| Wylie | e-texts produced with BDRC’s OCR application |
བྱང་ཆུབ་ཀྱི་སེམས་བསྒོམ་པ། འཕགས ་པ་འཇམ་དང་མིག་ཞན་ནུར་གྱུར་པ་ལ་ཕྱག་འ ་བདག་མེད་གཉིས་ཉིད་བདེ་གཤེགས་མི་རྟོག་ཡེ་ཤེས་ཆོས་དབྱིངས་སྐུ་བརྙེས་པ།། ཀུན་གྱི་རང་བཞིན་ན ་འདི་ལ་གསལ་ཞིང་བླ་མེད་ལམ་མཆོག་སྟེ།། མི་ལྡོག་ས་ལ་སོགས་ཏེ་དབང་བཅུ་རྒྱལ་བ་ཀུན་དང་གཅིག་བརྙེས་པ།། གནས་གསུམ ་མཉམ་ཉིད་དེ་ལ་མཚན་མེད་ཡིད་ཀྱིས་རབ་ཏུ་དད་པས་མོས།། སྟོན་པ་འཇིག་རྟེན་སྒྲོན་མར་གྱུར་པ་ཀུན་གྱིས་མཚུངས་པར་རབ ་བསྔགས་པ།། ཆོས་ལ་ཆོས་ཀྱི་སྙིང་པོར་གྱུར་པ་འཇམ་དཔལ་གཞོན་ནུ་སྙིང་པོ་ཉིད།། བདེ་གཤེགས་མ་ལུས་ཡུམ་དུ་གྱུར་པས་རྒྱལ་བ་ཀུན་གྱི་ལམ་གཅིག། ཚུལ་ཁྲིམས ་ལ་སོགས་ཕ་རོལ་ཕྱིན་ལམ་སྐྱེད་པ་རྒྱ་མཚོའི་གཞིར་གྱུར་པ།། རྣམ་དག་བྱང་ཆུབ་སེམས་ཀྱི་ངང་ཚུལ་བསྒོམས་དང་ཡོན་ཏན་ཁྱད་པར་ནི།། བློ་ལྡན་ནམ་ཞིག་སེམས་ཀྱི་དེ ་པ་དེ་ནི་མངོན་དུ་གྱུར་པོ་ན།། དེ་ལ་སྐུ་གསུམ་མཆོག་ཏུ་གྱུར་པར་ཆོས་ཀྱི་སྐུ་ཞེས་རྒྱལ་བས་གསུངས།། ཤེས་བྱེད་མ་པར་གྱུར་པ་ཤེས་རབ་སྤྱན་ཞེས་ཀྱང་ནི་དེ་ལ་བྱ།། རྡོ་རྩེ་མ་མཆོག་ཉིད ་མི་རྟོག་ཡེ་ཤེས་དེ་ཡང་དེ་ཉིད།། ཇི་སྙེད་འཕགས་པའི་རྣམ་གྲོལ་ཆོ་སུ་བརྙེད་པ་དེ་དག་ཐམས་ཅད་ཀྱང་།། བྱང་ཆུབ་སེམས་ཉིད་རྫོགས་པས་དེ་ཡི་ཡོན་ཏན་དེ་དག་དེ་ལས་བྱུང་།། ་འཕགས་པའི་རིགས་ཆེན་འཆི་མེད་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་།། དེ་མེད་མི་འབྱུང་དེ་ཕྱིར་དེ་ནི་རྣམ་གྲོལ་མཆོག་གི་ལམ་ཉིད་དོ།། དེས་ན་ཀུན་དུ་རྡོ་རྗེ་སེམས་དཔའ་ཅི་འདྲར ་བསྒོམ་པར་བྱ་བར་འགྱུར།། ཕྲ་ཞིང་ཤེས་དཀའ་དྲང་སྲོང་ཆེན་པོའི་ལམ་འདི་མི་རྟོག་རྟོག་ལས་འདས།། བརྟག་པར་དཀའ་ཞིང་བསྟན་པར་དཀའ་ལ་བརྗོད་པའི་ཐ་སྙད་རྣམས་དང་བྲལ།། ཚིག་གིས་མི་ཕེབས་གཞན་དེང ་བྱིས་པ་ཀུན་གྱི་སྤྱོད་ཡུལ་མ་ཡིན་ཡང་། སྟོན་པ་ངེས་པའི་ལུང་དང་བླ་མ་དམ་པ་རྣམས་ཀྱི་གདམ་ངག་དེ་ཉིད་དོན་འདིར་ལྟ། མངོན་སུམ་ལ་སོགས་རྒྱུ་ཡི་དངོས་པོ་འཇིག་ཅིང་གྲུབ་པའི་མཐའ་སྤྱོད་པ།། དེ་ཉིད་རྟོག་པའི་རྒྱུན ་འབྲངས་དཔྱོད་ཡུལ་ཆང་མར་བཞུག་ནས་བློ་ཡིས་འཇིག་བྱེད་དེ།། ཐོག་མཐའ་སྐྱེད་ཕྱིར་དཔྱོད་མཐའ་མེད་དེ་སྙིང་པོ་མེད་མཆང་མར་གངྒཱ། དེ་ཕྱིར་འཇིག་རྟེན་རྟགས་པའི་ཐ་སྙད་རྣལ་འབྱོར་ལམ་འདྲིད་མི་དགོས་སྷོ།། བངོས་པ་མན ་ཡི་རྒྱུ་ནི་ལོ་རྒྱུས་དག་ལས་ལམ་འདིར་བརྟག་པར་བྱ།། སྐྱེ་བོ་ཀུན་གྱི་སེམས་ལ་མངོན་སྣང་ཕྱི་ནང་གྲགས་པའི་ཆོས་འདི་ནི།། འཛིན་པ་དྲུག་གི་ཇི་ལྟར་མཐོང་ཞིང་རྟག་པ་དེ་ལྟར་མ་ཡིན་འཁྲུལ།། རང་གི་རྟོག་པས་མྱོས་ཤིང་གཟུང ་པ་དེ་བཞིན་བདེན་གྱུར་ན།། དེ་དག་དངོས་པོ་མེད་རྟོགས་དགྲ་བཅོམ་འདྲ་བར་གྲོལ་གྱུར་པ་ཡི་རིགས།། དེ་དག་དུས་དགྲས་འཇོམས་དང་སྡུག་བསྔལ་ཉེན་ལས་ངེས་འཁྲུལ་མངོན་པར་འགྱུར།། གཞན་དུ་སྐྱེ་མཆེད་སྒོ་ནས ་རིག་པ་དེ་དག་ཚད་མར་གྱུར་ན་ནི།། དེ་ཉིད་ཚད་མར་གྱུར་པས་འཕགས་པའི་ལམ་དེ་སུ་ལ་དགོས་མི་འགྱུར།། ལམ་དེ་རྣམ་གྲོལ་ལམ་དུ་བསྟན་ཅིང་དབང་པོའི་ཤེས་པས་མི་ཐར་ཏེ།། སྡུག་བསྔལ་འགའ་ཡང་མི་འཇིལ ་རྣམ་རིག་ཤེས་ཏེ་ཉོན་མོངས་འབྱུང་བའི་གནས།། དེ་ཕྱིར་སྐྱེ་བོས་མཐོང་བ་དེ་དག་འཁྲུལ་པར་མངོན་ཞེས་རྒྱལ་བས་གསུངས།། དེས་ནི་ངེས་ལས་འདི་དག་འཁྲུལ་པའི་དབང་གིས་ཇི་ལྟར་སྣང་བར་འགྱུར་ཞེ་ན། ཀུན་ཏུ་རྟོག ་ཅན་ཡན་ལག་མ་ཡིན་ཀུན་ཏུ་རྟོག་པས་རྩོལ་མེད་ཉམས།། བློ་གྲོས་ཕྱིན་ཅི་ལོག་ཏུ་གྱུར་ཅིང་མ་རིག་རྐྱེན་གྱི་དབང་སོང་བས།། སེམས་དང་སེམས་ལས་བྱུང་བ་དེ་ཉིད་ལུས་གསུམ་དོན་དུ་སྣང་བ་ཡིན།། འདུ་བྱེད་སྣ་ཚོ ་དག་གིས་བག་ཆགས་བསགས་ལས་གང་གོམས་མཐུ་རྟས་ཆེ།། སེམས་ཉིད་ཡུལ་དང་ལུས་འདྲར་སྣང་བ་རུས་པས་གང་བ་བཞིན་དུ་སྣང་།། བག་ཆགས་བསགས་པའི་རྒྱུན་ལ་དམིགས་སྐྱེས་ཡིད་ལ་བརྟགས་པའི ་བདག་མེད་པ།། འདུ་བྱེད་མཐུ་ཡིས་བསྒྲིབས་ཤིང་ཕྲ་བ་མ་མཐོང་དེ་ལས་རྣམ་རིག་སྐྱེ།། རྒྱུན་དང་བཅས་པའི་སེམས་ཀྱི་མཐུ་ནི་མི་རྟོགས་རྟོག་པའི་རྗེས་འབྲངས་ནས།། དེ་ལས་ཟག་བཅོས་རང་བཞིན་རྟོག་པས ་བདག་དང་ཆོས་རྣམས་རྒྱས་པར་བྱེད།། ལྡན་པར་འབྱུང་བ་ཤིན་དུ་ཕྲ་བར་རྒྱུ་བ་དེ་ནི་མ་མཐོང་ལས།། བདག་ཏུ་ལྟ་ལ་སོགས་པ་མུ་སྟེགས་ལྟ་བ་སྣ་ཚོགས་སྐྱེ་ཞིང་ཐར་པ་རྟོག། སེམས་འདི་ལས་རྣམས་མཐའ ་ཡས་གནས་གྱུར་བག་ཆགས་མཐའ་མེད་ངེས་པ་མེད།། བག་ཆགས་རྟས་ཤིང་སད་པར་བྱེད་པའི་རྐྱེན་ཡང་རྣམ་པ་སྣ་ཚོགས་ཏེ།། རྐྱེན་འགས་བག་ཆགས་འགའ་ཞིག་སྨིན་ནས་མི་ཡི་རྒྱུད་ཀྱི་ལུས ་སྣང་བ།། རྐྱེན་གཞན་དག་གིས་བག་ཆགས་གཞན་སང་བྱས་ཆེ་འགྱུར་བའི་མཐུ་མཐོང་ནས།། དབང་ཕྱུག་ལ་སོགས་བྱེད་པར་འདོད་དེ་ཉེས་པ་ལམ་དེ་མ་ཞི་གྲོལ་མི་འགྱུར།། རྣལ་འབྱོར་ལམ་སྲད་ཐེ་ཚོམོ་རྒྱུན་ཡང་རྒྱུན ་ཕྲ་བ་མ་རྟོགས་སྐྱེས།། བདག་ཏུ་བཏགས་པས་བསྒྲིབས་ཏེ་འཕགས་པའི་རིགས་དང་རྣམ་པར་བྲལ།། ཆོས་སུ་བཏགས་པས་སྡུག་བསྔལ་སྣ་ཚོགས་འབྱུང་ཞིང་ངན་སོང་སྲིད་པར་འགྱུར།། རྣམ་ཤེས་དེ་ཡང་འདུ་བྱད ་རྒྱུན་ལ་མཚན་མ་ཐ་དད་འཛིན་པས་ན།། ལས་ཀྱི་ཁྱད་པར་དག་གིས་བརྒྱད་དུ་སྣང་གི་རིག་པ་ཐ་དད་མེད།། དེ་ཕྱིར་སེམས་ཀྱི་སྐད་ཅིག་དང་པོ་དེ་ལ་ལུས་དང་ཆོས་ཀུན་གནས།། དེ་ལ་བསམ་པ་ཞེན་ཕྱིར་ཕྱི་མ་དེ་འབྱུང ་དེ་ལ་སྣང་།། རང་སེམས་རྒྱུན་ལས་འཕགས་པ་སྐྱེ་བོའི་ཆོས་ནི་གཞན་ན་ཡོད་མ་ཡིན།། རྒྱུད་དྲུག་རིགས་ལས་དེ་ཡང་སྣ་ཚོགས་དེ་དང་རང་གི་ཏིང་འཛིན་ཏོ།། སེམས་རྒྱུད་དེ་ལ་ཕྱོགས་ཀྱང་ཅུང་ཟད་མོང་པོས་གཅིག ་ལ་བརྟེན་མེད་དེ།། དེ་ལ་ཕྱོགས་མེད་ཕྱིར་ན་མཐའ་ཡས་ཞིང་རྣམས་བདག་གི་ལུས།། བདག་གི་ལུས་ནི་མཐའ་ཡས་ཞིང་དང་སྐྱེ་བོའི་ལུས་སུ་རབ་སྣང་ཡང་།། སེམས་དང་བག་ཆགས་གཅིག་མིན་ཐ་དད་མ་ཡིན་བརྟགས ་པར་རབ་ཏུ་དཀའ།། འདི་ཀུན་རྟེན་ཅིང་འབྲེལ་འབྱུང་ཚུལ་ཏེ་སྐྱེ་དང་འགག་པར་འགྱུར་ཞེས་པ།། ཚིག་པའི་ས་བོན་བཞིན་དུ་མེད་ལས་མེད་པ་མི་འབྱུང་རྒྱུ་འབྲས་མེད།། དངོས་པོར་ཞེན་ཅིང་རྒྱུ་དང་འབྲས་བུར་རྟོག་པའི་སེམས་ཉིད་ནི།། ་རྒྱུ་དང་རྐྱེན་དུ་སྣང་སྟེ་དེ་གཉིས་མེད་ཕྱིར་སྐྱེ་དང་འཇིག་པ་མེད།། སྐྱ་འཇིག་མེད་ཕྱིར་བདག་གཞན་མེད་དེ་འཆི་འཕོ་མེད་ཕྱིར་བརྟག་ཆད་མེད།། དེས་ན་འཁྲུལ་འཁོར་མེད་ཅིང་མྱ་ངན་འདས་པ་མེད་པ་ཉིད་དུ་མངོན།། གནས ་ཀྱི་སྐད་ཅིག་ནམ་ཡང་མི་འབྲལ་དེ་ཆེ་མཉམ་གྱུར་དེ་མེད་མེད།། ཡང་དག་མ་ཡིན་རྟོག་པས་བསྐྱེད་ཕྱིར་བག་ཆགས་ཡོད་པ་མ་ཡིན་དང་།། སྣོད་ཡུལ་མེད་ཕྱིར་ཀུན་གཞི་མེད་ཅིང་རྣམ་རིག་དེ་ཡང་མེང་པ་བཞིན།། ཕྱོགས ་རྣམས་མེད་ཅིང་དམིགས་དང་གནས་མེད་རྣམ་པར་རིག་པ་ཇི་ལྟར་སྐྱེ།། དེ་ཕྱིར་སེམས་འདི་ཡོད་མཽང་མཐའ་ལུས་འདས་ཤིང་གཅིག་དང་དུ་མར་བྲལ།། བདེ་གཤེགས་བྱང་ཆུབ་མེད་ཕྱིར་དེ་ཡི་རྫུ་འཕྲུལ་རྒྱུ། ་འདྲ་འཁྲུལ་ལ་སྣང་།། དེ་བཞིན་དག་པའི་ཡེ་ཤེས་དེ་དག་ཤིན་ཏུ་དགེ་བོའི་རྒྱུན་ཉིད་དང་།། ཆོས་ཀྱི་དབྱིངས་ཉིད་ལ་ནི་དེ་དག་དམིགས་ཤིང་སྐྱེ་བར་བཏགས་པ་ཡང་།། རྡོ་རྗེའི་གྲནས་མེད་ཕྱིར་ནི་མཉམ་གནས ་རང་བཞིན་འདྲར་འགྱུར་དང་།། ཆོས་དབྱིངས་རྡོ་རྗེ་རྩེ་མོ་དེ་དག་ཕྱོགས་ཉིད་མང་བས་སྐད་ཅིག་མིན།། དག་པའི་གཟུགས་བར་ན་མེད་པས་འཇིག་རྟེན་ཡེ་ཤེས་ཡོང་མིན་འགྱུར།། དེ་ཕྱིར་བྱང་ཆུབ་མ་ཆུབ་མཚན་ཉིད ་།། མེད་པར་གཅིག་པས་དྲང་དོར་མེད།། དོན་དེའི་ཚུལ་གྱིས་དོན་དུམ་རྣམ་གྲངས་སྐྱེ་འགག་མེད་དང་མཉམ་ཉིད་དང་།། གཉིས་མེད་བསམ་འདས་སྟོང་ཉིད་ཆོས་དབྱིངས་བརྗོད་དང་ཐ་སྙད་བྲལ་ལ་སོགས།། བསྟན་པ་དེ་ཀུན་ཐ་སྙད ་ཡིན་ཏེ་དོན་དམ་མེད་ཅིང་ཀུན་སྒྲིབ་མེད།། དོན་དམ་ཚུལ་གྱིས་ལམ་ཉིད་འདི་འདྲ་ཞེས་པ་དེ་ཉིད་ཀུན་སྒྲིབ་ཡིན།། ཐེ་ཚོམ་ཡོད་མེད་ཆོས་ནི་གང་ལའང་སྤོང་ཞིང་གནས་པར་མི་བྱེད་དོ།། སྒོམ་པ་དང་ནི་ཆོས་དབྱིངས་མེད་ཕྱིར་སོམ་ཉི་མེད་ལ་དམ་པར་བལྟ་བ ་ལའང་མེད།། དེ་ལྟར་དངོས་པོ་མཐའ་རྣམས་བཏགས་དང་རང་བཞིན་སྒྱུ་མའང་མེད་འགྱུར་ཕྱིར།། ཡོད་ལ་ལྟོས་པའི་མེད་པའང་མེད་དེ་མེད་པའང་མེད།། མཐའ་རྣམས་མེད་ཕྱིར་དབུས་མེད་དབུས་ལའང་གནས་པ་མི་བྱེད་ལ།། གང་ལ་འཇིག་རྟེན་དབང ་སྩལ་པདྨ་ཀུན་ཀྱང་མི་སྤོང་འདྲར་མཉམ་གནས།། ཆོས་ལ་འཁྲུལ་པར་མཐོང་བ་དེ་ཉིད་འཁྲུལ་པ་ཡིན་པར་རབ་རྟོགས་ཏེ།། དྲུག་གིས་བསྟན་པ་བདུད་ཀྱི་ལས་ཀྱང་མི་འདོར་དོན་དུ་མི་རྟོག་གོ།། ཤེས་རབ་ཐབས་ཀྱི་སྤྱོད་ལ་མི་གནས་ཕྱིར་ན་བདུད་ཀྱི ་ཀྱི་འདྲ་བར་སྦྱོང་།། རང་གི་ཤེས་པ་དམ་པར་བྱས་ཏེ་ཀུན་ལས་རྒྱལ་ཏེ་དེ་བསྙེམས་ནས།། འདོད་ཆགས་ཞེ་སྡང་སྐྱེས་ནས་རྩོད་འབྱུང་གཏི་མུག་ཡིན་ཏེ་དོན་མི་མཐོང་།། ཇི་སྲིད་ཡིད་ཀྱི་གཡོ་བ་དེ་སྲིད་བདུད་ཀྱི་ཡུལ་ཏེ་ཕྲ་བའི་ལམ།། གཡོ་དང་མི་གཡོ་ཐ ་སྐང་མི་གནས་གནས་པ་ལའང་གནས་པར་མི་བྱེད་དོ།། སྣང་མེད་དབུ་མའི་ལམ་དེ་བྱང་ཆུབ་སེམས་ཞེས་བདེ་གཤེགས་གསུང་།། གཟུགས་དང་མཚན་མ་སྨོན་པར་འཛིན་པ་རབ་ཏུ་སྤངས་ནས་ནི།། རྣམ་ཐར་གསུམ་པོ་བསྒོམ་པ་འང་བདུད་ཀྱི་ལས་ཏེ་གཟུགས ་ཉིད་སྟོང་པའོ།། འཁོར་བའི་ལམ་གསུམ་སྤོང་ཞིང་མྱ་ངན་ལས་འདས་ལམ་སྒོམ་པའང་བདུད་ཉིད་དེ།། དེ་ཉིད་རང་བཞིན་མ་ཞི་རང་བཞིན་རྩལ་སྤངས་གར་མི་གནས།། འཕགས་པ་ཀུན་གྱི་ཡུལ་དང་གནས་ཀྱང་འདས་སོགས་ལམ་ཉིད་གཞན་མེད།། ལྡང་དང་མི ་སྡང་ཆེད་དུ་མི་སྤོང་སེམས་རྟེན་མི་འཆའ་མངོན་དུ་མིན།། འཇམ་དཔལ་མ་ཡིན་རྡུལ་ཙམ་གཡོ་བ་དེ་ཡིན་དེར་མི་གནས།། བསྒོམ་པའི་ས་མི་རྙེས་ཕྱིར་བསྒོམས་པས་རྙེད་ཕྲང་མི་འགྱུར་ཏེ།། སེམས་ཀྱི་སྤྱོད་ཡུལ་ཤེས་པ་དེ་དག་ཆོས་རྣམས་ཀྱི་ནི་ཆོས་ཉིད་ཡིན།། ་རྣམ་བྲལ་གང་ལ་མཆོག་དང་ཐ་མ་མེད་པར་ལམ་མཆོག་འདི་བསྒོམ་མོ།། འདུ་བྱེད་མ་སྐྱེས་ཆོས་ཀུན་འབྱུང་མེད་བཞིན་དུ་ཆོས་རྣམས་མྱ་ངན་འདས།། དངོས་མེད་དེ་ཚེ་ཀུན་ཀྱང་ཆོས་ཀྱི་དབྱིངས་ཞེས་དགྲ་བཅོམ་རབ་འབྱོར་ཡིན།། ན་མཁའ་དམིགས་མིངས ་དགེ་དང་མི་དགེར་འབྱེད་མེད་སྐྱེ་བ་འང་མེད།། རྩོལ་བ་ཡིད་ལ་མི་བྱེད་གང་ལའང་སེམས་མེད་ཤེས་དང་མི་ཤེས་བྲལ།། དོན་དང་འདྲེད་མེད་གང་ལའང་འགའ་དང་མཚུངས་མེད་མི་གནས་མི་དམིགས་ཤིང་།། མཉམ་ནས་གཉིས་སུ་བརྟགས་མེད་བརྗོད། ་བྱལ་བྱ་དང་མི་བྱ་མེད་དེ་སོགས་བྲི་མེད།། ཆེད་དུ་རྩོལ་བར་ཡིད་ལ་མི་བྱེད་ཅིས་ཀྱང་མི་འཁྲུགས་མཉམ་ཤེས་དང་།། གང་ལའང་ཆགས་དང་ཡུལ་གྱིས་མྱོས་སྐྲག་མེད་དེ་མི་འབྲལ་མི་གནས་ཤིང་།། མི་འཕྲོགས་མཉམ་ཤེས་བཞི་པོ་ཕྱོགས་དང་བ ་རོལ་ཕྱིན་རྣམས་དེར་ཤེས་ཏེ།། སེམས་ཀྱི་དབྱིངས་སུ་བསྒོམས་པས་ལོམ་འདི་གཞན་དུ་བསྒོམ་པས་འོད་གསལ་མི་འགྱུ་རོ།། བརྡའ་ཅན་ཡང་དག་ལེན་པའང་བྱང་ཆུབ་ཆེན་པོར་ཡིན་ཞེས་སྟོན་པས་རབ་གསུངས་ཕྱིར།། དེ་ལ་འདི་ནི་བྱང་ཆུབ་སེམས་ཉིད ་བསྐྱེད་ཅིང་བསྒོམས་པའི་གནས་ཡིན་ཏེ།། ཏིང་འཛིན་གསུམ་པོ་བསྟན་པར་བྱས་ནས་རྟམས་ཀྱི་ཕྱག་རྒྱ་གསུམ་བཅིངས་ནས།། ཆོས་ཀྱི་ཕྱག་རྒྱ་ཆེན་པོར་སེམས་ཉིད་སྐྱེང་དེ་སྙིང་པོ་བརྗོད་ཅིང་བསྒོམ་པའི་གནས།། རྡོ་རྗེ་སེམས ་དཔའ་བསྒོམ་པས་ལམ་ཀུན་མ་ནོར་བསྒོམས་པ་ཡིན།། ཀུན་ཏུ་བཟང་མོའི་སྤྱོད་པས་མ་ཟིན་དགེ་བའི་ཆོས་ནི་གང་ཡང་རུང་།། ཀུན་ཏུ་བཟང་པོའི་སྤྱོད་པའང་བདུད་ཀྱི་ལས་ཏེ་ཟད་ཅིང་མཐར་ཐུག་འགྱུར།། དེ་དང་ལྡན་པའི་ལས་ནི་བདུད་ཀྱི་ལས ་ཀྱང་བྱང་ཆུབ་སྤྱོད་པར་གསུངས།། དོན་འདིར་མོས་པ་དེ་ཡང་བྱང་ཆུབ་ཆེན་པོ་ཡིན་ཞེས་རྒྱལ་བས་རབ་ཏུ་སྔགས།། གནས་འདིར་བསྐྱེད་པ་ཙམ་གྱིས་འཇིག་རྟེན་གསུམ་པོ་བླ་མར་བཅས་པ་ཡི།། མཆོད་ནས་ཉན་ཐོས་བདུད་ཀྱི་སྡེ་རྣམས་ཟིལ ་གྱིས་གནོན་ཞེས་སངས་རྒྱས་གསུང་།། ཐབས་ཆེན་བྱང་ཆུབ་སེམས་དཔའི་གསང་བའི་སྤྱོད་པ་འདི་ཉིད་དོ།། འདི་མེད་རྒྱལ་བ་རྣམ་པར་སྣང་མཛད་ཐེག་པ་གསུམ་སྟོན་མི་སྲིད་དོ།། སྐད་ཅིག་ཙམ་དུ་དད་པའི་ཤུགས་བསྐྱེད་དེ་ཡང་མྱུར་དུ ་འཇམ་དཔལ་གཞོན་ནུར་འགྱུར།། དཀྱིལ་འཁོར་གསང་བར་ཞུགས་ཤིང་ཐེག་ཆེན་དམ་ཚིག་མཆོག་ཀྱང་བསྲུངས་པ་ཡིན།། ཚུལ་ཁྲིམས་སྡོམ་པ་ཀུན་ཀྱང་སྲུངས་ཤིང་སྦྱིན་གནས་དམ་པར་རབ་ཏུ་བསྔགས།། དེ་ཕྱིར་བྱང་ཆུབ་སེམས ་ཀྱི་བསོད་ནམས་དེ་ལ་གཟུགས་ཡོད་ན།། ནམ་མཁའ་བར་སྣང་དེ་ཡང་སྣོད་དུ་ཆུངས་ཞེས་རྒྱལ་བས་མཚུངས་པར་གསུངས།། སྐྱེ་བོ་སྐྱེ་བ་སྣ་ཚོགས་ངག་ལས་སྐྱེས་ཤིང་སྐྱེ་འགྱུར་སྐྱེ་བའི་རྒྱུན་གྱིས་དབོང་སོང་བ།། རྟོགས ་མཐའ་མི་ཤེས་རྟོག་པས་བསླུས་ཤིང་རྟོག་པའི་རྒྱུན་འབྲངས་འཁྲུལ་པའི་རྟོག་ལས་ཕྱིར་ལྡོག་མེད་སྦྱར་བ།། སྒྱུ་མའི་སྒྲ་ཤེས་དག་ཅིང་སྒྱུ་མའི་གླང་པོ་འདྲ་བར་སྒྱུ་མས་རྨོངས་པའི་སྒྱུ་མ་རྣམས།། རྨི་ལམ་གྱིས་ཀླང་བཞིན་དུ་རྨི་ཡིས་བདེན་པ ་ཉམས་ཤིང་རྨི་ལམ་དབང་དུ་སོང་བའི་རྨི་ལམ་པ།། ལམ་འདི་སྤོང་ཞིང་མཐའ་དང་ལམོ་གཞན་ལམ་དུ་བལྟས་ནས་མ་ནོར་ལམ་ཞེས་སྟོན་པ་དེ།། དེ་དག་རྡོ་ལ་གསེར་བཞིན་ཐུགས་རྗེའི་ཐུགས་རྗེས་ཀྱི་མ་འཕྲོས་པ་ཡིན།། ཤིན་ཏུ་མ ་སྦྱངས་དུས་ཀྱིས་མནར་བའི་སྐྱེ་བོ་ལྔ་བརྒྱ་ཐ་མ་ལ།། གསུང་རབ་དྲི་མེད་རྟོགས་དཀའ་དག་ལ་སྒྲ་བཞིན་སྦྱོང་ངང་ཚུལ་བཞིན་མིན།། རང་གི་བློ་གྲོས་སྟོབས་བཞིན་འཇུག་པ་ལ་སོགས་ལྟ་བ་སྣ་ཚོགས་དག། མི་ཤེས་ཆུ ་བོས་གཡེངས་ཤིང་གསུང་གི་ཉིང་ཁུ་བདུད་རྩི་རྣལ་འབྱོར་བྲལ།། དེ་ཕྱིར་རྒྱལ་བས་གསུངས་པའི་ཐུགསོ་བའི་ཐུགས་ཀྱི་གསང་བ་འདི།། ཀུན་དུ་རྒྱལ་བ་རྣམས་ཀྱི་ཐུགས་ཀྱི་སྤྱོད་ཡུལ་ཐུན་མ་ཡིན་ཡང་།། གོམས ་པའི་མཐུ་ཡིས་མི་འགལ་ཚུལ་དུ་ཚད་མ་དགྲ་ལས་རབ་བསྒྲུབས་ཏེ།། འགྲོ་བའི་དོན་དུ་མི་གཉིས་ལམ་མཆོག་འདི་ནི་རབ་བགྱིས་པས།། སྐྱེ་བོས་སྐྱེ་གནས་ཐམས་ཅད་དུ་ཡོད་སྐད་ཅིག་ཏུ།། མི་མཐུན་ཕྱོགས ་ཀྱིས་མི་ཉམས་རྒྱལ་བ་ཀུན་གྱིས་ཐུགས་འདི་རབ་རྒྱས་ཤོག། རྫོགས་སོ།། །། འཇམ་དཔལ་པ་ཤེས་གཉེན་གྱིས་མཛད་།། ་