་རེ་བྷྱོ་བཛྲ་ཧཱ་སྱ་ཧ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ཏ་བཛྲ་དྷརྨ་ཏ་ས་མ་ཏི། ་བྷིསྟུ་ནོ་མི་མྱ་ཧཱ་དྷརྨ་གྲཱི་དྷཱི། ཨོཾ་སརྦ་ཏ་ཐཱ་ག་ཏ་པྲཛྙཱ་བཱ་ར་མི་ཏཱ་ནཻཪྵ་རེ་སྟུ་ནྱོ་མི་མ་གྷོ་ཥཱ་ནུ་གྷེ་དྷི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙ་པཱ~ཾ་ཀྵ་རཱ་པཱ་རོ་བརྟ་དྷི་སརྦ་སུ་ཏྲནྟ་ན་ཡེ་སཱུ་ནོ་མི་སརྦ་མཎྜ་ལེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་སནྣ་བྷ་ཥ་བུདྡྷ་སཾ་གྷི་ཧི། བྷི་ཡཾ་སྟུ་ནོ་མི་བཛྲ ་བཛྲི་བཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་དྷུ་པ་མེ་གྷ་སྥ་ར་ཎ་པཱུ་ཛ་ཀརྨ་ཀ་ར་ཀ་ར། ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤ་པྲ་ས་སྥ་ར་ཏྲ་པཱ་ཛཱ་ཀཱཿཀི་རི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀཾ་ཛྭ་ལ་སྥ་ར་ཎ་པཱུ་ཛི་ཀརྨ་བ་ར་བ་ར། ཨོཾ་སརྦ་ཏ་ཐཱ་ག་དྷི་ས་མུ་ཏྲ་སྥ་ར་ཎ་པཱུ་ཛ་ཀརྨེ་ཀུ་རུ ་ཀུ་རུ། ཞེས་བྱ་བ་སེམས་དཔའ་བཅུ་བྱ།། དང་འདྲ་བའི་རོག་མ་ལས་ཀྱི་ཕྱག་རྒྱ་དང་ལྡན་པ་རྣམས་ཀྱིས་མཆོད་པར་བྱའོ།། དེའི་ཕྱག་རྒྱ་ན་འདི་རྣམས་ཏེ།། རྡོ་རྗེ་བསྡམསུ་བསྐུར་བན་པཱ་སྟེ་བཅངས་ལ། གཉིས་སུ་དྲཱ་། ་པའི་ཁུ་ཚུར་གཉིས།། བསྒྱིངས་བཅས་གསོར་ལ་གཉི་ཀ་ཡིས།། ལྕགས་ཀྱུ་འཛིན་ལྟར་གནས་པ་དང་།། མངའ་འཕང་བ་ཡི་ཚུལ་དང་ནི།། ལོགསོ་ཞེས་པོ་སྙིང་ཁུར་བཞག། དབང་བསྐུར་བ་ནི་རྡོ་རྗེ་གཉིས།། སྙིང་ཁར་ཉི་མ་བསྟན་པར་བྱ།། གཡོན ་པ་ལ་ནི་གྲུ་མོ་གཟུགས།། དེ་བཞིན་ཁ་ཕྱོགས་བསྐོར་བར་བྱ།། གཡས་པ་ཡིས་ནི་གཡན་པ་དབྱེ།། སྙིང་ཁར་གཡོན་པ་རལ་གྲི་མདུང་།། མགལ་མེའི་འཁོར་ལོ་བསྐོར་བ་དང་།། རྡོ་རྗེ་གཉི་ཀྲ་ཁ་ནས་དབྱུང་།། རྡོ་རྗེ་གར་བསྐོར་བཀྲོལ་བ་ཡི།། ཐལ་མོ།། ་འཀྲམ་པ་སྤྱི་བོར་བཞུག། གོ་ཆ་མཐེ་ཆུང་མཆེ་བ་དང་།། ཁུ་ཚུར་གཉིས་ནི་མནན་པའོ།། དེ་ནས་ཕྱོགས་ཐམས་ཅད་ནས་དཀྱིལ་འཁོར་ལ་ཡན་ལག་ལྔས་ཕྱག་བཙལ་བར་བསམ་ཞིང་འདིས་ཕྱག་བྱ་བ་ནི། ཨོཾ་སརྦ་ཏྲ་ཐཱ་ག་ཏ་ཀཱ་ཡ་ཝ་ཀྲིཏྟ་པཱ་ན ་མེ་ན་བཛྲ་བོནྡྷ་ནཱཾ་ཀ་རོ་མི། དེ་ནས་ཕྱག་བཞི་བྱ་སྟེ། འདི་ལྟར་ཤར་ཕྱོགས་ནས་རྡོ་རྗེ་ཐལ་མོ་རྐྱང་བ་ལུས་ཐམས་ཅད་པབ་སྟེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛོ་པོ་སྠཱ་ནཱ་ཡ་ཨཱཏྨ་ནཱ་ནིརྱཱ་ཏ་ཡཱ་མི། སརྦ་ཏྲ་ཐཱ་ག་ཏ་བཛྲ་སཏྭཱ་དྷི་ཏིཥྛ་སྟུ་མཱཾ། ཞེས་བྱ་བ་འདིས ་ཕྱག་བྱའོ།། དེ་ནས་ལྷོ་ཕྱོགས་ནས་དེ་བཞིན་དུ་གནས་པ་ལས་རྡོ་རྗེ་ཕལ་མོ་སྙིང་ཁར་སྦྱར་ཏེ། དཔྲ་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱི་བི་ཥེ་ཀ་ཡེ་ཨཱཏྨཱ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ། ཞེས་པ་འ ་ཕྱག་བྱའོ།། དེ་ནས་ནུབ་ཕྱོགས་ནས་ཇི་སྐད་བཤད་པ་བཞིན་རྡོ་རྗེ་ཐལ་མོ་སྤྱི་བཱིར་བཞག་སྟེ་ཁ་སྭ་ལ་རོག་པ་དང་། ཨོཾ་སརྦ་ཏ་ཐཱ་གྷ་ཏ་པཱུ་ཛ་པྲ་བརྟ་ནཱ་ཡ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མོ། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་པྲ་བརྟ་ཡ་མཱཾ། ཞེས་བྱ་བ་འདིས་ཕྱག་བྱའོ།། དེ་ནས ་བྱང་ཕྱོགས་ནས་དེ་བཞིན་དུ་གནས་པ་ལས་རྡོ་རྗེ་ཐལ་མོ་སྤྱི་བོ་ནས་ཕབ་སྟེ། སཱིང་ཁར་སྦྱར་ལ་སྤྱི་བོ་ས་ལ་རེག་པར་བྱས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཾ་ཀརྨྨ་ཎི་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མ~ཾ། སརྦ་ཏ་ཐཱ་གེ་ཏ་བཛྲ་ཀརྨྨ་ཀྲོ་ཪྵ་མཾ། ཞེསོ་བྱ་བོ་འདིས་ཕྱག ་བྱའོ།། དེ་ནས་མེ་ཏོག་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདི་འམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ནི་ལྷ་དང་མི་རྣམས་ཀྱི་མེ་ཏོག་གི་བྱེ་བྲག་ཡིད་ལས་བྱུང་བའི ་ཆུ་ལས་སྐྱེས་པ་འམ། ཐང་ལས་སྐྱེས་པ་གང་དག་ཡོད་པ་དེ་དག་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་འགྱུརརོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ ་ས་མ་ཡེ་ཧཱུཾ། བདུག་པའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་བདུག་པའི་བྱེ་བྲག་ལྷན་ཅིག་པའམ། ཡང་དག་པར་སྦྱར་བ་འམ། ཡོངསུ ་གྱུར་པ་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང ་བཅས་པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ།། ཨོཾ་སརྦ་ཏ་ཐཱ་གཽ་ཏ་དྷཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥོ་ར་ཎ་ས་མ་ཡེ་ཧཱུཾ། མཱར་མེའི་ཕྱག་རྒྱ ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་སྣང་བའི་བྱེ་བྲག་ཡིད་ལས་བྱུང་བ་འམ། རིན་པོ་ཆེའི་འོད་དམ་མར ་མེའི་སྣང་བ་ལ་སོགས་པ་གང་དགྲ་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ ་དང་བཅས་པ་ཐམས་ཅད་དང་། སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ།། ཨཱ~ཾ་སརྦ་ཏ་ཐཱ་ག་ཏྲ་ཨཱ་ལྀ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུཾ། དྲིའི་ཕྱག་རྒྱ་བཅིངས ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདི་འམ་གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་དྲིའི་བྱེ་བྲག་ལྷན་ཅིག་སྐྱེས་པ་འམ། ཡང་དག་པར་སྦྱར་བ་འམ་ཡོངསུ ་གྱུར་པ་གང་དག་ཡོད་པ་དེ་རྣམས་འདི་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས ་པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ།། ཨོཾ་སཽརྦ་ཏ་ཐཱ་ག་ཏ་གནྡྷ་པཱུ་ཛ་མེ་གྷ་ས་མུ་དྲྀ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་བཞད་པའི་ཕྱག ་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདི་འམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་རྐང་པ་དང་སྒེག་པ་དང་དགའ་བ་དང་རྩེ་འཇོའི་བདེ་བའི་བྱེ་བྲག་གང་དག ་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། ་སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ།། ཨོཾ་སརྦ་ཏ་ཐཱ་གཱ་ཏ་ཧ་སྱེ་ལཱ་སྱ་ར་ཏི་ཀྲི་ཊ་སཽ་ནུཏྟ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎཱ་ས་མཱ་ལེ་ཧཱུཾ། བཞད་པའི་ཕྱག་རྒྱ་དེ་ཉིད་ཐལ ་མོ་བསྐོར་པོ་འདི་སྤྱི་བོ་བཞག་ལ། ཡང་ཐལ་མོ་ཁོང་སྟོང་དུ་སྦྱར་བ་བཅིངས་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདི་འམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། དཔག་བསམ ་གྱི་ཤོང་ངམ་གོས་ཀྱི་ཤིང་གང་དག་ཡོད་པ་དེ་རྣམས་འདི་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་རིགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ།། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུཏྟ་ར་བོ་དྷ་ལྀ་ཀུ་ར་བཽསྟྲ་པུ་ཛ~ཾ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སྒེག་མོའི ་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཡོ་བྱད་ཐམས་ཅད་ཀྱི་ཡང་དག་པར་འབྱོར་ཅིང་ཕུན་སུམ་ཚོགས་པ་ཐམས་ཅད་འདོད་པ་ཙམ་ལ་རག་ལུས་པར་གྱུར་ཅིག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཛྲོད་བྷ་བ་དཱ་ནཱ་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ ་སོ་མུ་དྲ་སྥ་ར་ཎ་ས་མ་ཡཡེ་ཧཱུཾ། རྡོ་རྗེ་ཕྲེང་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་མི་དགེ་བའི་ལུས་དང་། ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ཐམས་ཅད་དང་ཡང་དག་པར་བྲལ་བར་གྱུར་ཅིག། དགེ་བའི་ལུས་དང་ངག་དང ་ཡིད་ཀྱི་ལས་ཀྱི་མཐའ་ཐམས་ཅད་དང་ཡང་དག་པར་ལྡན་པར་གྱུར་ཅིག། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུཏྟ་ར་མ་ཧཱ་བོ་དྷི་ཧ་ར་ཤཱི་ལ་པཱ་ར་མི་ཏ་པཱུ་ཛ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་གླུ་མཁན་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས ་ཅན་ཐཾད་མཚན་དང་དཔེ་བྱད་ཐམས་ཅད་ཀྱིས་ལུས་ལ་ཡང་དག་པར་བརྒྱན་པར་བྱས་པ་དང་། རྟག་ཏུ་ཕན་ཚུན་འཇིགས་པ་མེད་པ་དང་། ཞེ་འགྲས་པ་མེད་པར་བཞུགས་ཤིང་མིག་དང་ཡིད་མངོན་པར་དགའ་བ་དང་། ཆོས་ཟབ་མོ་ལ་བཟོད་པ་དང་ལྡན ་པར་གྱུར་ཅིག། ཨོཾ་སརྦ་ཏ་ཐཱ་ག་ཏཱནཱདྷཱ་ར་མ་ཧཱ་དྷམྦྷ་ལ་བཽ་དྷི་ཀྵཱནྟྲྀ་པཱུ་ར་མོ་ཏཱ་པཱུ་ཛ་མྦོ་གྷཱ་ས་མུ་དྲཱ་སྨཱར་ཎ་སཱ་མཱ་ཡོ་ཛྫ། རྡོ་རྗེ་གར་མཁན་མའི་ཕྱག་རྒྱ་བཅིངས་ལ། འདི་སྐད་ཅེས་བརྗོད་པར་བྱའོ།། སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་སྤྱོད ་པ་ལ་མངོན་པར་བརྩོན་པ་དང་ལྡན་པ་དང་། སངས་རྒྱས་ཉིད་དུ་ཡོངསུ་གཞོལ་ཞིང་འཁོར་བ་ཡོངསུ་མི་སྤོང་བའི་བཟློས་དང་ལྡན་པར་གྱུར་ཅིག། ཨོཾ་སརྦ་ཏ་ཐཱ་ག་ཏ་སཾ་ས་རཱ་པཱ་རི་ཏྱཱ་ཀཱ་ནུཏྟཱ་ར་མ་ཧཱ་བཱིརྱ་པཱ་ར་མི་ཏཱ་པཱུ་ཛ་མེ་གྷུ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ་ཐལ་མོ་ཁོང་སྟོང་དུ་སྦྱར་བ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། གང་ཡང་འཇིག་རྟེན་གྱི་ཁམས་འདི་འམ། གང་ཡང་ཕྱོགས་བཅུའི་རྟེན་གྱི་ཁམས་ཐམས་ཅད་ན། རིན་པོ་ཆེའི་རི་བོ་འམ། རྒྱ་མཚོའི་རིན་པོ་ཆེའི་ཚོགས་གང་དག་ཡོད་པ་དེ ་ངག་ཐམས་ཅད་ཀྱང་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང་། ་སྙིང་པོ་དང་ཕྱག་རྒྱ་དང་། གསང་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བགྱིའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་བོ་དྷི་ག་རཏྣ་ལྀ་ཀ་རོ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་གདུགས་དང་རྒྱལ་མཚན་དང་བ་དན་སྣ་ཚོགས་པས་རྣམ་པར ་བཀྲམ་པ། བརྒྱ་སྟང་ལ་སོགས་པའི་གྲངས་སྙེད་དམ། འབྱོར་པ་ཅི་ཡོད་པ་ལྟར་དབུལ་བར་བྱ་བ་དང་། རོ་བརྒྱ་པའི་ལྷག་པའི་ཞལ་ཟས་དང་། སྭསྟི་ཀ་ལ་སོགས་པའི་བཟའ་བ་རྣམ་པ་སྣ་ཚོགས་འབུམ་མམ་བརྒྱ་སྟོང་སྐད་དབུལ་པར་བྱ་སྟེ། ཨོཾ ་རོ་མུ་ཁ་སརྦ་དྷརྨཱ་ཎཱ། ཨཱདྱ་ནུཏྤནྣ་ཏཱཏ་ཞེས་བརྗོད་པ་དབུལ་བར་བྱའོ།། རོལ་མོ་བཅུ་ཕྲག་སྟོང་ངམ་རོལ་མོ་བརྒྱ་ཕྲག་སྟོང་ངམ། རོལ་མོ་བཅུ། མོཾ་ཧཱུཾ་ཧྲཱི་མངོན་པར་ཟླས་ལ་དབུལ་བར་བྱའོ།། རྣམ་པ་བཅུ་ནི་འང་ལྟ་སྟེ། གླིང་བུ། ་དང་། པི་ཝང་དང་། རྫ་རྔ་དང་། རྫ་རྔེ་ཆུང་ངུ་དང་། ཆེ་ལང་དང་རྔ་བོ་ཆེ་དང་། མྲྀ་ཏྲཾ་གཽ་དང་། རྔ་རིང་དང་། རྔ་སྐད་ཉག་དང་། ཏཱ་མི་ལ་ཞེས་བྱའོ།། ཤིན་ཏུ་བརྟགས་པའི་རྟ་དང་། གླང་པོ་ཆེ་དང་བ་ལང་གི་ཁྱུ་རྣམས་ཀྱང་། ཨོཾ་བཛྲ་སྥ་ར་ཎ་ཁཾ་ཞེས་བྱ་བས ་མངོན་པར་བཟླས་ལ་དབུལ་བར་བགྱིའོ།། ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ལྷག་པར་མོས་པ་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ ་ཡེ་ཧཱུཾ། ཞེས་བརྗོད་པར་བྱའོ།། དེ་ནས་པུས་མོའི་ལྷ་ང་གཉིས་ས་ལ་བཙུགས་ཏེ། རྡོ་རྗེ་ཐལ་མོ་སྙིང་ཁར་སྦྱར་ནས་སྡིག་པ་ཐམས་ཅད་བཤགས་པར་བྱ་སྟེ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་དང་། ་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགསུ་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་གསང་སྔགས་དང་། རླིག་སྔགས་ཀྱི་ལྷ་ཐམས་ཅད་བདག་ལ་དགོངས་སུ་གསོལ།། བདག་མིང་རྡོ་རྗེ་འདི་ཞེས་བྱ་བ་ཕྱོགས་བཅུའི ་ངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་རིན་པོ་ཆེ་དང་། པདྨ་དང་ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་ཕྱག་རྒྱ་དང་། གསང་སྔགས་དང་ར་གི་སྔགས་ཀྱི་ལྷ་ཐ~ཾད ་ཀྱི་སྤྱན་སྔར་སྡིག་པ་ཐམས་ཅད་བླ་ན་མོད་པར་སོ་སོར་བཤགས་པས་སོ་སོར་བཤགས་པར་བགྱིའོ།། ཕྱོགས་བཅུ་ན་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། རང་སངས་རྒྱས་དང་འཕ ་པ་ཉན་ཐོས་ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པ་རྣམས་དང་། སེམས་ཅན་ཐམས་ཅད་ཀྱི་ཚོགས་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ལ་རྒྱ་ཆེར་རྗེ་སུ་ཡི་རང་བར་བགྱིའོ།། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཆོས ་ཀྱི་འཁོར་ལོ་བསྐོར་བར་མི་མཛད་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བའི་ཕྱིར་བསྐུལ་བར་བགྱིའོ།། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཡོངསུ་མྱ་ངན་ལས་འདའ་བར་བཞེད་པ་གང་ཡིན་པ་དེ་དག་ཐམས་ཅད་ལ་མྱ ་ངན་ལས་མི་འདའ་བར་གསོལ་འཚལོ།། དེ་ནས་བདག་ཉིད་དབུལ་བར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་དབུལ་གྱིས། བདག་དུས་ཐམས་ཅད་དང་རྣམ་པ་ཐམས་ཅད་དུ་སོ་སོར་བཞེསུ་གསོལ།། ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོ་ཁྱེད་རྣམས་ཀྱིས་དམ་ཚིག་ཆེན་པོའི་དངོས་གྲུབ་བདག་ལ་སྩོལ་དུ་གསོལ།། བདག་གི་དགེ་བའི་ལས་རྣམས་འདི་དག་གིས།། འཇིག་རྟེན་དུ་ནི་མྱུར་དུ་སངས་རྒྱས་ཤོ་ག། འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན ་བགྱིད་ཅིང་།། སེམས་ཅན་སྡུག་བསྔལ་མདོ་བོས་གཟིར་ལས་དགྲོལ།། ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངསུ་བསྔོས་ལ། དེ་ནས་བསྟོད་པ་ནི་འཁྲུགས་སྡེབ་པར་བྱ་སྟེ།། ཚིགས་བཅད་གླུ་ཡིས་བསྟོད་པར་བྱ།། བྱང་ཆུབ་སེམས་ནི ་རབ་འབྱུང་བའི།། ཞེས་བྱ་བ་ལ་སོགས་པཚོགས་བཅད་སུམ་ཅུ་རྩ་གཉིས་དང་རྐང་པ་གཅིག་གིས་བསྟོད་པ་བསྟོན་པ་ནི། ཚིགས་བཅུད་གླུ་ཡིས་བསྟོད་པར་བྱ།། བྱང་ཆུབ་སེམས་ནི་རང་འབྱུང་བའི།། འདི་ལྟར་སངས་རྒྱས ་བཅོམ་ལྡན་འདས།། དོན་ཆེན་ཡི་གེ་དམ་པ་ཡིན།། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད།། སངས་རྒྱས་རྣམ་པར་སྣང་མཛད་ཆེ།། གཏི་མུག་བྲོ་སྟེ་གཎྜཱི་མུག~ཾ་སལ།། མགོན་པོ་སོ་བཅུའི་དབང་ཕྱུག་སྟེ།། རྡོ་རྗེ་ཆགས་པ་ཁྱོད་ལ་འདུད།། ་རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད།། གདོང་དྲུག་མིག་དྲུག་ལག་དྲུག་པོ།། མཆེ་གཙིགས་གདོང་བརྒྱ་ཀུན་འདུལ་བ།། སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད།། ཡང་དག་བདག་མེད་དེ་བཞིན་ཉིད།། སྟོང་ཉིད་སྨྲ་བོའི་ཁྱུ་མཆོག ་སྟེ།། སུམ་ཅུ་རྩ་གཉིས་མཚན་འཆང་བ།། མེད་པ་ལས་བྱུང་ཁྱོད་ལ་འདུད།། འདོད་པའི་དོན་གྲུབ་ངན་སོང་སྦྲེང་།། མགོན་པོ་ཉོན་མོངས་དྲ་བ་འཇོམས།། ས་གཞི་ཚངས་གནས་རྐང་པས་གནོད།། སྒྱུ་འཕྲུལ་དྲུ་བ་ཁྱེད་ལ་འདུད།། ་སངས་རྒྱས་བྱང་ཆུབ་རྟོག་བྱ་བ།། ཐིག་ལེ་ཆེན་པོ་ཡི་གྲེ་མེད།། ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ།། སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད།། མེ་ལོངས་ཡེ་ཤེས་ངོ་བོ་ཉིད།། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོགས། ཁོང་ནུས་བྱུང་བ་སྐྱེ་བ་མེད ་སེམས་མ་རྡོ་རྗེ་མཆོག་ཁྱོད་འདུད།། མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད།། ཨོཾ་ནི་འབྱུང་བ་འགོག་པ་སྟེ།། ཚིག་ཏུ་བརྗོད་པ་རྣམ་སྤངས་པ།། རིན་ཆེན་འབྱུང་བ་ཁྱོད་ལ་འདུད།། སོ་སོར་ཀུན་རྟག་ངོ་བོ་ཉིད།། ཨ་ནི་བརྗོད་པའི་རྒྱུ་ཡིན ་།། བརྗོད་པ་ཀུན་གྱི་རྒྱུ་མི་མཆོག། རློས། རྡོ་རྗེ་འཇུག་ཁྱོད་འདྲུད།། བྱཱ་བ་ནན་ཏན་ངབ་ཉིད།། ཨན་ཅིག་འབྱུགས་ལ་བར་བྱེད།། ཚིག་ཀུན་གསལ་བྱུར་བྱེད་པ་ཡིན།། རྡོ་དྷག་ཁྱོད་པ་འདུ།། སྟོང་པ་རང་བཞིན་འདོད་ཆགས་མ། ་རྒྱས་འདོད་ལ་ཕྱག་འཚལ་འདུད།། ཕྱི་ཉིད་མ་གྲུབ་བདེ་པ་ཆེ།། སངས་རྒྱས་རོལ་ལ་ཕྱག་འཚལ་འདུད།། གཉི་ག་མེད་པར་དགའ་བ་ཚེ།། སྤངས་རྒྱས་ཆགས་པ་ཁྱོད་ལ་འདུད།། སྟོང་པའི་དོན་ལྡན་མགུ་བ་ཆེ།། སངས་རྒྱས་དགྱེས་པ་ཁྱོད་ལ་འདུད།། ་གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ།། སངས་རྒྱས་འཛུམ་པ་ཁྱོད་ལ་འདུད།། ཁ་དོག་ཆེ་ལ་གཟི་བརྗིད་ལྡན།། མེད་པ་ལས་བྱུང་ཁྱོད་ལ་འདུད།། མིང་ཆེ་མཚན་བཟང་རྒྱ་ཆེ་བ།། སངས་རྒྱས་ཐུགས་ལ་ཕྱག་འཚུལ་འདུད།། བཞད་ཅིང་དཀྱིལ་འཁོར་ཡངས་ཁྱབ ་པ།། སངས་རྒྱས་བཞད་པ་ཁྱོད་ལ་འདུད།། ཆོས་ཀྱི་ཤེས་རབ་མཚོན་བྱང་བ།། སངས་རྒྱས་གསུང་བ་ཁྱོད་ལ་འདུད།། ཉོན་མོངས་དྲ་བ་གཅོད་པའི་མཆོག། སངས་རྒྱས་འབྱུང་བ་ཁྱོད་ལ་འདུད།། གྲགས་པ་རྡོ་རྗེ་རྒྱུ་ཡི་བདག། ན་མཁའ་ལས་བྱུང་ཁྱོད་ལ་འདུད ་སྣང་བ་ཆེན་པོ་གསལ་བ་ཆེ།། ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད།། མཁས་ཤིང་འཕྲུལ་འཆང་རྡོ་རྗེ་ལས།། སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད།། སྒྱུ་འཕྲུལ་ཆེན་པོ་གོ་ཆེ་སྲ།། སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད།། སྒྱུ་འཕྲུལ་བདག་ཉིད་གནོད་སྦྱིན་གཙོ།། ་སེམས་ཅད་ཐམས་ཅད་ཁྱོད་ལ་འདུང་།། སྒྱུ་འཕྲུལ་ས་ཆུ་ཞིང་བསྲུང་།། ཡེ་ཤེས་སུ་ཉིང་ཁྱོད་ལ་འདུད།། སྐྱོན་དག་རྫོ་སེཾ་ཧྲཱི།། རྡོ་རྗེ་སྤེམ་ཚོ་ཁྱོད་ལ་འདུད།། ཚུལ་ཁྲིམས་ཆེན་པོ་འཆིང་བའི་མཆོག། རྡོ་རྗེ་དཔལ་འབྲུ་བྱ ་འདུད།། བཟོད་ཆན་འཆང་བ་སྟོན་པ་པོ།། རྡོ་རྗེ་དབངས་མཁན་ཁྱོད་ལ་འདུད།། བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡི།། རྡོ་རྗེ་གར་མ་ཁན་ཁྱོད་ལ་འངང་།། བསམ་གཏན་ཆེན་པོའི་ཏིང་འཛིན་གནས།། རྡོ་རྗེ་མེ་ཏོག་ཁྱོད་ལ་འདུད།། ཤེས་རབ ་ཆེན་པོ་ལུས་འཆང་བ།། རྡོ་རྗེ་བདུག་པ་ཁྱོད་ལ་འདུད།། སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ།། རྡོ་རྗེ་མར་མུ་གསལ་ལ་འདུད།། སྟབས་པོ་ཆེ་ལ་ཐབས་ཆེ་བ།། རྡོ་རྗེ་དང་། བྱེད་ཁྱོད་ལ་འདུད།། རྡོ་རྗེ་ལྕགས་ཀྱུ་འདྲེན་པ་ཆེ།། རྡོ་རྗེ་འགུགས་བྱེད་ཁྱོད་ལ་འདུད།། ་རྡོ་རྗེ་ནགས་པ་རྣམ་པར་རྒྱལ།། རྡོ་རྗེ་འདྲེན་བྱེང་ཁྱོད་ལ་འདུད།། རྡོ་རྗེ་ལྕགས་སྒྲོག་འཛིན་པ་ཆེ།། རྡོ་རྗེ་སྡོམ་བྱེད་ཁྱེད་ལ་འདུད།། རྡོ་རྗེ་འབེབས་པ་རྣམ་རྒྱལ་ཞགས།། རྡོ་རྗེ་འབེབས་པ་ཁྱོད་ལ་འདུད།། བྱམས་ཆེན་རང་བཞིན་དདག་ཏུ་མེད།། ་སྙིང་རྗེ་ཆེན་པོ་བློ་ཡི་མཆོག། ཤེས་རབ་ཆེན་པོ་བློ་ཆེན་ལྡན།། མཁས་པ་ཆེན་པོ་ཐབས་ཆེ་བ།། ཡེ་ཤེས་ཆ་གྲུབ་སེམས་དཔའི་ཚོ་གས།། སྟོང་པ་ཉིད་ཀྱི་སྒོར་གནས་པ།། བག་ལ་ཉལ་ལ་བྱམས་སེམས་ཅན།། ཤེས་རབ་སྙིང་རྗེར་ལྡན་ལ ་འདུད།། རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན། ཤུགས་ཆེད་མགྱོགས་པ་ཆེན་པོ་སྟེ།། རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ།། སྟོབས་ཆེན་ཕ་རོལ་གནོན་པའོ།། སྟོབས་ཆེན་རྫུ་འཕྲུལ་བཞིར་ལྡན་པའི།། གོམས་ཤུགས་ཡེ་ཤེས་བཞིར ་ལྡན་པ།། རྫུ་འཕྲུལ་ལྡན་ཞིང་སྟོབས་ཀྱིས་གནོན།། ཚོགས་གཉིས་རྫོགས་པ་ཁྱོད་ལ་འདུད།། སྲིད་པའི་རི་བོ་ཆེན་པོ་འཇོམས།། མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཛིན།། དྲག་པོ་ཆེན་པོ་མུན་པ་འཇོམས།། འཇིགས་ཆེན་འཇིགས་པར་བྱེད ་པའོ།། ཕུང་པོ་ལྔ་དག་ལྷ་ཆེན་འདུལ།། མི་ཤེས་རི་འཇོམས་སྲ་བ་པོ།། མྱ་ངན་ཀུན་སེལ་དྲུག་པོ་སྟེ།། ཆེ་བས་ཆེ་བ་ཁྱོད་ལ་འདུད།། མགོན་པོ་རིགས་མཆོག་ཆེན་པོ་སྟེ།། བླ་མ་གསང་སྔགས་ཆེ་བའི་མཆོག། ཐེག་པ་ཆེན་པོའི་ཚུལ་ལ་གནས།། ་ཐེག་པ་ཆེན་པོའི་ཚུལ་གྱི་མཆོག། འཁོར་བ་མྱ་ངན་སྐྱོབ་པའི་མཆོག། ཐེག་པའི་ཚུལ་མཆོག་ལམ་གནས་པའི།། ཕྱག་རྒྱའི་མཆོག་ཏུ་གྲུབ་བྱེད་པའི།། ཕ་རོལ་ས་བཅུ་གཙོ་ལ་འདུད།། འདུད་ཉི་ཤུ་དང་སྤྱི་བསྟོད་ཀྱིས་ཀྱང་བསྟོད།། དེ་ལྟར་བསྟོད ་པ་བྱེད་པ་དེ།། འཁོར་ལོ་འདུད་པའི་གཙོ་མཆོག་འགྲུབ།། ཞེས་པ་རྐང་པ་གཉིས་ཀྱིས་བསྟོད་པ་བྱས་པའི་ཕན་ཡོན་སྟོན་ཏེ། དེ་ལར་བསྟོད་པས་རིགས་ཐམས་ཅད་ཀྱི་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དང་མཆོག་གི་དངོས་གྲུབ་འགྲུབ་པར་འགྱུརརོ།། ་དགྱེས་ནུས་བདག་ལ་ལྷ་རྣམས་ཀྱིས།། སྙན་པའི་ཚིག་གིས་བསྐྱོད་པར་བསམ།། ཞེས་བྱ་བ་རྐང་པ་གཉིས་ཀྱིས།། ལྷ་རྣམས་ཀྱིས་བདག་ལ་བསྟོད་པར་སྟོན་ཏོ།། ལྷ་རྣམས་ཐམས་ཅད་ཀྱི་ཞལ་ནས་རིགས་ཀྱི་བུ་བདག་གཞན་གྱི་དོན་དུ་ལྷ་རྣམས་ལ་བསྟོད་པ ་ལེགསོ།། ལེགསོ་ཞེས་གསུངས་པར་བསམ་མོ།། དྲིན་གྱི་ཚུལ་གྱིས་སླར་བསྟོད་པ།། ཞེས་པ་རྐང་པ་གཅིག་གིས་སླར་ལྷ་རྣམས་ལ་བདག་གིས་དྲིན་ལ་ལན་གྱི་ཚུལ་གྱིས་བསྟོད་པ་ཐམས་ཅད་དམ། འདུད་ཉི་ཤུས་བསྟོད་པའོ།། དེ་དག་ནི་མཆོག་གི ་རྒྱལ་པོ་སྦྱོར་བ་དང་པོའི་འཁོར་ལོའི་ཏིང་འཛིན་ཏོ།། ཞེས་རྐང་པ་གཅིག་གིས་སྦྱོར་བ་དང་པོའི་ཏིང་ངེ་འཛིན་ཡོངསུ་རྫོགས་པར་སྟན་པའོ།། དེ་ནས་རིམ་པ་འདི་ལྡན་པས་ཞེས་བྱ་བ་ལ་སོགས་པ་ཚིག་བཅད་ཉི་ཤུ་རྩ་བརྒྱད་རྐང་པ་གསུམ་གྱིས་ཡོངས་སུ ་དག་པའི་ཏིང་ངེ་འཛིན་སྟོན་ཏེ། ཕྱག་བྱ་ཞིང་སྨོན་པ་བྱང་ཆུབ་མཆོག་གི་སེམས་བསྐྱེད་སྡོམ་པ་བཟུང་བ་དང་། འཇུག་པ་བྱང་ཆུབ་མཆོག་གི་སེམས་བསྐྱེད་པ། ཡེ་ཤེས་ལྔ་བསྒོམ་པ་སྟོན་ཏེ། གོ་སླ་བའི་ཕྱིར་འདིར་མ་སྨོས།། ་དེ་ནས་དེ་ལ་མངོན་འབྱུང་གཟུགས། ཞེས་པ་ནས། དེ་དག་ནི་གཞིའི་ཏིང་ངེ་འཛིན་ཏོ།། ཞེས་བྱ་བའི་བར་གྱིས་གཞིའི་ཏིང་འཛིན་སྟོན་ཏེ། རྡོ་རྗེ་དང་མཆོད་རྟེན་དང་ཆོས་འབྱུང་དང་རྒྱ་གྲམ་དང་། གཞལ་ཡས་ཁང་དང་གདན་རྣམས་བསྐྱེད ་པ་སྟོན་པའོ།། དེ་ཡང་དེ་ནི་ཡི་གེ་རྫོགས་པ་ལས་ཞེས་བྱ་བས་ཆོས་འབྱུང་ནང་དུ་ཡི་གེ་ཨ་ཁ་དོག་སྣ་ཚོགས་པའམ་ཁ་དོག་དཀར་པོས་སྣ་ཚོགས་རྡོ་རྗེ་བསྒོམ་པར་འབྲེལ་ཏོ།། དེ་ཡང་སློབ་དཔོན་ལ་ལ་དག་རྒྱ་གྲམ་ཁོང་དུ་འདོད་ལ། ་འདིར་ས་གཞིའི་ཚུལ་དུ་བརྟག་པར་བྱའོ།། དེ་ནས་རྐྱེན་གྱིས་སློང་བ་ནི། ཞེས་པ་ནས་དང་པོའི་སངས་རྒྱས་སྒོམ་པའི་ཏིང་ངེ་འཛིན་ཏོ་ཞེས་པའི་བར་གྱི་ས་གཞིའི་སངས་རྒྱས་དང་། དང་པོའི་སངས་རྒྱས་བསྐྱེད་པ་བསྟན་པའོ།། དེ་ཡང་དང་པོའི ་སངས་རྒྱས་ཞལ་ལྔ་པ་ཞེས་པ་ནི། ཤཱུར་ལ་སོགས་པའི་ཞལ་བཞི་ནི་སྔོན་པོ་དང་། སེར་པོ་དང་དམར་པོ་དང་། ལྗང་གུ་རྣམས་སོ།། སྟེང་གི་ཞལ་རྣམས་ནི་ལྷ་ཞལ་དཀར་པོ་འམ། རྟ་ཞལ་དཀར་པོ་ལ་རྡོག་མ་སྔོན་པོ་ཅན་ནོ།། དང་པོའི ་སངས་རྒྱས་ཐུགས་ཀ་རུ།། ཞེས་པ་ནས་དེ་དག་ནི་རིགས་ཀྱི་དབང་གིས་འཁོར་ལོའི་རིམ་པ་བསྟན་པ་ཡིན་ནོ།། ཞེས་བྱ་བའི་བར་གྱིས་ཤེས་རབ་ཀྱི་འཁོར་ལོའི་རིམ་པ་རྣམས་སྟོན་ཏེ། རིགས་ཀྱི་དབང་གིས་འཁོར་ལོ་བདུན་འགྱུར་དུ་ཤེས་པར་བྱའོ།། ། ་ད་ནི་དཀྱིལ་འཁོར་གྱི་ལྷའི་ངོ་བོ་གསང་སྔགས་ཀྱི་སྒོ་ནས་དེ་དག་གི་རིམ་པ་བསྐྱེད་པར་བྱ་སྟེ། ཞེས་པ་ནས་དེ་དག་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ།། ཞེས་པའི་བར་གྱིས་ལྷ་བསྒོམ་ཞིང་དབྱུང་བ་དང་། དཀྱིལ་འཁོར་རྒྱལ ་མཆོག་སྐྱེད་པ་བསྟན་པ་སྟེ། དཀྱུས་མ་ཉིད་གསིལ་བའི་ཕྱིར་འདིར་མ་དཀྲོལ་ལོ།། འོན་ཀྱང་སྔགས་དོན་རྣམ་པར་གཟིགས་པ་ལས་དཀྱིལ་འཁོར་དྲུག་ཏུ་གསུངས་པ་དང་། གསང་ལྡན་འདི་ཉིད་ལས་སྔོན་དུ་ཤེས་རབ་ཀྱི་འཁོར་ལོ་བདུན་འགྱུར་དུ་གསུང ་པས། དཀྱིལ་འཁོར་གྱི་ལྷག་མ་གཞན་ཡང་བཤད་པར་བྱ་སྟེ། མཚན་བརྗོད་པའི་གསུང་རབ་ཀྱི་མཚན་བརྗོད་པས། དཀྱིལ་འཁོར་བ་རྣམས་རྫོགས་པར་བསྐྱེད་པའམ། ཡང་ན་རྡོ་རྗེ་འཁོར་ལོའི་སྔགས་དང་ཕྱག་རྒྱས་ཅིག་ཅར་དུ་སྤྲུལ་པའོ།། དེ ་ཡང་ཐབས་ཐུན་མོང་བའི་དཀྱིལ་འཁོར་གཉིས་དང་། ཐབས་ཁྱད་པར་གྱི་དཀྱིལ་འཁོར་ལྔ་དང་བདུན་དུ་ཤེས་པར་བྱའོ།། གསང་ལྡན་འདིའི་དཀྱིལ་འཁོར་ནི་རྣམ་པར་སྣང་མཛད་ཆེན་པོའི་ཁོངསུ་བསྡུའོ།། ཁྱད་པར་ནི་གཞལ་ཡས་ཁང་སྒོ་གཉིས ་པའོ།། དེ་ནས་ལས་ཀྱི་ཁྱད་པར་ཡང་བསྐྱེད་པའི་ཞར་ལས་བྱུང་བ་སྟེ། སྒྲ་ལས་འཕེལ་ཏེ་རྒྱས་བཤད་པས།། འདི་རུ་བདག་གིས་མ་བཤད་དོ།། ལས་ཀྱི་ཁྱད་པར་གྱི་ཏིང་ངེ་འཛིན་ཏོ་ཞེས་པས།། ལས་རྒྱལ་མཆོག་གི་ཏིང་འཛིན་བསྟན་པ་སྟེ། དེ་ནས ་ལས་ཀྱི་ཁྱད་པར་ཡང་།། བསྐྱེད་པའི་ཞར་ལས་བྱུང་བ་སྟེ།། ཞེས་བྱ་བས་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་བསྒོམ་པར་དམ་བཅས་པའོ།། སྒྲ་ལས་འཕེལ་ཏེ་རྒྱས་བཤད་པས།། འདི་རུ་བདག་གིས་མ་བཤད།། ་ཞེས་བྱ་བ་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་གྱི་རིམ་པ་བླ་མས་ཞེས་བྱ་བའི་དོན་ཏེ། བླ་མའི་མན་ངག་ནི་བཅུའི་སྒོ་ནས་ཤེས་པར་བྱ་སྟེ། སྒོ་བཞིའི་དབྱེ་བ་དང་རང་བཞིན་གྱིས་སངས་རྒྱས་བསྡུ་བ་དང་མདུན་གྱི་ནམ་མཁའ་ལ་ཡེ་ཤེས ་སེམས་དཔའ་བྱོན་ཏེ། དམ་ཚིག་གི་དཀྱིལ་འཁོར་ལ་ཕྱག་བཙལ་བ་དང་། ཆེད་དུ་བརྗོད་པ་དང་། སྤྱིའི་གཙོ་བོ་བྱིན་གྱིས་བརླབ་པ་དང་། སྒྲོན་བཀུར་གྱི་གཙོ་བོ་བྱིན་གྱིས་བརླབ་པ་དང་། དབང་ནོད་པ་དང་། ཡེ་ཤེས་བསྟིམ་པ་དང་། ཕྱག་རྒྱས་གདབ ་པ་དང་། ལྷ་ལས་སྦྱར་བའི་རིམ་པར་ཤེས་པར་བྱའོ།། དེ་ལས་དེ་ཡང་ལས་མཁན་རང་བྱེད་ལ། སྒོ་བཞི་དབྱེ་བ་ནི། དང་པོའི་སངས་རྒྱས་ཀྱི་ང་རྒྱལ་གྱི་སྡིག་མཛུབ་ཀྱི་སེ་གོལ་གཏོག་ཅིང་། ཕྲེང་སྔགས་བརྗོད་པས་སྒོ་བཞི་དབྱེ་བར་བསམ་མོ།། ་ཡང་ན་བདག་ཉིད་དཀྱིལ་འཁོར་གྱི་དབུས་སུ་འདུག་པར་བསམ་སྟེ། ཁྲོ་བོ་ཧཱུཾ་མཛད་དུ་བསྒོམས་ལ་ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ཏེ། མཛུབ་མོ་གཉིས་ལྟོ་སྦྲང་ལ་དྲག་ཏུ་བརྡབ་པ་ནི་སྒོ་དབྱེ་བའི་ཕྱག་རྒྱའོ།། ཨོཾ་བཛྲོདྷཱ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཞེས ་བརྗོད་པས་དཀྱིལ་འཁོར་གྱི་སྒོ་བཞི་དབྱེ་བར་བསམ་མོ།། དེ་ནི་སྒོ་དབྱེ་བའོ།། དེ་ནས་རང་བཞིན་གྱི་དཀྱིལ་འཁོར་བསྡུ་བ་ནི། སྒྲུབ་པ་པོའི་སྙིང་ཁུར་ཨ་ལས་སྣ་ཚོགས་རྡོ་རྗེ་བསམས་ཏེ། མཐེ་བོང་དང་མཛུབ་མོ་ལ་ཟླ་བའི་སྟེང་དུ་ཛ་བསམས་ཏེ། ལག་ངར ་གཉིས་རྡོ་རྗེ་རྒྱ་གྲམ་གྱི་ཚུལ་དུ་བསྣོལ་ཏེ། དཔུང་པ་གཉིས་སུ་མི་གོལ་གཏོག་ཅིང་།། རྡོ་རྗེ་སླུ་བའི་ནང་པ་ཨོཾ་བངྒེས་ནཱ་བི་ཛ་ཧཱུཾ་བ་ཚཾ་ཞེས་བརྗོད་ཅིང་། མཐེ་མཇུག་གི་རྔ་ལས་ཡེ་ཤེས་ཀྱི་འོང་བར་ལྕགས་ཀྱུ་ལྟ་བུར་འཕྲོས་ཏེ། རང་བཞིན་གྱིས ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དམ་ཚིག་པ་དང་འདྲ་བ་བྱོན་པར་བསམ་མོ།། དེ་ཡང་གཞུང་ལས་རྡོ་རྗེ་སེམས་དཔའི་སྦྱོར་བས་བདག། ལག་ངར་གཉིས་ནི་རྡོ་རྗེ་དྲ་བཅིང་།། རྡོ་རྗེ་སེ་གྲོལ་བརྡབས་པ་ཡིས།། སངས་རྒྱས་ཐམས་ཅད་བསྡུ་བར ་བྱ་ཞེས་འབྱུང་བས་སོ།། བྱོན་ཏེ་ཕྱག་འཚལ་བ་བསྟན་པ་ནི།། དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱིས།། དམ་ཚིག་གི་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། དམ་ཚིག་གི་དཀྱིལ་འཁོར་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀྵིཏྟཱ། པྲ་ཎཿ ་ནཱཾ་བཛྲ་བནྡེ་ནཾ་ཀ་རོ་མི་ཞེས་བརྗོད་ཅིང་དམ་ཚིག་གི་དཀྱིལ་འཁོར་ལ་ཕྱག་བཙལ་བར་བསམ་མོ།། དེ་ནས་ཆེད་དུ་བརྗོད་པ་ནི། ཨ་མའི་ཀུན་ཏུ་བཟང་པོ་ཡཾ།། བྱང་ཆུབ་སེམས་དཔའི་སྤྱོད་པའི་མཆོག། དེ་བཞིན་གཤེགས་པའི་འཁོར་ལོ ་ཡིས།། དབུས་ན་དེ་བཞིན་གཤེགས་པ་མཛེས།། ཞེས་ཆེད་དུ་བརྗོད་པར་བྱས་མུ་མོ།། དེ་ནས་སྤྱིའི་གཙོ་བོ་བྱིན་གྱིས་བརླབ་པ་ནི།། རང་བཞིན་གྱི་དཀྱིལ་འཁོར་ནས་སྤྱན་དྲངས་པའི་ལྷ་ལྔ་བཅུ་རྩ་གསུམ་པོ་ཐམས་ཅད་དམ་ཚིག ་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་འཆང་ཆེན་པོའི་ཐུགས་ཁར་ཞུགས་ནས། སྤྱིའི་གཙོ་བོ་རྡོ་རྗེ་འཆང་ཆེན་པོ་ལྷ་ཐམས་ཅད་ཀྱི་རང་བཞིན་དུ་བྱིན་གྱིས་བརླབ་པར་བསམ། དེ་ནས་རྡོ་རྗེ་འཆང་ཆེན་པོའི་ཐུགས་ཁ་ནས་ཡེ་ཤེས་ལྷ་ཚོགས་ཐོན ་ཏེ། ནམ་མཁའ་ལ་གནས་སོ།། དེ་ནས་སྒོན་བཀུར་བའི་གཙོ་བོ་བྱིན་གྱིས་བརླབ་པོ་ནི། ཨེ་མ་སངས་རྒྱས་ཐམས་ཅད་ནི།། རྒྱ་ཆེན་གདོད་ནས་སྐྱེས་པ་མིན།། རྡུལ་ཕྲན་ཇི་སྙེད་ཐམས་ཅད་ཀྱིས།། སངས་རྒྱས་རྣམས་ནི་གཅིག་ཏུ་གྱུར་ཞེས་བརྗོད་ནས ་ཤར་ཕྱོགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་ལྷ་ཚོགས་ནི་མི་བསྐྱོད་པའི་ཐུགས་ཁུར་ཞུགས་ཏེ། མི་བསྐྱོད་པ་བྱིན་གྱིས་བརླབས་ནས། མི་བསྐྱོད་པའི་ཐུགས་ཁ་ནས་སླར་ཐོན་ཏེ། རང་རང་གི་དམ་ཚིག་གི་ལྷ་བྱིན ་གྱིས་བརླབས་པར་བསམ་མོ།། དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་བྱང་ཕྱོཌ་ཀྱང་ཤེ་བར་བྱའོ་དེ་ནས་དབང་ནོད་པ་ནི་གཉིསུ་ཤེས་པར་བྱ་སྟེ། དམ་ཚིག་གི་དཀྱིལ་འཁོར་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱིས་དབང་བསྐུར ་བར་བསམ་པ་དང་། དཀྱིལ་འཁོར་གྱི་ལྷ་ལ་སྒྲུབ་པ་པོས་དབང་ནོད་པའོ།། དམ་ཚིག་ལ་ཡེ་ཤེས་ཀྱིས་དབང་བསྐུར་བར་བསམ་པ་ནི། རིགས་ལྔ་ལ་རིན་པོ་ཆེའི་ཅོད་པན་དང་དུར་སྦྱངས་ཀྱིས་དབང་བསྐུར་བའོ།། དེ་ནས་རིགས ་ཀྱི་སེམས་དཔའ་བཅུ་དྲུག་མཆོད་པ་བརྒྱད་ཡུམ་བཞི་སྒོ་བ་དང་སུམ་ཅུ་རྩ་གཉིས་ལ་སངས་རྒྱས་ལྔའི་ཅོད་པན་དང་དར་སྦྱངས་ཀྱིས་དབང་བསྐུར་བསམ། བསྐལ་པ་བཟང་པོའི་སེམས་དཔའ་རྣམས་ལ་རིན་པོ་ཆེའི་ཅོད་པན་དང་དར ་སྦྱངས་ཀྱིས་དབང་བསྐུར་བར་བསམ་མོ།། དེ་ནས་སྒྲུབ་པ་པོས་དབང་ནོད་པ་ནི་ལུགས་གཉིས་ཏེ། ཡེ་ཤེས་པ་རྣམས་དམ་ཚིག་པ་རྣམས་ཀྱི་ཐུགས་ཁ་ནས་སླར་ཐོན་ཏེ། གདན་རེ་རེ་ལ་སྣང་བ་གཉིས་གཉིས་ཀྱི་ཚུལ་དུ་བཞུན ་པོ་ལ། སྒྲུབ་པ་པོས་རིགས་པའི་དབང་ལྔ་འམ་དྲུག་ནོས་ནས། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་དེ་སླར་ཐིམ་པར་བསམས་པ་འམ། ཡང་ན་དམ་ཚིག་གི་དཀྱིལ་འཁོར་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་ཆུ་དང་འོ་མ་ལྟར་གཅིག ་ཏུ་འདྲེས་ནས་བཞུགས་པ་ལ་སྒྲུབ་པ་པོས་དབང་ནོས་པར་བསམ་མོ།། ཡེ་ཤེས་པ་སྐུར་ཐོན་ཏེ་ནམ་མཁའ་ལ་བཞུགས་པར་བསམ་མོ།། དེ་ཡང་དབང་རྟགས་ནི་སྒྲུབ་པ་པོ་དེ་བཞིན་གཤེགས་པའི་ཟློས་པ་པོ་ཡིན་ན་རིན་པོ ་ཆེའི་ཅོད་པན་དང་དར་དཔྱངས་ཀྱིསྣ་དབང་བསྐུར་བར་བསམ། སེམས་དཔའི་ཟློས་པ་པོ་ཡིན་ན་དེ་བཞིན་གཤེགས་པ་ལྔའི་ཅོད་པན་དང་དཱར་དབྱངས་ཀྱིས་དབང་བསྐུར་བར་བསམ་མོ།། དེ་ནས་སྒྲུབ་པ་པོ་བྱིན་གྱིས་བརླབ་པ་ནི་དེ ་བཞིན་གཤེགས་པའི་ཟློས་པ་པོ་ཡིན་ན་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་གནས་བཞི་བྱིན་གྱིས་བརླབ་པར་བསམ་མོ།། སེམས་དཔའི་ཟློས་པ་པོ་ཡིན་ན་སེམས་མ་རྡོ་རྗེ་མ་ལ་སོགས་པ་ཡུམ་བཞིས་གནས་བཞི་བྱིན་གྱིས ་བརླབ་པར་བས་མོ།། དེ་ནས་ཡེ་ཤེས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དགྱེས་པར་བྱ་བ་ནི། སྒོ་བཞིའི་སྔགས་དང་ཕྱག་རྒྱས་གཞལ་ཡས་ཁང་གི་ནང་དུ་སྤྱན་དྲངས་པ་སྟེ། དེ་ཡང་རྡོ་རྗེ་ལྕགས་ཀྱུའི་སྔགས་དང་ཕྱག་རྒྱས ་སོ་སོའི་སྒོ་ནས་ནང་དུ་བཀུག་པར་བསམ་མོ།། རྡོ་རྗེ་ཞགས་པའི་སྔགས་དང་ཕྱག་རྒྱ་སོ་སོའི་སྒོ་ནས་བཅུག་པར་བསམ། རྡོ་རྗེ་ལྕགས་སྒྲོག་གི་སྔགས་དང་ཕྱག་རྒྱས་སོ་སོའི་སྒོ་ནས་བཅིང་བར་བསམ།། རྡོ་རྗེ་འབེབསོ་བའི ་སྔགས་དང་ཕྱག་རྒྱས་སོ་སོའི་སྒོ་སྒོ་ནས་མཉེས་པར་བསམ་མོ།། དེ་ནས་ཕྱག་རྒྱས་རྒྱས་བཏབ་པ་ནི་གཉིས་ཏེ། རྒྱས་པ་དང་བསྡུས་པའོ།། རྒྱས་པ་ནི་སྒྱུ་འཕྲུལ་དྲ་བ་དང་རྩ་བའི་རྒྱུད་ཀྱི་རྗེསུ་འབྲེངས་པ་ལས་ཤེས་པར་བྱའོ།། ་བསྡུས་པ་ནི་དེ་ནས་དམ་ཚིག་གི་ཕྱག་རྒྱས་གདབ། སྒྲུབ་པ་པོའི་སྙིང་ཁར་རྡོ་རྗེ་རྩེ་ལྔ་པ་བསམས་ལ། གཙོ་བོའི་སྔགས་རིངས་ཀྱི་འཇུག་ལ། དྲི་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། ཨ་ཧཾ་མཉྫུ་ཤྲཱི། ཞེས ་བརྗོད་པས། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དམ་ཚིག་གི་ཕྱག་རྒྱས་གདབ་པར་བསམ་མོ།། ཆོས་ཀྱི་ཕྱག་རྒྱས་གདབ་པ་ནི་དཀྱིལ་འཁོར་གྱི་ལྷ་རྣམས་ལྗགས་ཀྱི་སྟེང་དུ་ཧཱུཾ་དཀར་པོ་ལས་ཡོངསུ་གྱུར་པའི་རྡོ་རྗེ་དཀར་པོ་ལས་ཡོངསུ ་གྱུར་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེ་ཆུ་རྨུགས་སུ་ཡོད་པར་བསམ། དེའི་ལྟེ་བ་ལ་ལྷ་རྣམས་རང་རང་གི་སྐུ་བསྐྱེད་པའི་ཡིག་འབྲུ་བཀོད་ལ། ཆོས་ཀྱི་ཕྱག་རྒྱས་རྒྱས་གདབ་པར་བསམ་མོ།། ལས་ཀྱི་ཕྱག་རྒྱས་རྒྱས་གདབ་པ་ནི། སྒྲུབ ་པ་པོའི་སྙིང་ཁར་སྣ་ཚོགས་རྡོ་རྗེ་བསམས་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། རྡོ་རྗེ་གར་དགུ་སྔོན་དུ་འགྲོ་བའི་ཚུལ་གྱིས་ཕྱག་འཚན་མེད་པར་ལྷ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་ཁྱེར་ཐབས་བསྒོམ་པ་ནི་ལས་ཀྱི་ཕྱག་རྒྱས་རྒྱས ་གདབ་བོ།། ཕྱག་མཚན་མེད་པར་ལྷ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་ཁྱེར་ཐབས་ཀྱི་ཕྱག་རྒྱ་བཅིངས་པ་ནི། དེ་ནས་ལས་ཀྱི་ཕྱག་རྒྱ་བཅིངས་པ་འབྱུང་སྟེ། རྡོ་རྗེ་ཁུ་ཚུར་དམ་བཅིངས་ཏེ།། མཉམ་པར་བཞག་པས་གཉིསུ་བྱ།། རྡོ་རྗེའི ་ཕྱག་རྒྱས་གཉིས་བཅིངས་ཏེ།། དེ་ནས་བཅིངས་པ་རབ་ཏུ་བཤང།། གཡོན་པའི་རྡོ་རྗེ་འཛུབ་མོ་ནི།། གཡས་པའི་ནང་དུ་སྤང་བར་བྱ།། བྱང་ཆུབ་མཆོག་གི་ཕྱག་རྒྱ་ཆེ།། སངས་རྒྱས་བྱང་ཆུབ་སྦྱིན་བྱེད་པའོ།། མི་གཡོ་བ་ཡིས ་རེག་པའོ།། རིན་ཆེན་གྱི་ནི་མཆོག་སྦྱིན་པའོ།། ཚེ་དཔག་མེད་ཀྱི་ཏིང་འཛིན་མཆོག། གདོན་མི་ཟ་བར་མི་འཇིགས་སྦྱིན།། དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས།། མདོར་བསྡུས་རབ་ཏུ་བཤད་པར་བྱ།། རྡོ་རྗེ་སེམས་སོགས་སེམས་དཔའ ་རྣམས།། རྡོ་རྗེ་ལས་རྣམས་བྱེད་པ་སྟེ།། སྒྱིངས་བཅས་གསོར་བ་གཉི་ཀ་ཡིན།། ལྕགས་ཀྱུ་འཛིན་ལྟར་གནས་པ་དང་།། མདའ་འཕངས་པ་ཡི་ཚུལ་དང་ནི།། ལེགསོ་ཞེས་པ་སྙིང་ཁཱར་གཞག། དབང་བསྐུར་བ་ནི་རྡོ་རྗེ་གཉིས།། ་སྙིང་ཁར་ཉི་མ་བསྟན་པར་བྱ།། གཡོན་པ་ལ་ནི་གྲུ་མོ་གཟུགས།། དེ་བཞིན་ཁ་ཕྱོགས་སྐོར་བར་བྱ།། གཡས་པ་ཡིས་ནི་གཡོན་པར་དབྱེ།། སྙིང་ཁུར་གཡོན་པ་ར་ལཱ་གྲི་མདུང།། མགལ་མའི་འཁོར་ལོ་བསྐོར་བ་དང་།། རྡོ་རྗེ་གཉི་ཀ་ཁ་ནས ་དབྱུང་།། རྡོ་རྗེ་གར་གྱིས་བསྐོར་བ་ཡི།། ཐལ་མོ་འགྲམ་པ་སྤྱི་བོར་བཞག། གོ་ཆ་མཐེ་ཆུང་མཚོ་བ་དང་།། ཁུ་ཚུར་གཉིས་ནི་མནན་པའོ།། རྡོ་རྗེ་སྒྱིངས་པའི་ཚུལ་གྱི་སུ།། བསམ་པ་གཡོས་པས་གདུང་བ་བྱ།། ཕྲེང་བ་བཅིངས་པས་ཁ་ནས ་དབྱུང་།། རྡོ་རྗེ་གར་ནི་བསྐོར་བ་ཡིན།། རྡོ་རྗེ་ཁུ་ཚུར་ཚུལ་གྱིས་ནི།། བདུག་པ་ལ་སོགས་དེ་བཞིན་སྦྱིན།། སངས་རྒྱས་ཀུན་ལ་མཆོད་པ་ཡིན།། ཕྱག་རྒྱའི་མཆོད་པ་བྱེད་པ་པོ།། མཛུབ་མོས་ལྕགས་ཀྱུ་བཅིངས་པ་ནི།། མཐེ་ཆུང་ལས་དེ ་ལྕགས་ཀྱུ་ཆེ།། ཁྲིག་མ་མདུད་པ་མཛུབ་གཉིས་མདུད།། རྒྱབ་གཉིས་རྐྱང་ནི་བསྙམས་ཏེ་མནན།། སྒོ་གཉིས་པ་དང་གསུམ་པ་ལ་སོགས་པ་ལྔའི་ལས་ཀྱི་ཕྱག་རྒྱོ་བཅིང་བ་ནི། སོ་སོའི་གཙོ་བོ་བཞིན་དུ་ཐབས་རེ་སྒོ་རེ་འམ།། ཕྱོགས ་བཞིར་བཅིང་བའོ།། དེ་རྣམས་ནི་འདིར་མང་དུ་སྒོ་མི་དགོས་པའི་ཕྱིར་མང་དུ་མ་སྤྲོས་པའོ།། དེ་ནས་ཕྱག་རྒྱ་ཆེན་པོས་རྒྱས་གདབ་པ་ནི།། སྒྲུབ་པ་པོའི་སྙིང་ཁར་རྡོ་རྗེ་རྩེ་ལྔ་པ་བསམས་ལ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱིའི་སྙིང་པོ།། ཨོཾ་ཧཱུཾ་ཧྲཱིཿཞེས་ཡིད་ལ་ཟློས་ཤིང་།། རྡོ་རྗེ་ཁུ་ཚུར་གཉིས་རྡོ་རྗེ་གར་མ་བྱས་པར།། རང་རང་གི་ཕྱག་མཚན་ཕྱག་ན་བསྣམས་པར་བསྒོམ་པ་ནི་ཕྱག་རྒྱ་ཆེན་པོའི་རྒྱས་བཏབ་པར་བསྒོམ་པའོ།། ་དེ་ནས་ལྷ་ལས་ལ་སྦྱར་བ་ནི།། གཞུང་ལས། དེ་ནས་ལས་ཀྱི་རྒྱལ་མཆོག་ནི།། སྒྲ་ལས་འཕེལ་ཏེ་རྒྱས་བཤད་པས།། འདིར་ནི་བདག་གྲིས་མ་བཤད་དོ།། ཞེས་འབྱུང་བས་སྒྲ་ལས་འཕེལ་ཏེ་བཤད་པ་ན།། གསང་ལྡན་ནམ་སྐེ་དང་པོའི་ལྷ་ལས ་ལ་བཞག་པ་ནི། ལྕེའི་དག་པ་དང་མཐུན་པར་ལས་ལ་བཞག་སྟེ། སྔགས་དོན་རྣམ་པར་གཟིགས་པའི་ལྷའི་དག་པ་དང་མཐུན་ནོ།། སྒོ་གཉིས་པའི་གཏི་མུག་སེལ་བ་ནི་རྣམ་པར་སྣང་མཛད། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས། སེམས་ཅན ་ཐམས་ཅད་ཀྱི་གཏི་མུག་སྦྱོངས་ཤིག་པའོ།། དེ་བཞིན་དུ་ཞེ་སྡང་དང་། འདོད་ཆགས་དང་སེར་སྣ་དང་། ཕྲག་དོག་སྦྱོངས་ཤིག་པའོ།། ཡང་ན་སྔོན་གྱི་ལྷ་ཐམས་ཅད་ཀྱི་སྒོ་བསྡུ་དྲན་པར་བྱས་པ་ནི་ལས་ལ་སྦྱར་བའོ།། ལས་ཀྱི་ཁྱད་པར་གྱི་ཏིང ་ངེ་འཛིན་ཏོ་ཞེས་པ་ནི། མཚམས་སྦྱར་བར་བྱའོ།། དེ་ནས་སྤོས་ཀྱི་ཆུ་དག་ལ།། སྔགས་འདས་པ་ཡིས་བས་བྱས་ཏེ།། ཕུང་པོས་བསྡུ་བའི་མཆོད་པ་ལྔས།། རིམ་བཞིན་བྱིན་བརླབས་མདུན་བཞག་ནས།། འདི་དག་རིམ་པའི་གོ་རིམས ་ཀྱིས།། ས་གོལ་རིམ་པས་བརྡབ་བྱས་པས།། རིམ་བཞིན་བསྡུ་བའི་ཕྱག་རྒྱ་ནི།། ཛཿཧཱུཾ་བཾ་ཧོཿལྡན་བྱས་ཏེ།། མདུན་ན་མངོན་སུམ་བཞིན་མཐོང་ནས།། ས་མ་ཡ་ཛེཿཞེས་བརྗོད་བྱ་ཞིང་།། འཁོར་ལོ་ཚོགས་མཆོག་དེ་དག་ལ།། མཉམ་མེད་ལ ་སོགས་བསྟོད་པར་བྱ།། དེ་ནས་གཙོ་བོ་སྔགས་རིངས་ལ།། དྲྀ་ཤྱ་ཞེས་ཀྱང་བརྗོད་བྱ་ཞིང་།། ཨ་ཧཱུཾ་ཞེས་དང་ལྡན་པར་ནི།། བཞི་ཡིས་རྒྱས་གདབ་དོན་མཆོག་གྲུབ།། དེ་ནས་མཆོད་པའི་བྱེ་བྲག་གིས།། མཆོད་ནས་ཕྱག་བཞི་བྱ་བ་ནི།། དང ་པོའི་སངས་རྒྱས་ལ་སོགས་པའི།། གནས་སུ་བྱ་བའི་རིམ་པའོ།། དེ་དག་ནི་ཡོངསུ་རྫོགས་པའི་ཆོས་ཀྱི་ཏིང་འཛིན་ཏེ།། ཞེས་བྱ་བས་ཡོངསུ་རྫོགས་པའི་ཏིང་ངེ་འཛིན་བསྟན་པ་ཏེ།། དེ་དག་ཡང་སྤྱི་དོན་དགུའི་སྒོ་ནས་ཤེས་པར་བྱ་སྟེ།། དེ་ནས་སྤོས ་ཀྱི་ཆུ་དག་ལ།། སྔགས་ཟླས་པ་ཡིས་བསང་བྱ་སྟེ།། ཕུང་པོས་བསྡུས་མའི་མཆོད་པ་ལྔས།། རིམ་བཞིན་བྱིན་བརླབས་མདུན་བཞག་ནས།། ཞེས་བྱ་བས། མཆོད་པ་བྱིན་གྱིས་བརླབས་པ་སྟེན་ཏེ།། སྤྱིར་སྦྱང་ཞིང་བསྲེག་པ་དང་། སོ་སོའི་སྔ ་དང་ཕྱག་རྒྱས་བྱིན་གྱིས་བརླབས་ཏེ།། སྔོན་བཞིན་ནོ།། འདི་དག་རིམ་པའི་གོ་རིམས་ཀྱིས།། སེ་གོལ་རིམ་པ་བརྡབ་བྱས་པས།། རིམ་བཞིན་བསྡུ་བའི་ཕྱག་རྒྱ་ནི།། ཛཿཧཱུཾ་བཾ་ཧོཿལྡན་བྱས་ཏེ།། མདུན་ན་མངོན་སུམ་བཞིན་མཐོང་ནས།། ་ཞེས་བྱ་བ་རང་བཞིན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསྡུ་བ་སྟོན་ཏེ། དེ་ཡང་རྡོ་རྗེ་བསྡུ་བའི་སྔགས་དང་ཕྱག་རྒྱས་རང་བཞིན་གྱི་སངས་རྒྱས་སྦྱར་དྲངས་ལ་མདུན་གྱི་ན་མཁའ་ལ་བྱོན་པར་བསམ་མོ།། ས་མ་ཡ་ཛཿཞེས་བརྗོད ་བྱ་ཞིང་།། འཁོར་ལོ་ཚོགས་མཆོག་དེ་དག་ལ།། མཉམ་མེང་ལ་སོགས་བསྟོད་པར་བྱ།། ཞེས་པས་བསྟོད་པ་སྟོན་ཏོ།། སྔགས་སྔོན་དུ་འགྲོ་བས། དྲི་ནས་བསྟོད་པ་ནི་མཉམ་མེད་མི་གཡོ་འམ་འདུད་ཉི་ཤུས་བསྟོད་པ ་བྱའོ།། དེ་ནས་དགུག་པ་དང་བཅིང་བཱ་དང་མཉེས་པར་བྱ་བ་ནི། སྒོ་བཞིའི་སྔགས་དང་ཕྱག་རྒྱས་གཞོལ་ཡས་ལྗང་གི་ནང་དུ་སྤྱན་དྲངས་པ་ལ་སོགས་པ་སྟེ་སྔོན་བཞིན་ནོ།། དེ་ནས་གཙོ་བོའི་སྔགས་རིངས་ལ།། དྲྀ་ཤྱ་ཞེས་ཀྱང་བརྗོད ་བྱ་ཞིང་།། ཨ་ཧཱུཾ་ཞེས་དང་ལྡན་པར་ནི།། བཞི་ཡིས་རྒྱས་གདབ་དོན་མཆོག་སྒྲུབ་ཅེས་བྱ་བས་ལྷ་ཐམས་ཅད་ནི་ཕྱག་རྒྱ་བཞིས་རྒྱས་གདབ་པ་སྟོན་ཏེ། དེ་ཡང་ཕྱག་རྒྱས་གདབ་པ་ནི།། ལས་མཆོག་གི་སྐབས་བཞིན་ཤེས་པར ་པཔར་བྱའོ།། དེ་ནས་མཆོད་པའི་བྱེ་བྲག་གིས་མཆོད་ནས་ཞེས་བྱ་བས་མཆོད་པ་དབུལ་བ་སྟོན་ཏེ། དེ་ཡང་མཆོད་པ་དབུལ་བ་ནི་ཐུན་མོང་གི་མཆོད་པ་རྣམ་པ་ལྔ་དང་། ཕྱི་ནང་གི་ལྷ་མོ་བརྒྱད་ཀྱི་མཆོད་པ་དང་། བསྒྲུབ་མཆོད ་བཅུ་དྲུག་དང་། མཆོད་པ་གཞན་ཡང་ཅི་འབྱོར་ཚད་དུ་འབུལ་ལོ།། ཕྱག་བཞི་བྱ་བ་ནི་དང་པོ་སངས་རྒྱས་ལ་སོགས་པའི། གནས་སུ་བྱ་བའི་རིམ་པའོ།། ཞེས་བྱ་བས་ཕྱག་བཙལ་བར་སྟོན་ཏེ། དེ་ཡང་ཕྱག་བཞི་བཙལ་བ་ནི། ་ཤར་ཕྱོགས་ཀྱི་སྒོ་ནས་རྡོ་རྗེ་རིགས་ཀྱི་ཕྱག་བཙལ་བ་དང་། ལྷོ་ཕྱོགས་ཀྱི་སྒོ་ནས་རིན་ཚེ་རིགས་ཀྱི་ཕྱག་བཙལ་བ་དང་། ནུབ་ཕྱོགས་ཀྱི་སྒོ་ནས་པདྨ་རིགས་ཀྱི་ཕྱག་བཙལ་བ་དང་། བྱང་ཕྱོགས་ཀྱི་སྒོ་ནས་ལས་ཀྱི་རིགས་ཀྱི་ཕྱག་བཙ ་བ་སྟེ། ལུས་ཀྱི་བཅའ་ཐབས་དང་ཏིང་ངེ་འཛིན་གྱི་རིམ་པ་དང་ཕྱག་རྒྱ་དང་སྔགས་དང་ཕྱོགས་དང་ལྔས་ཤེས་པར་བྱ་སྟེ། སྔོན་བཞིན་ནོ།། དེའི་འོག་ཏུ་བླ་མའི་གང་མ་ངག་གི་ཉམས་པ་གསུམ་དང་བསྙེན་པ་ནི་བསྒོམ་པ་དང་། མཚན ་བརྗོད་པའི་གསུང་རབ་གདོན་པ་དང་སྔགས་བཟླས་པ་རྣམས་སྟོན་པ་ནི། དེ་ཡང་མཉམ་པ་རྣམ་པ་གསུམ་གྱིས་མཉམ་པར་བསྲེས་ལ། བསྒོམ་བཟླས་བྱ་བ་ནི། ཨོཾ་བཛྲ་ཨཱཏྨ་ཀོ&ཧཾ། ཞེས་བརྗོད་པས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད ་དང་བདག་སྐུ་གསུང་ཐུགས་རྡོ་རྗེ་མཉམ་པས་མཉམ་པ་ཉིད་དུ་བསམ། ཨོཾ་སྭ་བྷཱ་ཝ་བཱི་ཤུདྡྷ་ཧཾ་ཞེས་བརྗོད་པས་ལྷ་ཐམས་ཅད་དང་བདག་རང་བཞིན་གྱིས་རྣམ་པར་དྲག་པར་མཉམ་པས་མཉམ་པ་ཉིད་དུ་བསྒོམ། ཨོཾ་སརྦ་ས་མོ་ཧཾ་ཞེས ་བརྗོད་པས་ལྷ་ཐམས་ཅད་དང་བདག་མེད་པར་མཉམ་པས་མཉམ་པ་ཉིད་དུ་སྒོམ་མོ།། དེ་ལྟར་མཉམ་པ་ཉིད་གསུམ་གྱིས་མཉམ་པར་བསྲེས་ལ། ལྷ་ཐམས་ཅད་ཀྱི་རང་བཞིན་བདག་ཡིན་ནོ་བར་བསམས་ལ་བསྒོམ་པ་དང་། མཚན ་དང་སྔགས་ཀྱིས་བཟླས་པ་བྱེད་ན་ཡང་ལྷ་ཐམས་ཅད་ཀྱི་རང་བཞིན་བདག་ཡིན་ནོ་བར་བསམས་ལ། བདག་གིས་མཚན་དང་སྔགས་ཀྱིས་བཟླས་པ་བྱས་པའི་དུས་སུ་ལྷ་ཐམས་ཅད་ཀྱི་ཞལ་ནས་ཀྱང་བཟླས་པའི་སྒྲ་འབྱུང་བར་བསམ། ་དེ་ལྟར་བྱས་ནས་རྣམ་པ་ལྔར་འགྱུར་ཏེ། བསྒོམ་པའི་བསྙེན་པ་ལ་དུས་ཀྱི་བསྙེན་པ་དང་། མཚན་མའི་བསྙེན་པ་གཉིས།། བཟླས་པའི་བསྙེན་པ་ལ། དུས་ཀྱི་བསྙེན་པ་དང་། མཚན་མའི་སྙན་པ་དང་། གྲངས་ཀྱི་བསྙེན་པ་དང་གསུམ་མོ།། དེ་ལྟར ་བསྙེན་པ་རྣམ་པ་ལྔའོ།། དེ་ལ་སྔགས་རྣམས་འདི་ཡིནྣ་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་ཡོ་གི་ཤྭ་ར་ཧཱུཾ། ཨོཾ་བཛྲཱ་སཏྭ་ཧཱུཾ། ཨོཾ་བཛྲཱ་རནྟ་ཧཱུཾ། ཨོཾ་བཛྲ་དྷརྨ་དྡྷ། ཨོཾ་བཛྲ་ཀཱརྨ་ཧཱུཾ། ཨོཾ་བཛྲ་བཱདྡྷོ་ཎིཏྲཱུཾ། ཨོཾ་བཛྲ་རཏྣ་བཛྲེ་ཎི་ཏཱ། ་ཨོཾ་བཛྲ་དྷརྨ་བཛྲི་ཎི་ཧཱུཾ། ཨོཾ་བཛྲ་ཀརྨྨ་བཛྲི་ཎི་ཧཱུཾ། ཨོཾ་བཛྲ་ལཱ་སྱེ་ཧཱུཾ། ཨོཾ་བཛྲ་མཱ་ལེ་ཧཱུཾ། ཨོཾ་བཛྲ་གཱི་ཏཾ་ཧཱུཾ། ཨོཾ་བཛྲ་ནོཛོ་ཧཱུཾ། ཨོཾ་བཛྲ་དྷཱུ་པ་ཧཱུཾ། ཨོཾ་བཛྲ་པུཥྤེ་ཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ། ཨོཾ་བཛྲ་གནྡྷེ་ཧཱུཾ། ཨོཾ་བཛྲ་སཏྭ་ཧཱུཾ། ཨོཾ་བཛྲ་རཱ་ཛ་ཛཱ། ་ཨོཾ་བཛྲ་རཱ་གྲ་ཧོ། ཨོཾ་བཛྲ་སཱ་དྷུ་ས། ཨོཾ་བཛྲ་རཏྣ་ཨོཾ། ཨོཾ་བཛྲ་ཏྭེ་ཛ་ཨོཾ། ཨོཾ་བཛྲ་ཀྵེ་ཏུཛྫ། ཨོཾ་བཛྲ་ཧཱ་སྭཱ་ཧ། ཨོཾ་བཛྲ་དྷརྨྨ་ཧྲི། ཨོཾ་བཛྲ་ཏཱཀྵྞ་དྷྭཾ། ཨོཾ་བཛྲ་ཧ~ཾ་ཏུ་མཾ། ཨོཾ་བཛྲ་བྷ་ཥ་རེ། ཨོཾ་བཛྲ་ཀརྨ་ཀཾ། ཨོཾ་བཛྲ་རཀྵ་ཧཾ། ཨོཾ་བཛྲ་ཡཀྵ་ཧཱུཾ། ་ཨོཾ་བཛྲི་སནྡྷི་བ~ཾ། ཨོཾ་བཛྲ་ཨ~ཾ་ཀྲྀ་ཤྱཱ་ཛ། ཨོཾ་བཛྲ་པཱ་ཤ་ཏྲཱུཾ། ཨོཾ་བཛྲ་སྥོ་ཊ་བ། ཨོཾ་བཛྲ་ཨ་བེ་ཤཾ་ཨོཾ། ཁྱད་པར་གྷོ་སྙིང་པོའི་སྔགས། ཨོཾ་དཱཛྫ་པྲཛྙཱ་ཛྙཱ་ན་མུརྷ་ཡེ་ཏེ་ན་མཿ། ཨོཾ་པུ་ཁ་ཙྪེ་ད་ཡ་ཏེ་ན་མཿོཾ་བཛྲ་ཏིཀྵྞ་ཡ་ཏེ་ན་མེཿ། ་ཨོཾ་ཝཱ་མཱི་ཤྭ་ར་ཡ་ཏེ་ན་མཿོཾ་ཛྙཱ་ན་ཀཱ་ཡ་ཡ་ཏེ་ན་མཊྚེ། ཨོཾ་ཨ་པ་ར་ཙ་ནཱ་ཡཱ་ཏེ་ན་མཿ། ཐུན་མོང་གི་སྔགས་ཏེ། གོ་བཟློག་པརྱ་ཤེས་པར་བྱའོ།། ཨོཾ་སརྦ་དྷཱརྨྨ་བྷཱུཉྫ་སྭཱ་ཛཱ་ཝ་བི་ཤུདྡྷ་བཛྲེ་ཡ་ཨཱ་ཨཾ་ཨ་པྲ་ཀྲྀདྦྷ་པ་རྀ་ཤྱཱདྡྷ། ས ་དྷམཱ་མེ་དྭེ་ཏ། སརྦ་རྦ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ། མཉྫུ་ཤྲཱི་པའི་ཤུདྡྷི་ཏ་སུ་པ་ཏྲ་མཻ་ཏ~ཾ། ཨ་ཨཱ། སརྦ་ཏ་ཐཱ་ག་ཏི་ཧྲྀ་ལ། ཧར་ཏེ་ར། ཨོཾ་ཧཱུ་ཧྲཱིཿ། ཐོག་ཝཱ། ཛྙཱ་ན་མུ་དྷེ་ཛཱི་གཱི་ཤྭ་ར~ཾ། མ་ཧཱ་བ་ཙ~ཾ། ས་བདྷ་རྨཱ་ག་གན། ཨ་མ་ལཱ~ཾ་སུ་ཛྲནྡཿ། ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱི་སྤྱིའི་སྐུའི་སྔགས་དང་རྩ་བའི་སྔགས་དང་ཕྲེང་སྔགས་སོ།། བསྙེན་པ་བསྟན་པའོ།། ། དེ་ནས་བསྒྲུབ་པ་ལ་འཇུག་པ་ནི།། དེ་ནས་རང་དགའི་གནས་ཉིད་དུ། གཟུ ་བརྙན་དཀྱིལ་འཁོར་བྲི་བར་བྱ།། ཞེས་བྱ་བས་བསྒྲུབ་པའི་གནས་བསྒྲུབ་པའི་གཟུགས་བརྙན་གྱི་དཀྱིལ་འཁོར་བྱ་བའི་སྤྱིར་མདོར་བསྟན་ཏེ། དེ་ཡང་གནས་ནི་ཉམས་དགའ་ཞིང་ཡིད་འཇུག་པ། རྒྱལ་པོ་དང་ཐེག་པ་དམན་པ་ལ་སོགས ་པས་དབེན་པར་བྱ་བར་གསུངས་སོ།། ས་དེ་བཞུང་བཞིན་སྦྱར་བྱ་དང་།། ། གཟུངས་དང་ལྡན་པ་གཞུང་བཞིན་དུ།། བྱི་བའི་བྱེ་བྲག་གཞན་ནའོ།། ཞེས་བྱ་བས་སྣའི་ཆོ་ག་རྒྱས་པར་བསྟན་ཏེ། དྲི་ཡང་བྲམས་གསང་བ་སྤྱི་དང་རྩ་རྒྱུང ་ཆེན་པོ་ལ་སོགས་པར་སའི་ཆོ་ག་སྤྱི་དོན་བརྒྱད་ཀྱི་ཤེས་པར་བྱ་བ་ནི། ཚེས་གཅིག་ནས་བཅོ་ལྔའི་བར་དུ་གཟའ་སྐེར་བཟང་པོ་ལོ་ཞུགས་ཏེ།། སློབ་དཔོར་སློབ་མའི་སྤྱོང་ལམ་བྱ་བ་ནི།། ཟེ་གཅིག་གིས་བསྐུད་པ་དང་དཀར་གསུམ་བཟུང ་བ་ལ་སོགས་པའི་སྤྱོད་ལམ་བྱའོ།། གྲོང་ཁྱེར་ཆེན་པོ་འང་གཙུག་ལག་ཁང་ངམ། ལྔ་ཁང་ལ་སོགས་པའི་ཤར་རམ་བྱང་ཕྱོག་སུ་བྲི་བར་བྱའོ།། དེ་ནས་ཇི་ཙམ་བྱེད་པོའི་དཀྱིལ་འཁོར་གྱིས་བཅང་ལ་སའི་ལྟོའི་འཕྱེ་བརྟག་པར་བྱས་ལ། ་ནས་ས་བརྐོས་ངོ་སའི་རོ་ལྔ་སྤངས་པ་དང་ལྡན་པར་བྱའོ།། སའི་ར་ལྔ་ནི་སའི་རོ་གསེག་མ་དང་། མིའི་རོ་རུས་པ་དང་སྐྲ་ཤད་ཀྱི་དུམ་བུ་དང་། རྫའི་རོ་གྱི་དུམ་དང་། ཤིང་ལི་རོ་མགལ་དུམ་ལ་སོགས་པ་དང་། རྩའི་རོ་ཕུབ་མ་ལ་སོགས་པ་མེད ་པར་བྱའོ།། རྒྱལ་པོས་ནི་དཀྱིལ་འཁོར་ཁྲུ་བརྒྱ་ལྔ་བཅུ་པ་ལ་བྱའོ།། བློན་པོ་འམ་བློན་པོ་ཆེན་པོས་ནི་ཁྲུ་ལྔ་བཅུ་འམ་དེའི་ཕྱེང་ལ་བྱའོ།། སྒྲུབ་པ་པོས་ནི་ཁྲུ་བཅུ་གཉིས་སམ་དྲུག་ལ་བྱའོ།། ས་བརྟག་པ་ནི་ཉིས ་འགྱུར་ཚུན་དུ་བརྟག་གོ། དེ་ནས་ཡུལ་གྱི་རྒྱལ་པོ་དང་བློན་པོ་ལ་སོགས་པ་ལ་སྤང་བར་བྱའོ།། སའི་ལྷ་མོ་ལ་སླང་བ་དང་། དཀོན་མཆོག་གསུམ་ལ་སླང་བ་དང་། ས་བདག་ལ་སོགས་པ་ལ་སྤང་བའོ།། དེ་ནས་ཡིད་ཀྱིས་སའི་ལྷ ་མོ་གསེར་གྱི་མདོག་ཅན་ལག་ན་གསེར་གྱི་བུམ་པ་ཐོགས་པ་ཞིག་སའི་འོག་ནས་སྐུ་ཕྱོ་ཙམ་འཐོན་པར་བསམས་ལ། སྤོས་ཆུས་བརླན་པར་བྱས་པའི་ལག་པས་ས་ལ་ལན་གསུམ་རྔབས་ལཱ། སྐྱོབ་པ་སངས་རྒྱས་ཐམས ་ཅད་ཀྱི།། སྤྱོད་པའི་ཚུལ་དང་ཁྱད་པར་དང་།། ས་དང་ཕ་རོལ་ཕྱིན་པ་ལ།། ལྷ་མོ་ཁྱོད་ནི་དབང་དུ་གྱུར།། སྐྱོབ་པ་ཤཱཀྱ་སིངྒེ་ཡིས།། ཇི་ལྟར་བདུད་ཀྱི་སྡེ་བཅོམ་ལྟར།། དེ་བཞིན་བདག་གིས་བདུད་ལས་ནི།། རྒྱལ་བར ་བྱས་ཏེ་དཀྱིལ་འཁོར་བྲི།། ཞེས་ལན་གསུམ་བརྗོད་ནས། སའི་ལྷ་མོའི་ཞལ་ནས་ཁྱོད་ཅི་བདེ་བར་བྲིས་ཤིག་ཟེར་ནས་སའི་ནང་དུ་ཐིམ་པར་བསམ་མོ།། ཡང་ན་དཀྱིལ་འཁོར་གྱི་དབུས་སུ་མཎྜལ་ཁྲུ་གང་གྲུ་བཞི་པ་ཞིག ་བྱས་ལ། དེར་མཆོད་པ་རྣམ་པ་ལྔ་དང་གཏོར་མ་གཅིག་བཤམས་ལ། དཀོན་མཆོག་གསུམ་ལ་མཆོད་པ་རྣམ་པ་ལྔ་ཕུལ་ཏེ། སྤོས་ཀྱི་སྣོད་ཐེགས་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། དགོངས་ཤིག་བདག་ལ ་སངས་རྒྱས་དག། སངས་རྒྱས་ཐམས་ཅད་མཆོད་པ་དང་།། སེམས་ཅན་རྣམས་ལ་སྨན་སླད་དུ།། རྣམ་པར་སྣང་མཛད་ཆེན་པོ་ཡི།། དཀྱིལ་འཁོར་དམ་པ་འབྲི་བར་འཚལ།། རྒྱལ་བ་སྲས་དང་བཅས་རྣམས་ཀྱིས།། བདག་ལ་བྱིན ་གྱིས་བརླབ་ཏུ་གསོལ།། དེ་སྐད་ཅེས་ལན་གསུམ་བརྗོད་པས། དཀོན་མཆོག་གསུམ་གྱིས་གནང་བ་བྱིན་པར་བསམ་མོ།། ཡང་གཏོར་མ་ཨ་ཀཱ་རོ་ལ་སོགས་པས་བྱིན་གྱིས་བརླབས་ལ། དཔུང་པ་བཟང་པོའི་རྒྱུད་ལས་བྱུང་བའི ་ཚིགས་སུ་བཅད་པས་གཏོར་མ་བྱིན་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ཏེ་སྤོས་ཐོགས་ཏེ། ཕྱོགས་བཅུར་བཞུགས་པའི་ལྷ་ཀླུ་དང་།། གནོད་སྦྱིན་དྲི་ཟ་ལྷ་མ་ཡིན།། ཡང་དག་རྫུ་འཕྲུལ་ཆེར་ལྡན་པའི།། འབྱུང ་ལ་གནས་པའི་འབྱུང་པོ་ཀུན།། བདག་མིང་འདི་ཞེས་བགྱི་བ་ཡིས།། སངས་རྒྱས་རྣམས་ལ་མཆོད་པ་དང་།། སེམས་ཅན་རྣམས་ལ་ཕན་དོན་དུ།། དམ་པའི་དཀྱིལ་འཁོར་ཆེར་བྱུང་བ།། ཇི་ལྟར་བསམ་པ་བཞིན་བྲི་ན།། ཁྱེད ་ཀྱིས་བར་ཆད་མ་བྱེད་པར།། དགེ་བའི་གྲོགས་པོ་ཉིད་དུ་མཛོད།། ད་ལྟར་བདག་གིས་ཁྱོད་ལ་ནི།། བཟོད་བར་གསོལ་གྱིས་མ་སླུ་བར།། རྨི་ལམ་ལ་སོགས་མཚན་མ་ཡི།། ལེགས་ཉེས་བལྟས་རྣམས་བསྟན་དུ་གསོལ།། ་ལན་གསུམ་གསོལ་བ་བཏབ་པས།། ས་བདག་ལ་སོགས་པས་དཀྱིལ་འཁོར་གྱིས་ཤིག་པར་གནང་བ་བྱིན་པར་བསམ་མོ།། དེ་ནས་ཆག་ཆག་དང་སྐྱང་ནུལ་ལེགས་པར་བྱ་སྟེ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཀྱིས་ཡུངས་ཀར་གཏོར།། ་ཞིང་བགེགས་སྐུད་ནས། ཨོཾ་ཧཱུཾ་ཧྲཱིཿཞེས་པ་འམ། ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་བྱ་བ་ལན་གསུམ་མམ། བདུན་ནམ་ཉི་ཤུ་རྩ་གཅིག་བརྗོད་པར་བྱའོ།། དེ་ནས་ཞི་བའི་སྦྱིན་སྲེག་གིས། བགེགས་ཉེ་བར་ཞི་བར་བྱའོ།། ཡང་ན ་དང་པོར་སའི་པྲ་བརྟག་པར་བྱ་བའི་ཕྱིར། དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་སློབ་དཔོན་བདག་ཉིད་ཀྱི་པུས་མོ་ནུབ་ཙམ་ལྟེ་བ་ནུབ་ཙམ་བརྐོས་ལ། དེ་ཡང་གོང་གི་སའི་ལྷ་མོ་ན་མཁའ་ལ་ཨོཾ་བཛྲེ་པ་ཏ་ཡ་ཞེས་བརྗོད་ལ་བརྡེག། དེ་ནས་དོང་གི ་ནུརླུང་དུ་ཆུས་བཀང་སྟེ། མེ་ཏོག་ཡང་བཅུག་ལ། ཨོཾ་ཧཱུཾ་ཧྲཱིཿའམ་ཨོཾ་བཛྲ་སཏྭ་ཧཱུཾ། ཟློས་ཤིང་ཤར་ཕྱོགས་སུ་གོམ་པ་མི་དྲག་མི་དལ་བ་བརྒྱ་ཕྱིན་ཏེ། ཚུར་ལོག་ནས་ཆུ་མ་སྐམ་ན་དངོས་གྲུབ་ཡོད་པར་སྟོན། ཆུ་སྐམས་ན་གཞན་དུ ་སྲོ་བར་བཤད། དེ་ནས་རྫ་སོ་མ་བཏང་བ་ཞིག་ཏུ་རིན་པོ་ཆེ་སྣ་ལྷ་འབྲུ་ལྔ་དང་སྨན་དང་སྙིང་པོ་དང་སྤོས་དང་ལྔ་བྲུག་ལ། དོང་གི་ནང་དུ་གཞུག་པོ། དེ་ནས་རྐོས་པའི་ས་ད་རྡོ་རྗེ་གནོད་སྦྱིན་གྱི་སྔགས་བཏབ་པའི་སྤོས་ཆུས་བྲལ་བྲུལ་དུ ་སྦྲུས་ལ་ནང་དགང་བར་བྱའོ།། ལྷག་པར་གྱུར་ན་དངོས་གྲུབ་མཆོག་ཡིད་པར་བསྟན།། ཆང་ན་གཞན་དུ་སྤྲོ།། དེ་ནས་རྡོ་རྗེ་གནོད་སྦྱིན་བཟླས་པའི་སྤོས་ཆུས་ཆག་ཆག་གང་བ། འཐས་པར་བཅགས་ལ་མེ་ལོང་གི་རྒྱུ་བ་བཞིན་དུ་བྱས ་བྱས་པ་ནི་ས་ལས་དང་བྱོ་བས་སྦྱང་བའོ།། རྡོ་རྗེ་གནོད་སྦྱིན་ནམ་རྡོ་རྗེ་རྩེ་མོས་བཟླས་པའི་སྤོས་ཆུས་གསང་གཏེར་བྱ་བ་དང་། ཞི་བའི་སྐྱོན་སྲེག་བྱས་པའི་ཐལ་བ་དང་ཡུངས་ཀར་གྱི་གཏོར་མ་ནི་སྔགས་ཀྱིས་སྦྱང་བའོ།། ཏིང་ངེ་འཛིན་གྱིས་སྦྱང ་བ་ནི། སློབ་དཔོན་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་རྡོ་རྗེ་ཆེན་པོ་ནས་གཞལ་ཡས་ཁང་ལ་ཐུག་པའི་བར་དུ་བསྒོམས་ལ་སྒོ་བཞི་རྟ་བབས་དང་བཅས་པའི་ནང་དུ་ས་ཆུང་བར་སྒོམ་པར་བྱའོ།། ས་སྦྱང་བའོ།། དེ་ནས་སློབ་དཔོན་ལྟར ་རྣལ་འབྱོར་དང་ལྡན་པས་ས་ཕྱོགས་འདྲི་ཉིད་དུ་བདག་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཆེན་པོ་བྲི་བར་བྱའོ།། ཞེས་བསམ་པ་སྔོན་དུ་བཏང་བ་ནི། སེམས་ཀྱི་དབང་གིས་གཟུང་བའོ།། དེ་ནས་སློབ་དཔོན་གྱིས་རྡོ་རྗེ་འཆང་ཆེན ་བོའི་ཕྱག་རྒྱ་ཆེན་པོར་བསྒོམས་ནས། ཏིང་ངེ་འཛིན་གསུམ་དང་ལྡན་པར་བྱསཱ་ལ། དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། ཨོཾ་བཛྲ་ཏིཀྵྞ་དུཿཁཙྪེ་ད་པྲཛྙཱ་ཛྙཱ་ནཱ་མུརྟི། ཛྙཱ་ན་ཀཱ་ཡ། ཝ་གི་ཤྭ་ར། ཨ་ར་པ་ཙ་ན། ཡ་ཏེ་ན་མ། ཞེས་ཟློས ་ཤིང་འདུག་པ་ཡན་ཆད་ནི། སློབ་དཔོན་གྱི་ཏིང་ངེ་འཛིན་ནོ།། དེ་ནས་བསྒྲུབ་བྱའི་ཕྱོགས་མཆོག་རིགས་བཞིའི་ང་རྒྱལ་དང་ལྡནྡ་པ་བཞི་སྟྭཾ། ཤར་ཕྱོགས་ཀྱི་སྒོ་ནས། འདུང་ཉི་ཤུས་བསྟོད་དེ། མཚན་བརྒྱ་རྩ་བརྒྱད་འདི་དག་གིས ་བདག་ཅག་གི་ནི་བསྟོད་པ་ཡིས།། ཚུལ་ཆེན་ཡང་ནི་རྒྱས་པར་མཛད།། མགོན་པོ་ཁྱོད་ལ་གསོལ་བ་ནི།། སངས་རྒྱས་ཀུན་གྱི་འཁོར་ལྷོ་ཆེ།། དཀྱིལ་འཁོར་དམ་པ་བཤང་དུ་གསོལ།། ཞེས་བྱ་བ་ནི་བགོགས་ཚོར་གཙང་པར ་གསོལ་བ་གདབ་པའོ།། དེ་ལ་མིག་བྱིན་གྱིས་བརླབ་པ་ནི།། གཡས་སུ་མ་ལས་ཉི་མ་གཡོན་དུ་ཊ་ལས་ཟླ་བ། དེ་གཉིས་ཀྱི་སྟེང་དུ་ཧཱུཾ་གིས་མིག་འབྲས་ཚུལ་དུ་བྱས་པ་ནི་མིག་བརླབ་པའོ།། རྐང་མཐིལ་གཉིས་སུ་ཨ་ལས་སྣ་ཚོགས ་རྡོ་རྗེ་བསྒོམས་པ་ནི་རྐང་པ་བརླབ་པའོ།། བདག་ཉིད་རང་གི་རྡོ་རྗེ་ཅན།། རྡོ་རྗེ་སེམས་དཔའ་བདག་རང་ཉིད།། བདག་ནི་སངས་རྒྱས་རྒྱལ་པོ་ཆེ།། སྟོབས་ཆེན་རྡོ་རྗེ་ཅན་བདག་ཉིད།། བདག་པོ་རྡོ་རྗེ་ཆེན་པོར་བདག། ་བྱིན་གྱིས་བརླབ་པ་མི་འདོར་རོ།། རྡོ་རྗེ་ལྟ་བས་ཆེར་གཅད་པའི།། མིག་གཡོན་གྱི་ཟླ་བའི་དཀྱིལ་འཁོར་གཡོན་ཕྱོགསུ་བསྐོར་བས། བགེགས་ཐམས་ཅད་གསལ་གདབ་པར་བསམ། གཡས་ཀྱི་ཉི་མའི་དཀྱིལ་འཁོར་གྱི་གཡས་ཕྱོགསུ ་བསྐོར་བས་བགེགས་ཐམས་ཅད་བསྲེག་པར་བསམ་མོ།། དེ་ནི་རྡོ་རྗེ་ལྟ་བས་ཚར་གཅོད་ངོ་།། དེ་ནས་དཀྱིལ་འཁོར་གྱི་དབུས་ནས་བྱང་ཤར་མཆེམསུ་བྱིས་པ་གཞོན་ནུ་བཞིན་དུ་མཆོངས་ཏེ་ཕྱིན་ལ། ཁ་ལྷོ་ཕྱོགས་སུ་བལྟས་ལ། ་དྲིལ་བུ་དཀུར་བརྟན་ལ་རྡོ་རྗེ་ལན་གསུམ་གསོར་ཞིང་ཚིག་འདི་སྐད་ཅེས་བརྗོད་དེ། རྡོ་རྗེ་སློབ་དཔོན་མིང་འདི་ཞེས་བྱ་བ། སློབ་མ་ཆེ་གེ་མོ་ཞེས་བྱ་བ་རྫོགས་པའི་བྱང་ཆུབ་ཡོངསུ་རྫོགས་པར་བྱ་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་དུ ་ནུ་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ས་ཕྱོགས་འདིར་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཆེན་པོ་ངས་འབྲི་ཡིས། ལྷ་དང་ལྷོ་མ་ཡིན་དང་གནོད་སྦྱིན་དང་སྲིན་པོ་དང་ཡི་དགས་དང་། ཤ་ཟ་དང་འབྱུང་པོ་དང་བརྗེད ་བྱེད་དང་མཁའ་འགྲོ་མ་དང་ན་མཁའ་ལྡིང་དང་མི་འམ་ཅི་དང་། རིག་སྔགས་འཆང་གྲུབ་པ་དང་རྒན་པོ་དང་རྒན་མོ་གཡོག་དང་འཁོར་དུ་བཅས་པ་གང་དག་འཁོད་པོ་དེ་དག་དེངས་ཤིག། འདི་ལྟར་རྡོ་རྗེ་འཆང་གི་བཀའ་ཐོས་ནས ་མྱུར་བ་ཉིད་དུ་དངས་ཤིག། གང་དག་མི་འགྲོ་བ་དེ་དག། ངའི་ཡེ་ཤེས་ཀྱི་རྡོ་རྗེས་མགོ་ཚལ་པ་བརྒྱར་འགས་པར་བྱའོ།། ཞེས་ལན་གསུམ་བརྗོད་དོ།། དེ་ནས་རྐང་པའི་སོར་མོས་རྡོ་རྗེས་རྩེ་གཅིག་པ་ས་ལ་འབྲི་ཞིང་།། ཧཱུཾ་ཧཱུཾ་ཞེས ་བརྗོད་ཅིང་དཀྱིལ་འཁོར་བསྐོར་བ་ནི་རྡོ་རྗེ་འགྲོས་ཀྱིས་ཚར་གཅད་པའོ།། དཀྱིལ་འཁོར་གྱི་ཕྱོགས་བཞིར་རྐང་སྟོབས་བདུན་དང་། ལག་སྟོབས་བཞི་བཅུ་རྩ་གཉིས་བྱ་བ་ནི་རྡོ་རྗེ་སྟང་སྟོབས་ཀྱིས་ཐམས་ཅད་ཐལ་ཀར་གཅིག་བུཾ ་འམ། ཡང་ན་དེ་བས་མང་ཡང་རུང་།། ཤར་ཕྱོགས་སུ་གཟུག་པར་བྱ།། པོག་པོར་ཁམ་པ་ལས་བྱིས་པ། སོ་མ་བཏང་བ་དཀར་པོ་བཅུ།། བྱས་ནས་ཕྱོགས་དང་མཚམ་སུ་ནི།། བརྒྱད་པ་དེ་བཞིན་བདུན་དུ་བཀོད།། པོག་པོར་དག་དུ་མ ་འབྱོར་ན།། ཁམ་པའི་ཕོར་བུའི་ནང་ནས་དབུལ།། དེ་དག་ཀྱང་ནི་མ་འབྱོར་ན།། གཅིག་གཅིག་སྒོར་ནི་བཞག་ནས་དབུལ།། མེ་ཏོག་ཕྲེང་བས་བརྒྱན་པ་ཡི།། རྟ་བབས་དག་ཀྱང་ཕྱོགས་བཞིར་བྱ།། ནས་དང་གྲོ་དང་འབྲུ་རྣམས་ཀྱིས།། ་མྱུར་གུ་ལེགས་པར་སྐྱེ་བར་དགོད།། དྲིལ་བུ་གདུགས་དང་རྔ་ཡབ་དྲང་།། སྲད་བུ་དག་ཀྱང་ཕྱོགས་བཞིར་ནི།། རྟ་བབས་སོགས་ལས་ཕྱི་རོལ་དུ།། མཛེས་པར་བྱ་ཕྱིར་མཁས་པས་གདགས།། འབྲས་ཡོས་འབྲུ་དང་བཅས་པ་ཡི།། མེ ་ཏོག་སིལ་མ་རབ་ཏུ་དགྲམ།། དཀྱིལ་འཁོར་དག་གི་ཕྱི་རོལ་དུ།། ཕྱི་མའི་རོ་མོ་སྡུག་གུ་བྲི།། འཇིག་རྟེན་འདི་ན་གྲགས་པ་ཡི།། བཀྲ་ཤིས་ལ་སོགས་གང་ཡིན་རྣམས།། དཀྱིལ་འཁོར་དག་གི་ཕྱི་རོལ་དུ།། ཕྱོགས་བཞི་དག་ཏུ་མཁས ་པས་དགོས།། ཡི་གྱི་བརྒྱ་བ་ཟླས་པའི་ཆུས།། དངང་ལྡན་གྱི་ཕྱོགས་ནུས་བརྩམས་ནས། ཕྱི་དང་ནང་དུ་བཅས་ལ་གསང་གཏོར་བྱའོ།། དེ་ནས་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར།། རྡོ་རྗེ་འཁོར་མའི་དྲན ་རྒྱ་ཁའི་དབུས་སུ་གཞག་ལ། ཨོཾ་བཛྲ་ཙཀྲ་ཧཱུཾ་ཞེས་བཟླས་བརྗོད་བྱའོ།། དེ་ནས་ཕྱི་དྨོའི་དུས་སུ་གླུ་དང་རོལ་མོའི་མཆོད་པ་རྣམས་དང་མེ་ཏོག་དང་། སྤོས་ལ་སོགས་པ་རྣམས་ཀྱིས་དང་པོའི་འཁོར་ལོ་ཇི་སྙེད་པ་དང་། ནི་འདོད ་པ་དེ་བཞིན་དུ་མཆོད་ཅིང་བརྟག་པར་བྱའོ།། དེ་ནུས་རྣམ་པར་སྣང་མཛད་ཀྱི་དམ་ཚིག་སེམས་དཔའི་སྐུ་གཟུགས་ལུགས་མ་ལ་སོགས་པ་དཀར་པོ་ས་མ་ཡ་སྟྭཾ་ཞེས་བརྗོད་ལ། རང་གི་སྙིང་པོས་བཞུགསུ་གསོལ་ཏེ། ་ཡང་ན་ཕྲེང་སྔགས་སམ། ཡང་ན་སངས་རྒྱས་ཀྱི་སྙིང་པོ་ཨོཾ་ཧཱུཾ་ཧྲིཿས་བཞུགས་སུ་གསོལ་ལ། དེ་བཞིན་དུ་ལྷ་གཞན་གྱི་ཡང་སྐུ་བཞུགས་པ་འམ། མཚན་མ་རྣམས་བརྟགས་ལ། སངས་རྒྱས་ཐམས་ཅད་ཀྱི་སྙིང་འཔོ ་འབྲུ་གསུམ་བརྗོད་ཅིང་འཁོར་ལོའི་ཕྱག་རྒྱུ་བཅས་ལ་དཀྱིལ་འཁོར་བླང་ལ། དེ་ནས་ཏིང་ངེ་འཛིན་རྣམ་པ་གསུམ་སྔོན་བཞིན་བསྒོམས་ལ། དེ་ནས་ན་མཁའི་ལྷ་བསྲེ་བར་བྱ་སྟེ། ཡི་གེ་ཕྱིན་ཅི་ལོག་པས་ཁ་སྦྱར་གྱི་སྦྱོར་བ ་གསོལ་ལོ།། བར་སྣང་ལ་བཞུགས་པའི་བཅོམ་ལྡན་འདས་རང་གི་དམ་ཚིག་གི་ཕྱག་རྒྱས་བཀུག་པ་ལ་སོགས་པའི་ཚུལ་གྱིས་བཀུག་ལ། བཅུག་སྟེ། བཅིངས་ནས་དབང་དུ་བྱས་ཏེ། ཕྱག་རྒྱ་བཞིས་རྒྱས་བཏབ་པ་བྱས ་ལ། བྱིན་གྱིས་རློབ་ཅིང་མཉེས་པར་བྱས་ནས་བཞག་པར་བྱ། དེ་ནས་མཆོད་པ་རྒྱ་ཆེན་པོ་མདོ་ཀློག་པ་ཡན་ཆོད་བྱས་ལ། སྤྱི་འམ་སོ་སོའི་སྔགས་ཀྱི་བསྙེན་པ་བྱས་ལ་ཕྱིས་འབྱུང་བ་བཞིན་དུ་སློབ་དཔོན་རང་ཉིད་བཞུགས ་ཤིང་དབང་ལྷ་ལ་བླང་ངོ་།། དེ་ནས་དཀྱིལ་འཁོར་དུ་གཞུག་ཅིང་དབང་བསྐུར་བར་བྱ་བར་བསྟན་པའི་ཕྱིར་དཀྱུས་མ་ཉིད་འཁྲུགས་སྔོབ་སྟེ། དེ་ཡང་དེ་ནས་འདིར་དབང་དོམ་པར་གསུངས་པ། དབང་སྐུར་མེད་ན་འགྲུབ་པ་མེད།། ཡོན ་ཏན་ལྡན་པའི་སྔགས་པ་ཡིས།། འདི་ལ་དབང་བྱིན་ཡོན་ཏན་འགྲུབ།། ཅེས་བྱ་བས་དབང་ནོས་པའི་ཡོན་ཏན་སྟོན་ཏེ། དབང་སྐུར་ཞིང་ངམ་ཚིག་དང་ལྡན་ན། དངོས་གྲུབ་རྣམ་པ་གཉིས་འཐོབ་པར་ལུང་གིས་བསྟན་པའོ།། དང་པོར ་ཁྲུས་བྱས་གོས་གྱོན་ཏེ། རྒྱལ་པོའི་ཆ་ལུགས་འདྲ་བ་དང་།། བུད་མེད་ལྟ་བུའི་ཚུལ་ལྡན་པས།། སློབ་དཔོན་བླ་མར་གྱུར་པ་ལ།། དབང་རྣམས་ནོས་བེར་རབ་ཏུ་གསུངས་ཞེས་བྱ་བས། དབང་ནོད་པའི་ཕྱིར་དབང་གི་སྔོན་དུ་སྤྱོད་ལམ ་དེའི་སྒོ་ནས་དཀྱིལ་འཁོར་དུ་འཇུག་པ་སྟོན་ཏེ། དེ་ནས་བཟླས་པ་དང་བསྒོམ་པ་ལ་སོགས་པའི་ཆོ་ག་རྣམས་བྱས་ལ། ཕྱིར་བྱུང་ལ་སློབ་མ་གཞུག་པར་བྱ་སྟེ། སློབ་དཔོན་དུ་འོས་པའི་སློབ་མ་ལས་ཐམས་ཅད་པའི་ཆུས་བསངས ་ལ། རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལ། རྡོ་རྗེ་གནོད་སྦྱིན་ཡོངསུ་བཟླས་པའི་གོས་དམར་པོས་བསྟོད་གཡོ་གོས་དང་། སྨན་གཡོགས་བསྐོན་ལ། ཨོཾ་བཛྲ་ཏིཥྛ་ཧཱུཾ་ཕཊ། ཞེས་མངོན་པར ་སྔགས་ལ་གོས་དམར་པོ་ལས་བྱས་པའི་གཙུག་ཏོར་དང་། སྒོ་སྲུང་བཞིའི་སྙིང་པོ་ཡོངསུ་བཟླ་བའི་གསུ་དམར་བྱོས་གདོང་བཅིངས་ལ། ཡོན་གྱི་དམ་པ་དག་ཕུལ་བ་ཡོངསུ་བཟུང་སྟེ། དེའི་སྙིང་ཀ་དང་དཔྲལ ་མ་ང་རྣམས་རྡོ་རྗེ་དང་རིན་པོ་དང་། པདྨ་དང་སྣ་ཚོགས་རྡོ་རྗེ་ཟླ་བ་སྟེང་དུ་དེའི་ས་བོན་གྱིས་རྣམ་པར་དགོད་པ། ཕྱོགས་བཞི་ནས་སྔོན་བཞིན་ཕྱག་འཚལ་དུ་བཅུག་ལ། དེ་དེ་བཞིན་དུ་རྡོ་རྗེ་ལ་སོགས་པས་བྱིན་གྱི ་ལ། ཕྱི་ནང་གསང་བའི་མཆོད་པ་བྱེད་དུ་ནུས་པར་བྱིན་གྱིས་བརླབ་པར་བས་པོ།། དེ་ནས་ཤར་ཕྱོགས་ཀྱི་སྒོ་བཞག་ལ་དེ་བཞིན་དུ་སྡོམ་པ་བྱིན།། ཨོཾ་སརྦ་བུ་དྷི་ཙིཏྟོཏྶ་ཏཱ་ཡ་མི་ཞེས་བརྗིད་དོ།། བྱང་ཆུབ་སེམས་ནི ་དམ་པ་བདག་གིས་བསྐྱེད་ནས་སུ།། སྙིང་པོས་རབ་ཏུ་བཞག་པར་བྱ།། དེ་ནས་སུ་ར་ཏེ་ས་མ་ཡསྟྭཾ་ཧོ།། སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ་ཞེས་བསྐུལ་ལོ།། དེ་ནས་ས་མ་ཡསྟྭཾ་ཞེས་བྱ་བའི་སྔགས་ཀྱིས་རྣམ་པར་སྣང་མཛད ་མ་ཚིག་ཕྱག་རྒྱ་འཆིང་དུ་གཞུག་ཅིང་། དེ་བཞིན་དུ་ཕྱུང་བ་འཛིན་དུ་གཞོགོ། དེ་ནས་ས་མ་ཡ་ཧཱུཾ་ཞེས་བརྗོད་ལ་སློབ་མ་ནུང་དུ་གཞུག་གོ།། དེ་ནས་འདི་སྐད་ཅེས་ཀྱང་བསྒྲེའོ།། དང་ཁྱོད་ཀྱིས་དེ་བཞིན་གཤེགས་པ། ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་འགྲུབ་པའང་ཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་པ་ཡིས ་ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལཱ་མ་སྨྲ་ཞིག། དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་རྡོ་རྗེ་སེམྦས་མཱའི་ཕྱག་རྒྱ་ཁྲུ་ཐུར་དུ་བསྟནཱ་ལ། རྡོ་རྗེ་སློབ་མའི་སྤྱི་བོར་བཞག་སྟེ་འདི་སྐད་ཅེས་བརྗོད་པར་བྱའོ།། འདི ་ནི་ཁྱོད་ཀྱིས་རྡོ་རྗེ་དྲམ་ཚིགྲ་ཡིན་ཏེ། གལ་ཏེ་འགའ་ཞིག་ལ་སྨྲས་ན་ཀླད་པ་འགས་པར་འགྱུར་རོ།། དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་། མནའི་ཆུའི་སྙིང་པོས་ལན་ཅིག་བསྔགས་ལ།། སློབ་མ་འཐུང་དུ་གཞུག་གོ། དེ ་ལ་མནའི་སྙིང་པོ་ནི་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། སྙིང་ལྔ་ཡང་དག་ཞུགས་མཛད་ཀྱིས།། གལ་ཏེ་ཚུལ་འད་སྤྲས་ན་ནི།། དེ་མ་ཐག་ཏུ་དྲལ་ཏེ་གཤེགས།། ཨོཾ་བཛྲོ་དྷཱུ་འདི་ནི་ཁྱོད་ཀྱི་དམྱལ་པོའི་ཆུ།། དམ་ཚིག ་འདས་ན་སྲེག་པར་བྱེད།། དམ་ཚིག་སྲུངས་ན་དངོས་གྲུབ་ནི།། རྡོ་རྗེ་བདུད་རྩི་ཆུ་འདིས་འགྲུབ།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་རྣམས།། གལ་ཏེ་དཀྱིལ་འཁོར་མ་མཐོང་སྒྲས།། སྐྱེ་བོའི་ཚོགས་ན་འདུག་པ་འམ།། དང་པ་མེད་པ་བརྒད་པར ་འགྱུར།། དེ་ནས་སློབ་མ་དེ་ལ་འདི་སྐད་བསྒོ་ཞིག། དེང་ཕྱིན་ཆད་ཁྱད་ཀྱི་ཕྱག་ན་རྡོ་རྗེ་ནི་ང་ཡིན་གྱིས། ངས་འདི་གྱིས་ཞེས་བསྒོ་བ་གང་ཡིན་པ་དེ་ཡང་བྱ་དགོས་སོ།། ཁྱོད་ང་ལ་བརྙས་པར་མ་བྱེད་ཅིག། མི་བདེ་བ་མ་སྤངས་པར ་ཁྱོད་འཆེ་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། ཞེས་སྨྲས་ལོ་འདི་སྐད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག། ཅེས་སྨྲོས་ཤིག་ཅེས ་བསྒོའོ།། དེ་ནས་རྡོ་རྗེ་སློབ་དཔོན་གྱིས་མྱུར་དུ་སེམས་དཔའ་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ། འདི་སྐད་དུ་བརྗོད་དུ་གཞུག་གོ།། འདི་ནི་རྡོ་རྗེའི་དམ་ཚིག་སྟེ། རྡོ་རྗེ་སེམས་དཔའ་ཡིན་པར་གྲགས།། རྡོ་རྗེ་ཡེ ་ཤེས་བླ་མེད་ནི།། དེ་རིང་ཉིད་དུ་དབབ་པར་ཤོག། ཨོཾ་བཛྲེ་ཨ་བེ་ཤ་ཨ་ཞེས་བརྗོད་དོ།། དེ་ནས་ཕྱག་རྒྱ་བཅིངས་པ་ལས་བྱུང་ནས།། དེའི་སྙིང་ཁར་ཞུགས་ཏེ། རྡོ་རྗེ་སེམས་མ་བབས་པར་གྱུར་པར་བསམས་ན་བབས་པར ་འགྱུར་རོ།། ཡང་ན་ཧོ་ཨ་ཧོ་ཞེས་བྱ་བ་རང་གི་སྙིང་ཁའི་ཟླ་བ་ལ་བཀོད་དེ། སེའུ་མེ་ཏོག་དང་འདྲ་བའི་རྡོ་རྗེ་སེམས་དཔའ་རང་གི་དམ་ཚིག་དང་བཅས་པ་རང་གི་སྙིང་པོ་ལས་ངེས་པར་ཕྱུང་བ། བཛྲ་བནྡྷ་ཏྲཊ་ཞེས་བྱ་བས་དེའི ་སྙིང་ཁ་ཕྱེ་ལ། དེར་བཅུག་སྟེ། རྡོ་རྫོ་དབབ་པའི་ཕྱག་རྒྱ་བཅིངས་ལ་སྔགས་བརྗོད་དེ། བཅོམ་ལྡན་འདས་ཀྱིས་གང་ལས་གྱུར་པར་བསམས་ན་ཡང་འབབ་པར་འགྱུར་རོ།། ཁྲོ་བོའི་ཁུ་ཚུར་བཅིངས་ལ་རྡོ་རྗེ་སེམས་དཔའ ་ཕྱེ་ན་ཡང་འབབ་པར་འགྱུར་རོ།། ཐེག་པ་ཆེན་པོ་མངོན་པར་རྟོག་པའི་རྡོ་རྗེ་ཚིག་ལན་བདུན་ནམ་བརྒྱད་བརྗོད་པས་ཀྱང་འབབ་པར་འགྱུར་རོ།། སློབ་མའི་གཙོ་བོའི་སྙིང་ཁར་རྡོ་རྗེ་བྱ།། ཡི་གེ་བརྒྱ་པས་བརྟན་པོར་བྱས ་ནས་ནི།། བདག་ལུས་ཀྱི་ཡིན་སྣོད་ཀྱི་སྒོ་དབྱེ་ཞིང་།། སྙིང་ལ་གནས་པའི་རྡོ་རྗེ་དབུས་སུ་བལྟ།། སྔགས་ཀྱི་བདག་པོ་ཡི་གེ་ཨ་དམར་གཟུགས།། བརྗོད་པས་ཡང་དག་ཆགས་པར་གཡོ་བར་ལྟ་ཞེས་པས་སོ།། དེ་ནས ་ཨོཾ་པ་ར་མ་སུ་ཁཱ་ཤ་ཡ་སུ་ལ་ལི་ཏ། བི་ས་ལ་ན་མི་ཏེ་ར། ན་མ་མི་བྷ་ཝཾ་ཛཿཧཱུཾ་བཾ་ཧོཿཧི་ཧི་ཧི་ཧི་ཧིཿཔྲ་ཏཱིཙྪ་བཛྲ་ཀུ་སུ་མ། ཨཱཉྫ་ལི་ནཱ་ཐ་ཧོཿ། ཞེས་བརྗོད་པའི་སྔགས་འདིས་ཕྲེང་བ་དེ་དཀྱིལ་འཁོར་དུ་དོར་རོ།། དེ་ནས་དངོས་གྲུབ་རབ ་འབྲིང་མེ་ཏོག་བབས་པ་ལས་བརྟག་པར་བྱ་སྟེ། ལྷ་རྣམས་ཀྱི་ཁྱད་པར་དང་། གནས་ཀྱི་ཁྱད་པར་ལས་བརྟག་པར་བྱ་སྟེ། གང་ཚེ་སངས་རྒྱས་བཅོམ་ལྡན་གྱི།། དབུ་ལ་མེ་ཏོག་བབས་གྱུར་ན།། དེ་ཚེ་གཙུག་ཏོར་མཛོད་སྤུ་དག། འགྲུབ། ་པར་འགྱུར་བར་གདོན་མི་ཟ།། ཞལ་དུ་བབས་ན་འགྲུབ་པར་འགྱུར།། སྟོང་དུ་བབས་ན་མཆོག་རྣམས་འགྲུབ།། རྐེད་དུ་བབས་ན་འབྲིང་རྣམས་འགྲུབ།། རོ་སྨང་ཕྱོགས་སུ་བབས་ན་ནི།། དངོས་གྲུབ་ཕལ་རྣམས་འགྲུབ་པར་འགྱུར།། ་བར་གྱི་སྐུ་ལ་བབས་ན་ནི།། སྙིང་པོ་ལ་སོགས་འགྲུབ་པར་འགྱུར།། སྨད་དུ་བབསྡུ་པར་གྱུར་ན་ནི།། མངག་གཞུག་ལ་སོགས་འགྲུབ་པར་འགྱུར།། རིམ་པ་དེ་དག་ཐམས་ཅད་ནི།། རིགས་བཞི་རྣམས་ལས་ཤེས་པར་བྱ།། དེ་བཞིན་ལྷ ་རྣམས་གཞན་ལ་ཡང་།། དངོས་གྲུབ་རྣམ་པ་གསུམ་དུ་བཤད།། གལ་ཏེ་ལྷ་ཡི་གཟུགས་དག་ལས།། མེ་ཏོག་རིང་དུ་ལྷུང་གྱུར་ན།། དེ་ནི་དངོས་གྲུབ་ཡུན་རིང་འགྱུར།། ཉན་དངོས་གྲུབ་མྱུར་དུ་འགྲུབ།། གསང་སྔགས་རྣམས་ཀྱི་མཆོད ་པ་དག། གང་དུ་འགྲམ་པ་ཚུན་ཆོད་ནི།། དེ་ཡི་ས་ཡི་དེ་ཡིན་ཏེ།། མེ་ཏོག་དེར་ལྷུང་དེ་ཡི་རིགས།། ལྷ་གཉིས་ཀྱི་ནི་བར་དག་ཏུ།། གལ་ཏེ་མེ་ཏོག་ཁབས་གྱུར་ན།། གང་དུ་ཉེ་བར་གྱུར་པ་ནི།། དོ་ནི་དེ་ཡི་རིགསུ་བཤད།། གལ་ཏེ་ལ་ལའི ་མེ་ཏོག་ནི།། དཀྱིལ་འཁོར་མང་པོ་འདས་ནས་བབས།། དེ་ལ་དངོས་གྲུབ་པལ་འགྲུབ་ཅིང་།། དེ་ནི་ངང་པ་རབ་ཏུ་རླུང་།། གལ་ཏེ་མེ་ཏོག་བོར་བ་དག། ར་བའི་རི་བོ་ལ་བབ་ན།། ཞི་བའི་བྱ་བས་དེ་ནས་སྡོང་།། ནན་ཏན ་བསྐྱེད་དེ་མངོར་དུ་གཞུག། དེ་སྟེ་ཐེ་ཚོམ་གྱུར་ན་ནི།། མཁས་པས་འདས་ཏེ་འདོར་མི་གཞུག། དེ་ནི་གང་ཡང་ངེས་མེད་པས།། དེ་ནི་དངོས་གྲུབ་འཐོབ་མི་འགྱུར།། གཉིས་ཀྱི་བར་དུ་མཉམ་པ་དང་།། དོན་མེད་ཕྱི་རོལ་ལྷུང་ན་ནི།། ་ཞི་བའི་སྦྱིན་སྲེག་བྱས་ནས་སུ།། དེ་ནས་མེ་ཏོག་འདོར་དུ་གཞུག། སྙིང་པོར་མེ་ཏོག་བབ་ན་ནི།། རྟག་ཏུ་དོན་མེད་མི་འགྱུར་བཤད།། སྲང་དུ་དག་གི་ཆོ་ག་བཞིན།། དེ་ཡི་ཉེན་འཁོར་ཤེས་པར་བྱ།། དེ་ལ་སོགས་པའི་རྣམ་པ ་ཡི།། མེ་ཏོག་རྣམས་ནི་བོར་བ་ལས།། བདག་གི་མདུན་དུ་གང་ལྷུང་ནི།། དེ་ལ་ཞི་བ་བསམ་པར་བྱ།། སྦྱིན་སྲེག་གིས་ནི་ཞི་བྱས་ནས།། དེ་ནི་སླར་ལ་མདོར་དུ་གཞུག། ལན་གསུམ་སོགས་ཏེ་བོར་ན་ཡང་།། གལ་ཏེ་ལེགས་པར ་མ་བབས་ན།། རེ་ཐཱག་ཅངད་དེ་སླར་གཏད་ངོ་།། དེ་ནས་མེ་ཏོག་བབས་པ་ལས། ལྷ་ཡང་ཡང་དྲག་པར་ཤེས་པར་བྱས་ནས། ཕྲེང་བ་བླངས་ཏེ། ཨོཾ་པྲ་ཏི་གྲྀ་ཧཱ་སྲ་མི་མཾ།། སཏྭཱཾ་མ་ཧཱ་བ་ལ་ཞེས་བརྗོད་ནས།། དེའི་མགོ་ལ་བཅིང་།། ་ཡེ་ཤེས་བབས་པའི་མཚན་མ་ལས།། ཉེ་བར་མཚོན་ནས་དེ་ལ་མིག་གིས་ཅི་མཐོང་ཞེས་དྲིས་ཏེ།། དེ་ཇི་ལྟར་མཐོང་བ་བཞིན་དུ་འགྲུབ་པར་འགྱུར་རོ།། གལ་ཏེ་དཀར་པོ་སྣང་བ་མཐོང་ན་ནི།། དེ་ལ་དངོས་གྲུབ་མཆོག ་སློབ་བོ།། གལ་ཏེ་སེར་པོ་མཐོང་ན་ནི།། དེ་ལ་དོན་འབྱུང་བའི་ཡེ་ཤེས་བསླབ་པར་བྱའོ།། གལ་ཏེ་དམར་པོ་མཐོང་ན་དེ་ལ་རྗེས་སུ་ཆགས་པའི་ཡེ་ཤེས་བསླབ་བོ།། འོན་ཏེ་ནག་པོར་མཐོང་ན་དེ་ལ་མངོན་སྤྱོད་ཀྱི་ཡེ་ཤེས་ཀྱི་བསླབ་བོ།། ་གལ་ཏེ་སྣ་ཚོགས་པར་མཐོང་ན།། དེ་ལ་དངོས་གྲུབ་ཐམས་ཅད་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་རྒྱ་ཆེར་སྦྱར་རོ།། དེ་ནས་སྙིང་པོ་འདིས་གདོང་གཡོགས་བཀྲོལ་ཏེ། ཨོཾ་བཛྲ་སཏྭ་ཡ་ཡནྟེ་ཏྱ། ཙཀྵུ་གྷ་ཏ་ན་པ་རོདྦྷ་ཏ་མ་ཏི། སརྦ་ཀྵོ་བཛྲ ་ཙཀྵུ་མ་ནུཏྟ་རཾ། དེ་ནས་ཧེ་བཛྲ་པཱ་ཤྱ་ཞེས་བརྗོད་དེ།། དེ་ནས་གདོང་གཡོགས་བཀྲོལ་ནས་ནི།། དཀྱིལ་འཁོར་བཟང་པོ་བསྟན་པར་བྱ།། དེ་ནས་བླ་མ་དགར་གྱུར་ནས།། སློབ་མ་དེ་ལཾ་འདི་སྐད་བསྒོ།། དཀྱིལ་འཁོར་བཟང་པོ ་འདི་ལ་ལྟོས།། ད་ནི་དད་པ་རབ་ཏུ་བསྐྱེད།། ཁྱོད་ནི་སངས་རྒྱས་རིགསུ་སྐྱེ།། སྔགས་དང་རིག་པས་བྱིན་གྱིས་བརླབས།། འགྲོ་བ་ཕུན་སུམ་དངོས་གྲུབ་ཀྱང་།། ཐམས་ཅད་ཁྱོད་ལ་མངོན་དུ་འགྱུར།། དངོས་གྲུབ་ཐོབ་ཕྱིར་དམ ་ཚིག་སྐྱོངས།། གསང་སྔགས་ལ་ཡང་བརྩོན་པར་གྱིས།། དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བསྟན་པར་བྱ་སྟེ།། མི་མཉམ་མེད་པར་ཟུར་བཞི་སྙོམས།། དྲན་དང་དབང་པོ་སྒོ་བཞི་སྟེ།། བསམ་གཏན་རྣམས་ཀྱི་རྟོ་བབས ་བཞི།། ཏིང་འཛིན་ཁྱམ་སུ་ཤེས་པར་བྱ།། ཁྱམས་ལས་བདེན་པའི་རྡོ་རྗེ་དག། གཟུགས་རྣམས་ལྷ་མོས་མཆོད་པ་ཡིན།། རྒྱན་རྣམས་ཀུན་གྱིས་བཀྲ་བ་ཡང་།། བསམ་པ་ཐམས་ཅད་རྫོགས་བྱེད་པའོ།། གདུལ་བྱ་བསྐྱོད་པ ་སྣ་ཚོགས་མཆོག། ངར་འཕན་དྲིལ་བུ་སྒྲོགས་པ་ཡིས།། མེ་ལོང་ཡེ་ཤེས་རྟག་མི་རྟོག། བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང་།། དྲ་བ་དྲ་ཕྱེད་རིན་ཆེན་མཆོག། ཉི་མ་ཟླ་བ་ཡང་དག་ལྡན།། ཀུན་འགྲུབ་མི་ཟད་བདེ་བ་སྟེ།། ་བདེ་བ་ཆེན་པོ་ཞེས་གྲགས་པའོ།། དེ་ནི་ནང་གི་དཀྱིལ་འཁོར་གྱི།། ཀ་བ་དཀྱིལ་འཁོར་བརྒྱད་པ་ཡི།། དངོས་གྲུབ་བདེ་བ་ཀུན་སྟེར་བའི།། རྣམ་ཐར་བརྒྱད་པོ་དེ་ཉིད་ཡིན།། ཐེག་པ་ཆེན་པོ་བྱང་ཆུབ་སེམས།། མདོ་སྡེ་འཁོར་ལོ ་བསྐོར་བས་ན།། རྡོ་རྗེ་ཐིག་གིས་ཡོངས་གདབ་ཅིང་།། ཐམས་ཅད་དུ་ཡང་ཡོང་སུ་རྫོགས།། གང་དུ་འཇུག་པ་ཙམ་གྱིས་ནི།། མི་ཚུགས་པ་དང་མི་ལྡོག་དང་།། བདེ་བ་ཆེན་པོ་རབ་འགྲུབ་ཕྱིརརོ།། དེ་དག་དག་པར་ཡང་དག་འགྱུར།། ་དེ་ནས་ཕྱག་རྒྱ་དང་སྙིང་པོ་ཡང་བཤད་པར་བྱའོ།། དེ་ནས་རྡོ་རྗེ་འབེབས་པ་ནས་བརྩམས་ཏེ། མགོན་པོ་རྣམ་སྣང་གི་བར་བསྟན་པར་བྱའོ།། ། དང་པོ་སྡིག་པ་སྲེག་བྱས་ནསོ།། དེ་ལ་དབབ་དང་དྲལ་བ་བྱ།། དེ་དག་ཀུན ་གྱི་རིམ་པ་ཡང་།། རྩ་བའི་རྒྱུད་ལས་གསུངས་པ་ལྟར།། འདིར་ནི་དེ་དག་བྱ་བ་ཡིན་ཞེས་བྱ་བས། དབང་བསྐུར་བའི་སློབ་མ་རྒྱུད་དག་པར་བྱ་བའི་ཕྱིར་སྡིག་པ་སྲེག་པ་ནི་ཏིལ་གྱི་སྲོག་ཐུགས་སྡིག་པ་བསྲེག་པའི་སྔོགས་དང་ཆས ་པའི་བརྒྱ་རྩ་བརྒྱད་ཀྱིས་ཞི་བོའི་སྦྱིན་སྲེག་བྱས་ལ།། དེ་ནས་ཐལ་མོ་ངམ་དུ་བསྡམས་ལོ་སོར་མོ་ཐམས་ཅད་བསྣོལ་བ་ནི།། རྡོ་རྗེ་ཐལ་མོར་བཀའ་སྤེལ་ཏེ། རབ་ཏུ་བསྡམས་ཕྱིར་རྡོ་རྗེ་བསྡམས།། བཛྲ་ཉྫ་ལི་ཞེས་བྱ་བ་རྡོ་རྗེ ་ཐལ་མའི་སྔགསོ།། བཛྲ་བནྡྷ་ཞེས་བརྗོད་ཅིང་སློབ་མའི་སྙིང་ཁར་ལན་གསུམ་དྲལ་བར་བྱའོ།། དེ་ནས་ཡེ་ཤེས་དབབ་པ་ནི། བཛྲ་ཨ་བེ་ཤ་ཨཱ་ཞེས་བྱ་བས་རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་པ་ལ་ཨ་ཨ་ཞེས་བྱ་ཨ་བརྒྱ ་སློབ་མ་ལྔ་དབབ་པར་བྱའོ།། མཆོད་པའི་ལན་དང་སྦྱིན་པ་དང་ཞེས་བྱ་བས། སློབ་མས་སློབ་དཔོན་ལ་མཆོད་པ་རྣམ་པ་ལྔ་དབུལ་བ་བསྟན་པའོ།། སྦྱིན་པ་དོང་ཞེས་བྱ་བས་དབང་བསྐུར་བའི་སྔོན་ཡོན་བཞིན་དུ་སློབ་དཔོར་ལ་དབུལ་བ་བསྟན ་པའོ།། རིམ་པ་དང་ལྡན་པས་དབང་བསྐུར་ཏེ།། དེ་ནས་དེ་ལ་ཆུ་དབང་བསྐུར།། གཞན་ཡང་ཕྱག་རྒྱའི་དབང་དང་ནི།། ཅོད་པར་དར་དཔྱངས་རྡོ་རྗེ་དང་།། བདག་པོ་མིང་ལ་སོགས་པ་དང་།། ཞེས་བྱ་བས་རེག་པའི་དཔའ་ལྔ་དང་། ་རྗེ་བརྟུལ་ཞུགས་ཀྱི་དབང་དང་དྲུག་བསྐུར་བར་བསྟན་པ་ནི། གང་དུ་མེ་ཏོག་བབ་པར་གྱུར་པ་དེའི་རིགས་དང་གཟུགས་སུ་བསྐྱེད་ལ། དེའི་ཕྱག་རྒྱ་དང་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། སྙིང་པོ་འདི་དང་རྡོ་རྗེ་བྱིན་གྱིས་བརླབས ་པའི་བུམ་པའི་ཆུས་དབང་བསྐུར་རོ།། ཨོཾ་བཛྲ་བྷིཥཱིཉྩ། དེ་ནས་ད་དང་རྗེས་སུ་མཐུན་པའི་ཅོད་པན་དང་། དར་དབྱིངས་ཀྱིས་དབང་བསྐུར་བ།། རང་གི་མཚན་མའི་དབོང་བསྐུར་བ་ལག་ཏུ་བྱིན་ཏེ། མཎི་ན་མཱ་དང་རྗེ་སུ་མཐུན་པར ་སྔགས་འདིས་བརྗོད་པར་བྱའོ།། སངས་རྒྱས་རྣམས་ཀྱི་རྡོ་རྗེ་དབང་།། དེ་རིང་ཁྱེད་ལ་བསྐུར་བར་འགྱུར།། སངས་རྒྱས་ཀུན་ཏུ་དབང་བསྐུར་ཕྱིར།། རྡོ་རྗེ་འདི་ནི་ཁྱེད་ཀྱིས་ལོང་།། རང་གི་མཚན་མས་བདག་པོའི་དབང་གི་སྙད་པ་འདིས་སྦྱིན་པ ་དྷཱུ་དྷི་རདྷཱི་མཛའི་ཤཱ་མ་ཙྪ་བ་དྷྭཾ་ས་ཡཱ་དྷཱ། སྙིང་པོ་འདིས་རྡུལ་དུ་སྦྱིན་པར་བྱའོ།། དྷཊ། དནས་སྙིང་པོ་འདི་རྡོ་རྗེ་མིང་གིས་ད ་ཨོཾ་བཛྲ་ས་སྔ་མ་མི། རྗེན་མྦུ། རྡོ་རྗེ་ཞེས་གླེང་གིས་མིང་གང་བརྗོད་པ་དེར་སྐྱེ་ཞེས་བརྗོད་པར་བྱའོ།། འདི་ནི་ངསུ་རྒྱས་ཐམས་ཅད་\ུ0f7f། སེམས་དཔང་བྱས་ན་ནས།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང ་ཕྱག་ན་རྡོ་རྗེའི་བཞུ་ག་ས་བརྟན།། ཞེས་བྱ་བཥྱ་རྡོ་རྗེ་བྱིན་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྙཱ་ས་མ་ཡ། ཏིཥྨི་ཥ་ཏཱཾ་དྷཱ་ར་ཡ་པི་ཧི་ཧིཾ་ཧི་ཧི་ཧཱུཾ་ཞེས་སོ།། ས་ཕྱག་རྒྱ་ཆེན་པོའི་ཚུལ་དུ་བཞག་ལཾ། སྤོས་ལ་སོགས་པ་རྣམས ་ཀྱིས་ཡང་དག་པར་མཆོད་ལ། སྔགས་ཀྱིས་བསྐུལ་བའི་ཚིག་བརྒྱ་རྩ་བརྒྱད་བཟླས་པའི་སྔགས་བྱིན་ལ། ཕྱག་རྒྱ་བཞིའི་ཡེ་ཤེས་བཟླས་པར་བྱ་བ་ནི་རིག་པའི་དབང་བསྐུར་བའོ།། སློབ་མས་ཀྱང་རྡོ་རྗེ་ཐལ་མོ་སྐོར་བུ་བྱས་ལ ་ཕྱག་བྱ་སྟེ། ཕྲེང་བ་བཅིངས་པ་ལ་སོགས་ཐམས་ཅད་བཟུང་བར་བྱའོ།། རིག་པའི་དབང་བསྐུར་བའི་ཆོ་གའོ།། ། དབང་རྣམས་རྫོགས་ནས་དབང་བྱིན་པ།། གསང་བའི་དབང་དང་ངེས་པའི་དབང་།། རིམ་པ ་བཞིན་དུ་རབ་ཏུ་བསྐུར།། དེ་ནས་བཀྲ་ཤིས་བརྗོད་བྱ་ཞིང་།། ཞེས་བྱ་བས་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་སྟོན་ཏེ།། དེ་ཡང་དེ་ནས་སློབ་དཔོན་དུ་འོས་པའི་སློབ་མས་ཡོན་བཟང་པོ་ཕུལ་ལ།། གསོལ་བ་གདབ་པར་བྱ ་སྟེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ།། ཇི་ལྟར་མཆོག་ཆེན་གསོལ་མཛད་པ།། བདག་ལ་བསྲུང་བའི་དོན་གྱི་ཕྱིར།། ནམ་མཁའི་རྡོ་རྗེ་དེང་བདག་གསོལ།། སློབ་དཔོན་རྣམ་པ་སྣང་མཛད་ཆེན་པོ་ཉིད་དུ་གྱུར་པས། ཤར་ཕྱོགས་ཀྱི་སྒོའི ་མཐར་སྣ་ཚོགས་པདྨ་བྲིས་ལ།། སློབ་མ་རྡོ་རྗེ་འཛིན་པ་ཆེན་པོའི་སྐུར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པར་བསམས་ལ། རྡོ་རྗེ་སེམས་མ་ལ་སོགས་པས་བྱིན་གྱིས་བརླབས་ཏེ། དབྱུང་བསྐུར་བར་བྱའོ།། ཡང་ན་དཀྱིལ་འཁོར་ལས་གྲུ ་གསུམ་ཅི་མ་ཡོངསུ་དོར་བར་དབང་བསྐུར་བའི་སྒོ་ལ་མངོན་པར་ཕྱོགས་པར་བྱས་པར་ནང་གི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཙམ་ལ། ཟུར་བཞི་པ་ལ་སྒོ་ནུབ་ཕྱོགསུ་བལྟས་པའི་དཀྱིལ་འཁོར་ཚོན་སྣ་ལྔས་བྲིས་ལ། དེའི་དབུས་སུ་པདྨ་འང་བ་མ ་བརྒྱད་པ་བྲིས། དེའི་སྟེང་དུ་སེང་གེའི་གདན་ཟླ་བའི་སྟེང་དུ་དཀྱིལོ་འཁོར་རས་ཀྱིས་བཀབ་པ་དང་སེང་གེའི་སྟན་གྱི་སྟེང་དུ་བླ་རེ་བྲེ་ཞིང་གཡས་ལོགས་དདེརརཾ་དང་མེ་ཏོག་གི་ཕྲེང་བས་བརྒྱན་པའི་གདུགས་རྩེ་མོ་དཀར་བ་དང་། དམར་བ་ལ་གཙུག ་ཏོར་གདུགས་དཀར་པོས་ཡོངས་སུ་བཟླས་ལ། གཡོན་དུ་དར་དང་རས་སྣ་ཚོགས་པས་བཀྲ་བའི་རྒྱལ་མཚན་དང་བ་དན་ཨཾ་ཡོངསུ་བཟླས་པའི་ལེགས་པར་བཞག་ལ་མཆོད་ཡོན་ཕུལ་ཏེ། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས།། ་རྔ་བོ་ཚ་དང་རྔ་རིངས་དང་། དུང་ལ་སོགས་པའི་རོལ་མོ་ཕྱག་རྒྱས་བྱིན་གྱིས་བརླབ་པ་དང་། ཕྱིའི་གར་དང་གྲུ་ལ་སོགས་པ་དང་། སྒེག་མོ་ལ་སོགས་པ་རྣམས་ཀྱིས་མཆེད་ཅིང་བཀྲ་ཤིས་ཀྱི་གླུ་ལེན་ཅིང་། དྲིལ་བུ་དཀྲོལ་བཞིན་དུ་རྡོ་རྗེ་འབེབས་པ ་ལ་སོགས་པའི་ཆུ་རྣམས་ཀྱིས་དེའི་སྔགས་གདོན་པ་སྔོན་དུ་འགྲོ་བ་ཉིད་དང་། རྡོ་རྗེ་སློབ་དཔོན་ཆེན་པོ་ཉིད་དུ་དབང་བསྐུར་བར་བྱ་སྟེ། ཨོཾ་བཛྲ་བྷཱི་ཥིཉྩི་ཞེས་བྱ་བ་དང་ཇི་སྲིད་པར་རྣམ་པར་རྒྱལ་བའི་བུམ་པའི་བར་དང་། དབང་བསྐུར། ་དེ་ནས་དེའི་མགོར་ཡང་འཇམ་པའི་རྡོ་རྗེའི་སྐུ་གཟུགས་དེའི་དམ་ཚིག་གིས་ཕྱག་རྒྱས་གཟུངས་ལ། ཨོཾ་མ་ཧཱ་སུ་ཀ་བཛྲ་སཏྭ་ཛྫཿཧཱུཾ་པི་ཧོཿསུ་རོ་ཏ་སྟྭཾ་ཞེས་བྱ་བའི་སྔགས་པོ་ཟླས་ལ། རྡོ་རྗེ་འཛིན་པ་ཆེན་པོའི་སློབ་དཔོན་དུ་འགྱུ་རོ།། ཤེས་རབ ་ཡན་ལག་འདུས་པའི་རྡོ་རྗེ་ལས་བྱུང་བའི། བྱང་ཆུབ་སེམས་ཀྱིས་འཇམ་དབྱངས་བྱང་ཆུབ་བདེ་དབང་བསྐུར། རྒྱལ་མཆོག་སྲས་བཅས་རྣམས་ཀྱིས་ལེགས་གསུང་དེས་བཀྲ་ཤིས་གང་། དེ་ནི་ཁྱོད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས ་ཤོག། སངས་རྒྱས་ཀུན་གྱི་ན་མཁའི་ཁམས།། ཡོངས་སུ་གང་བར་རྣམ་པར་བསྒོམ།། ཕྱི་རོལ་དྲི་སོགས་དེམ་ཚིག་གིས།། སྤྲིན་ལྟར་བརྟུལ་ཞུགས་ཅན་གྱིས་བསྒོམ།། ཡང་ན་རྡོ་རྗེ་དབྱིངས་ཀྱི་ནི།། ཏིང་འཛིན་གྱི་རྡོ་རྗེ་བསྒོམ།། དམ་ཚིག་མཆོག ་གིས་བུམ་པ་ཡང་།། འཛིན་པར་མཁས་པས་བསྒོམ་པར་བྱ།། རྡོ་རྗེ་སློབ་དཔོན་བཀའ་དྲིན་གྱིས།། དེ་ཚེ་དེ་ལ་དབང་བསྐུར་པ།། རྫོགས་སངས་རྡོ་རྗེ་ལྷ་མོ་རྣམས།། རང་ཉིད་གསོལ་པོར་མཛད་པར་འགྱུར།། དེ་ནས་རྣམ་པར་རྒྱལ་བའི་བུམ ་པ་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ནས།། དབང་བསྐུར་བྱ་སྟེ། ཨོཾ་ཛཿཧཱུ~ཾ་བི་ཧིཿམ་ཧཱ་སུ་ཀ་བཛྲ་སཏྭ་བི་ཥེ་ཀ་ན་ཏཱ་མ་བྷིཥཱིཉྩ་མི། སརྦ་བཛྲ་དྷི་པ་དྷི་ཏྭཾ་དྲི་ཌྷོ་མེ་བྷ་བེ། སིདྡྷ་མ་མ་སྟེ་བྷ་ག་ཝཾ། མ་ཧཱ་བཛྲ་དྷ་ར་སུ་ར་ཏ་སྟྲཻ། མ་ཧཱ་བཛྲ་སཏྭ་ཨོཾ་བྷུདྡྷ་བ་སཱ་ཧཱ། ་ཞེས་བྱ་བ་འདིས། ལག་པ་གཉིས་སུ་རྡོ་རྗེ་བྱིན་ལ་ཕྱི་ནད་གསང་བའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ། སྔགས་བརྗེད་པར་བྱའོ།། མེ་ཏོག་མའི་གཟུགས་ཀྱིས། མེ་ཏོག་གིས་གཏོར་ལ། དེང་ཚུན་ཆད་སངས་རྒྱས་དང་བྱང ་ཆུབ་སེམས་དཔའ་ཐམས་ཅད་བཞེས་པས། མཆོད་ན་ཁྱེད་མཆོད་པ་ཡན་ལག་རྫོགས་ཤིང་སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱང་རྣམས་ཀྱིས་བརྒྱན་པ་བྱས་པའི་སྐུར་མཐོང་བར་འགྱུ་རོ་ཞེས་བརྗེད་དོ།། དེ་ནས་བདུག་པ་མའི་གཟུགས ་བདུག་པས་བདུགས་ལ་འདི་སྐད་ཅེས་བརྗོད་དོ།། གང་གིས་སེམས་ཅན་ཐམས་ཅད་ཚིམ་པར་འགྱུར་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཁྱེང་ལ་བདུག་པར་འཚལ་བར་འགྱུར་རེ།། དེ་ནས་མར་མེ་མའི་གཟུགས་སུ་མར་མཉེ ་པར་བསྟན་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དང་ནས་བརྩམས་ཏེ་རྡོ་རྗེ་ཆོས་དང་འདྲ་བར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་ལ་ཡང་དག་པར་འབར་བས། མ་རིག་པས་ཁེབས་པའི་སེམས་ཅན་རྣམས་ལ་ཡེ་ཤེས་ཀྱི་སྣང་བས་སྣང ་པ་བྱེད་པར་འགྱུར་རོ།། དེ་ནས་བྱུག་པ་མོའི་གཟུགས་ཅན་གྱི་བྱུག་པས་བྱུགས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ངང་ཚུན་ཆད་ཁྱོད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་འཇིག་རྟེན་ཐམས་ཅད་དུ་ཡང་ཚིལ་ཁྲིམས ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ལ་སོགས་པའི་དྲིའི་རྒྱུན་སྟེར་བར་འགྱུར་རོ།། དེ་ནས་ཧོ་ཞེས་བྱ་བས་གཞུ་བྱིན་ནས། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱིས་ཤིག་ཅེས་བརྗོད་དེ། ཕྱོགས་བཞིར་མདའ་བཞི་འཕེན ་དུ་གཞུག་ཅིང་སྟེང་དང་འོག་ཏུ་ཡང་རེ་རེ་འབེན་དུ་གཞུག་གོ།། དེ་ནས་ཤ་དྷ་བྷཉྫ་ག་བྱིན་ལ། འདིས་དངོས་གྲུབ་ཐམས་ཅད་དང་ཉེ་བར་སྤྱོད་པ་ཐམས་ཅད་སྤྲུལ་པ་ཉེ་བར་ལོངས་སྤྱོད་ཅིང་། གཞན་དག་ལ་ཡང་བྱིན ་ཅིག། དེ་ནས་ཆོས་ཀྱི་འཁོར་ལོ་རྐང་པ་གཉིས་ཀྱི་དབུས་སུ་བཞག་ཅིང་། དུང་ཡང་ལག་པ་གཡས་པར་བྱིན་ཏེ་ཆོས་ཀྱི་འཁོར་ལོ་དང་སྨྲ་བ་གཉིས་ཀྱི་ཆོས་ཀྱི་ཡི་གེ་དང་། ལྷན་ཅིག་བྱིན་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ནས ་བརྩམས་ཏེ་སེམས་བསྐྱེད་པ་ཙམ་གྱིས་ཆོས་ཀྱི་འཁོར་ལོ་སྐོར་ཅིག། དེ་རིང་ཕན་ཆད་འཇིག་རྟེན་ལ།། སྐྱོབ་པ་རྣམས་ཀྱི་འཁོར་ལོ་བསྐོར།། ཆོས་ཀྱི་དུང་ནི་བླ་མེད་པས་ཀུན་ཏུ་མུ་ལུས་གང་བྱར་གྱིས།། སོམ་ཉི་ཡིད་གཉིས ་མི་བྱ་ཞིང་།། དོག་པ་མེད་པའི་སེམས་ཀྱིས་སུ།། གསང་སྔགས་སྤྱོད་པ་ཚུལ་གྱིས་མཆོག། འཇིག་རྟེན་འདི་ལ་རབ་ཏུ་སྒྲོགས།། དེ་ལྟར་བྱས་ན་སངས་རྒྱས་ལ།། ཕན་འདོགས་དྲིན་དུ་བཟོ་ཞེས་བྱ།། རྡོ་རྗེ་འཛིན་པ་དེ་ཀུན་ཀྱང་།། ཀུན་ཏུ ་ཁྱོད་ལ་སྲུང་བར་བྱེད།། དེ་ནས་འཇིག་རྟེན་ཀུན་ལ་ཕན་བྱའི་ཕྱིར།། འཇིག་རྟེན་ཁམས་ནི་ཐམས་ཅད་དུ།། ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི།། རྡོ་རྗེ་འཁོར་ལེ་བསྐོར་བར་གྱིས།། ཞེས་བརྗོད་ལ། རྒྱལ་བར་གྱུར་ཅིག་རྒྱལ་བར ་གྱུར་ཅིག། རྡོ་རྗེ་རིགས་ཀྱི་བདག་པོའི་རྡོ་རྗེ་འཁོར་ལོ་བསྐོར་ཅིག་ཅེས་བརྗོད་དོ།། མདོར་ན་འཇིག་རྟེན་ཐམས་ཅད་དུ།། སེམས་ཅན་ཀུན་ལ་ཕན་བྱའི་ཕྱིར།། ཇི་ལྟར་འདུལ་བ་སྣ་ཚོགས་པའི།། ནོར་བུའི་འཁོར་ལོ་རབ་ཏུ་བསྐོར།། ཞེས ་བརྗོད་ལ། རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག། རིན་པོ་ཆེའི་རིགས་ཀྱི་བདག་པོ་རིན་པོ་ཆེའི་འཁོར་ལོ་བསྐོར་ཅིག་ཅེས་བརྗོདདོ།། དེ་ནས། མངོན་འཇིག་རྟེན་ཐམས་ཅད་དུ།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། ཇི་ལྟར་འདུལ་བ་སྣ ་ཚོགས་པའི།། པདྨའི་འཁོར་ལོ་རབ་ཏུ་བསྐོར།། ཞེས་བརྗོད་ལ་རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག། པདྨའི་རིགས་ཀྱི་བདག་པོ་ཡིས།། ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཅིག་ཅེས་བརྗོད་དོ།། དེ་ནས་མདོར་ན་འཇིག་རྟེན་ཐམས་ཅད་དུ།། ་སེམས་ཅན་ཀུན་ལ་ཕན་བྱའི་ཕྱིར།། ཇི་ལྟར་འདུལ་བ་རྣམས་ཚོགས་པའི།། ལས་ཀྱི་འཁོར་ལོ་རབ་ཏུ་བསྐོར།། ཞེས་བརྗོད་ལ་རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅོག། ལས་ཀྱི་རིགས་ཀྱི་བདག་པོའི་ཆོས་ཀྱི་འཁོར་ལོ་སྐོར་ཅིག་ཅེས ་བརྗོད་དོ།། དེ་ནས་མདོར་ན་འཇིག་རྟེན་ཐམས་ཅད་དུ།། སེམས་ཅན་ཀུན་ལ་ཕན་བྱའི་ཕྱིར།། ཇི་ལྟར་འདུལ་བ་སྣ་ཚོགས་པའི།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།། ཞེས་བརྗོད་ལ་རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག། དེ་བཞིན་ག། ཤེ ་པ་ཐམས་ཅད་ཀྱི་བདག་པོའི་ཆོས་ཀྱི་འཁོར་ལོ་སྐོར་ཅིག་ཅེས་བརྗོད་པར་བྱའོ།། དེ་ནས་སློབ་མས་རྡོ་རྗེ་སེམས་དཔར་བསྒོམས་ལ་དེ་བཞིན་དུ་བཞག་སྟེ། གཟེངས་བསྟོད་པས་ནི་དངོས་པོ་ཀུན།། སངས་རྒྱས་ཀུན་གྱི་བདག་ཉིད་དེ། ་རྡོ་རྗེ་མིང་དབང་བསྐུར་བས་ཀྱང་།། དེ་བཞིན་གཤེགས་པས་ལུང་བསྟན་ཏོ།། ཨོཾ་ང་ཡིས་འདི་ལྟར་ཁྱོད་ལུང་བསྟན།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། དངོས་པོ་མཆོག་ཏུ་གྲུབ་པའི་ཕྱིར།། སྲིད་པའི་ངན་འགྲོ་རྣམས་ལས་བཏོན།། ་ཀྱེ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ། སིདྡྷི་ས་མ་ཡསྟྭཾ་བྷུརྞྞ་སྭ། གཟེངས་བསྟོད་པས་ནི་འདི་ཡིན་ཏེ།། གཡོན་པའི་ཁུ་ཚུར་སྙིང་ཁར་གཞག་ལ།། གཡས་མི་འཇིགས་པ་སྦྱིན་ཏེ། འདིས་ཕྱག ་རྒྱ་ཆེན་པོ་མཆོག་ཏུ་གསང་བའི་ཆོ་གས་ལུང་བསྟན་པར་བྱ་སྟེ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་འཛིན་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་ཐམས་ཅད་རང་གི་དབང་གིས་སློབ་དཔོན ་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དེ། འདི་ལྟ་སྟེ། འདི་ཉིད་ཀྱང་གཟེངས་བསྟོད་པའི་ཕྱག་རྒྱ་ཆེན་པོས་མཆོག་ཏུ་གསང་བའི་དངོས་གྲུབ་མཆོག་འགྲུབ་པའི་བྱིན་བརླབས་དང་། ་གསང་སྔགས་འདྲིའི་སྟོབས་ལ་དད་པར་བྱའོ་ཞེས་བརྗོད་པར་བྱའོ།། མཆོག་ཏུ་གསང་བའི་དཀྱིལ་འཁོར་ལ།། མཐོང་བ་དང་ནི་བཞུགས་པ་ཡིས།། སྲིད་པ་ཀུན་ལས་རྣམ་གྲོལ་བར།། ཁྱོད་ནི་དེ་རིང་གནས་པ་ཡིན།། བདེ་ཆེན ་ཐེག་པ་འདྲི་ལྔས་ནི།། སླར་ཁྱོད་འཆི་བ་ཡོད་མིན་ཏེ།། མི་ཚུགས་པ་དང་མི་གསོད་པས།། ཅིས་ཀྱང་མི་འཇིགས་དགའ་བར་གྱིས།། དངོས་པོ་མཆོག་ཏུ་གྲུབ་པའི་ཕྱིར།། སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས།། སྲིད་པ་ཤིན ་ཏུ་གྲུབ་པའི་ཕྱིར།། སྟོན་པའི་མཆོག་ཏུ་གྱུར་པ་ཡིན།། སློབ་མ་གུས་པས་བླ་མ་ཡི།། རྐང་པ་གཉིས་ལ་ཕྱག་བྱས་ཏེ།། དེ་ནས་ཇི་སྐད་གསུངས་པ་ཀུན།། རྗེ་སུ་གྲུབ་བོར་ཁས་བླང་ངོ་།། དེ་ལྟར་དམ་བཅས་བྱས་རས་ནི།། ཆོ་ག་འདི ་ཡིས་རང་ཉིད་ཀྱིས།། རྡོ་རྗེ་རྩེ་མོ་ལྔ་ལ་ནི།། བླངས་ནས་ཀྱང་ནི་དེ་ལ་སྦྱིན།། འདི་ནི་སངས་རྒྱས་ཐམས་ཅད་དེ།། རྡོ་རྗེ་སེམས་དཔའི་ལག་ན་འདུག། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་།། ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བསྟན།། དེ་ནས ་ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྚཾ་ཥ་ཏཱཾ་དྷ་ར་ཡ་མི། བཛྲ་སཏྭ། ཧི་ཧི་ཧི་ཧི་ཧཱུཾ་ཞེས་བརྗོད་དོ།། དེ་ནས། འདི་ན་སངས་རྒྱས་ཐམས་ཅད་ཀྱི།། ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བ།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་།། བྱང་ཆུབ་རྡོ་རྗེ ་རྒྱལ་བས་གསུངས།། ཞེས་བརྗོད་ལ་དྲིལ་བུ་སྦྱིན་ནོ།། དེ་ལྟར་དབང་བསྐུར་བྱས་ནུས་ནི།། དེ་ནས་སར་པའི་གོས་རྣམས་བསྐོན།། མེ་ཏོག་དྲི་ལ་སོགས་པས་མཆོད།། མཆོད་ཕྱིར་གདུ་བུ་བཅང་བར་བྱ།། དེ་ནས་བླ་མ་བདག་ཉིད་ཀྱིས།། ་དེ་ཡི་སྤྱི་བོར་གདུགས་ཀྱང་གཟུགས།། ཐལ་མོ་སྦྱར་བ་བྱས་ནས་ནི།། དཀྱིལ་འཁོར་ལེགས་པར་བསྐོར་དུ་གཞུག། གདུགས་དང་བཅས་པ་སྒོ་ཕྱོགས་སུ།། སྤྱི་བོ་བཏུད་དེ་ཕྱག་འཚལ་གཞུག། སློབ་མ་འདི་ནི་ཕུལ་བ་ལགས།། གསང ་སྔགས་རྒྱུད་ནི་འཛིན་པར་འགྱུར།། མཁན་པོས་དེ་སྐོད་སྨྲས་ནས་སུ།། གདུགས་གཞག་ནས་ནི་སློབ་མ་དེ།། ལག་པར་ལེགས་པར་བླངས་ནས་སུ།། དེ་ནས་འདི་སྐད་བསྒོ་བར་བྱ།། དེ་ནི་དཀྱིལ་འཁོར་སླེབ་དཔོན་འགྱུར།། གསང་སྔ ་རྒྱུད་ཀྱང་འཛིན་པར་འགྱུར།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། ལྷ་རྣམས་ཀུན་གྱིས་བཀུར་བར་འགྱུར།། སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར།། ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིར།། ནར་ཏན་སྐྱོད་དེ་བྲི་བར་གྱིས།། ་སྒྲུབ་པ་པོ་ཡང་རྒྱུད་ལ་སྦྱོར།། ཁྱོད་ཀྱིས་ཆོས་ལ་སེར་སྣ་དང་།། སེམས་ཅན་རྣམས་ལ་མི་ཕན་པ།། ཉམས་པ་ཆེན་པོར་འགྱུར་ཀྱང་ནི།། བུ་ཁྱོད་ཀྱིས་ནི་མི་བྱའོ།། དེ་ནས་བཀྲ་ཤིས་བརྗོད་བྱ་ཞིང་།། ཞེས་བྱ ་ས་དབང་བསྐུར་ཟིན་ནས་བཀྵ་ཤིས་བརྗོད་པར་བྱ་སྟེ།། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ།། འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ།། སང་པོ་རྒྱས་པདྨ་རྒྱས་པ་འདྲ་བའི་སྐྱོན་མངའ་བ།། བ ་པ་དེ་ནི་སྐྱེ་དགུ་ཞི་བྱེད་དང་པོའོ།། དེ་ཡིས་ཉེ་བོར་བྱེ་སྟན་པ་མཆོག་རབ་མི་གཡོ་བ།། འཇིག་རྟེན་གསུམ་ནཱ་གྲགས་ཤིང་ལྷ་དང་མིས་མཆོད་པ།། ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ།། དྲི་ནི་འཇོག་རྟེན་དགེ་བའི་ཐམ ་ཤེས་གཉིས་པའོ།། དགེ་འདུན་དམ་པ་ཆོས་ལྡན་ཐོའི་པའི་བཀྲ་ཤིས་བྱུག། མཾ་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས།། ཚོགས་ཀྱི་མཆོག་རབ་ངོ་ཚེ་ཤེས་དང་དཔལ་སྣོགན།། དེ་ནི་འཇིག་རྟེན་དགེ ་ཤེས་གསུམ་པའོ།། ། རྒྱལེ་བ་བཞིན་དུ་ཀྱང་བཅས་པས།། གཡོག་དེང་ལྡན་པས་སྐྱོ་དཱའན་ལ།། སན་གསུམ་བསྐོར་བས་ཚིགས་བཅད་ཀྱིས།། ཟླུམ་དེ་ནི་གཟུངས་བསྟོད་བྷ།། ས~ཾ་བྷྲི་ཀཱ་ནྡྷ ་བྱས་དབུགས་ཕྱུང་སྟེ།། མྱ་ངན་འདས་པའི་ལམ་ལ་དགོ་།། ས་ལ་ངེས་པར་དབང་བསྐུར་ཏེ།། ཤིན་ཏུ་གཟི་ལྡན་བཀྲ་ཤིས་མཆོག། ཅེས་བརྗོད་པས་གཤེགསུ་གསོལ།། དེ་ནས་རང་ཡང་ཁྱིམ་དུ་འགྲོ། ཁྱིམ་དུ། ་ཕྱིན་ནས་འཁོར་དག་ལ།། སློབ་དཔོན་འདི་ནི་དམ་ཚིག་པས།། བདག་ཀྱང་དམ་ཚིག་མཆོག་དང་ལྡན།། འདི་ལ་རིམ་གྲོ་ཕུན་སུམ་ཚོགས།། རྟ་དང་གླང་པོ་ནོར་དང་འབྲུ།། རིན་པོ་ཆེ་དང་ཅི་བཞེད་པ།། ཁྱེད་ཅག་ང་ལ་མ་འདྲི། ་པར།། སློབ་དཔོན་འདི་ལ་དེ་ཕྱིར་ཕུལ་ཞེས་བྱ་བས། བླ་མ་ལ་ཡོན་དབུལ་བ་དང་།། དཀྱིལྷ་འཁོར་གྱི་ལྷ་གཤེགས་ཤིང་།། སྤྲུལ་པ་རང་བསྡུ་བ་དང་། ཚོན་ཕྱག་ཅིང་དཀྱིལ་འཁོར་གྱི་རྫས་ལ་སོགས་པ་ཇི་ལྟར་བྱ་བའི་རིམ་པ ་བསྟན་པ་ནི། དེ་ནས་བླ་མ་ལོ་ནི་གུས་བཅས་ཡོན།། རྗེས་མཐུན་ཁྱོད་ཀྱིས་སྦྱིན་པར་བྱ།། དེས་ནི་རིམས་སོགས་གནོད་པ་རྣམས།། ཕྱིར་ཞིང་འབྱུང་བར་མི་འགྱུར་རོ།། རང་གི་དམ་ཚིག་སློབ་དཔོན་ནི།། སྦྱིན་མིན་བུ་དང་ཆུང ་མུ་དང་།། རང་སྲོག་གིས་བརྟགས་བརྟེན་བྱ་ན།། ལོངས་སྤྱོད་གཡོས་པས་སྨོས་ཅི་དགོས།། གང་ཕྱིར་བསྐལ་པ་བྱེ་བར་ནི།། གྲངས་མེད་པར་ཡང་རྙེད་དཀའ་བའི།། སངས་རྒྱས་ཉིད་དང་རྩེད་ལྡན་ལ།། ཚེ་འདི་ཉིད་ལ་སྟེར་བར ་བྱེད།། རྟག་ཏུ་ཁྱོད་ཀྱིས་དམ་ཚིག་སྲུངས།། རྟག་ཏུ་དེ་བཞིན་གཤེགས་པ་མཆོད།། རྟག་ཏུ་བློ་མ་ལ་ཡང་དབུལ།། འདི་ནི་སངས་རྒྱས་ཀུན་དང་འདྲ།། དེ་བྱིན་སངས་རྒྱས་ཐམས་ཅད་ལ།། རྟག་ཏུ་སྦྱིན་པ་ཉིད་དུ་འགྱུར།། ་དེ་བྱིན་བསོད་ནམས་མཆོག་དག་གིས།། དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར།། དང་ཁྱོད་སྐྱེ་བ་འབྲས་བཅས་ཏེ།། གང་འདིར་ལེགས་པར་གནས་པས་ན།། དམ་ཚིག་ལྷ་རྣམས་ཀུན་དང་མཉམ།། རང་བྱུང་དུ་ཡང་དེ་སྐྱེསོ།། ་སངྱས་རྒྱས་འཛུ་སུ་།། སན་ཁྱེད་ཁྱོང་དགང་བསྒྱུར་བས།། སུས་གསུལ་མིན་རྒྱལ་པ་།། རྒྱལ་རྡོའི་འདག་པདུ་བསྟན་པ་ཡིན།། དེསན་བདང་ལས་རྣམ་རྒྱས་ཏེ།། གྲོང་བྱུང་ང། ་ཞུགས།། ཁྱེད་རྣམས་ཀྱིས་ནི་སངས་རྒྱས་ཏེ།། དེ་ཉིད་བྱེད་པར་ཆོམ་མེད།། དེ་ནས་མེ་ཏོག་ལ་སོགས་པས་ཡང་དག་པ་མཆོད་ལ་ལེགས་པར་བསྟོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་པ་བཏབ ་བཟོད་པར་གསོལ་བ་ལ། ཉི་མ་འཆར་བའི་དྷསྒྲ་སྐུ་རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ལ། སེན་དུ་བཀྲོལ་ཏེ་སྙིང་པོ་འདི་བརྗོད་པར་བྱའོ།། ཨོཾ་ཀྲྀ་ཏོ་བ་ས~ཾདྷིནྟུ། སིདྡྷ་མ་དྷཱ་ད་མ་ཐཱ་ནྱཱ་གྷཱ་ཏྱ། གྲཙྪ་ཏི་བུདྡྷ་བཾ་ཤི་ཡ། སུ་ནཱ་ན ་མ་ན་ཡ་ཏུ། བཛྲ་སད་པུ་དེ། མི་བསྐྱོད་པ་ལ་སོགས་པའི་སྦྲུལ་པཛྲེད་ཀྲོལ་འཁོར་རྣམས་ནི། དྷཱི་བཾ་ཧྲཱིཿཞེས་བྱ་བས་རླུང་གི་ལུས་ལོ་ཉེ་བར་བསྡུ་བར་བྱའོ།། དེ་ནས་སྙིང་ཁ་ནས་བྱུང་བའི་རྡོ་རྗེ་དེན་ཆེན་གྱི་ཕྱག་རྒྱས་རང་གི་དང ་བསྒྱུར་བའི་གནས་ན་འདུག་པས་དབང་བསྐུར་ལ། མཛུབ་མོ་གཉིས་ཀྱིས་ཕྲེང་པ་བཅིངས་ལྔ། གཱི་རྨ་བསྒྱིང་བ་སྟོང་པོ་འདིས་བྱསྟྭ~ཾ། ཨོཾ་བཛྲ་རིཏཱི་བྷཱི་ཥིཉྩ། སརྦ་ས+འུ་ཊ་མྨེ་དྷི་ཊྭཱཾ་ཀུ~ཾ་ར+འུ་པཱ་ར་ཀ་བེ་ཙེ་ནཱ་ཊ། གོ་ཆའི་མཐར་ཕྲེང ་བ་གྲོ་བ་ས་བྲལ་མི་སྦྱར་ཏེ། བདག་ཉིད་མཉམ་པའི་ཐམ་མས་དཔྱས་པའི་ཕྲེང་བ་འདིས་བྱའོ།། མི་བདུ་མྱི། མིས་བརྒྱབ་བརྗོང་པོ། རྡོ་རྗེ་དགའ་ངས་གསོ་ཞེས་བྱ་འི་བྱིན་ཏེ། ལགས་རྗེ་སེམས་པ་འབྱོད། ་རྗེ་རིན་ཆེན་ཁྱོད་ལེག་སོ།། རྡོ་རྗེ་ཆོས་ཁྱོད་ལེགས་པ་སྟེ།། རྡོ་རྗེ་ལས་ནི་ཁྱོད་ལེགས་སོ།། ཐེག་པ་ཆེན་པོ་བླ་ན་མེད།། དེ་བཞིན་གཤེགས་པ་ཀུན་གྱི་གསང་།། ཐེག་པ་ཆེན་པོ་མདོར་བསྡུས་པའི།། མདོ་འདི་ཡང་ནི་ལེགས་པར་དྭ་། ་ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ། སརྦ་བིགྷྣཱཾ་བཛྲ་དྷཱ་རཱ་ཉྫ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཞེས་བྱ་བས་ཕུར་བུ་སྟོན་ལ་འོ་མས་བཀྲུའོ།། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཏཱཾ་ཨཱ་དྱ་ནུཏྤརྦྲྀ་ཏྲཏ་ཞེས་འདིས། ཚོན་རྩི་ལ་རྣམ་པ་བསྡུས་ལཱ་འབད་པས།། ཆུ་ཀླུང་ཆེན་པོར་དོར ་བར་བྱའོ།། དེ་ནས་གནས་ཀྱང་བཾ་གླང་གི་ལྕི་བས་ལྕི་བར་བྱུགས་ལྀ། བཟའ་བ་དང་ནི་བཅའ་བ་རྣམས།། ཅི་དགའ་བར་ནི་སྦྱིན་པར་བྱ།། ཁྱི་དང་བྱ་རོག་ལ་སོགས་ལ།། ཅུང་ཟད་ཙམ་ཡང་མི་སྦྱིན་ནོ།། ཡོ་བྱད་རྫས་རྣམས ་ཐམས་ཅད་ནི།། སློབ་ད་བོན་དག་གིས་བསྡུས་ནས་ནི།། སློབ་མ་རྣམས་ལ་བགོར་མི་རུང་།། དཀྱིལ་འཁོར་གྱི་ནི་ཡོ་བྱད་ཀུན།། སློབ་དཔོན་བདག་ཉིད་དབང་བར་བཤད།། གལ་ཏེ་སློབ་མས་སྤང་ན་ནི།། དམ་ཚིག་ལས་ནི་ཉམས ་པར་འགྱུར།། གང་ཞིག་སྤྱོད་པར་མི་འདོད་ན།། དེ་ཡི་ཚེ་གའི་གོ་རིམ་འདིའོ།། དཀོན་མཆོག་གསུམ་གྱི་ཡོ་བྱང་དུ།། དེ་དག་ཆེ་ག་བཞིན་དུ་དབུལ།། གདུགས་དང་རྔ་ཡབ་དྲི་ལ་སེགས།། སངས་རྒྱས་ཉིད་ལ་དབུལ་བར་བྱ།། ་གདན་དང་བདུག་སྤོས་དྲི་ལོ་སོགས།། དམ་པའི་ཆོས་ལ་དབུལ་བར་བྱ།། གོས་དང་ཡོ་བྱད་སྣོད་ལ་སོགས།། དགེ་འདུན་རྣམས་ལ་དབུལ་བར་བྱ།། དེ་དག་ལ་ནི་སློབ་མ་ཡིས།། ཅུང་ཟད་ཙམ་ཡང་མི་བསྐུར་རོ།། དགེ་འདུན་མེད་ན ་དགེ་སློང་སྦྱིན།། ཡང་ན་དགེ་སློང་མ་ལ་སྦྱིན།། གལ་ཏེ་བདག་ཉིད་མི་འདོད་ན།། དགེ་བསྙེན་དག་ལ་སྦྱིན་པར་བྱ།། དེ་ནས་དེ་ཡི་ཕྱི་དེ་ཉིན།། ཉེས་བྱས་ལྷག་མ་ཞི་བའི་ཕྱིར།། མཁས་པ་ཡི་ནི་ཞི་བ་ཡི།། སྦྱིན་སྲེག ་བརྒྱ་རྩ་བརྒྱད་བྱའོ།། སློབ་མས་བཻ་དགྲ་ཞི་བྱ་བའི་ཕྱིར།། སྤྱན་ལོ་སོགས་པའི་གསང་སྔགས་དང་།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། བྱམས་པ་ཆེན་པའང་སྐེམ་པར་བྱ།། ཉེས་བྱས་ཐོམ་སོ་ཅུང་ཞི་བྱའི་ཕྱིར།། དེ་ནས་ཞི་བ་ཆེན་པོ་བྱ།། ་དེ་དག་ནི་གཞུག་ཅིང་དབང་བསྒྱུར་བའི་རིམ་པའོ།། ། གཞན་ཡང་སྦྱིན་སྲེག་བྱེད་པ་ན།། ལས་བཤད་དེ་དག་གཞན་ལ་མིན།། བདག་གི་ལས་དང་གཞན་དག་སྟེ།། ཤི་དང་གསོན་གྱི་ལས་སུ་བསྟན།། ཞེས་བྱ་བས།། 88 ་དོན་དང་གཞན་དོན་དུ་སྦྱིན་སྲེག་བྱ་བ་སྤྱིར་མདོར་བསྟན་པའོ།། དེ་སདྨ་ཤྲཱི་དང་གསེན་གྱི་ལས་སུ་བསྟན།། ཞེས་བྱ་བས་གཞན་དོར་བྱ་བས་ཁྱད་པར་དུ་མདོར་བསྟན་པའོ།། དེ་ལ་བདག་གི་ལས་བསྟན་པ་ཞེས་བྱ་བ་ནས། དེ་ནི་བདག་གི་དོན ་བྷྱོ་བ་ལ་སོགས་པའི་ཏིང་ངེ་འཛིན་ཏོ།། ཞེས་བྱ་དྷཱ་བ་གྱིས་བདག་གི་དོན་བྱེ་བ་སྦྱིན་ཕྱག་བསྟན་པའོ།། དེ་ཡོད་དབུགས་མ་ལོས་ལྷ་རྣམས་སྐྱེད་ཅེས་བྱ་བས་ཡིག་འབྲུ་དང་ཕྱུག་མཚན་དང་སྐུ་བསྐྱེད་པོ་སྟེ། རོ་ཀྲ་གསུམས་བྱའོ།། ་དེ་ལ་ཨ་མིག་བྱིན་བརླབས་ཏེ།། ཞེས་བྱ་བས་སྒོའི་བྱིན་གྱིས་བརླབ་པ་སྟེ། དབུལ་ཨོཾ་མ་གྲིན་པར་ཨཱི། འམ་ཛྷཻཾཿདང་ཐུགས་ཀར་ཧཱུཾ་བསས་པ་ལ་བྱའོ།། འོད་ལས་མ་གསུངས་གོཞན་དག་ལས།། རྒྱས་པར་བསྟར་དེ་ཤེས་བྱ། ་ཞེས་བྱ་བས། གཞུང་འདི་སྦྱིན་སྲེག་མ་རྒྱུས་པས། མཚན་ཡང་དག་པར་རྫོགས་པའི་སྦྱིན་སྲེག་རྒྱས་པ་དང་། རྒྱས་པ་གཞན་དང་གཞན་བཞིན་འདིར་བྱ་བར་གསུངས་པའོ།། གཞན་དོན་བྱ་བའི་རིམ་པ་ཡང་།། ཤ་དང་ན་བ་གཉིས་ཡིན་ཏེ།། ་ཞེས་བྱ་བས། གཞན་དོན་བྱེ་བས་མདོར་བསྣུན་པའོ།། དེ་ལ་ན་བའི་ལས་བྱ་བ་ཝེ་ས་ནས། ནཱ་བ་ལས་ཐར་པའི་ཏིང་འཛིན་ཏོ་ཞེས་བྱ་བའི་བར་གྱིས། གང་དག་བགེགས་ལ་སོགས་པ་རྣམས་ཀྱིས་ན་བ་ལ། ཞི་བའི་སྦྱིན་སྲེག་གིས་ཞི་བའི་ལས་བྱ་ལ། གང ་དགཱ་ཞི་བར་མ་གྱུར་པ་རྣམས་ལ་དྲག་པོའི་སྦྱིན་སྲེག་གིས་ལས་བྱ་ཞེས་པའི་དོན་ཏོ།། དེ་ནས་ཤི་བ་ལ་ཕན་གདགས་པའི་རིམ་པ་འབྱུང་སྟེ། རེའི་སྔོན་དུ་བྱ་བའི་ཆོ་ག་དང་། རོ་སྟ་གོན་ལ་གནས་པ་དང་། རོའི་སྦྱིན་སྲེག་ཆེན་པོས་སྤང་པ་དང་། གསུམ ་གྱི་རིམ་པ་སྟོན་ཏེ། དཀྱུས་དཀྲུགས་པའི་ཕྱིར་གསལ་བར་བྱ་བ་ནི། དེ་ནས་ཤི་ལ་ཕན་གདགས་ན། དང་པོར་གནོད་པའི་བགེགས་གསལ་ནས། རོ་ལ་ཕན་པའི་ཆེ་ག་ནི།། ཕན་པའི་གནོད་སྦྱིན་ཆུས་བཏབ་ལ།། དང་པར་བཀྲུ་བའི་ལས་ཡིན་ནོ།། དེ་ནས་རྣམ ་རྒྱལ་ཆུས་བཀང་བའི།། བུམ་པས་བཀྲུས་ཏེ་འབགྲེགས་བསྐྲད་ལ།། དེ་ནས་དེ་ལ་བསྲུང་བར་བྱའོ།། ཨ་ཡིས་ཀུན་ཁྱབ་སྤྱི་སྟེངས་བསམ།། ལྷག་འགྱུར་ལྷ་ནི་སྔོན་བཞིན་བསམ། ཨ་ལ་ཡེ་ཤེས་ལྔ་ཡིས་གང་།། དེ་ནས་ཨ་ཡ་སྒོ་བསྡུ་བྱ།། དེ་ནས་གང་ཤི ་དེ་ཉིད་ལ།། མིག་ལ་ཨ་ཨ་ཞེས་བཀོད་དེ།། དེ་ནི་སྔོན་གྱི་ཆོ་གའོ།། ཞེས་བྱ་བས། རོའི་སྔོན་དུ་བྱ་བའི་རིམ་པ་ནི།། དང་པོར་གནོད་པའི་བགེགས་བསལ་ཏེ།། གང་ཞེ་ན་སྣང་ལ་བདེན་པ་བདར་བ་ནི།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལི།། དཀོན་མཆོག་གསུམ ་གྱི་གགའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་དང་། རིག་སྔགས་དང་གསང་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་། ཏིང་འཛིན་དང་། རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས་ཚེ ་འདས་པ་འདི་ལ་གསོན་གྱི་དུས་སུ་རཱས་བྱེད་པ། གཤིན་གྱི་དུས་སུ་གཅགས་བྱེད་པའི་བགེགས་དང་ལོག་འདྲེན་གང་དག་ཡོད་པ་དེ་དག་ཐམས་ཅད་སྐད་ཅིག་ཀྱང་མ་གནས་པར་དེངས་ཤིག་ཅེས་བྱས་ལ། ཡུངས་ཀར་བརྡེག་ཅིང་། ཧཱུཾ་བཞི་པའི ་སྔགས་ཟླས་པར་བྱའོ།། དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བྱིན་གྱིས་བརླབས་པོའི་བུམ་པའི་ཆུས་བཀྲུས་ལ་བགེགས་ཀྱིས་མི་ཚུགས་པར་བསམ། དེ་ནས་རྣམ་པར་རྒྱལ་བའི་བུམ་པའི་ཆུས་བཀྲུས། སྒྲིབ་པ་ཐམས་ཅད་དག་པར་བསམ། དེ་ནས ་རོའི་སྤྱི་བོའི་སྟེང་དུ་ཨ་བསམས་ལ། དེ་གྱུར་པ་ལས་ཁོ་རང་གི་ལྷག་པའི་ལྷ་རུ་བསྐྱེད། དེ་ནས་ཡང་སྙིང་ཁར་ཨ་བསམས་ལ་དེ་ལས་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པས་རོ་ཡིས་ལྔ་དང་ལྡན་པར་གྱུར་པར་བསམ། དེ་ནས་རོའི་ལུས་ངག་ཡིད ་གསུམ་བྱིན་གྱིས་བརླབ་པར་བྱ་སྟེ། སྤྱི་བར་ཟླ་བའི་སླད་དུ་ཨོཾ་དཀར་པོ་བསམ། མགྲིན་པརྱ་ཟླ་བའི་སྤྱང་དུ་དྷཱི་དཱམྱུར་བློ་བསམ། སྙིང་ཁར་ཟླ་བའི་སྟེང་དུ་ཧཱུཾ་ནག་པོ་བསམ་དེ་ནས་སྐྱེ་མཆེད་དྲུག་ལ་དབྱངས་ཀྱི་ཡི་གེར་ཟུང་རེ་དགོད་དོ།། དེ་ནི ་རྟེན་སྦྱང་བའོ།། དེ་ནས་ཤེས་པ་དགུག་པ་ནི། གོང་གི་བདེན་པ་བདར་ལ། ཚེ་འདས་པའི་མིང་འདི་ཞེས་བྲི་བ་ཁྱོད་འདི་ནས་ཤི་བའི་དུས་བྱས་ནས། ངན་སེང་གསུམ་ལ་སོགས་པ་འགྲོ་བ་གང་ན་འདུག་ཀྱང་རུང་། སྐད་ཅིག་གིས་འདིར་ཁུ ་བར་གྱུར་ཅིག། དེ་ནས་སྔགས་རྗོད་པན། ཨོཾ་སརྦ་བིདྡྷཱཿནཱ་བ་ཨཱ་ཀཱདྡྷརྫྫ་ཡ། ནཱུ་དྷ་ཨ་ན་སུ་ཏི་བྷྱ་དུ་ཛ། ཞེས་བརྗོད་ཅང་སྣང་ཁ་ནས་འོད་འབྲས་པ་ལས་ཁུགས་པར་བསམ་མོ།། ཨདྷཱུ་བ་ཧེ། བརྗོད་ལ་ཡང་བསྟིམ་པར་བསམ་མོ།། དེ་ནས ་བགེགས་དང་དཔྲལ་བ་ནི།། གོང་གི་བདེན་པ་བདར་ལ། གོང་མ་ལྟར་འདིར་ཡང་བགེགས་བསྐྲང་།། དེ་ནས་འགྲོ་བ་རིགས་དྲུག་ནས་དྲང་བ་ནི། འགྲོ་བ་རིགས་དྲུག་གི་སྙིང་པོས་འགྲོ་བ་རིས་དྲུག་ནས་རོའི་ཤེས་པ་དྲང་བ་ནས་མྱ་ངན་ལས་འདས ་པའི་འབྲས་བུ་ཐོབ་པར་བསམ་མོ།། དེ་ནས་གཏད་པར་བྱ་བ་ནི་མཆོད་པའི་བྱེ་བྲག་རོ་ལ་དབུལ་བ་དང་། མེ་ཏོག་གི་ཆར་དབབ་པའོ།། དེ་དག་ནི་སྔོན་དུ་བྱ་བའི་རིམ་པའོ།། །། དེ་ནས་གནས་པའི་ཆོ་ག་བཤད། ཤི་བ་དཀྱིལ་འཁོར ་དབུས་བཞག་སྟེ།། ཞག་ལྔ་སློབ་དཔོན་སྣང་གནས་ཏེ།། བགེགས་བསྐྲད་ལ་སོགས་བྱས་ནས་ནི།། འཁོར་ལོས་ལྷ་རྣམས་མདུན་བསམ་སྟེ།། ཕྱག་འཚལ་སྒོ་བསྐྱེད་ལ་སོགས་བྱ།། དེ་ནས་ཚིག་འདི་ཆེད་རྗོད་བྱ།། དེང་དུས་བདག་ཚེ་འབྲས ་བུ་ཡོད།། བདག་གི་གསོན་པ་འམ་འབྲས་བུར་བཅས།། ལྷ་དང་དམ་ཚིག་གིས་མཉམ་པར།། གྱུར་པ་བདག་ནི་ཐེ་ཚོམ་མེད།། བྱང་ཆུབ་སེམས་དད་སེམས་གཅིག་པས།། མི་ལྡོག་པར་ནི་བདག་གྱུར་ཏེ།། དེ་བཞིན་གཤེགས་པའི ་རིགསུ་ནི།། དེང་བདག་སྐྱེ་བར་ཐེ་ཚོམ་མེད།། དེང་བདག་ཉི་མ་དམ་པ་སྟེ།། བདག་གི་མཆོད་སྦྱིན་བླ་ན་མེད།། སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས།། དེང་བདག་འདུལ་བའི་མཆོག་ཡིནོ།། དེ་ནས་སྦྱོར་བའི་ཏིང་འཛིན་དང་།། རྒྱལ་མཆོག ་ལ་སོགས་པཤཱམྦྷ་བྷཱཿ།། ནཱ་དྷཎྜལ་སོགས་ཀུན་འད་གཤུད།། དནས་སྲས་ཐོག་ལ། སྨན་དྲང་ཚིག་འདི་བརྗོད་པདྨཿ།། རྩེ་དབང་བསྒྱུ་དེ་ས་སྨྲ་བླ་ན་མེད།། ཕྱོགས་ཌཱུར་བཞུགས་པའི་སངས་རྩཝ ་ཀུན།། མ་ལུས་བདག་ལ་དགོངསུ་གསོལོ།། བདག་མོང་འདི་ཞེས་བྱ་བ་ཡིས།། འདི་ལ་ཕན་གདགས་དོན་ཆེད་དུ།། གནས་འདིར་སངས་རྒྱས་ཀུན་གཤེགས་ཏོ།། འདི་ལ་དབང་ནི་སྦྲུལ་དུ་གསོལ།། དེ་རྗེས་གསུང་སྔགས ་དི་བརྗིད་བྱ།། ཨ་ཨ་སརྦ་ཏ་ཐཱ་གཱི་ཏཱ་དྷཱི་ད་སཱ་དཱ་ར་ཧ་ར། ཨི་དྷྱེ་ཧྲཱི་བྷོ་ག་ཎྚ། དྷཱ་ན་མཱུརྟྟི། ཝཱ་གྷྲི་ཤྭ་ར་མ་ཧཱ་བ་ཙ~ཾ་སརྦྦ་དྷརྨ། ག་ག་ནཱ་མཱ་ལ་སུ་པ་རྱེ་ཤུདྡྷ་དྷརྨཱདྷཱ་ཏཱ་དྷཱ་ན་གརྦྷ་ཨཿཞེས་ནི་བརྗོད་པའི་སྔགས་བཟླ་སོ།། དང་པོ་སངས་རྒྱས ་ང་རྒྱལ་དང་།། ལྡན་པས་དཀྱིལ་འཁོར་བྲི་བའི་ཕྱིར།། ཚིགས་བཅུད་འདི་ཡིས་བསྟོད་པར་བྱ།། སངས་རྒྱས་ཀུན་གྱིས་བསྟོད་བྱ་བ།། རང་ལ་བསྟོད་དོ་ངོས་པོའི་མཆོག། འབྲས་བུ་འབྱིན་པའི་སངས་རྒྱས་ཀྱིས།། ཤྲཱི་ལ་ཕན་གདག ་དོན་ཆེད་དུ།། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདོད།། དེས་ནི་གསོལ་བ་གདབ་བྱསྟེ་ནས།། ཕྱོག་སྣ་བཅུའི་སངས་རྒྱས་ན་མཁྱོའོ་ལྔ།། མངོན་སུམ་འདྲ་བར་གང་བར་བསྒོམ།། དེ་ནས་ཕྱོགས་བཅུའི་རྒྱལ་བ་དང་།། དང་པོར་སངས་རྒྱས ་ལ་སོགས་པ།། ན་མཁའ་གང་བར་འདི་བཞེས་ལོ།། དེང་བདག་འདུས་པའི་མཆོག་ཡིན་ཏེ།། དེ་ནས་ཏིལ་གྱིས་དེ་ལ་ནི།། བསྐོར་ཏེ་སྦྱིན་སྲེག་དབུལ་བར་བྱ།། ཤི་བ་ལྟ་ཡིན་ལ་གནས་པོའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བས། རོ་སྟ་གོན་ལོ ་གནས་པ་བསྟན་ཏེ། དེ་ཡང་དེ་ནས་རོ་སྟ་གོན་ལ་གནས་པ་ནི། ཤིན་ཏུ་དབེན་པའི་གནས་སུ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་པ་བྱས་ལ།། ལྷ་རྣམས་ཀྱི་གནས་སུ་མེ་ཏོག་གི་ཚོམ་བུ་བཀོད་དེ།། དབུས་སུ་ཁྲི་བྱས་ལ་རས་བཟང་པོ ་ཡུག་གཅིག་གིས་དཀྲིས་ཏེ།། དེའི་སྟེང་དུ་རོ་བཞག་ལ་རྡོ་རྗེ་སློབ་དཔོན་གྱིས་དཀར་གསུམ་བཟའ་ཞིང་ཟ་གཅིག་པའི་སྦྱང་བ་བྱས་ལ། རྡོ་རྗེ་འཆང་ཆེན་པོའི་ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་གསུམ་དང་ལྡན་པར་བསྒོམས་ནས། དེ་ནས ་ཡང་སྔོན་བཞིན་རོའི་བགེགས་བསྐྲད་ལ། དེའི་འོག་ཏུ་རྡོ་རྗེ་འཁོར་ལོའི་སྔགས་དང་ཕྱག་རྒྱས་དཀྱིལ་འཁོར་ན་མཁའ་ལ་སྦྲུལ་ལ། ཕྱག་དང་མཆོད་པ་དང་བསྟོད་པ་ཡན་ཆོད་སྔོན་བཞིན་པས་ལ། དེའི་འོག་ཏུ་ཚིག་འདི་བརྗོད་པར་བྱ་སྟེ། ་དེང་དུས་བདག་ཚེ་འབྲས་བུ་ཡོད།། དེ་བདག་འདུས་པ་མཆོག་ཡིན་ནོ།། ཞེས་པའི་བར་ཏེ། དེ་ལྟར་ཞག་ལྔའི་བར་དུ་ཉིན་ཞག་རེ་ལ་ཐུན་བཞིའི་སྦྱོར་བས་ལྷ་ལ་མཆོད་པ་དང་རོ་ལ་ཡུངས་ཀར་རམ་བྱེ་མས་བྲབ་ཅིང་སྔགས་རིང་གི་བཟླས་པ་བྱའོ།། ་དེའི་འོག་ཏུ་ན་མཁའ་ལ་བཞུགས་པ་གཤེགསུ་གསོལ་ལ། དེ་ནས་ཞག་ལྔའི་ནང་པར་སློབ་དཔོན་གྱིས་ཏིང་འཛིན་རྣམ་པ་གསུམ་སྔོན་བཞིན་བསྒོམས་ལ། དེ་ནས་སྤོས་ཐོགས་ལ་སྤྱན་དྲངས་ཚིག་འདི་བརྗོད་པར་བྱ།། ཀྱེ་དབང་བསྐུར་དྲིས་ཏེ ་བླ་ན་མེད།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཀུན།། མ་ལུས་བདག་ལ་དགོངསུ་གསོལ།། བདག་མིང་འདི་ཞེས་བྱ་བ་ཡིས།། འདི་ལ་ཕན་གདགས་དོན་ཆེད་དུ།། གནས་འདིར་སངས་རྒྱས་ཀུན་གཤེགས་ཏེ།། འདི་ལ་དབོང་ནི་སྩལ ་དུ་གསོལ།། ཞེས་བརྗོད་ལ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བར་བསམ་མོ།། དེ་ནས་ཞག་དྲུག་པ་ལ་དཀྱིལ་འཁོར་གྱི་ཤར་ཕྱོགསུ་ཞི་བའི་ཐབས་བཅས་ཏེ། ཏིལ་ནག་པོས་སྡིག་པ་སྦྱང་བའི་སྦྱིན ་སྲེག་བྱའོ།། དེ་ནས་གཟུགས་བརྙན་གྱི་དཀྱིལ་འཁོར་བྲི་བའི་ཕྱིར་འདུད་ཉི་ཤུས་བསྟོད་པའོ།། དེ་དག་ནི་རོ་སྟ་གོན་ལ་གནས་པའི་མཆོགའོ།། །། དེ་ནས་སྔོན་གྱི་སྦྱོར་བ་ཡིས།། ཆོ་ག་རྣམས་ནི་དཔྱད་པར་བྱ།། དང་པོའི་ཆོ་གའི ་རིམ་པ་ནས།། འཁོར་ལོ་རིམ་པ་འདིར་གསུངས་ཏེ།། ཕ་རོལ་ཕྱུང་སྟེ་གཏོར་མ་སྦྱིན།། དེ་ནས་ཁྲུས་བྱས་མཆོད་པའི་ཚོགས།། མ་ལུས་པར་ནི་འདིར་བཤད་དོ།། དེ་ནས་ཕྱོའོ་རིམ་ལྡན་པས།། སྔགས་པ་ཆས་གོས་ལྡན་པ་ཡིས།། ་ཤིན་ཏུ་བསྒྱིངས་པས་བརྒྱན་པས་ཏེ།། ཞག་བདུན་ནང་པར་སྨིན་སྲེག་བྱ།། མི་ཉིད་ཤི་བའི་གནས་བྱོས་ཏེ།། ཤི་ལ་ཕན་པའི་དཀྱིལ་འཁོར་ལྡན།། གཞལ་ཡས་ཁང་ལ་དོ་འདྲ་བ།། འདི་ལ་གསུངས་ཏེ་གཞན་དུ་མིན།། འདི་ལྟར ་གསུངས་པའི་ཆོ་ག་ནི།། བདག་གིས་རང་གཟོར་མ་བྱས་ཏེ།། འཇམ་དཔལ་སྒྱུ་འཕྲུལ་དྲ་བ་དང་།། ཚོ་ག་འདུས་པའི་རྒྱུད་ལས་ཏེ།། དེས་ན་འདིར་ནི་འོས་པ་ཡིན།། འདི་ནི་ཤི་བའི་ཆོ་གའོ།། ཤི་བ་ལ་ཕན་གདགས་པཱའི་ཏིང་ངེ་འཛིན ་ཏོ་ཞེས་བྱ་བས། རོ་སྦྱིན་སྲེག་ཆེན་པོས་སྦྱང་བ་སྟེ། དེ་ཡང་དེ་ནས་ཞག་བདུན་པ་ལ་རོ་དཀྱིལ་འཁོར་ཆེན་པོར་སྦྱང་བའི་ཕྱིར། སློབ་དཔོན་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ།། དང་པོར་གཏོར་མ་བཏང་ལ། དེ་ནས་སའི་ཆོ་ག་དང ་ཐིག་གི་ཆོ་ག་དང་། རྡུལ་ཚོན་བྲི་བ་ལ་གཞུང་བཞིན་དུ་བྱ་ལ།། དཀྱིལ་འཁོར་གྱི་དབུས་སུ་སྲེག་ཁྱང་གཅིག་པ་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཕྱག་རྒྱ་དགོད་པ་དང་། རྒྱན་དགོད་པ་དང་། མཆོད་པའི་ཡོ་བྱད་ལ་སོགས་པ་གཞུང ་བཞིན་དུ་བཀུག་ལ། དེ་ནས་རོ་སྲེག་ཁང་དུ་དྲངས་ཏེ། སྲེག་ཁང་ལ་ལན་གསུམ་བསྐོར་ལ་ཤེར་ཕྱོགས་ནས་ནང་དུ་གཞུག། དེ་ནས་སློབ་དཔོན་གྱིས་དང་པོའི་སྦྱོར་བའི་ཏི་འཛིན་ནས་གཟུང་སྟེ། ཡོངསུ་རྫོགས་པའི་ཏིང་ངེ་འཛིན་ཡིན ་ཆང་བསྒོམས་ལ། དཀྱིལ་འཁོར་གྱི་མཆོད་པ་རྫོགས་པར་བྱས་ཏེ། དེ་ནས་རླུང་གཡབ་ཀྱི་མེ་སྦར་ལོ་མེའི་སྒྲ་བརྟག་སྟེ། དམ་ཚིག་གི་མེ་ལྷ་བསྐྱེད་པ་དང་། མཚན་ཉིད་ཀྱི་མི་ལྷ་སྤྱན་དྲང་བ་དང་། མདུན་གྱི་ནམཁའ་ལ་བསྟོད་པ་དང ་དགུག་གཞུག་བཅིང་བ་དང་ཕྱག་རྒྱས་གདབ་པ་དང་། བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་མཆོད་པ་དང་། སྲེག་རྫས་ཕུལ་བ་ཡན་ཆོད་བྱས་པ་ནི་མེ་ལྷའི་མཆོད་པའོ།། དེ་ནས་མེ་ལྷའི་ཐུགས་ཁར་ཡི་གེ་བྷྲཱུཾ་ལས་ཕོ་བྱུང ་རིམ་པ་གསུམ་དང་ལྡན་པའི་གཞལ་ཡས་ཁང་བསྒོམས་ལ་ཐབ་ཏུ་མེ་ཏོག་རེ་དོར་ཞིང་། གཟུགས་བརྙན་གྱི་དཀྱིལ་འཁོ་ནས་མེ་ལྷའི་ཐུགསྲ་ཀ་རེ་རེ་མོས་སམ་དུས་གཅིག་ཏུ་སྤྱན་དྲངས་ཏེ། སྲེག་རྫས་རྣམས་དབུལ་བར་བྱའོ།། ་དེ་ནས་མཇུག་གི་ཆོ་ག་ནི། བཟོད་པར་གསོལ་པ། དགེ་བའི་རྩ་བ་སྔོ་བ་དང་། ཕྱག་རྒྱ་དགྲོལ་ཞིང་ཡེ་ཤེས་གཤེགས་པ་དང་། སྐྱེད་པ་སྙིང་ཁར་བསྡུ་བ་དང་ཕུར་བུ་གདོན་ཞིང་ཕྱོགས་སྐྱོང་གསོ་བ་དང་། མཆོད་རྫས་ལ་སོཊ་པ ་བསྡུ་བ་དང་། སྤྱན་མ་དང་རྡུལ་ཚོན་ཕྱུགས་ལ། གདུགས་དང་རྒྱལ་མཚན་ལ་སོགས་པས་སྤྱན་དྲངས་ལ། ཆུ་བོ་ཆེན་པོར་དོར་བར་བྱའོ།། དེ་ནས་པའི་རྣམ་པ་ལྔས་སྐྱང་ནུལ་བྱས་ལ་ཐིག་ལེ་ལ ་སོགས་པ་མི་མཐོང་བར་བྱས་ལ། དཀྱིལ་འཁོར་གྱི་ཐོག་ཏུ་སྤྱན་གཟིགས་དང་སྡེར་བཟང་ལ་སོགས་པ་བཞག་ནས་བཀྲ་ཤིས་བརྗོད་ལ། སློབ་མ་མགུ་བར་བྱའོ།། དཀྱིལ་འཁོར་དུ་ཕུལ་བའི་ཡོ་བྱད་རྣམས་ནི་སློབ་དཔོན་བཀྱེར ་པར་བྱའོ།། དེ་དག་ནི་དོན་སོང་ནས་དྲང་བའི་ཆོ་གའོ།། བྱང་ཆུབ་ཀྱི་ལམ་ལ་དགོད་པ་ནི་གཉིས་སུ་ཤེས་པར་བྱ་སྟེ། དཀྱིལ་འཁོར་དུ་གཞུག་པ་དང་། དབང་བསྐུར་བའོ།། དེ་ནས་ཕྱི་དེ་ནང་པར་རམ་ཞག་གསུམ་ན་ཡང ་རུང་སྟེ། རུས་པ་འོ་མས་དཀྲུས་ལ་དཀྱིལ་འཁོར་བཀོད་པའི་རྒྱུད་ཆེན་པོ་འམ་བྱེ་མ་ལ་ཨུཥྚི་ཥའི་གཟུངས་རྒྱུད་ཆེན་པོ་ནས་བྱུང་བ་བཞིན་དུ་ཚ་ཚ་བཏབ་ལ། ཆ་ཆེ་དང་པོ་བཏབ་པ་དང་མིང་བྱང་ལ། ཡིད་ཀྱི་དཀྱིལ་འཁོར་དུ ་གཞུག་པ་དང་། དབང་བསྐུར་བར་བྱ་བ་འམ། ཡང་ན་སློབ་མ་གསོན་པོ་ཇི་ལྟར་འཇུག་པ་ལྟར་དཀྱིལ་འཁོར་དུ་གཞུག་པ་དང་། རིག་པའི་དབང་བསྐུར་བ་དང་། སློབ་དཔོན་དུ་དབང་བསྐུར་བ་དང་། རྗེ་སུ་གནང་བ་དབང་བསྐུར་བའོ།། དེ་ན་དེ་ལ་ལ་བསྟན་བྱ།། ་ཚོགས་བདག་དགེ་བའི་དོན་ལ་སྦྱར་ཞེས་བྱ་བས་ཤི་བའི་ལམ་བསྟན་པར་བྱ་སྟེ། སློབ་དཔོན་གྱིས་མེ་ཏོག་གཅིག་གྱེན་ཏུ་འཕངས་ཏེ། སོང་ཅིག་སོང་ཅིག་རིགས་ཀྱི་བུ། ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ།། མཐོང་བའི་ལམ ་དང་སྒོམ་པའི་ལམ།། བྱང་ཆུབ་བར་ཆད་མེད་པའི་ལམ།། མདོར་ན་ལམ་ནི་དེ་རྣམས་སུ།། ཞུགས་ནས་བྱང་ཆུབ་འཐོབ་གྱུར་ཅིག། ཅེས་བྱའོ།། དེ་ནས་ཤི་བའི་དོན་དུ་སྦྱིན་གཏོང་རྒྱ་ཆེན་པོ་བྱ་སྟེ། ཚ་ཚ་གཤེགསུ་གཞུག་གོ།། ་རོ་སྦྱིན་སྲེག་ཆེན་པོས་སྦྱང་བའོ།། དེ་ཡང་ལུང་ལས་རྡོ་རྗེ་དྲིལ་བུ་ལག་པར་སྦྱིན།། མགོ་ལ་དབུ་རྒྱན་བསྐོན་པར་བྱ།། རྡོ་རྗེ་སྡོམ་པ་རྣམས་བྱིན་ཏེ།། བུམ་པའི་དབང་བསྐུར་རྣམས་བྱིན་ལ།། མིག་སོགས་རྡོ་རྗེ་གཏི་མུག་སོགས།། ་གསུམ་ནི་གནས་གསུམ་དགོད།། རྡོ་རྗེ་ཐབ་ཁུང་རབ་སྦྱོར་གྱིས།། འདུ་བྱེད་རབ་ཏུ་བྱ་བར་བསྟན།། ཉི་མ་གསུམ་ནི་ལོན་པ་ན།། རུས་པའི་ཕྲེང་བ་བསྡུས་བྱས་ལྔ།། དྲི་དང་འོ་མཱས་བྲན་ནས་ནི།། དེ་ཡིས་མཆེད་རྟེན་དུ་བྱ་བའོ།། ་ཞེས་གསུངས་སོ།། དེ་མཐར་དེ་ཉིད་རྟག་བསྒོམ་དཔ་ཞེས་པ་ནས། རིམ་པོའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བའི་བར་གྱི་གོང་ཐམས་ཅད་ཀྱི་རིམ་པར་བྱ་བའི་ཕྱིར་ཏི་ངེ་འཛིན་སྟོན་ཏོ།། སྤྱིར་ཆོ་གའི་རིམ་ཐམས་ཅད་ཟིན་ནས་ཐུན་མཚམས ་སམ། ཐུན་ལ་མི་འཇུག་ཀྱང་རུང་སྟེ། ཡེ་ཤེས་པ་གཤེགས་ཤིང་། དེ་ནས་གཞལ་ཡས་ཁང་ལྷོ་ལ་བསྡུ་བ་དང་། ལྷ་ཐམས་ཅད་གཙོ་བོ་ལ་བསྡུས་ལ་ཡིག་འབྲུ་བསྒོམ་མོ།། ཡིག་འབྲུ་ནི་ཐམས་ཅད་ཀྱི་ངོ་བོ་ཨ་སྟེ། ཨ་སྟོང ་པ་ཉིད་ལས་སྐད་ཅིག་མས་ལྷར་དྲན་པར་བྱས་ནས་དགེ་བའི་ལས་རྣམས་བྱང་བར་སྟོན་པའོ།། དེ་ནས་འཁོར་ལོ་སྟན་པར་བྱ་ཞེས་བྱ་བ་ནས། ཤེས་རབ་འཁོར་ལོར་གྲགས་པ་ཡིན་ཞེས་བྱ་བའི་བར་གྱིས་ཤེས་རབ་ཀྱི་འཁོར་ལོ་བསྒོམ ་པསྟན་པ་སྟེ། དཀྱུས་ཉིད་གསལ་བའི་ཕྱིར་མ་དཀྲོལ་ལོ།། དེ་ཡང་ཤིན་ཏུ་ཟབ་བ་དང་། བླ་མ་ལ་རག་ལས་པའི་མན་ངག་སྟོན་ཏེ། དེ་ཡང་དང་པོར་བདག་ཉིད་ཁམས་དང་ཟས་སྙོམས་པར་འདུ་འཛི ་སྤངས་ལ་གནས་བསམ་གཏན་གྱི་ཚེར་མ་མེད་པར་སྐྱིལ་ཀྲུང་བཅས་ལ། ལག་པ་གཡོན་གྱི་སྟེང་དུ་གཡས་བཞག་ལ་ཕང་བར་བཀན་ཏེ། སྐལ་བའི་སྟེང་དུ་སྐལ་བ་བཞག་ལ། མིག་སྣ་གོང་དུ་ཕབ་ལ་སོ་འབྱར་ལ་མ་རེག་པར་བྱས་ལ ་ལྷའི་ང་རྒྱལ་དང་ལྡན་པས་རྩའི་འཁོར་ལོ་བཞི་ཡེ་རང་ཆས་སུ་ལུས་ལ་ཡོད་པ་དཀྱུས་བཞིན་གསལ་བཏབ་ལ། དེ་ནས་དྲང་པོར་ལྟེ་བའི་འཁོར་ལོ་ལ་སེམས་རྩེ་གཅིག་ཏུ་གཏད་ལ་བསྒོམ། ད་གསལ་ནས་དེ་བཞིན་དུ་སྙིང་དང ་མགྲིན་པ་དང་། མཚོགས་མ་རྣམས་རིམ་གྱིས་གསལ་བར་བསྒོམས་ལ། དེ་ནས་རྐང་པ་དང་མདོམས་མོར་རླུང་དང་མེ་བསམས་ཏེ། རླུང་གི་མེ་སྦར་ཏེ་རྩ་གཡས་ན་མར་ཞུགས། ལྟ་བའི་འཁོར་ལོ་བདེ་བའི་ཐིག་ལྟར་ཞུ། ་དེ་བཞིན་དུ་མ་རླུང་གིས་ཕུལ་ཏེ་སྙིང་ཁ་དང་མགྲིན་པ་དང་མཚོགས་མ་རྣམས་རིམས་ཀྱིས་བཞུ་ནས། ལུས་ཐམས་ཅད་བདེ་བའི་ཐེག་ལས་གང་བར་བསམ་ཞིང་། བློ་བསམ་གཏན་གྱི་བདེ་བ་ལས་གནས་པར་བྱ་སྟེ། མེ་ནི ་གནས་དེར་ལངས་སོ་ཞེས་བྱའོ།། དེ་ནས་སྤྱི་བོའོ་ཧཾ་ལས་མས་ཞུ་བས་ཐིག་ལའི་བདེ་བ་རྩ་གཡོན་ན་མར་དབབས་ནས། དང་པོར་མ་ཚོགས་མའི་འཁོར་ལོ་གསོས་ཏེ། སྔོན་བཞིན་དུ་འཁོར་ལོ་ཉིད་དུ་གྱུར་པར་བསམ་མོ།། དེ་བཞིན ་དུ་མགྲིན་པ་དང་སྙིང་ཁ་དང་ལྟེ་བའི་འཁོར་ལོ་རྣམས་རིམས་ཀྱིས་གསལ་བར་བསམ་མོ།། དེ་ལྟར་ཡང་ནས་ཡང་དུ་རྩེ་གཅིག་གི་སེམས་ཀྱིས་གོམས་པས་ཞི་གནས་ཀྱི་བདེ་བ་སྐྱེ་བར་འགྱུར་བ་ནི་མན་ངག་གོ།། འདི ་ལྟར་རྟག་ཏུ་གང་བསྒོམས་པ་ཞེས་པ་ནས། དེ་དག་ནི་ཤེས་རབ་ཀྱི་འཁོར་ལོའི་བསྒོམ་པའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བའི་བར་གྱིས། ཤེས་རབ་ཀྱི་འཁོར་ལོ་བསྒོམ་པའི་ཕན་ཡོན་བསྟན་ཏེ། དཀྱུས་ཉིད་གསལ་བས ་འདིར་མ་བཀྲོལ་ལོ།། སངས་རྒྱས་ཀུན་དང་ཐབས་གཅིག་པའི་ཞེས་པ་ནས། མི་དཔྱ་དང་མཚུངས་སེམས་དང་ལྡན་པར་ཤོག། ཅེས་བྱ་བའི་བར་གྱིས། སློབ་དཔོན་གྱིས་ཇི་ལྟར་བརྩམས་པ་དང་། དགེ ་བའི་རྩ་བུ་སྔོ་བ་བསྟན་པ་སྟེ། སླ་བས་དེ་ཉིད་ཕྱིར་མ་བཀྲོལ་ལོ།། འདི་བསྡུས་དགེ་རྩེ་གང་ཡོད་དེས། འཇམ་དཔལ་དབྱངས་ཀྱི་ནས་མིཐེང་ཤོག། གསང་བའི་དཀའ་འགྲེལ་བཤད་པ་དོན་བསྡུས ་སྒྲོན་མ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་དེ་ཝཱ་ཀ་ར་ཙནྡ་དང་། ལོ་ཙཱབ་གློག་སྐྱེས་བསྒྱུར་བའོ།། ་