CLOSE WINDOW

GT1419: 'phags pa 'jam dpal rin po che'i cho ga
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱརྱཱ་མཉྫུ་ཤྲཱི་རཱཏྣ་ནོ་བི་ཀ། བོད་སྐུད་དུ། འཕགས་པ་འཇམ་དཔལ་རིན་པོ་ཆེའི་ཆོ་ག། རྡོ་རྗེ་སེམས་དཔའ་ལ་ཕྱག་འཚ་ལོ།། བདེན་པ་དང་ལྡན་འཛིན་བྲལ་བ།། འཇམ་པ་ཡང་ངག་ཀུན ་མཁྱེན་པ།། དེ་བཞིན་ཉིད་ཀྱི་ངང་གནས་པ།། སྨྲ་བའི་སེངྒེ་ཕྱག་འཚལ་ལོ།། དེ་ལ་གུས་པས་འདུད་པ་ཡིས།། དུས་ནི་རྟག་ཏུ་བསྒོམ་པ་དང་།། མོས་པོ་བྱེད་པའི་རྣལ་འབྱོར་པ།། དེ་ཡི་དོན་དུ་བཤད་པར་བྱ།། སྟོང་པ་ལ་དགའ ་དབང་ཐོབ་པ།། དམ་ཚིག་ལྡན་ཞིང་བསྒོམ་པ་དགའ།། རྣལ་འབྱོར་སྲོག་སྟོང་དད་པ་ཆེ།། སེམས་ཅན་དོན་བྱེད་བྱས་ལ་དྲིན།། རྟག་ཏུ་མཚན་བརྗོད་བཟླས་ལ་བརྩོན།། དེ་ལྟར་ཡོན་ཏན་བཅུ་ལྡན་པས།། ཡིད་དགོའ་བ་ཡི་གནས ་དག་ཏུ།། བདེ་བའི་སྟན་ལ་གནས་པར་བྱ།། ཐ་མལ་ཡི་དམ་དྲན་པ་ལ།། སྙིང་གར་ཡི་གེ་མུཾ་སེར་དགོད་།། ཁ་དོག་ལྔ་ཡི་འོད་འཕྲོས་ནས།། ཕྱོགས་བཅུའི་རྒྱལ་སྲས་བླ་མ་ནི།། སྤྱན་དྲངས་མདུན་དུ་བསམས་པ་ལ།། ཕྱག་འཚལ ་མཆོད་པ་སྡིག་པ་སྦྱང་།། ཡི་རང་སྐྱབསཽ་འགྲོ་སེམས་བསྐྱེད་ལ།། དགེ་བསྔོ་འདུད་ལ་སོགས་པས་བསྟོད།། དེ་ནས་སྟོང་ཉིད་བསམ་པ་ནི།། ཨོཾ་ཨཱ་ཀཱ་རོ་མུ་ཁ~ཾ་སརྦ་དྷརྨྨ་ཎཱཾ་ཨཱཾ་དྱ་ནུཏྤན་ན་ཏྭཱ་ཏ་སྭཱ་ཧཱ། སྔགས་དོན་དངོས་པོ་མེད ་པ་ལ།། ཡུནི་རིངས་དང་ལ་བློ་གནས་པས།། དེ་ཉིད་ལ་ནི་གནས་པར་བྱའོ།། དེ་ནས་ན་མཁའ་སྟོང་པ་ལ།། དངོས་པོ་ཐམས་ཅད་པཾ་དུ་གནས།། དེ་སྟང་ཡི་གེ་སཾ་དཀར་ལས།། བྱང་ཆུབ་སེམས་དཔའ་སེངྒེས་གསལ།། ་དེ་སྟེང་ཨ་ལས་ཟླ་བར་གསལ།། གདན་སྟེང་ཡི་གེ་མུ་སེར་ལས།། ཨུཏྤལ་སྔོན་པོ་མཛེས་པར་བསྒོམ།། དེ་ལས་འཕྲོ་འདུ་བྱ་བ་སྟེ།། སྨྲ་བའི་སངྒེ་བསྒོམ་པར་བྱ།། སེར་པོ་གསེར་བཙོ་འདྲ་བ་ལ།། གཡས ་ན་ཨུཏྤལ་པོ་ཏིས་མཚན།། གཡོན་པ་གཞན་ལ་སྦྱིན་པ་སྡོང་།། དགའ་བའི་སེམས་ཀྱིས་འཛུམ་དང་ལྡན།། ཐུགས་རྗེ་ཆེ་བས་ཉོན་མོངས་སྤོང་།། རིན་ཆེན་རྣམས་ཀྱིས་ལུས་ལ་བརྒྱ་ནོ།། དབུ་ལ་ཐོར་ཚུགས་རྣམས་ཀྱིས་མཛེས།། ་དབུ་སྒྲ་གཙུག་ཕུང་འཁྱིལ་པ་དང་།། སྟོང་གཡོགས་སེར་པོ་རྣམས་ཀྱིས་མཛེས།། སྨད་གཡོགས་དར་དཔྱངས་སྦྱངས་པའོ།། རྨུགས་པའི་རྣམ་པ་མ་ཡིན་པས།། གསལ་བ་རྟག་ཏུ་བསྒོམ་པའོ།། དེ་ནས་སྤྱན་དྲངས་མཆོད་པའོ།། ་ཨོཾ་བཱ་གཱི་ཤྭ་ར་ཛརྫྫཿཧཱུ~ཾ་བཾ་ཧོཿོཾ་ཨཱ་ཧཱུཾ་གིས་མཆོད་ཡོན་དབུལ།། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཨཱ~ཾཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱ་ཧཱུཾ། ཨོཾ་བཛྲ་དཱི་པེ་ཨཱཿཧཱུཾ། ཨོཾ་བཛྲ་ནཻ་བི་དྱེ་ཨཱཿཧཱུཾ། བ་ལི་ན~ཾ་ཏ་ཁ་ཁ། ཁཱ་ཧི་ཁཱ་ཧི། ་ཨཱ་ཧཱུཾ། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད།། ཡང་དག་མཐར་གྱུར་ཁྱོད་ལ་འདུད།། སྟོང་ཉིད་ལས་བྱུ་ང་ཁྱོད་ལ་འདུད།། སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད།། སངས་རྒྱས་ཆགས་པ་ཁྱེད་ལ་འདུད།། སངྱས་འདོད་ལ་ཕྱག ་འཚ་ལ་འདུད།། སངས་རྒྱས་དགྱེས་པ་ཁྱོད་ལ་འདུད།། སངས་རྒྱས་རོལ་ལ་ཕྱག་འཚལ་འདུད།། སངས་རྒྱས་འཛུམ་པ་ཁྱོད་ལ་འདུད།། སངས་རྒྱས་བཞད་པ་ཁྱོད་ལ་འདུད།། སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད།། ་སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད།། མེད་པ་ལས་བྱུང་ཁྱོད་ལ་འདུད།། སངས་རྒྱས་འབྱུང་བ་ཁྱོད་ལ་འདུད།། ན་མཁའ་ལས་བྱུང་ཁྱོད་ལ་འདུད།། ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད།། སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད།། ་སངས་རྒྱས་རོལ་སྟོན་ཁྱོད་ལ་འདུང་།། ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད།། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད་།། ཅེས་བྱ་བས་བསྟོད་དོ།། གཉིས་མེད་བདག་ལ་བསྡུ་བྱའོ།། སྙིང་གར་པདྨའི་ཟླ་བ་ལས།། སྟེང་ནི་ཡེ་ཤེས ་སེམས་དཔའ་སྟེ།། མཚོནཱ་གང་དང་འདྲ་གསལ་བར་བསྒོམ།། ཡི་གེ་ཨ་མཆོག་ཟླ་བ་ལ།། ཐུགས་ཀར་བསམ་པར་བྱ་བའོ།། ཡེ་ཤེས་སྔགས་ཕྲེང་བསྐོར་བར་བྱ།། ཨོཾ་སརྦ་དྷརྨྨ་ཨ་བྷ་བཾ། སྭ་བྷཱ་བཱ། བི་ཤུདྡྷ། བཛྲ་ཙཀྵ། ཨ ་ཨཱ་ཨཾ་ཨཿཔྲ་ཀྲྀ་ཏི། པྲ་རི་ཤུདྡྷ། སརྦ་དྷརྨྨ་ཡ་དུ་ཏ་སརྦེ་ཏ་ཐཱ་ག་ཏཱ་ཛྙཱ་ན་ཀཱ་ཡ། མཉྫ་ཤྲཱི། པ་རི་ཤྲུདྡྷི་ཏཱ། མུ་པཱ་དྭཽ་ཡེ་ཏི་ཨ་ཨཱ་སརྦེ་ཏ་ཐཱ་ག་ཏ། ཧ་ར་ཧ་རཽ། ཨཽ་ཧཱུཾ་ཧྲཱིཿབྷཾ་ག་བཱན། ཛྙཱ་ན་མཱུ་ར་ཏི། བཱ་གཱི་ཤྭ་ར། མ་ཧཱ་བ ་ཙ། སརྦ་དྷརྨྨ། གཱ་ག་ནཱ་ཨ་མཾ་ལ་སུ་པ་རི་ཤུ་དྷ། དྷརྨྨ་དྷི་ཏྱཱ་ཛཱ་ན་གེརྦྷ་ཨཱཿ། གསལ་བར་ཕྲེཾ་ང་བ་སྔགས་ལ་གཏང་།། བརྒྱ་རྩ་བརྒྱད་དུ་བཟླས་པ་བྱ།། དེ་ནས་མཚན་རྣམས་བརྗོད་པ་ལ།། ཡེ་ཤེས་སེམས ་དཔའ་ངག་ལ་ནི།། དམིགས་པ་བརྟན་པ་གཏང་ནས་སུ།། ཡོན་ཏན་དག་ཏུ་བརྗོད་པའོ།། དེ་ཡང་གལ་ཏེ་མ་བརྟན་ན།། གཡེང་བར་གྱུར་ན་ནུས་པ་ཆུང་།། དེ་ལ་བརྟན་པར་གྱུར་པ་ན།། ཡེ་ཤེས་གཉིས་མེད་སྐྱེ་ཡང ་སྲིད།། ཡོན་ཏན་དག་ཏུ་བརྗོད་པ་ཡང་།། ཐེག་པ་མཐའ་ཆོས་སྟོན་མཛད་པས།། ཐམས་ཅད་ངོ་བོ་ཡིན་ཤེས་ལས།། ཐམས་ཅད་དེ་དང་ལྡན་པར་སྟོན།། དེ་ལྟར་བྱས་ཤིང་བསྟོད་གྱུར་ན།། ཆོས་སྐུ་མཐའ་དག ་ཐོབ་པར་འགྱུར།། བསམ་པ་ཅི་འདོད་དེ་ལས་འབྱུང་།། ལྷ་སྲིན་སྡེ་བརྒྱད་དགའ་འགྱུར་ནས།། འདོད་པ་ཐམས་ཅད་འབྱུང་བའོ།། དེ་ནས་འབད་པས་མཚན་བརྗོད་གདོན།། སྐྱོ་བར་མི་འགྱུར་གུས་པར་བྱ།། སྐྱོ་བ་དག་ནི་བྱུང་བ་ན།། ་རྣལ་འབྱོར་གཉིསུ་མེད་པར་བྱ།། ཨ་ལས་སྟོང་པ་ཙམ་པ་ལས།། གསལ་བར་རྟོག་མེད་བསྒོམ་པར་བྱ།། དེ་ནས་ཨ་ནི་ཞུ་བ་ལས།། ཐིག་ལེ་དཀར་པོ་ཇེ་ཆུང་ལས།། ཡ་ཤེས་སྟོང་པ་ཉིད་གསལ་གཽ། བྱིང་རྒོད་མེད་པར་གསལ ་བའོ། ཡང་དང་ཡང་དུ་གཏང་ལ་བསྒོམ།། སྣང་བྱ་རང་བཞིན་མེད་མཐོང་འགྱུར།། ཡུང་ན་ཤེས་རབ་འཁོར་ལོ་སྟེ།། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན།། བསམ་གཏན་བཞི་ཡི་རྩེ་མོ་ཅན།། ཡན་ལག་མེད་པའི་རྩིས་ལས་འདས།། ་ཞེས་གསུངས་པ་ལས།། བཞི་ནི་གནས་བཞིའི་འཁོར་ལོ་ཡི།། ལྟེ་བ་ཡེ་ཤེས་འཁོར་ལོ་སྟེ།། བཅུ་གཉིས་རྩིབས་ཅན་འཁོར་ལོ་ལ།། སྒྲོགས་ཀྱིས་རྣམ་པར་བཀོད་པ་ནི།། ཨ་ཨཱ་ཨ་ཨཱ་རིམ་པར་བགོད་།། དེ་ནས་ཡང་དང་ཡང ་དགོད་།། དབུས་སུ་ཨ་མཆོག་བསམ་པར་བྱ།། དེ་ནས་སྙིང་གིར་ཤེས་རབ་འཁོར་ལོ་ནི།། རྩིབས་བཅུ་གཉིས་དང་ལྡན་པ་ལ།། དབྱངས་ཡིག་བཅུ་གཉིས་གཡས་ནས་བསྐོར་ནས་བཀོད་པར་བྱ།། ལྟེ་བ་ལ་ནི་ཨ་མཆོག ་གནས།། མགྲིན་པར་ཤེས་རབ་འཁོར་ལོ་ནི།། བཅུ་གཉིས་རྩིབས་མཚན་གནས་པ་ལ།། ལྟེ་བ་ཨ་བསྒོམ་རྩིབས་རྣམས་ལ།། ཨ་ར་པ་ཙ་ན། བཱ་གཱི་ཤྭ་ར། པྲཛྙཱ་ན་མར་རིམ་པས་དགོད་པར་བྱའོ།། དེ་ནས་སྤྱི་བོའི་འཁོར་ལོ ་ལབཅུ་གཉིས་རྩིབས་ལ་དགོད་པར་བྱ་བ་ནི།། སྐུའི་ཕྲེང་སྔགས་ཏེ་ལས་སྔགསོ།། དབུས་སུ་ཨ་དཀར་ཆེན་པོ་གནས།། འོག་ནས་ཧཾ་དཀར་བཟློག་ནས་བསམ།། དབུས་ན་ཡི་གེ་ཡོད་པ་སྟེ།། བསམ་གཏོན་བཞིའི་རྩེ་མོ ་དེ་ལ་བྱ།། འཁོར་ལོ་ནང་སྟོང་འོད་ལྟར་འདུག། སྟོང་པའི་ནང་ཡི་གེ་རྡུལ་ཐིག་གེང་ལྟར་བསམ།། དབུས་ཀྱི་ཐིག་ལེའི་རང་བཞིན་ཡིན།། དགའ་བ་དུ་མ་ཡོད་པས་བལྟ།། འཁོར་ལོ་བནི་ལ་ཤེས་རབ་སྟེ།། ཐིག་ལེ་ཨ་བ་དྷཱུ་ཏཱི ་ཐབས།། ནོར་བུའི་རྩེ་ནས་ཧཱུ~ཾ་ལ་ཐུག། དཀར་པོ་འོད་དུ་འདུག་པའོ།། དེ་ནས་བྱང་ཆུབ་རྒྱུ་བའོ།། ནོར་གནས་ཙཎྜ་ལི་གནས་པས།། དེ་ལ་གཏང་དེ་བསམ་པའོ།། འཁོར་ལོ་དེ་ལྟར་གནས་པ་ནི།། ཡན་ལག་བྱ་བཾ་དེ་ཡིན་ནོ།། མེད་པ ་རྩིས་ལས་འདས་པ་སྟེ།། ཆང་མེད་བསམ་གཏན་བྱེད་པའོ།། དེ་ཡང་ཙཱཎྜ་ལི་ལ་གཏོད་པསོ།། མེ་འབར་དྲོང་ལས་བརྟེན་ནས་བྱུང་།། ཨ་བ་དྷཱ་ཏཱི་ལམ་ཞུགས་ནས།། ལྟེ་བར་མེ་འབར་ཐམས་ཅད་བསྲེགས།། དེ་ལྟར་འཁོར ་ལོ་བཞི་ག་ཡི།། སྤྱི་བོའི་བདེ་བ་ངང་གིས་བུ།། འོ་མ་ལྟར་དཀར་ཐམས་ཅད་གང་།། ནོར་བུ་ཕེབས་ནས་ལྟེ་གནས་འདྲེན།། རླུང་དང་བསྟུན་ནས་ཡང་ཡང་འདྲེན།། དེ་སྟེངས་ལུས་གསོ་བདེ་བ་འབྱུང་།། སྣང་བ་དགའ་བ་སྒྱུ ་པའོ།། བཅུ་དྲུག་ལྡོག་པོ་ལྟ་བུ་འབྱུང་།། ཐ་མལ་ཟག་མེད་ཡེ་ཤེས་སྐྱེ།། སྐྱོ་འམ་བསམ་གཏན་གཏོང་འདོད་ན།། སྤྱི་བོར་བསྡུ་བར་འདོད་པ་ཡི།། དགའ་བྲལ་སོང་ཡང་ཉེས་མི་འགྱུར།། ཐ་མལ་ཐ་བྲ། ་ལས་མ་བྱུང་བས།། ཉེས་པ་ཆེན་པོ་འོང་མི་འགྱུར།། དེ་ཡང་རླུང་གི་གཏན་ཐོབ་པ།། བྱ་བར་རུང་གི་གཞན་ནས་མིན།། ཐ་མལ་ཟག་མེ་དེ་ཐོབ་པ་ལ།། མེད་པའི་ཚིག་འདས་དེ་ཡིན་ནོ།། ཐ་མལ་གཤེགསུ་གསོལ་བ་དང་།། ་ལྷ་ཡི་ང་རྒྱལ་གནས་པར་བྱ།། སྤྱོད་པ་དགེ་བ་གང་མོས་བྱས།། དང་ཡོང་ཁྲོ་མེད་སྦྱིན་པར་བྱ།། ལུས་ངག་ཡིད་ཀྱིས་བྱ་བ་ཀུན།། བདེ་བ་ཆེ་ལ་ངང་གནས་བྱ།། མ་བརྗེད་པ་ཡི་བསམ་གཏན་བསྟེན།། དེ་ལྟར་བྱས་ན་བླ ་མང་འགྱུར།། གཞོན་ནུའི་སྐུ་འཚོང་ཐོབ་པར་འགྱུར།། ཚེ་འདི་དག་ལ་བདེ་བར་འགྱུར།། བདག་གིས་བསགས་པའི་ཚི་ག་ཡིས།། འགལ་བ་མ་མཆིས་ལྷ་ལ་བཤགས།། དགེ་བའི་རྩ་བ་ཡིད་འོང་ཀུན།། ཐམས་ཅད་འ ་དཔལ་ཐོབ་པར་ཤོག།། འཕགས་པ་འཇམ་དཔལ་རིན་པོ་ཆེའི་སྒྲུབ་ཐབས། དགེ་བསྙེན་མ་གྲགས་སྦྱིན་མས་མཛད་པ། སྨྲྀ་ཏི་ཛྙཱ་ན་ཀཱརྟིས་བསྒྱུར་བ་རྫོགསོ།། །། འཇམ་དཔལ་ཆོས་དབྱིངས་གསུང་དབང་གི ་