| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གི་ཏི་གུ་ཧྱེ་པ་ན་ནོ་པི་ཀ་ཛྙཱ་ན་དཱི་པ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་གསང་བ་དང་ལྡན་པའི་སྒྲུབ་པའི་ཐབས ་ཀྱི་འགྲེལ་པ་ཡེ་ཤེས་གསལ་བ་ཞེས་བྱ་བ། ངག་གི་དབང་ཕྱུག་ལ་ཕྱག་འཚལོ།། དཔལ་ལྡན་ཁྱབ་བདག་ལྔ་ཡི་དངོས།། ཡེ་ཤེས་སྐུ་ལ་རབ་བཏུ་དེ།། དོན་དམ་ཟབ་མོའི་ངེས་དོན་ལ།། བདགེ་འདྲས་དཔག་པར་མི ་འོས་ཀྱང་།། བདག་པས་བློ་དམན་དོན་ལ་གཟུང་བ་དང་།། ངེས་དོན་གསུམ་གྱི་མཚན་ཉིད་བསྟེན་པ་དང་།། བླ་མའི་གདམས་ངག་མ་ཐོ་བ་རྣལ་འབྱོར་དོན་ལྟོས་པའི།། གང་ཟག་རྣམས་ལ་ཕན་པར་བྱ་བའི་ཕྱིར།། འཇམ ་དཔལ་སྒྱུ་འཕྲུལ་དྲ་བ་ཡིས།། རྒྱུད་ལས་ངེས་དོན་ཏུས་ཏེ་བཤད།། དེ་ལ་མདོའི་དོན་ཞུས་ཤིང་སླར་གསུང་བའི་ཐབས་བསྟན་པ་དང་། ཉམས་སུ་བླང་བའི་ཐབས་བསྟན་པ་གཉིས་ལས།། འདིར་མདོ་འི་དོན་ཞུས་ཤིང་སླར ་གསུང་འོས་པའི་ཚུལ་བསྟན་པ་བཤད་དེ། གསང་སྔགས་ཀྱི་ལུགས་ཀྱིས་ཐིག་ལེ་བྱང་ཆུབ་ཀྱི་སེམས་གཏན་ལ་དབབ་དགོས་ཏེ། དེའི་དོན་ནི་གནས་པ་བཞི། ངོ་བོ་བཞི། ཉམསུ་མྱོང་བའི་ཐབས་བཞི། དེའི་འབྲས་བུ་བཞི ་ལ་ཡང་དག་པའི་དོན་འདུས་པས་དེ་བསྟན་པའི་ཕྱིར། ཐིག་ལེ་བཅུ་དྲུག་མི་ཤིགས་དབུས་ཞེས་གསུངསོ།། དེ་ལྟར་གཉིས་མེད་ཀྱི་ཡེ་ཤེས་རྟོགས་པའི་དུས་ན་ཚིག་དང་ཡི་གེའི་སྤྲོས་པའི་མཐའ་དང་བྲལ་བས། ཡན ་ལག་མེད་ཅིང་རྩི་ལས་འདས་པ་ཞེས་གསུང་སོ།། དེ་ལྟར་རྟོག་པ་དང་ཉོན་མོངས་པ་དྲུག་སྦྱང་བའི་གཉེན་པོར་དབུགས་དབྱུང་དྲུག་གི་དཀྱིལ་འཁོར་གྱི་ལྷ་ཚོགས་བསྐྱེད་ལ། དེ་ཡང་མི་རྟོག་པའི་སེམས་ཀྱིས ་ཟིན་པར་བྱ་བའི་ཕྱིར། དེ་ཉིད་ལྡན་ཞིང་མི་རྟོག་འདས་ཞེས་གསུངས་སོ།། དེ་ལྟ་བུའི་དོན་ནི་བློ་དང་ལྡན་པ་ཀུན་གྱི་ཡང་དག་པའི་གནས་འགྲོ་བའི་ལམ་ཡིན་པར་བསྟན་པའི་ཕྱིར། ངོས་འབྱུང་ཀུན་གྱི་ལམ་གང་ཡིན།། ཞེས ་གསུངསོ།། དོན་གསུམ་དབྱེར་མེད་དུ་རྟོགས་པར་བྱ་བའི་ཕྱིར། དོན་གསུམ་ཐེ་ཚོམ་མེད་པའི་བློས་ཞེས་གསུངསོ།། སྣང་བའི་ཆོས་ཐམས་ཅད་སྐྱེ་མེད་ཀྱི་དོན་རྟོགས་པར་བྱ་བའི་ཕྱིར། ལུས་ཀྱི་མཐའ་ནི་ངེས་རྟོགས་བྱ་ཞེས ་གསུངས་ཏེ། དེ་ལྟ་བུའི་དོན་ལ་གནས་ན་ཕྱིན་ཅི་མ་ལོག་པའི་འབྲས་བུ་འབྱུང་བར་བསྟན་པའི་ཕྱིར། བྱང་ཆུབ་བླ་ན་མེད་པའོ་ཞེས་གསུངས་སོ།། དེའི་ངང་ལ་གསང་སྔགས་ཀྱི་དོན་གྱིས་འགྲོ་བའི་དོན་གྱིས་འགྲོ་བའི་བློ ་སྦྱང་བའི་ཕྱིར། གསང་སྔགས་དོན་ཀུན་བསྐྱེད་པ་པོ་ཞེས་གསུངསོ།། དེའི་ངང་ལས་སྐུ་རྣམ་པ་གཉིས་ཀྱིས་འགྲོ་བའི་དོན་བྱེད་པ་བསྟན་པའི་ཕྱིར།། ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་མཆོག། སངས་རྒྱས་སྤྲུལ་པའི་རྒྱུད ་འཆང་བ་ཞེས་གསུངསོ།། དེ་ལྟ་བུ་ནི་ལྷ་དང་མི་རྣམས་ཀྱིས་མཆོད་ཅིང་བརྗོད་པའི་གནས་ཡིན་པར་བསྟན་པའི་ཕྱིར། མཆོད་འོས་བསྟོད་འོས་རིམ་གྲོའི་གནས་ཞེས་གསུངས་སོ།། འཁོར་གྱི་གཙོ་བོས་སྷོ་ན་པ་ལ ་མཆོད་བསྟོད་བྱས་ནས་འགྲོ་བའི་དོན་ཞུས་པ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ལྡན།། ལག་ན་རྡོ་རྗེ་མཐུ་བོ་ཆེས།། ཉིད་ལ་སྙན་པའི་ཚིག་བདག་གིས།། བསྟོད་ནས་མཚུན་གྱི་རིམ་པ་ཞུས་ཞེས་གསུངསོ།། ་སྟོན་པས་འགྲོ་བའི་དོན་དུ་བསྙེན་པ་བྱ་བའི་རིམ་པ་དང་། དཀྱིལ་འཁོར་བྲི་བའི་རིམ་པ་དང་། དེ་ལ་ཚོགས་བསག་པ་དང་། སྦྱིན་སྲེག་བྱ་བའི་རིམ་པ་དང་། ན་བ་ལ་ཕན་གདགས་པའི་རིམ་པ་དང་། ཤི་བ་ལ་ཕན ་གདགས་པའི་རིམ་པ་དང་། ལུས་ཀྱི་རྩ་གནས་ཀྱི་འཁོར་ལོ་བསྟན་པའི་རིམ་པ་དང་། སློབ་མ་དབང་བསྐུར་བའི་རིམ་པ་དང་། དཀྱིལ་འཁོར་གཤེགསུ་གསོལ་བའི་རིམ་པ་དང་། བླ་མུ་ལ་ཡོན་དབུལ་བའི་རིམ་པ་དང་། ་བཅུ་གསུངས་པས་ན་བློ་ཞན་དོན་དུ་རིམ་པས་གསུངས་ཞེས་གསུངས་སོ།། དེའི་ཉམ་སུ་བླང་བའི་ཐབས་ལོ་གཉིས་ཏེ། བསྙེན་པ་དང་སྒྲུབ་པ་གཉིས།། སྔོན་ལ་བསྙེན་པ་སྟོན་ཏེ། དོན་དང་ལྡན་པའི་སློབ་དཔོན་རྡོ་རྗེ ་འཆང་ཆེན་པོའི་ངོ་བོ་ཡིན་པའི་ཕྱིར། དེ་ལ་རྡོ་རྗེ་འཆང་ཆེན་པོས།། སློབ་དཔོན་ཆ་ལུགས་གནས་བྱས་ཏེ་ཞེས་གསུངསོ།། དེ་ནས་སྒྲུབ་པ་པོ་ཡིས་ཉམས་དང་གར་འཐད་དུ་གནས་པར་བྱ་བའི་ཕྱིར། བསམ ་གཏན་དང་ནི་རྗེས་མཐུན་པའོ་ཞེས་བྱ་བ་ལ་སོགས་ཚིག་རྐང་ལྔ་གསུངས་སོ།། ལ་སོགས་པ་ཞེས་བྱ་བ་ནི་འོག་པདྨ་འདབ་བརྒྱད་དུ་འདུག་ལ། སྟེང་འཁོར་ལོ་རྩིབས་བརྒྱད་དུ་འདུག་པ། མེ་ཏོག་གི་སྣམ་བུ་ལང་ལིང ་དུ་ཆགས་པ། ཤར་རི་གཞོལ་བ། ནུབ་རི་སྐྱོབ་པ། ལྕུག་ཕྲན་གྱི་ཚལ་ཡོད་པ། བཀྲུ་ཤིས་ཀྱི་བྱ་སྣ་ཚོགས་སྒྲ་སྒྲོགས་པ་དེ་འདྲའི་གནས་སུ་བསྙེན་པ་བྱ་སྟེ། དབང་བསྐུར་བ་ཐོབ་པ། བླ་མའི ་བཀའ་བཞིན་བྱེད་པ། དམ་ཚིག་ལ་གནས་པ་བྱ་བའི་ལས་ལོ་མ་རྨོངས་པའི་བརྩེ་བའི་གྲོགས་དང་འགྲོགས་པ་བསྟན་པའི་ཕྱིར། གྲོགས་བཟང་བཙལ་ལ་བསྙེན་པ་བརྩམ་ཞེས་གསུངས་སོ།། དེ་ནས་དོན་དང ་ལྡན་པའི་རྣལ་འབྱོར་པ་དེས་བདེ་བའི་སྟན་ནང་ཚངས་ཅན་འབོལ་པ་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་ངམ་ཇི་ལྟ་བར་འདུག་སྟེ། ཁ་ཟས་ཀྱི་ཚོད་བཟུང་། གཉིས་ཀྱི་ཆ་མཉམ། ལུས་ཚམ་ལ་ཕབ་སེམས་ཁོག་གློང་དེ་བསྒོམ་པ་བརྟན་པའི ་ཕྱིར། བདེ་བའི་སྟན་ལ་འདུག་བྱས་ཏེ་ཞེས་གསུངས་སོ།། དེ་ནས་རྣམ་རྟོག་གི་བགེགས་བསྲུང་བར་བྱ་བའི་ཕྱིར། བདག་དྲང་ས་གཞི་ཡོངསུ་བསྲུང་ཞིང་།། ར་བ་དྲ་བས་མཚམས་བཅད་དང་།། ཕྱོགས་དང་སྟེང་འོག ་བཅིང་སོགས་པ།། རབ་ཏུ་འབད་ངེས་བསྒོམ་པར་བྱ།། ཞེས་གསུངས་ཏེ། དེའི་དོན་ནི་མགོན་པོ་ཀུན་སྣང་གི་རྒྱུད་ལས་འདི་སྐད་དུ། ཀྱེ་མ་ལྷའི་བུ་རྣམས། གཞོན་ནུ་རྣམས་ནི་འཚོ་འདོད་དང་། ཕྱི་རོལ་རྒོལ་བ་ཚར ་གཅོད་དང་།། རྣམ་རྟོག་བགེགས་རྣམས་བསྲུང་འདོང་ན།། དང་པོར་སྟོང་པ་ཆེན་པོར་བསྒོམ།། དེའི་ངང་ལས་རང་གི་དངོས།། སངས་རྒྱས་ཀུན་གྱི་བདག་པོར་བསམས།། ལྕེ་ལ་ཟླ་བ་རྡོ་རྗེ་ནི།། རྩེ་ལྔ་པར་ནི་རྣམ་བསམས ་ལ་བཛྲ་ཛི་ཧྲ་ཞེས་བརྗོད་དེ། རྡོ་རྗེའི་ལྕེ་རུ་རྣམ་པར་བསམ།། སྔགས་ཟློས་ནུས་པའི་མཐུ་དང་ལྡན།། ལག་པ་གཉིས་སུ་ཨཱ་དང་ཧཱུཾ།། གོང་མའི་གོ་རིམས་དོན་དང་ལྡན།། བཛྲ་ཧ་ཏ་ཞེས་བརྗོད་དེ།། རྡོ་རྗེ་ལྔ་ལྟ་བུར་བསམ།། ཕྱག་རྒྱ ་ནུས་པའི་མཐུ་དང་ལྡན།། དེ་ནས་བདག་ཉིད་ཧཱུ~ཾ་ལས་ནི།། གྲྀཧྞ་བཛྲེ་ས་མ་ཡ་བི་ཧཱུ~ཾ་ཞེས་པའི་སྔགས་ནི་བརྗོད་ནས་ཀྱང་།། རྡོ་རྗེ་ཏཱི་རཱིཥྛ་རི་བཅིང་།། ཁྲོ་བོ་ཆེན་པོ་མེ་ལྟར་རབ་ཏུ་འབར་བ།། ཆར་སྦྱིན་གྱི་མདོག་ཅན། འོད་ཟེར་གྱི་ཕྲེང་བས ་ཀུན་ཏུ་འཁྲུགས་པ། ཞལ་བཞི་པ། ཕྱག་བརྒྱད་པ། ཞལ་སྒོག་པ། དཔའ་བ་འཇིག་སུ་རུང་བ། སྙིང་རྗེ་ཆེ་བ་ལ་སོགས་པའི་ཉམས་དང་ལྡན་པ། ཕྱག་གཡས་པ་རྣམས་ན་རྡོ་རྗེ་དང་། རལ་གྲི་དང་། མདའ་དང་། འཁོར་ལོ་བསྣམས་པ། ་ཕྱག་གཡོན་པ་རྣམས་ན་དྲིལ་བུ་དང་ཞགས་པ་དང་། གཞུ་དང་། ཁ་ཏཱ་ག་ལ་བརྟགས་པའི་བ་ངན་སྣ་ཚོགས་བསྣམས་པ། མེ་སེར་སྐྱ་འབར་བ་ལྟ་བུའི་སྐུའི་ཚོ་གས་ཤིན་ཏུ་འཇིག་སུ་རུང་བ། སྦྲུལ་ཆེན་པོའི་གདུ་བུ་དང་དབུ་རྒྱན་དང་། ་སྐ་རགས་དང་ཞབས་གདུབ་དང་། མགུར་ཆུ་དང་། རྣ་རྒྱན་དང་། ཅོད་པན་གྱིས་བརྒྱན་པ། སྒྱུ་འཕྲུལ་ཆེན་པོའི་འཁོར་ལོ་དགོད་པ་ལ་མཁས་པ། གཡོན་བརྐྱང་བས་ཁྱབ་འཇུག་དང་ཆུང་མར་བ་ཅེས་པ་གནོན་པ་བསྒོམ་པར་བྱའོ།། ་དེ་ནས་སྐྱིལ་ཀྲུང་ཕྱེད་འདུག་ལ།། རྡོ་རྗེ་བསྡམས་པས་ནང་བཅིངས་ཏེ། མཐེ་བོང་གཉིས་ནི་གཞིབ་བྱས་ལ།། བསྒྲལ་བའི་སོར་མོའི་སྟེང་ནས་གདབ།། ཏི་རིན་ཏི་རིའི་ཕྱག་རྒྱ་སྟེ།། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཨ་བྷི་ཥིཉྩ་མཱ། ་གསང་སྔགས་དམ་པ་བརྗོད་ནས་ནི།། སྤྱི་བོ་ནས་བརྩམས་ཕྱོགས་བཞི་ཡི།། རྡོ་རྗེ་ཕྲེང་བའི་དབང་བསྐུར་བླང་།། ཨོཾ་ཊུཾ་ཞེས་པའི་ཡི་གེ་གཉིས།། ཆོ་ག་དམ་པ་བགོས་ནས་ནི།། མཐར་ནི་མཉམ་པའི་ཐལ་མོ ་དང་། བཛྲ་དུ་ཤྱེ་ཧོ་ཞེས་བརྗོད་པས་པས།། ལུས་ཀྱི་ཆ་ལུགས་མཉམ་པར་བྱ།། དེ་ཉིད་ལས་ནི་མ་གཡོས་པར།། གཡོན་པའི་ཁུ་ཚུར་སྙིང་གར་བཞག། གཡས་པའི་རྡོ་རྗེ་ཁུ་ཚུར་ནི།། ལན་གསུམ་དག་ཏུ་གསོར ་བྱས་ལ།། བགེགས་རྣམས་ཐམས་ཅད་བསྣུན་པར་བྱ།། ཨོཾ་བཛྲ་ཛྭ་ལཱ་ཨཱ་ན་ལཱིརྐ་ཧཱུཾ།། དེ་ནས་སེམས་ཀྱི་ཆོ་འཕྲུལ་གྱིས།། སྐད་ཅིག་རེ་ལཾ་ཏིང་འཛིན་རེ།། བསྒྱུར་ཏེ་ལས་རྣམས་རིམ་པར་བྱ།། བདག་ཉིད་ཁྲོ་བོ་རྡོ ་མད། གཡས་པ་རྡོ་རྗེ་མེ་དཔལ་གཡོན་སྡིག་མཛུབ།། མདོག་སེར་ཞིང་འདི་འབྱོར་བ།། དེ་ཡི་འཕྲུལ་ལས་བྱུང་བའི།། རྡོ་རྗེ་བསྡམ་པ་ནུང་བཅིངས་ཏེ།། སོར་མོ་ནད་དུ་འབར་བར་བྱ།། ཐེ་བོང་རྡོ་རྗེར་བསྒྲང་བ ་ནི་རྡོ་རྗེ་མེའི་ཕྱག་རྒྱ་སྟེ།། བགེགས་རྣམས་ཐམས་ཅད་བསྲེག་པར་བསམས།། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་དྲཱ་ཧ་པ་ཙ་མ་ཐཱ་བྷཱཉྫ་ར་ཎ་ཧཱུཾ་ཕཊ། རྡོ་རྗེ་བསྡམས་པས་བཅིངས་བྱས་ཏེ།། མཐེ་བོང་གཉིས་ནི་རབ་ཏུ་བེ+ེཎྱ། ་བསྙེམས་ལ་སྟོང་དུ་བཞིག་པ་ནི།། རྡོ་རྗེ་སྦྱིན་ནི་ཕྱག་རྒྱ་སྟེ།། བགེགས་རྣམས་ཐམས་ཅད་བཅིང་བར་བྱ།། བཛྲ་ནཻ་ཏྲི་བནྡྷ་སརྦ་བིགྷྣཱཾ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ།། མགལ་མོའི་འཁོར་ལོ་བཞིན་བསྐོར་ཏེ།། མགོ་ཡོཾ་སྟེང་དུ ་མཛུབ་མོ་གཉིས།། ལྕགས་ཀྱུའི་ཚུལ་དུ་བཞག་པ་ནི།། རྡོ་རྗེ་འཇིགས་བྱེད་ཕྱག་རྒྱ་སྟེ།། ཨོཾ་ཧུ་ལུ་ཧུ་ཡུ་ཧཱུཾ་ཕཊ།། གསང་སྔགས་དམ་པ་བརྗོད་པ་ཡས།། སྐུ་མདོག་དཀར་པོ་ཁྲོ་བོ་ནཱི།། གཡས་པ་རྡོ་རྗེ་གཡོན་སྡིགས་མཇུག། ་དཔག་ཏུ་མེད་པས་སྟེང་ཕྱོགས་གཏམས།། རྡོ་རྗེ་ཐལ་མོ་བརྐྱང་བྱས་ཏེ།། མཐེ་བོང་གཉིས་བརྐྱང་མཛུབ་མོ་གཉིས།། མཆེ་བ་ལྷ་བུར་བྱས་པ་ནི།། རྡོ་རྗེ་གནོད་སྦྱིན་ཕྱག་རྒྱ་སྟེ།། ཨོཾ་བཛྲ་ཡཀྵྨ་ཧཱུཾ། གསང་སྔགས་དམ་པ ་བརྗོད་པ་ཡིས།། སྐུ་མདོག་སྔོན་པོ་ཁྲོ་བོ་ནི།། མཆེ་བ་ཐོགས་པ་དཔག་ཏུ་མེད།། དེ་ཉིད་དུ་ནི་རྣམ་པར་གཏམས།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ།། མཐེ་ཆུང་ལུག་གླུ་རྒྱུད་དུ་སྦྲུལ།། མཛུབ་མ་གཉིས་ནི་རྩེ་སྦྱར་ཏེ།། བཟློག ་ནས་སྤྱི་བོར་བཞག་པ་ནི།། རྡོ་རྗེ་གཙུག་ཏོར་ཕྱག་རྒྱ་སྟེ།། ཨོཾ་དྲུཾ་བནྡྷ་ཧཾ། གསང་སྔགས་དམ་པ་བརྗོད་པ་ཡིས།། སྐུ་མདོག་དམར་པོ་ཁྲོ་བོ་ནི།། གཙུག་ཏོར་དང་ནི་སྡིག་མཛུབ་བསྣམས།། དཔག་ཏུ་མེད་པས་ཤར་ཕྱོགས ་གཏ་མོས།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ།། མཁྲིག་མ་གཉིས་ནི་རྀམདུད་བྱས་པས།། རྡོ་རྗེ་ཞགས་པའི་ཕྱག་རྒྱའོ།། ཨོཾ་ཧཱུཾ་བཛྲ་པཱ་ཤཧྲཱིཿགསང་སྔགས་དམ་པ་བརྗོད་པ་ཡིས།། སྐུ་མངག་སེར་པོ་ཁྲོ་བོ་ནི།། ཞགས་པ ་དང་ནི་སྡིགས་མཛུབ་བསྣམས།། དཔག་ཏུ་མེད་པས་དེ་ཉིད་གཏམས།། ལོག་པ་རྡོ་རྗེ་བསྡམས་པ་ལས།། མཐེ་བོང་གཉིས་ནི་སེམས་དཔའ་ཡི།། སྐྱིལ་མོ་ཀྲུང་ངུ་བཅས་པ་ལས།། མཛུབ་མོ་གཉིས་ནི་རྣམ་པར་གཤེགས། ་ཕྱེ་ལ་མཐེ་ཆུང་གཉིས་པོ་ནི།། བ་དན་ལྟ་བུར་བྱས་པ་ནི།། རྡོ་རྗེ་བ་དན་ཕྱག་རྒྱ་སྟེ།། ཨོཾ་བཛྲ་པཱ་ཏ་ཀེ་བ་ཏི་གི་ནི་ར་ཊ། གསང་སྔགས་དམ་པ་བརྗོད་པ་ཡིས།། སྐུ་མདོག་དམར་པོ་ཁྲོ་བོ་ནི།། བ་དནྟ་དང ་ནི་སྡིག་མཛུབ་སྣརུམས།། བྱུང་གི་ཕྱོགསུ་རྣམ་པར་གཏམས།། རྡོ་རྗེ་གནོད་སྦྱིན་ཕྱག་རྒྱ་ཉིད།། ཁ་རུ་རྣམ་པར་བསྟན་པ་ནི།། རྡོ་རྗེ་དུས་ཀྱི་ཕྱག་རྒྱ་སྟེ།། ཧྲཱིཿབཛྲ་ཀཱ་ལི་རུ་ཊ་མཊ།། གསང་སྔགས་དམ་པ་བརྗོད་པ་ཡིས།། ་སྒྱུ་མདོག་ནག་མིའི་ཁྲོ་མོ་ནི།། རྡོ་རྗེ་དང་ནི་སྡིག་མཛུབ་བསྣམས།། བྱང་གི་ཕྱོགས་རྣམ་པར་གཏམས།། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ནི།། རི་བཽ་འདོགས་པའི་ཚུལ་དུ་བྱས།། རྡོ་རྗེ་རྩེ་མོའི་ཕྱག་རྒྱ་སྟེ།། ཨོཾ་བཛྲ་ཤི་ཁ་ར་རུ་ཊཾ་མཊ།། ་གསང་སྔགས་དམ་པ་བརྗོད་པ་ཡིས།། སྐུ་མདོག་སྔོན་པོའི་ཁྲོ་བོ་ནི།། རྡོ་རྗེ་དང་ནི་སྡིགས་མཛུབ་བསྣམས།། ལྷོའི་ཕྱོགས་རྣམ་པར་གཏམས།། རྡོ་རྗེ་བསྡམས་པ་ས་སྟེང་བཞག། ཨོཾ་བཛྲ་དྲྀ་ཌྷོ་མ་ཝ་རཀྵ་སརྦ་སྭཱ་ཧཱ།། གསེང ་སྔགས་དམ་པ་བརྗོད་པ་ཡིས།། སྐུ་མདོག་སྟུག་པོ་ཁྲི་བོ་ནི།། ཟ་བ་དང་ནི་སྡུག་མཛུབ་བསྣམས།། རིག་གི་ཕྱོག་སུ་རྣམ་པར་གཏམས།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ།། མ་ཁྲིག་མ་གཉིས་བསྣོལ་མིཐེ་ཆུང་གཉིས།། ་ལྕགས་ཀྱུའི་ཚུལ་དུ་སྤྲུལ་བྱས་ལ།། མཛུའི་མའི་སྡིག་མཛུབ་གཉིས་བསྒྲེང་བ། རྡོ་རྗེ་ནི་མཛད་ཕྱག་རྒྱ་སྷོ།། ཨོཾ་སུ་དྷ་ནི་སུཾ་བྷ་ན~ཾནྣ། གྲྀཧྞ་གྲྀཧྞ་ཧཱུ~ཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ~ཾ་ཧཱུ~ཾ། ཨཱ་ན་ཡ་ཧིཿ། བྷ་ག་བཱན་བཻ་དྱར ་ཕཊ། གསང་སྔགས་དམ་པ་བརྗོད་པ་ཡིས།། ནང་དུ་ཧཱུཾ་མཛད་ར་བར་གྱུར།། དེ་ཉིད་ལས་ནི་མཛུབ་མོ་དང་།། གུང་མོ་གཉིས་ནི་རྡོ་རྗེར་བྱས།། རྡོ་རྗེ་ལས་ཀྱི་ཕྱག་རྒྱ་སྟེ།། ཨོཾ་བཛྲ་མ་ཧཱུཾ། གསང་སྔགས་དམ་པ་བརྗོད་པ ་ཡིས།། ཕྱི་རོལ་ལས་ཀྱི་ར་བར་གྱུར།། ལག་གཉིས་རྡོ་རྗེ་བསྡམས་པ་དང་།། བཛྲ་བནྡྷ་བཾ། ཕྱི་རོལ་རྡོ་རྗེ་དྲ་བར་བསམ།། འདི་འདྲའི་སྦྱོར་བ་རབ་འབད་ན།། ལྷའི་རྫུ་འཕྲུལ་དག་ཀྱང་རྡུགས།། ཚངས་དང་བརྒྱ་བྱིན་སྟོབས་ཆེ ་བས།། མནོན་ཏེ་ཤྭར་དང་སྟེང་དུ་བཅིངས།། དོན་དམ་གསུམ་གྱི་སྦྱོར་བ་ཡིས།། ཕྱོགས་བཅུ་ཐམས་ཅད་བཅིང་བར་འགྱུར་ཞེས་གསུངས་སོ།། དེ་ནས་ཕྱོགས་ང་ལྷ་དང་ཀླུ་ལ་སོགས་པ་ཐམས་ཅད་ཞི་ཞིང་མཉེས་པར་བྱ་བའི ་ཕྱིར། དེ་ནས་ཤིན་ཏུ་བརྩེར་ལྡན་པས།། སྦྱིན་སྲེག་གིས་ནི་མཉེས་པར་བྱ་ཞེས་གསུངས་ཏེ། བདག་ཉིད་དང་པོའི་སངས་རྒྱས་ཀྱི་ང་རྒྱལ་དང་ལྡན་པས་སེམས་ཅན་ཐམས་ཅད་ལ་བརྩེ་བ་དང་ལྡན་པར་བྱ་ཞེས་པའི་དོན་ཏོ།། ་དེས་འོག་ཏུ་ནས་གསུངས་པའི་དོན་རྣམས་ཀྱིས་སྦྱིན་པ་ནི་ལྷ་ཀླུ་ལའོ།། སྲེག་པའི་ས་ཕྱོགས་ཀྱི་སྐྱོན་ནོ།། མཉེས་པ་ནི་དཀྱིལ་འཁོར་གྱི་ལྷའོ།། དེ་ཅི་འགྱུར་ཞེ་ན། ཚོགས་བསོག་པའི་ཡན་ལག་གོ།། དེ་ལྟར་བགེགས ་ངས་ཕྱོགས་བཞི་པར་བྱས་ནས་བཟོད་རྟེན་གྱི་ཀྱིལ་འཁོར་སྤྲུལ་པར་བསྟན་པའི་ཕྱིར། དེ་ནས་བསྙེན་པ་རབ་འབད་དེ།། ཞེས་གསུངས་པ་ཁོ་ནའོ།། དགྱེས་པ་བསྐྱེང་ཕྱིར་འཁོར་ལོ་ནི་ཞེས་གསུངས་ཏེ། དགྱེས་པ ་བསྐྱེད་པ་ནི་བདེ་བར་གཤེགས་པའོ།། འཁོར་ལོ་ནི་སྦྲུལ་ཚོགས་དགུའི་ལྷ་ཚོའོ།། དེ་གང་དུ་སྤྲུལ་ཞེ་ན། ན་མཁར་བསྒོམ་པར་བྱ་བ་ཡིན་ཞེས་པ་ཁོ་ནའོ།། ཇི་ལྟར་སྤྲུལ་ཞེ་ན་མཁའ་ལ་འདུས་པའི་འཁོར་ལོ་དང་བཅས ་ཞེས་པ་སྟེ་སྤྲུལ་ལོ།། དེའི་རྐྱེན་བསྟན་པའི་ཕྱིར།། ལག་པའི་འདུ་བྱེད་བསྒོམ་ཞིང་བྱ།། འབྲུ་ལྔ་གནས་པའི་སོར་མོ་ལ་ཞེས་གསུངས་པ་སྟེ། ལག་གི་འདུ་བྱེད་ནི་ཕྱག་རྒྱའོ།། སོར་མོ་ནི་ལྔའོ།། འབྲུ་ལྔ་ལྡན་པ་ནི་གུང་མོ་ལ ་ཨོཾ་མཛུབ་མོ་ལ་ཧཱུཾ་སྦྱིན་ལག་ལ་ཧྲཱིཾ། མཐོ་བོང་ལ་ཧཱུཾ་མཐེ་ཆུང་ལ་ཨཿབསམ་པར་བྱའོ།། མཛུབ་མོའི་མཐེ་ཆུང་མདུང་བྱས་ལ་ཞེས་པ་ནི་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ།། མཛུབ་མོ་མཐེ་ཆུང ་ལུ་གུ་རྒྱུད།། འདི་ནི་རྡོ་རྗེ་འཁོར་ལོ་སྟེ།། དཀྱིལ་འཁོར་ཐམས་ཅད་སྒྲུབ་བྱེད་ཡིན།། ཞེས་པ་ཁོ་ནའོ།། ཐམས་ཅད་འདུས་པའི་སྦྱོར་བ་ཡིས་ཞེས་པ་ནི་གསང་སྔགས་དང་ཕྱག་རྒྱ་དང་། ཏིང་ངེ་འཛིན་གསུམ་དགོས་ཞེས་པའི་དོན ་སྡེ་ནི་བདེ་བར་གཤེགས་པ་ལྔའོ།། གཅིག་ནི་དེའི་ངོ་བོ་དེ་བྱོར་མེད་པའོ།། དྲུག་ནི་དབུགས་དབྱུང་དྲུག་གོ།། གསུམ་ནི་སྐུ་གསུང་ཐུག་སོ།། དཀྱིལ་འཁོར་འདི་ནི་སྔགས་ལས་བསྐྱེད་ཅེས་པ་ནི་ཨོཾ་མཉྫུ་ཤྲཱི་བཛྲཱ་ཙཀྴཙྪ ་ཞེས་པའོ།། བླ་མ་དང་མཉམ་སྦྱོར་འདུས་པས་ཤེས་པ་ནི་དཀྱིལ་འཁོར་གྱི་གཙོ་བོ་གང་ཡིན་པའི་དབུ་རྒྱན་དུ་བླ་མ་བཞུགས་པའོ།། མཉམ་པར་ཤིན་ཏུ་བསྟོད་པར་བྱ་ཞེས་པ་ནི་མཉམ་པ་ནི་བླ་མ་དང་ངོ་།། ཤིན་ཏུ་བསྟོད་པ་ནི ་འོག་ནས་འབྱུང་བའི་འདུ་ལ་སོག་པའོ།། ཨེ་མ་ནི་ནམ་མཁའ་སྤྲུལ་པའི་ལྷ་ཚོགས་ལ་ངོ་མཚར་བའོ།། ཨེ་མ་ཡན་ལག་འདུས་པའི་ཞེས་པའི་དོན་དུ་ལུས་ངག་ཡིད་དང་གསུམ་གྱིས་སྤྲུལ་ལོ།། ཞེས་པའི་དོན་ཏོ།། སྦྱོར་བ་འདི་ནི་ཞེས ་པཿསྦྱོར་བ་ནི་མཆོད་པའི་རྟེན་སྤྲུལ་པའོ།། འདི་ནི་གསུམ་ལས་འབྱུང་ཞེས་པ་ནི་སྔགས་དང་། ཕྱག་རྒྱ་དང་ཏིང་ངེ་འཛིན་གསུམ་ལས་འབྱུང་ངོ་ཞེས་པའི་དོན་ཏོ།། དེ་ལྟར་སྤྲུལ་པ་དེ་མདུན་གྱི་ན་མཁར་དབང་པོའི ་མངོན་སུམ་དང་འདྲ་བར་ཡིད་ཀྱིས་མངོན་སུམ་དུ་གསལ་བར་བྱ་བའི་ཕྱིར། དེ་ལྟར་མཁའ་ལ་གསལ་བཀོད་དེ།། དབང་པོའི་མངོན་སུམ་འདྲར་མཐོང་ནས།། ཞེས་པ་ཁོ་ནའོ།། དེ་ལྟར་བསམས་པ་དེ་ལ་མཆོད་བསྟོད ་བའི་ཕྱིར།། དགའ་བས་མཆོད་ལ་གླུ་ཡིས་བསྟོད་ཅེས་གསུངས་ཏེ། དགའ་བས་མཆོད་པ་ནི་མེ་ཏོག་ལ་སོགས་པ་དང་ཡིད་ཀྱིས་མཆོད་པས་སོ།། གླ་ཡིས་བསྟོད་པ་ནི་མཆོད་པ་དེ་ཡིས་རྗེས་ལ་འདུད་ཀྱིས་བསྟོང་པ ་སྟྭཾ། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད།། ཙས་པ་ལ་སོགས་པ་ཉི་ཤུས་བསྟོད་པའོ།། དང་པོས་མཆོད་ཅིང་ཞེས་པ་ནི་གོང་མ་ལ་སྙེགསོ།། རྗེས་ཡི་རང་། བཤགས་དང་གསོལ་གང་བུ་ཕྱག་ལ་སོགས།། བཅུའི ་ཡན་ལག་ཀུན་འདུས་པས་ཞེས་པའི་དོན་ནི་འདི་ལྟ་སྟེ། གང་དག་ཕྱོགས་རྣམས་ཐམས་ཅད་ན།། དུས་རྣམས་ཐམས་ཅད་རབ་བཞུགས་པའི།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། ཉན་ཐོས་བཅས་ལ་ཕྱག་འཚལོ།། ་འཁོར་བ་ཐོག་མ་མེད་པ་ནས།། སྔོན་ཆད་སྡིག་པ་ཅི་བགྱིས་པ།། སངས་རྒྱས་རྣམས་ཀྱི་སྤྱན་སྔར་ནི།། དུས་རྣམས་ཀུན་གྱིས་བཤགས་པར་བགྱི།། སེམས་ཅན་ཀུན་ལ་བརྩེ་བའི་ཕྱིར།། སངས་རྒྱས ་ཆོས་དང་ཚོགས་མཆོག་སྟེ།། བླ་མེད་དཀོན་མཆོག་གསུམ་པོ་ལེ།། བྱང་ཆུབ་བར་དུ་སྐྱབསུ་མཆི།། སངས་རྒྱས་ཀུན་དང་དེ་ཡི་སྲས།། ཤེས་རབ་ཅན་ལ་བདག་འབུལ་གྱིས།། དེ་རྣམས་ཀུན་གྱིས་བདག་བཞེས་ལ།། ་འབྲས་བུ་རྒྱ་ཆེན་སྩལ་དུ་གསོལ།། སྡུག་བསྔལ་ཆུ་བོའི་ནང་གནས་པ།། སྐྱེ་བོ་ཀུན་ལ་ཏུ་བསྐྱང་བ་དང་།། རྒྱལ་བའི་བཞེད་པ་སྒྲུབ་པའི་ཕྱིར།། བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས།། སངས་རྒྱས་ཀུན་དང་དེའི་སྲས།། ་ཤེས་རབ་ཚ་དང་ཉན་ཐོས་དང་།། རང་རྒྱལ་རྣམས་དང་སྐྱེ་བོ་ཡི།། དགེ་བ་དེ་ལ་རྗེས་སུ་སྨོན།། བྱང་ཆུབ་སྙིང་པོར་ཉེར་གནས་པའོ།། གང་དག་བྱང་ཆུབ་ཕྱོགས་རྟོགས་པའི།། བདག་གིས་གསོལ་བས་རྒྱལ་པོ་རྣམས།། ་འཁོར་ལོ་དམ་པ་བསྐོར་དུ་གསོལ།། བྱ་བ་ཐམས་ཅད་བྱས་ནས་ནི།། སངས་རྒྱས་མྱ་ངན་འདས་གནས་པ།། བདག་གིས་གསོལ་བས་རྒྱལ་བ་ཀུན།། ནམ་ཡང་མྱ་ངན་མི་འདའ་གསོལ།། སྲིད་པའི་བཙོན ་རའི་ནང་གནས་པའི།། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག། རྣམ་པའི་མཆོག་རྣམས་ཀུན་ལྡན་པའི།། སངས་རྒྱས་སྐལ་དང་ལྡན་པར་འགྱུར།། སངས་རྒྱས་ཀུན་དོང་ངོའི་སྲས།། འགྲོ་ལ་ཕན་ཕྱིར་གཞེས་རྣམས ་ཀྱིས།། ཇི་ལྟར་སྨོན་པ་དེ་བཞིན་དུ།། ལུས་ངག་ཡིད་གསུམ་ལེགས་པར་སྨོན།། ཕྱག་ལ་སོགས་པའི་བསོད་ནམས་གང་།། ཚད་མེད་བདག་གིས་ཅི་བསགས་པ།། ཇི་ལྟར་མགོན་པོས་མཁྱེན་པ་བཞིན།། བྱང་ཆུབ་ཏུ་ནི་དེ་དག་བསྒོ ་ཡན་ལག་བཅུ་པོ་དེ་དག་ལ།། སྐྱེ་བོ་གང་ཞིག་དང་མོས་པ།། ཉེས་པའི་བག་ཆགས་ཀུན་དག་ནས།། གསང་བ་མཉེས་པར་སྣོད་དུ་རུང་ཞེས་ཆོ་ག་འདུས་པའི་རྒྱུད་ཆེན་པོ་ལས་གསུངསོ།། བདོག་ཉིད་རུང་བར་འགྱུར་བ་དད་ཞེས་པ་ནི།། ་དེ་ལྟར་ཚོགས་བསགས་པས་ཉོན་མོངས་པའི་སྒྲིབ་པ་བྱང་ནས་སྣོད་དུ་རུང་བར་བྱའོ།། དེ་ལ་དགའ་བའི་མདངས་ཀྱིས་བསྟོད་པར་བྱ་བའི་ཕྱིར། ཚིགས་བཙོད་གླུ་ཡིས་བསྟོད་པ་བྱ་ཞེས་པ་ནི།། ཕྱག་ན་རྡོ་རྗེས་ཞུས་པའི་ལེའུ་བཅུ ་དགུ་པ་ནས། འདི་སྐད་དུ། ཉིད་ཀྱི་མདངས་བཟངས་ཚོགས་ཀྱིས་ནི།། ཟླ་བ་རྒྱས་པ་ཟིལ་གནོན་ཞིང་།། རིག་པ་རྣམ་པར་གསལ་འགྱུར་བ།། འཇམ་དཔལ་ཁྱེད་ལ་ཕྱག་འཚལ་ལོ།། མ་སྒྲིབས་ཟུར་ཕུད་གསལ་བ་ལ།། ནོར་བུ ་འབར་བའི་སྐུ་མངའ་བ།། མི་དམིགས་པ་ནི་ཀུན་གྱི་སྐུ།། འཇམ་དཔལ་ཁྱེད་ལ་ཕྱག་འཚལ་བསྟོད།། བདུད་རྩི་འདྲ་ཞིང་འཇམ་ལ་བཟང་།། ཡིད་འོང་གསུང་གི་སྒྲ་སྒྲོགས་པ།། དམ་པའི་ཆོས་ཀྱི་རིན་ཆེན་མཛོད།། འཇམ་དཔལ ་ཁྱེད་ལ་ཕྱག་འཚལ་བསྟོད།། གངྒཱའི་ཆུ་ཐིགས་ལྷར་གྲངས་མེད།། འཇིག་རྟེན་ཁམས་ན་རྣམ་པར་བཞུགས།། ཉོན་མོངས་དྲི་མ་རབ་སྤངས་པ།། འཇམ་དཔལ་ཁྱེད་ལ་ཕྱག་འཚལ་བསྟོད།། མཚ་བ་གཙིགས་ཤིང་བསྒྱིངས་པ་ཡི།། ་འཇིགས་པའི་སྐུ་ཡི་ཚུལ་གྱིས་ནི།། གཤིན་རྗེའི་དྲེགས་པ་འཇོམས་མཛད་པ།། འཇམ་དཔལ་ཁྱེད་ལ་ཕྱག་འཚལ་བསྟོད།། རང་གི་སྤྱན་དུང་མདངས་འདྲ་བའི།། ཨུཏ་པལ་སྔོན་པོ་རབ་མཛེས་པའི།། ་ལྷུང་བཟེང་ཕྱག་མཆོག་རབ་བསྣམས་པའི།། འཇམ་དཔལ་ཁྱེད་ལ་ཕྱག་འཚལ་བསྟོད་།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ལ།། རྒྱ་ཆེར་བསྟོད་པའི་སྤྱོད་པ་གང་།། འགྲོ་བའི་བླ་མ་སྟོན་པ་པོ།། འཇམ་དཔའ ་ཁྱེཁྱོད་ལ་ཕྱག་འཚལ་བསྟོད།། ཅེས་གསུངསོ།། བྱས་པའི་འབྲས་བུ་ཡོད་པར་བྱ་བའི་ཕྱིར།། དགྱེས་པ་བདག་གི་ལྷ་རྣམས་ཀྱིས།། སྙན་པ་ཚིག་གིས་ལེག་སྡེ་པར་བསམ་ཞེས་པ།། དགྱེས་པ་ནི་གོང་དུ་བསྟོད་པའི་ལྷ ་རྣམས་སོ།། སྙན་པའི་ཚིག་ནི་ཚོགས་བསོག་གི་ལྷ་རྣམས་ཀྱིས་རིགས་ཀྱི་བུ་ལེགསོ་ཞེས་གནང་བ་བྱིན་པར་བསམ་མོ།། དེ་ལྟར་གནང་བ་སྩལ་བས་དོན་དང་ལྡན་ཏེ།། དྲིན་ལ་ལན་གྱིས་གླན་པའི་ཕྱིར།། དྲིན་གྱིས ་ཚུལ་གྱིས་སླར་བསྟོད་པ་ཞེས་གསུངསོ།། དེ་ཡང་གཙོ་བོ་ལྔའི་སྒོ་ནས་བསྟོད་པའི་ཕྱིར།། བྱང་ཆུབ་སེམས་ནི་རབ་ཏུ་གཟུང་།། ཞེས་པ་དང་པོ་ནས་བརྩམས་ཏེ།། སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད།། ཅེས་པའི་བར ་གྱིས་བསྟོད་དོ།། དེ་ནས་ཡུམ་བཞིའི་སྒོ་ནས་བསྟོད་པའི་ཕྱིར།། མེ་ལོང་ཡེ་ཤེས་ངོ་བོ་ཉིད།། ཅེས་པ་ནས་བརྩམས་ཏེ།། རྡོ་རྗེ་དྲ་བའི་ལས་ཁྱོད་འདུད་ཅེས་པའི་བར་གྱིས་བསྟོད་ངོ་།། དེ་ནས་ནང་གི་སེམས་དཔའ ་བཅུ་དྲུག་ལ་བསྟོད་པའི་ཕྱིར།། སྟོང་པའི་རང་བཞིན་འདོད་ཆགས་ཆེ།། ཞེས་པ་ནས་བརྩམས་ཏེ། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད།། ཅེས་པའི་བར་གྱིས་བསྟོད་དོ།། དེ་ནས་ལྷ་མོ་བརྒྱད་ལ་བསྟོད་པའི་ཕྱིར།། ་སྦྱིན་བདག་ཆེན་པོ་གཙོ་བོ་སྟེ་ཞེས་པ་ནས། རྡོ་རྗེ་དག་བྱེད་ཁྱོད་ལ་འདུད་ཅེས་པའི་བར་གྱིས་བསྟོད་དོ།། སྒོ་སྐྱོང་བཞི་པོའི་སྒོ་ནས་བསྟོད་པ་བསྟན་པའི་ཕྱིར།། རྡོ་རྗེ་ལྕགས་ཀྱུ་འདྲེན་པ་ཆེ་ཞེས་པ་ནས།། རྡོ་རྗེ་འབེབས ་པོ་ཁྱོད་ལ་འདུད་ཅེས་པའི་བར་གྱིས་བསྟོད་དོ།། དེ་ནས་བསྐལ་བཟང་གི་སེམས་དཔའ་ལ་བསྟོད་པའི་ཕྱིར།། བྱམས་ཆེན་རང་བཞིན་དཔག་ཏུ་མེད་ཅེས་པ་ནས།། ཕ་རོལ་ཕྱིན་བཅུའི་གཙོ་ལ་འདུད་ཅེས་པའི་བར་གྱིས ་བསྟོད་དོ།། དེ་ལྟར་བསྟོད་པ་བྱེད་པ་དེ་ཞེས་པ་ནི་རིགས་ཀྱི་བུ་གང་ལ་ལ་ཡིས་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་དེ་ལྟར་བསྟོད་པ་བྱས་པས་ཕྱིར་རིང་པོ་མི་ཐོགས་པར་འཇམ་དཔལ་ཆོས་ཀྱི་རྒྱལ་པོ་ཐོབ་པར་བྱ་བའི་ཕྱིར། ་འཁོར་ལོ་འདུས་པའི་གཙོ་མཆོག་འགྲུབ་ཅེས་གསུངས།། གྲོང་དུ་གསུངས་པ་དེ་རྣམས་ནི་ཆོས་སྤྱོད་ཐམས་ཅད་ཀྱི་མཆོག་ཀྱང་ཡིན་ལ་ཐམས་ཅད་ཀྱི་ཐོག་མུར་གྱུར་པས།། དེ་དག་ནི་མཆོག་གི་རྒྱལ་པོ་ཞེས་པ་གསུངསོ།། ། ་ཡང་དག་པའི་དོན་ལ་སྦྱོར་ཞིང་དཀྱིལ་འཁོར་ཐམས་ཅད་ཀྱི་ཐོག་མར་ཡང་འགྲོ་ལ། དེ་ལ་མ་གཡེངས་པར་གསལ་དགོས་པ་ནས།། སྦྱོར་བའི་འཁོར་ལི་དང་པོའི་ཏིང་ངེ་འཛིན་ཏོ་ཞེས་གསུངསོ།། དེ་ནས་ཕྱང ་ལྔ་ཡིས་ནམཁའི་འཁོར་ལོ་ལ་མཉེས་པར་བྱ་བའི་ཕྱིར། དེ་ནས་རིམ་པ་ཡང་འདི་ལྡན་པས་ཞེས་པ་ནི། དེ་ནས་གོང་དུ་བསྐྱོད་པ་བྱས་པའི་དེ་མ་ཐག་པའོ།། རིམ་པ་འོག་ནས་འབྱུང་བའི་ཕྱག་ལྔའོ།། ་གནས་གང་དུ་ཞེ་ན། ཐམས་ཅད་ན་མཁའི་འཁོར་ལོའི་ཚིགས་ཞེས་གསུངས་སོ།། བཙལ་ནས་ཅི་བྱེད་ཅེ་ན། མ་ལུས་མཉེས་པར་བྱ་བའི་ཕྱིར་ཞེས་གསུངསོ།། དེ་གང་གིས་བཙལ་ན། ཕྱག་ལྔ་ཞེས་པ་ནི་འདི་ལྟ ་སྟེ། དཔལ་གྱི་འབྱུང་གནས་འཇམ་དཔལ་ཀུན་གྱི་དཔལ།། མཐའ་དག་བྱམས་པས་ཁྱབ་པ་འཇམ་པའི་ངང་།། འཇམ་དང་དཔལ་དུ་གྲགས་པས་དོན་དང་ལྡན།། འཇམ་དཔལ་ཡང་དག་དཔལ་ལ་ཕྱག་འཚལོ།། ་གཞོན་ནུ་སྐུ་མདོག་ག་སེར་མདངས་འོད་ལམ་ལམ།། རིན་ཆེན་མཆོག་གི་རྒྱན་སྤྲས་ས་ལོ་གསལ།། བྱིན་ཆེ་དང་པའི་ཐུགས་མངའ་འཛུམ་པ་པོ།། གཟི་བརྗིད་མཛེས་དང་ལྡན་ལ་ཕྱག་འཚལོ།། ཡོན་ཏན་གཏེར་གྱི ་ཨུཏྤ་ལ་ཕྱག་ན་བསྣམས།། པདྨ་རྒྱས་འདྲའི་སྙིང་པོའི་གདན་ལ་བཞུགས།། ལྷའི་ལྷར་གྱུར་ཆ་ལུགས་ལྷ་ལས་འཕགས།། བལྟ་བས་མི་ངོམས་ཁྱེད་ལ་ཕྱག་འཚལ་ལོ།། གཞོན་ནུ་སྤྲུལ་པའི་མཚན་དང་དཔེ ་བྱད་ལ།། གང་ཞིག་ཡུད་ཙམ་མཐོང་བས་འདུན་པ་སྐྱེ།། གང་ལ་ཅི་འདུལ་དེ་ལྟར་སྤྲུལ་མཛད་པ།། ཐབས་ཀྱིས་འདྲེན་པའི་མགོན་ལ་ཕྱག་འཚལོ།། རྣམ་རྟོག་སྤྲོས་ལས་མཁྱེན་པའི་ཡེ་ཤེས་བརྙེས།། ཡོད་མེད ་རྟག་ཆད་མཐའ་ལ་མི་འཇུག་པ།། དམིགས་མེད་མཉམ་པས་ཆོས་ཀྱི་དབྱིངས་སུ་གནས།། ཡང་དག་དོན་ཚན་སྟོན་ལ་ཕྱག་འཚལོ།། ཞེས་པའོ།། ཚོམ་བུ་ལྔ་ཞེས་པ་ནི་རིགས་ལྔའོ།། མཉེས་པར་བྱ་ཞེས་པ་ནི་ཕྱག་ལྔའོ།། ། ་དེ་ལྟར་ཚོགས་བསགས་ནས། ད་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པོ་བསྟན་པའི་ཕྱིར། དེ་ལྟར་མཉེས་པའི་འོག་ཏུ་ནི། ཞེས་གསུངས་པ་སྟེ། གོང་མ་ལྟར་ཕྱག་ལྔས་ཡེ་ཤེས་ཀྱི་ལྷའི་དཀྱིལ་འཁོར་མཉེས་པའི་རྗེས་ལ། ་བཟོད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ་ཞེས་པའི་དོན་ཏོ།། ཡེ་ཤེས་སེམས་དཔའ་མངོན་འདོད་པས་ཤེས་པ་ནི་དེ་ལྟར་ཚོགས་བསགས་ནས། ཡེ་ཤེས་སེམས་དཔའ་ཐོབ་པར་བྱའོ་སྙམ་པའི་བསམ་པའོ།། དེ་གང་གི ་སྒོ་ནས་ཐོབ་ཅེ་ན། སེམས་ཅན་ཡོངས་བསྒྲལ་བསམ་པ་དང་ཞེས་གསུངས་ཏེ། སེམས་ཅན་ཐམས་ཅད་འཁོར་བའི་འདམ་ལས་བྱང་ཆུབ་ཀྱི་སྐམ་སེར་བསྒྲལ་བར་བྱའོ་སྙམ་པ་སྟེ། སྨོན་པ་བྱང་ཆུབ་མཆོག་ཏུ་སེམས ་བསྐྱེད་པའོ།། དེ་ནས་བྱང་ཆུབ་དམ་པར་སྨོན་པར་བྱ་ཞེས་གསུངསོ།། དེ་ནས་འདི་དག་ཚིག་ཏུ་བརྗོད་པ་ཅེས་པ་ནི་འོག་ནས་འབྱུང་པོའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཤེས་པ་ནས་མ་ལུས་པར་ནི་སྐྱེ་བར་བགྱི ་ཞེས་པའི་བར་དུ་བསྟན་ཏོ་གོ་སླའོ།། དེ་ནི་འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའོ།། དེ་ནས་སྡོམ་པ་བཟུང་སྟེ། དེའི་དོན་ནི་རྣམ་པ་དྲུག་སྟེ། དཀྱུས་ཉིད་གསལ་བས་འདིར་མ་དཀྲོལ་ལོ།། དེ་ལྟར་སྡོམ་པ་བཟུང་ནས ་དབང་ནོད་པར་བྱ་བའི་ཕྱིར། དེ་ལྟར་སྡོམ་པ་བཟུང་བྱས་ལ་ཞེས་པ་གསུངས་པ་ཏེ། དེ་ལྟར་ནི་གོང་དུ་གསུངས་པ་རྣམས་སོ།། སྡོམ་པ་ནི་ལུས་ངག་ཡིད་གསུམ་གྱིའོ།། འཛིན་པ་ནི་གོང་དུ་གསུངས་པ་དེ ་རྣམས་བདག་གིས་བཟུང་ལ།། བཟོད་འོག་ནས་འབྱུང་བའི་དབང་བླང་ཞེས་པའི་དོན་ནོ།། དེ་ཡང་གང་ཞེ་ན་རིམ་པར་ཞེས་གསུངས་ཏེ། དང་པོར་སེམས་བསྐྱེད། དེ་ནས་འཇུག་པ་དེ་ནས་བུམ་པའི་དབང་། དེ་ནས་གསང་བའི་དབང ་ནས་ཤེས་རབ་ཡེ་ཤེས་དབང་། དེ་ནས་བཞི་པའི་དོན་བསྟན།། དེ་ལྟར་བརྟུལ་ཞུགས་བཞི་དང་ལྡན་པ་ལ་དབང་དང་དམ་ཚིག་འབྲེལ་པར་བསྟན་པས་ན་རིམ་པར་ཞེས་གསུངསོ།། དེ་ཡང་གང་བསྐུར་ཞེ་ན། དབང་བསྐུར་བཞི་ཞེས ་གསུངས་ཏེ། དེ་ཡང་དོན་དང་ལྡན་པ་ལ་ཐོག་མ་བུམ་པ་ནས་བཞི་པའི་བར་བསྐུར་བ་ནས། ཀུན་རྫོགས་ཞེས་གསུངས་པ་ཁོ་ནའོ།། འོ་ན་དེའི་ངོ་བོ་གང་ཡིན་ཞེ་ན། སྤྱི་གཙུག་ཅེས་པས་བུམ་པའི་དབང་དང་། ཐབསོ་དང་ཤེས ་རབ་གཉིས་མེད་པའི་ཞེས་པས་གསེང་བའི་དབང་དང་། ལྷ་མཉེས་བྱ་ཞེས་པས་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། དོན་དམ་ཞེས་པས་ཞི་བའི་དོན་བསྟན་པའོ།། དོན་དེ་ལྟར་ཤེས་པར་བྱས་ལ་སྐབས་འདིར་དབང་བཅུ་པོ ་བསྐུར་བར་བྱས་ཏེ། མེ་ཏོག་དོར་བ་ནི། ཧཱུཾ་པྲ་ཏཱིཙྪ་བཛྲ་ཧཱུཾ། དེ་ནས་མནའི་དམ་ཚིག་སྦྱིན་པ་ནི། ཨོཾ་བཛྲ་ས་མ་ཡ་ཧཱུཾ། དེ་ནས་འདིས་གདོང་གཡོགས་དགྲོལ་བར་བྱ།། ཨོཾ་བཛྲ་ཧ་སྱོ་གྷ་ཊ་ཡེ་ཧཱུཾ་ཕཊ། ཨོཾ་བཛྲ་པཱ་ཤ ་xxx ་xxx ་xxx ་xxx ་xxx ་xxx ་ཏཱ་བྷི་ཥཱིཉྩ་བྷྲཱུཾ་ཨཱཿཞེས་པས་དབང་བསྐུར་བར་བྱའོ།། དེ་ཡང་མདོ་ལས་རྣམ་བཅུ་དབང་ལྡན་ཆེ་བ་པོ་ཞེས་གསུངས་སོ།། དེ་ནས་ཚོགས་གསོག་གི་དཀྱིལ་འཁོར་རྣམས་བདག་ལ་སྒྲུབ་པར་བསྟན་པའི ་ཕྱིརཿདེ་ནས་ན་མཁའི་འཁོར་ལོའི་ཚོགས་ཞེས་པ་གསུངས་ཏེ། དེ་ནས་ནི་དབང་བསྐུར་བའི་དེ་མ་ཐག་པའོ།། ན་མཁའི་འཁོར་ལོའི་ཚོགས་ནི་ཚོགས་མདུན་ན་སྤྲུལ་པའི་ལྷ་རྣམ་སོ།། མ་ལུས་བདག་གིས་བསྡུ ་བར་བྱ་ཞེས་པ་ལ་སོགས་པའི་ཚིག་བཞི་གོ་སླའོ།། སླར་གསོ་ལུས་དང་ལྡན་པར་བྱ་ཞེས་པ་རྣམ་སྨིན་གྱི་ཕུང་པོ་སྦྱངས་ནས་ཡེ་ཤེས་ཀྱི་ལུས་སྣང་ལ་རང་བཞིན་མེད་པ་གསལ་ལ་རྟོག་པ་མེད་པ་འཇའ་ཚོན་ལྷ་བུ་བསམ ་པར་བྱའོ།། དེ་ཡང་རྡོ་རྗེ་གུར་གྱི་རྒྱུད་ལས།། ཇི་ལྟར་ཆུ་ནང་ཟླ་བ་དེ།། བདེན་མིན་བརྫུན་པ་མེད་པ་ལྟར།། དེ་བཞིན་རྣལ་འབྱོར་བསྒོམ་པ་ཡི།། ལུས་ཀྱང་རང་བཞིན་རྟོག་པ་མེད་ཅེས་གསུངསོ།། དེ་ནས་མངོན ་པར་བྱང་ཆུབ་པ་ལྔ་བསྒོམ་པ་ནི་དཀྱུ་སྭཱ་ཉིད་ནས་གསལ་ལོ།། དེ་ནས་ཤེས་པ་ནི་མངོན་པར་བྱང་ཆུབ་པཾ་ལྔ་བསྒོམ་པའི་དྲི་མ་ཐོག་པའོ།། དངོས་འབྱུང་གཟུགས་ཞེས་པ་ནི། དང་པོ་སངས་རྒྱས་ཀྱི་ང་རྒྱལོ།། འཁྲུལ ་པའི་ཚུལ་དུ་ཞེས་པའི་དམ་ཚིག་གཉིས་ནི་དང་པོ་སངས་རྒྱས་ཀྱི་ཐུགས་ཀ་ནས་ཨ་འཕྲོས། ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བར་བྱས་པའོ།། སྒྱུ་མའི་ཚུལ་དུ་ན་མཁའ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟང ་ཨཱ་ལི་དང་ཀཱ་ལི་སྐར་མའི་རྣམ་པ་ལྟ་བུར་གྱུར་ཏེ་དེ་ཀ་ལ། སྐར་མའི་ཚོགས་འདྲ་རབ་བསྒོམས་ཏེ་ཞེས་གསུངས་པའོ།། དེ་ལས་འབྱུང་བའི་ཞེས་པ་ལ་སོགས་པའི་ཚིག་དཀྱུས་ན་གསལ་ལོ།། བྱང་ཆུབ་སེམས་ནི་རབ་བསྐྱེད་དང ་ཞེས་པའི་གོང་དུ་གསུངས་པ་ལྟར་སེམས་ཅན་རྣམས་ཀྱི་དུག་རྣམ་པ་ལྔ་འོད་ཟེར་གྱིས་སྦྱངས་ནས། གཟོད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དུ་གཞུག་པའོ།། དེ་ཡང་ཇི་ལྟར་གཞུག་ཅེ་ན་སངས་རྒྱུརྒྱས་བྱང་ཆུབ་སེམས་དཔའ ་རྣམས་ཞེས་པས་སོ།། དེ་ནས་སྡོམ་པ་གཟུང་བ་དང་བཅུ་ཡོངས་སུ་དག་པ་ནི་སྔོན་དུ་བསྟན་པསོ།། སངས་རྒྱས་རྫུ་འཕྲུལ་རབ་བསྟན་ཏེ་ཞེས་པ་ནི་མཛད་པ་བཅུ་གཉིས།། གཞན་གོ་སླའོ།། འཁོར་ལོའི་ཚོགས་ཞེས་པ་ནི་འཁོར ་ལོའི་རིམ་པ་གསུམ་སྒོ་བར་མའི་མུ་ཁྱུད་དང་བཞིའོ།། རྡོ་རྗེ་དབྱིངས་ཞེས་པ་ནི་རྡོ་རྗེ་དབྱིངས་དང་ལྷ་རྣམས་འདྲ་བའི་ཕྱིར་རོ།། དེ་ནས་ཕྱི་རོལ་དགོད་བྱ་བ་ཞེས་པ་ནི་ཕྱི་མ་མན་ཆད་ཀྱི་རྒྱན་བསྟན་པའོ།། རྡོ་རྗེ་ཕྲེང་བས་ཡོངས ་བསྐོར་བའི་ཞེས་པ་ནི་ཕྱིའི་རྡོ་རྗེའི་ར་བའོ།། ཀ་པ་བརྒྱད་དང་ལྡན་པ་ལ་ཞེས་པ་ནི། གཞལ་ཡས་ཁང་ངགི་ནང་དུའོ།། དེ་ཡང་གང་གཟུགས་ཤཽ་ན་ཕྱོགས་རེ་རེ་ནིས་རྩིག་པ་ལ་བརྟེན་པའི་ཀ་པ་གཉིས་ཞེས་གསུངསོ།། ་རྡུལ་ཚོན་ལྔ་པོ་ཉིད་ཀྱིས་ནི་ཞེས་པ་ནི་རྩིག་པའོ།། དྲ་བ་དྲ་ཕྱེ་དེ་དག་གིས་ཀླུབས་ཞེས་པ་ནི་དབུས་ན་མཆོག་ཡོད་པ་ནི་དྲ་བ་ཡིན་ལ་དབུས་ན་མཆོག་མེད་པ་ནི་དྲ་བ་ཕྱེད་པའོ།། དཀྱིལ་འཁོར་གྱི་ནི་ཕྱི་རོལ་དུ་ཞེས་པ་ནི་ཕྱི ་དཀྱིལ་འཁོར་སྒོ་རྒྱན་བསྟན་པའོ།། ཇི་ལྟར་གསུངས་པའི་རྟགས་ཐམས་ཅད་ཁྱད་པར་དུ་ནི་མངོན་བསྡུས་པ། དེ་ནི་ཐམས་ཅད་བྱ་བ་ཡིན་ཞེས་པ་ནི་རྟ་བབས་ནི་མཆོད་རྟེན་ལྟ་བུ་འམ། འོན་ཏེ་ཅི་མཛེས་པར ་བྱས་ལ། རིན་པོ་ཆེའི་ཏོག་དང་ཆུན་འཕྱངས་དང་མཛེས་པའི་གཡུ་བྱ་ཁ་སྤྲོད་དང་། དེར་ལ་སོགས་པས་ཕྱི་སྒོ་ལ་བརྒྱན་པའོ།། སྒོའི་རྒྱན་དང་ཏྲ་ར་ན། ཤིན་ཏུ་གཅིག་ཉིད་མི་བྱའོ་ཞེས་པ་ནི་ནང་གི་དཀྱིལ་འཁོར་ལ་རྟ ་བབས་ལ་སོགས་པའི་རྒྱན་གདགས་པར་བྱ་བ་མ་ཡིན་པའོ།། དེ་ཡང་རྣལ་འབྱོར་གྱི་རྒྱུད་ལས་གསུངས་པ་ནང་གི་དཀྱིལ་འཁོར་ནི་ཕྱིའི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ལ་གྲུ་བཞི་པ་ལ་སྒོ་བཞི་པ་རྟ་བབས་མེད་པའོ་ཞེས ་གསུང་སོ།། ནང་གི་སྒྲོ་ལ་རྒྱན་མེད་ལ་ཕྱིའི་སྒོ་ལ་རྒྱུན་ལ་སོགས་པས་བརྒྱན་པ་བསྟེན་པའི་ཕྱིར་དེའི་དེ་ཡི་སྒོ་རྣམས་ཏཱ་ར་ན་རྣམས་གདགས་པ་ཡིན་ཞེས་པ་ཁོ་ནའོ།། དེ་ནས་ལྷ་རྣམས་ཀྱི་གདན་བསྐྱེད་པ་ནི་གོ་རིམས ་བཞིན་དུ་ལྷ་རྣམས་ཀྱི་ཞེས་པ་ནས། ཡིད་ཀྱི་ཡུལ་དེ་གོམས་པར་བྱ་ཞེས་པའི་བར་གྱིས་བསྟན་ཏེ་དཀྱུས་ན་གསལ་ལོ།། དེ་དག་ནཱི་གཞིའི་འཛིན་ཏོ་ཞེས་པ་ནི་དེ་དག་གི་གོང་དུ་གསུངས་པའི་ཏིངེ་འཛིན་རྣམས་སོ།། ་གཞི་ནི་ཡང་དག་པའི་གཞི་ཡིན་པས་གཞིའོ།། དེ་དོན་ནན་ཏན་དུ་མ་ཡེངས་པར་བྱ་དགོས་པས་ཏིང་ངེ་འཛིན་ནོ།། དེ་ནས་རྐྱེན་གྱིས་བསྒྲུབ་པ་བསྟན་པའི་ཕྱིར།། དེ་ནས་རྐྱེན་གྱིས་བསླང་བ་ནི་ཞེས ་གསུངས་ཏེ། དེ་ནས་དེ་ནི་དེ་མ་ཐུག་པའོ།། རྐྱེན་གྱིས་བསླང་བ་ནི་འོག་ནས་འབྱུང་བའི་ལྷ་ཚོགས་བསྐྱེད་པའི་རྐྱེན་ནོ།། དེའི་དབུས་འཁོར་ལོ་ནི་འཁོར་ལོ་དྲུག་ཏུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པ ་བདག་ཉིད་ཅན་ནོ།། དེ་ཡང་བདག་པོ་སྟེ། ཤེས་པ་ནི་དཀྱིལ་འཁོར་གྱི་གཙོ་བོ་རྣམ་པར་སྣང་མཛད་བསྐྱེད་དོ་ཞེས་པའི་དོན་ཏོ།། དེ་ཡང་ཇི་ལྟར་བསྐྱེད་ཅེ་ན་སྟོང་པའི་ངང་ལས་ཆུ་ལ་ཆུ་བུར་བརྡོལ་པའི་ཚུལ་དུ་སིཾ་ལས་སེ ་ཁྲི་དེ་སྟེང་པཾ་ལས་སྣ་ཚོགས་པདྨ་ལས་ཉི་མ། ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལྷ་བུ། དེ་སྟེང་རིག་པ་ཨ་དཀར་པོར་གྱུར་པ་ལས་འཁོར་ལོ།། དེ་ཡོངསུ་གྱུར་པ་ལས་གཙོ་བོ་རྣམ་པར་སྣང་མཛད་དུའོ།། ་དེ་ཉིད་ལ་པདྨ་སེངྒིའི་ཟླ་སྟེངས་སུ།། ཨ་ལས་བསྐྱེད་པའི་རྟག་པ་པོས།། གཙོ་བོ་རྣམ་པར་སྣང་མཛོད་ཆེ།། ཞེས་པ་དེ་སྐད་ཅེས་བྱའོ།། རྣམ་སྨད་ཅི་འདྲ་ཞེས་ན། རྣམ་ཐར་བཞི་ལྡན་ཀུན་ཏུ་ཞལ་ཞེས་གསུངས ་ཏེརྣམ་ཐར་བཞི་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རིང་བཞིན་གྱིས་འོད་གསལ་བ་དང་བཞིའོ།། ལྡན་པ་ནི་དེ་མངའ་བའོ།། ཀུན་ཏུ་ཞལ་ནི་ཞལ་བཞི་པའོ།། དེ་ཡང་ཕྱུག་ན ་རྡོ་རྗེས་ཞུས་པའི་ལེའུ་བདུན་པ་ནས། ཕྱོགས་བཞིའི་སློབ་དཔོན་མཉེས་བྱའི་ཕྱིར།། རྣམ་སྣང་ཞལ་བཞི་ཕྱོགས་བཞིར་གཟིགས་ཞེས་གསུངས་སོ།། ལྷག་མ་ནི་གོ་སླའོ།། དེ་ནས་རྣམ་པར་སྣང་མཛད་ཀྱི ་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་དྷི[:]དཀར་པོ་དྷིཿཡོངསུ་གྱུར་པ་ལས་དང་པོའི་སངས་རྒྱས་སྟོབས་ལྔ་དང་ལྡན་པའི་རྟགསུ་ཞལ་ལྔ་པ་བསྒོམ་པར་བྱའོ།། དེ་ག་ལ་རྣམ ་སྣང་ཆེན་པོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དཀྱིལ་དུ་ཡི་གེ་དྷཱ་དཀར་ལས། དང་པོ་སངས་རྒྱས་ཞལ་སྔ་པ་ཞེས་གསུངས་པ་ཁོ་ནའོ།། ལྷག་མ་ནི་གོ་སླའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་གིགཞུང་དུམ་བུ་བཞིར་བགོས་ཏེ། དེ་ཡང་གང་ཞེ་ན་གླེང་བཞིའི་དུམ་བུ་དང་། སྟོང་པ་ཉིད་ཀྱི་དུམ་བུ་དང་། རྣམ་དག་གི་དུམ་བུ་དང་། མཚན་དཔེའི་དུམ་བུ་དང་། བཞི་བསྣམསོ།། དེ་ཡང་ཨུཏྤ་ལ་རེའི ་སྟེང་ནའོ།། དེའི་ཐུགས་ཀར་ཡེ་ཤེས་འཁོར་ལོ་བསྒོམ་སྟེ། ཇི་སྐད་དུ། དང་པོ་སངས་རྒྱས་ཀ་རུ་ཤེས་རབ་འཁོར་ལོ་བསྒོམ་པར་བྱ་ཞེས་པ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། རྒྱུ་རྟེན་འབྲེལ་བཅུ་གཉིས་ཀྱི ་གཉེན་པོར་སྒྲའི་ཡི་གེ་བཅུ་གཉིས་བསྒོམས་པས་འབྲས་བུ་ས་མཆོག་བཅུ་གཉིས་ཐོབ་སྟེ། དེ་ཡང་རྡོ་རྗེ་རྒྱན་གྱི་རྒྱུད་ལས། ཀུནྡ་ཏུ་འོད་ཀྱི་ས་ཆེན་པོ་ཉོན་མོངས་པ་ཐམས་ཅད་བསྲེག་སྟེ་ཉི་མ་དང་འདྲའོ།། གཉིས ་པ་བདུད་རྩིའི་འོད་དུག་ལ་རྩི་གཏོང་བ་དང་འདྲ་སྟེ་ཟླ་བའི་འོད་གསལ་བ་དང་འདྲའོ།། ས་གསུམ་པ་སྟེ་ན་མཁའི་འོད་ནི་ཆོས་ཀྱི་དབྱིངས་ན་མཁའ་བཞིན་དུ་སོ་སོར་སྣང་བའོ།། ས་གཞི་པ་རྡོ་རྗེའི་འོད་དེ་ཡིད་བདེ་བ ་སྟེ། བདེ་བ་དང་སྟོང་པ་དབྱེར་མེད་པའོ།། སུ་ལྔ་པ་ནི་རིན་པོ་ཆེའི་འོད་དེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དྲང་འདྲ་སྟེ་དགོས་པ་ཐམས་ཅད་སྐོང་པར་དབང་བསྐུར་བའོ།། སྣ་དྲུག་པ་སྟེ་པདྨའི་འོད་དེ་འདོད་ཆགས་དང ་མཚན་པའི་རྣམ་པར་རྟོགས་པ་ཐམས་ཅད་འཇོམས་པའོ།། ས་བདུན་པ་ལས་ཀྱི་འོང་སྟེ་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་རྫོགས་པའོ།། ས་བརྒྱད་པ་དཔེ་མེད་པ་སྟེ་དཔ་ལས་འངས་པ་དཔེ་རུ་ཡོད་པ་མ་ཡིན་པའོ།། ། ་ས་དགུ་པ་དཔེ་དང་ལྡན་པ་སྟེ་ཐམས་ཅད་སོ་སོར་འབིགས་པའོ།། ས་བཅུ་པ་ནི་ཤེས་རབ་ཀྱི་འོད་ཅེས་བྱ། ཤེས་རབ་ཀྱིས་ནི་དོན་ཐམས་ཅད་འབྱེད་པའོ།། ས་བཅུ་ག་ཅིག་པ་བླ་ན་མེད་པའི་ས་རབ་ཏུ་འོད་གསལ ་ཐམས་ཅད་མཁྱེན་པ་ཉིད་དོ།། ས་བཅུ་གཉིས་པ་ནི་རྣལ་འབྱོར་གྱི་ཡེ་ཤེས་རབ་ཏུ་སོ་སོར་རིག་པ་རྫོགས་པའོ་ཞེས་གསུངསོ།། དེ་ལྟར་རྒྱུ་འབྲས་ཀྱི་དྲོན་བཤད་ནས། ད་ནི་འཁོར་ལོ་བསྒོམ་པའི་ཐབས་བཤད་དེ། དོན ་བྱས་སླར་འདུས་ཞེས་པ་ལྔ་སོགས་པ་ནི་དཀྱུས་ཉིད་གསལ་ལོ།། ས་མཆོག་བཅུ་གཉིས་རྫོགས་རྟག་སུ་ཞེས་པ་ནི། ས་མཆོག་བཅུ་གཉིས་ནི་གོང་དུ་གསུངས་པའོ།། སྒྲ་ཡིག་བཅུ་གཉིས་དགོད་པར་བྱ་ཞེས་པ་ནི ་འོག་ནས་འབྱུང་བ་འདི་ཡིན་ཏེ། ཨ་ཨཱཾ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཾ། ཨོ་ཨོཿཾ་ཨཿཞེས་གསུངས་ཏེ། ངོའི་དོན་ནི་འཇམ་དཔལ་སྒྱུ་འཕྲུལ་དྲ་བའི་རྒྱུད་ཕྱི་མ་ལས་གསལ་བར་གསུངས་ཏེ་དེ་ལ་འཇུག ་པར་བྱའོ།། འཇམ་དཔལ་འདི་ནི་དཔལ་གྱི་སྐུ།། ཐུན་མོང་མ་ཡིན་གཉིས་མེད་ཁྱབ་པའི་ཆོས།། དུས་གསུམ་བཏང་སྙོམས་རྒྱལ་བ་ཀུན་གྱི་ཡབ། ཆོས་དབྱིངས་ཡུམ་ཉིད་སེམས་དཔའ་སྲས་མཆོག ་སྟོན།། བློ་དང་ལྡན་པ་གང་ཞིག་མདོ་འདི་ནི།། མངོན་སུམ་ཚད་མེར་བཞག་ནས་མཐོང་འདོད་པ།། སྐྱོ་འཕྲུལ་དྲ་བའི་འཁོར་ལོའི་ཚུལ་བཞིན་དུ།། ཡི་གེ་འཁོར་ལོའི་དོན་གྱི་འཇམ་དཔལོ།། གདོང་ནས་དག་ཅིང་སྐྱེ་བ ་མིང་པ་ཡི།། ཨེ་ཨཱ་ཞེས་པ་འདུས་མ་བྱས་པའི་ཆོས།། རྒྱུ་ཉིད་མེད་པས་འབྲས་བུ་མི་ཚོལ་ཕྱིར།། ཨ་ལྟར་མཉམ་གཞག་ཆོས་ཀྱི་སྐུ་ཉིད་དེ།། དོན་དམ་དབྱིངས་ཉིད་མཁའ་འདྲ་དམིགས་མེད་ཁྱབ།། འབྱུང་བ་རོང ་བཞིན་མེད་པར་གནས་པ་ལས།། འཇམ་དཔལ་རལ་གྲི་བཏབ་ན་གཅོད་པ་ལྟར།། ཨ་ཡི་གུ་གླུ་ཐུགས་རྗེ་རང་ཉིད་འཕྱོ།། ཨི་ཨཱི་ཞེས་པོ་ཆོས་ཀྱི་ཡུམ་ཉིད་ལམ།། ཤེས་རབ་ཕ་རོལ་ཕྱིན་པ་བསམ་པའི་དབྱིངས།། ་ལྷ་དང་མི་ལ་བླང་དོར་མེད་ཚུལ་གྱིས།། ཐུན་མོང་མ་ཡིན་སྟོང་ནས་ཀུན་ཏུ་བཟང་།། མེད་པའི་ངང་ཉིད་མེད་ལས་འབྱུང་བ་ཡི།། ཨུ་ཨཱུ་ཞེས་པ་མེད་པའི་སྙིང་པོ་འབྱུང་།། ཡེ་ཤེས་ཆེན་པོ་ཡོད་མེད་མཐའ་ལས ་འདས།། ཆེ་བའི་ངང་གིས་འགྲོ་ཀུན་དགེ་ལ་སྦྱོར།། ཉིད་དང་གཉིས་མེད་གཏན་ནས་བརྗོད་བྲལ་བའི།། གྲུ་གསུམ་ཨེ་ཡི་རང་བཞིན་ཉིད་མི་གཡོ།། ཨོཾ་ཨཻ་ཞེས་པ་ཐ་སྙད་བསམ་བརྗོད་བྲལ།། སེམས་དང ་སེམས་ནི་འཇམ་དཔལ་ཏིང་འཛིན་ཏོ།། ཐབས་དང་ཤེས་རབ་སྒྱུ་འཕྲུལ་དྲ་བའི་ཚོགས།། ཨོཾ་ཨཽ་ཞེས་པ་འདུ་འཕྲོ་འཁྲུག་མེད་ཅིང་།། འཇའ་ཚོན་རྣམ་པར་སོ་སོར་ཡིད་བཞིན་སྦྱོར།། འཇམ་དཔལ་རྣམ་པར་ལ་པ ་བདེ་བ་ཆེ།། རྣལ་འབྱོར་ཆེན་པོ་ཡེ་ཤེས་འབྱོར་པའི་དཔལ།། ནམ་མཁའ་མི་དམིགས་ཨཾ་སྟེ་ཡེ་ཤེས་བརྗོད།། ཡེ་ཤེས་མ་འདྲེས་ཨཿལས་འདྲེས།། སྟོང་ཉིད་ཅི་ལའང་མ་རེགོ་ལྷུན་གྱིས་གྲུབ།། དོན་ཀུན་འབྱོར ་པས་བླང་དོར་མེད་པ་ཡི།། བདག་ཉིད་རང་བཞིན་གཞན་དང་མཉམ་པས་ནི།། བསམ་གྱིས་མི་ཁྱབ་མི་གནས་མི་སེམས་ན།། འཇམ་དཔལ་ཉིད་དང་ཡོན་ཏན་རྫོགས་པར་མཉམ་ཞེས་གསུངས་ཏེ། ཨ་ནི་གདོང ་མ་ནས་སྐྱེ་བ་མེད་ཅིང་འདུས་མ་བྱས་པ། རྒྱུས་མ་བསྒྲུབས་པའི་ཕྱིར་འབྲས་བུ་བརྩལ་དུ་མེད་པས་གདོང་མ་ནས་ཆོས་ཉིད་བདེ་བ་ཆེན་པོའོ།། ཨི་ནི་དེ་ཉིད་ན་མཁའ་ལྟར་མི་དམིགས་པའི་ཕྱིར་ཤེས་རབ་ཆེན་པོས ་དེ་ལྟར་གཅོད་ཅིང་མི་དམིགས་པའི་ཐུགས་རྗེ་ཆེན་པོ་འཕྲོ་བས་ཤེས་རབ་ཀྱི་རང་བཞིན་ནོ།། ཨུ་ནི་དེ་ལྟ་བས་ནཱ་ཀུན་ཏུ་བཟང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ།། མཚན་མ་ལྡང་པ་ལ་མི་དོར། མི་ལྡང་བ་ལ ་མི་གནས། ཀུན་ཏུ་བཟང་པོའི་མཐའ་ལས་འདས་པ་ཆེན་པོའོ།། ངང་གིས་འགྲོ་བ་ཀུན་ཀྱང་བདེ་བ་ཆེན་པོའི་རང་བཞིན་ལ་སྦྱོར་བའོ།། ཨེ་དེ་ལྟར་བསམ་བརྗོད་དང་བྲལ་བས་སེམས་དང་སེམས་ཀྱི་རྣམ་པར ་རྟོག་པ་གཡོ་བ་མེད་པ་སྟེ། འཛུམ་དཔལ་གྱི་རང་བཞིན་དུ་གནས་པའོ།། ཨོཾ་ནི་དེ་ལྟར་ཡིན་པས་ཐབས་ཀྱི་ཆོ་འཕྲུལ་སྣ་ཚོགསུ་སྣང་བས། ཐམས་ཅད་དུ་ཡང་ཐབས་ཤེས་རབ་སྒྱུ་འཕྲུལ ་དྲ་བའི་ཚོགས་ཡིན་ཏེ། ན་མཁའི་འཇའ་ཚོན་བཞིན་དུ་འགྲོ་བ་སྣ་ཚོགས་ཀྱི་ཡོད་དང་མཐུན་པར་སྦྱོར་བ་རྣམས་རོལ་པའི་ཆོ་འཕྲུལ་བདེ་བ་ཆེན་པོར་མཉམ་པའོ།། ཨཾ་ཐམས་ཅད་འབྱུང་གནས་ནཱ་མཁའི་མ་ཛོད ་དོ།། ཨཿནི་དེ་ལྟར་ན་ཤེས་རབ་དང་། ཡེ་ཤེས་ཆོས་ཐམས་ཅད་རབ་མ་ལུས་པའི་འདུས་པ་སྟེ། དེ་ལྟར་ཡི་གེ་བཅུ་གཉིས་ཀྱིས་ཆོས་ཐམས་ཅད་གདོང་མ་ནས་བླང་ངོར་མེད་པར་རང་བཞིན་གྱིས་སངས ་རྒྱས་པ་སྟེ། དེ་ལྟར་ཡིན་པར་བློ་ལ་གསལ་ཞིང་མི་གཡོ་ན་དེས་འཇམ་དཔལ་ཉིད་ཡིན་ནོ།། ཡང་རྒྱུད་དེ་ལས་གསུངས་པ། ཇི་ལྟར་སྒྱུ་འཕྲུལ་དྲ་བ་ལས། འཇམ་དཔལ་ཆོས་ཀྱི་སྙིང་པོ་འདི།། རྒྱལ་བ་རྣམས་ཀྱི ་ཡབ་དང་ཡུམ།། དོན་གྱི་ཤེས་རབ་དབྱིངས་ཀྱི་ཕྱིར།། ཐབས་ཀྱི་ཡེ་ཤེས་ཀུན་འབྱུང་བ།། ཡི་གེ་འཁོར་ལོ་དོན་རྣམས་ཀྱིས།། སྒྲ་འཕྲུལ་དྲ་བ་ཉིད་དུ་གསལ།། གྲགས་མ་ཐག་ཏུ་དོན་དེར་གསལ།། ཨཱ་ཨ ་ཞེས་པ་འཇམ་དཔལ་ཉིད།། རང་བཞིན་ཆོས་ཉིད་སྐུ་ཡི་དབྱིངས།། ཨི་ཨཱི་ཞེས་པ་གཡོ་བ་མེད།། མི་བསྐྱོད་པ་ལས་ཡུམ་དུ་གསལ།། ཨུ་ཨཱུ་ཞེས་པ་སྐྱེ་བ་མེད།། དག་པའི་ངང་ཉིད་ཀུན་ཏུ་བཟང་།། རྒྱུ ་ལུས་རྒྱལ་བའི་སེམས་དཔའ་ཆེ།། ལྕེ་ཤེས་དང་ཉིད་གཅིག་པའོ།། ཨེ་ཨཾ་ཞེས་པ་ཁ་ལ་བསྐོར།། འབྲས་བུ་མེད་པས་མཁའ་ལ་གནས།། དེ་མེ་ཐག་ལས་གསལ་བའི་རྐྱེན།། འཇམ་དབྱངས་ཕྲ་བའི་དཔལ་གྱུར་པ།། ་ཨོ་ཨཽ་ཞེས་པ་ཨེ་ལས་འདས།། ཨོཾ་ཞེས་གསང་སྔགས་ཐབས་ཆེན་བསྟན།། ཨེ་དང་ཨོ་ཡི་རང་བཞིན་དབྱིངས།། མུཾ་ནི་ངོ་བོ་ཉིད་ཀྱི་མཁའ།། ཨ་ལས་རྣམ་པར་རོལ་པས་བསྟན།། ཨཾ་གྱི་གཉིས་མེད་སྦྱོར་བ ་ཡིས།། ཟབ་མོའི་རྡོ་རྗེ་ཏིང་འཛིན་མཐའ།། མ་ཞེས་མཉམ་དང་མིཉམ་མེད།། འཇམ་དཔལ་ཡེ་ཤེས་རྡོ་རྗེ་རྫོགས།། སྒྱུ་འཕྲུལ་དྲ་བའི་འཁོར་ལོ་འདི།། མྱ་ངན་འདས་དང་འཁོར་བ་ལ།། མི་གནས་རྡོརྗེ་རྩེ་མོ་ཅན།། ་བསམ་རྩོལ་སྒྲུབ་པ་མེད་པ་ཡི།། དབྱིངས་ཉིད་གཞན་ན་ཡོངསུ་རྫོགས་ཞེས་གསུངས་ཏེ།། ཚུལ་འདི་ཡང་སྔ་མ་བཞིན་དུ་ཤེས་པར་བྱའོ།། དེ་ལ་ཡང་རེ་ཞིག་ཨ་ཨཱ་ཞེས་པ་འཇམ་དཔལ་ཆོས་ཀྱི་སྐུའོ།། ཨི་ཨཱི་ནི་ཡུཾ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ།། ཨུ་ཨཱུཾ་ནི་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོའི་རང་བཞིན་ཏེ།། སྙེམས་ཉིད་སེམས་དཔའ་ཆེན་པོའི་རང་བཞིན་ནོ།། ཨེ་ཨཻ་ནཱི་འདུ་འབྲལ་མེད་པའི་མཁའ་ལ་སྦྱོར་བའོ།། ཨོཾ་ཨཱིཾ་ནི་དེ་ལས ་འདུས་པའི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ཐབས་མཁས་པའི་འཕྲུལ་པ་རང་བཞིན་གྱི་འཕྲོ་བའོ།། ཨོཾ་ལ་ཨོཾ་སྦྱར་ན་ཨོཾ་དུ་གྱུར་ཏེ། དེ་ནི་གསང་སྔགས་ཀྱི་མཐུའོ།། ཨོཾ་གི་ཀླང་ཀོར་ནི་མྲྀ་ཏེ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་གྲོལ་བ ་ཨཱུ་ཨཱཾ་ནི་ཡོནྡ་ཏན་ཐམས་ཅད་འབྱོར་པ་གཉིསུ་མེད་པའི་ཏིང་ངེ་འཛིན་ཏོ།། ཀླང་ཀོར་གྱི་མ་ནི་ཆོས་མཉམ་པ་ཉིད་དང་མི་མཉམ་པ་དབྱེར་མེད་པ་སྟེ། འདི་ལྟ་བུའི་འཇམ་དཔལ་རྡོ་རྗེ་ནི་མི་གནས ་པ་ཡེ་ཤེས་རྡོ་རྗེ་རྩེ་མོ་སྟེ་འདི་ལྟ་བུའི་དོན་ཁོང་དུ་ཆུང་པོར་བྱ་སྟེ། ཅི་སྤྱད་པ་ཐམས་ཅད་ཐབས་ཤེས་རབ་སྒྱུ་འཕྲུལ་དྲ་བ་ཆོས་ཉིད་ཀྱིས་བརྒྱན། ཡེ་ཤོས་ཀྱི་རོལ་པ་བཀག་པ་མེད་པའི་ཆོས་ཉིད་ལྷུན་གྱིས་གྲུབ་པར ་རྟོགས་ནས། གཟོད་ཡེ་ཤེས་ཀྱི་ངོ་བོ་དང་ལྡན་པའོ་ཞེས་འཇམ་དཔལ་སྒྱུ་འཕྲུལ་དྲ་བའི་རྒྱུད་ཕྱི་མ་ལས་གསུ་ངས་སོ།། འཁོར་ལོ་ལྕེ་ལ་བསམ་པ་ནཱི་ཞེས་པ་དེ་ལྟར་མུ་ཁྱུད་ཀྱི་ཡིག་འབྲུ་བཀོད་ནས། རྩིབས ་ལ་འོག་ནས་འབྱུང་བའི་སྔགས་གཙོ་བོ་དྲུག་པ་འདི་དགོད་དེ་ཞེས་པའི་དོན་ཏོ།། དང་པོའི་ལྕེ་ཞེས་པ་ནི་གཙོ་བོའི་མདུན་གང་ཡིན་པའོ།། བརྩམས་ནས་ནི་ཞེས་པ་དང་པོའི་ལྕེ་ལ་བཛྲ་ཏིཀྵྞ་ཡ་ཏེ་ན་མཿཞེས་པ་དགོད ་པའི་དོན་ཏོ།། ལྷག་མ་ནི་གོ་སླའོ།། དེ་ནས་ཡེ་ཤེས་སེམས་དཔའ་གསལ་བར་བསྟན་པའི་ཕྱིར། དེ་ནས་འཁོར་དེ་དབུས་སུ་ཞེས་པ་དང་པོ་ནས་བརྩམས་ཏེ། ཡི་གེ་ཨ་ནི་གསལ་བཀོད་དེ་ཞེས་པའི་བར ་གྲསལ་ཏེ་དྲ་རྒྱས་ཉིད་གསལ་ལོ།། དེ་ནས་འགྲོ་འདྲའི་སྒོ་ནས་སེམས་གཟུང་བ་བསྤྱན་པོའི་ཕྱིར། དེ་ནས་འཁོར་ལོ་ལ་གསང་སྔགས་ཞེས་པ་ནས་དེ་ཉིད་བརྟན་པར་བདག་ཉིད་བསྒོམ་ཅེས་པའི་བར་གྱིས་བསྟན་ཏོ། ་སླའོ།། དེ་ལ་འབྲས་བུ་འབྱུང་བར་བསྟན་པའི་ཕྱིར། དེ་ལྟར་སྤྱོད་པའི་སེམས་དཔའ་ནི་ཅེས་པ་ནས་ཉེ་བར་བཟུང་ནས་མངོན་སྣང་ངོ་།། ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ།། དེ་དག་ནི་སྒྱུ་འཕྲུལ་དྲ་བ་མངོན་པ ་བྱང་ཆུབ་པའི་རིམ་པ་སྟེ་སྦྱོར་བ་དང་པོའི་ཏིང་འཛིན་ཏོ།། ། དེ་ནས་དཀྱིལ་འཁོར་རྒྱལ་མཆོག་བསྒོམ་པ་བསྟན་པའི་ཕྱིར། དེ་ནསཱ་ད་ནི་དཀྱིལ་འཁོར་གྱི་ལྷ་ངག་གི་ངོ་བོ་ག་སང་སྔགས་ཀྱི་སྒོ་ནས ་ཞེས་པ་ལ་སོགས་པ་ག་སུང་བའི་དོན་ནི་འདི་ཡིན་ཏེ། དཀྱིལ་འཁོར་གྱི་ལྷའི་ངོ་བོ་ཨེ་ལས་བསྐྱེད་པའི་ཕྱིར་ཏེ། གཙོ་བོ་རྣམ་པར་སྣང་མཛད་དེ་ཡིག་འབྲུ་དང་། ཕྱག་མཚན་དང་། ཏིངངེ་འཛིན་གསུམ་ལས་བསྐྱེད་དོ། ་ཡང་ན་ཟླ་བའི་དཀྱིལ་འཁོར་དང་ཨ་དང་ཕྱག་མཚན་གསུམ་ལས་བསྐྱེད་དོ།། ཡང་ན་ལུས་ངག་ཡི་ད་གསུམ་ལ་བསྐྱེད་དོ།། ལྷ་ཐམས་ཅད་རྡོ་རྗེའི་ཆོ་ག་ཡན་ལག་གསུམ་ལས་བསྐྱེད་དེ་གསལ་བར་བསྒོམ། རྣམ་པོར ་སྣད་ཀྱི་ཐུགས་ཀཪྵ་དང་པོའི་སངས་རྒྱ་སོ་གདོང་ལྔ་པ་ཕྱག་བརྒྱད་པ་དེའི་ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་གསལ་བར་བསྒོམ། དེའི་ལྟེ་བཱ་ལ་ཡེ་ཤེས་སེམས་དཔའ་ཞལ་དྲུག་པ་སྐུ་མདོག་དུང་དང་པ་མོ་ལྟར་དཀར་བ། ་རྒྱན་ཐམས་ཅད་ཀྱི་བརྒྱན་པ་ཨིནྡྲ་ནཱི་ལའི་རལ་པ་མངའ་བ། ཕྱག་གཉིས་ན་ཨུཏྤ་ལ་སྤྲོ་དམར་མངའ་བ་ཞི་བའི་ངང་ཚུལ་དང་ལྡན་པའོ།། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཉ་གང་བསྒོམ། དེ་ལ་ཡི་གི་ཨ་གནས ་པ་དེ་ལས་འོད་འཕྲོས་པས་ཟླ་བའི་དཀྱིལ་འཁོར་སྣང་བར་བྱས། ཡེ་ཤེས་སེམས་དཔའ་སྣང་བར་བྱས། དང་པོ་སངས་རྒྱས་སྣང་བར་བྱས། གཙོ་བོ་རྣམ་སྣང་སྣང་བར་བྱས།། གདན་དང ་གཞལ་ཡས་ཁང་སྣང་བར་བྱས། རྡོ་རྗེ་རྒྱ་གྲམ་སྣང་བར་བྱས། ཆོས་འབྱུང་སྣང་བར་བྱས། བྱང་ཆུབ་ཆེན་པོའི་མཆོད་རྟེན་སྣང་བར་བྱས།། ཡེ་ཤེས་ཀྱི་རྡོ་རྗེའི་སྒོ་དྲུག་ནས་འཐོན་ཞིང་ཁམས་དྲུག་སྣང་བར་བྱས་ཏེ། ་པདྨ་ཅན་དང་མངོན་པར་དགའ་བ་དང་། ཡིད་དུ་འོང་བ་དང་། བདེ་བ་ཅན་དང་མདོག་སྡུག་པ་དང་། འོད་ཟེར་ཅན་སྣང་བར་བྱས།། སངས་རྒྱས་ལ་མཆོད་པའི་ལས་བྱས། སེམས་ཅན་གྱི་དོན་བྱས། སླར་རྡོ ་རྗེ་ལ་སྐོར་བ་ལན་གསུམ་བྱས། ཁ་དོག་དྲུག་དང་ལྡན་པའི་འོད་ཟེར་དེས་བྱང་ཆུབ་ཆེན་པོའི་མཆོད་རྟེན་སྣང་བར་བྱས། རྡོ་རྗེ་རྒྱ་གྲོམ་སྣང་བར་བྱས། དཀྱིལ་འཁོར་སྣང་བར་བྱས། གཙོ་བོ་སྣང་བར་བྱས། ཤེས་རབ ་འཁོར་ལོ་སྣང་བར་བྱས། ཡེ་ཤེས་སེམས་དཔའ་སྣང་བར་བྱས། ཟླ་བའི་དཀྱིལ་འཁོར་སྣང་བར་བྱས། ཨོཾ་ལ་ཐིམ་པས་ཨ་ཡི་བྱིན་གྱིས་བརླབས་ཀྱིས་ཤ་རི་ཕྱོགས་ནས་བརྩམས་ཏེ་མཱི་བསྐྱོད་པ་རྣམས ་དྲསྒོ་ནུས་རིན་ཆེན་འབྱུང་ལྡན་ལ་སོགས་པའི་ལྷ་རྣམས་དང་། ནུབ་ནས་སྣང་གི་མཐའ་ཡས་ལ་སོགས་པའི་ལྷ་རྣམས་དང་། བྱང་ནས་དོན་ཡོད་གྲུབ་པ་ལ་སོགས་པའི་ལྷ་རྣམས་རྒྱུའི་ས་བོན་གྱི་ཡིག་འབྲུ ་གྱུར་ཏོ།། དེ་ནས་སྔགས་འདི་བཟླས་སོ།། ཨཱ་ཨཱ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿབྷ་གཱ་བཱན་ཛྙཱ་ན་མཱུར་ཏི། བཱ་གཱི་ཤྩ་ར། མ་ཧཱ་པ་ཙ། སརྦ་དྷརྨྨ། ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ། དྷརྨ་དྷཱ་ཏུ ་ཛྙཱ་ན་གཱརྦྷ་ཨཱཿསྟེགས་དེ་བརྗོད་པས་སོ་སོའི་སྐུ་མདོག་དང་ཕྱག་མཚན་གསལ་བར་བསྒོམ། རང་རང་གི་སྣ་བོན་ཨོཾ་ལ་སོགས་པ་འཕྲོས་པས། རང་རང་གི་སྐུ་མདོག་གསལ་བར་བསྒོམ། སོ་སོའི་གནས་སུ ་བཀོད་ལ། རྡོ་རྗེ་ཆོ་ག་ཡན་ལག་གསུམ་གྱི་གོང་དུ་བསྐྱེད་པོ་ལྟར་བྱའོ།། འདི་དག་ལྷ་བསྒོམ་ཞིང་དབྱུང་བའི་ཏིང་འཛིན་ཏོ།། དེ་ནས་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་དགོད་དེ། ཤར་གྱི་འཁོར་ལོ་ལ་ས ་བོན་ཧཱུཾ། མི་བསྐྱོད་པ་གཱ་དན་གླང་པོ་ཆེ། ཕྱག་རྒྱས་གནོན། སྐུ་མདོག་སྔོན་པོ་གཉེན་པོ་ཞེ་སྡང་ངོ་།། ལྷའི་འཁོར་ལོ་ལ་ས་བོན་ཨོཾ། རིན་ཆེན་འབྱུང་ལྡན་ནོ།། གདན་རྟ་སྐུ་མདོག་སེར་པོ། ཕྱག་རྒྱ་མཆོག་སྦྱིན ་གཉེན་པོ་སེར་སྣ། ནུབ་ཀྱི་འཁོར་ལོ་ལ་ས་བོན་ཧྲཱིཿསྣང་བ་མཐའ་ཡས། གཱ་དན་རྨ་བྱ། སྐུ་མདོག་དམར་པོ། ཕྱག་རྒྱ་ཏིང་ངེ་འཛིན། གཉེན་པོ་འདོད་ཆགས། བྱུང་ཕྱོགས་འཁོར་ལོ་ལ་ས་བོན་ཨ་\ུ0f7fདོན་ཡོད ་གྲུབ་པ། གདན་ན་མཁའ་ལྡིང་། སྐུ་མདོག་ལྗང་གུ། ཕྱག་རྒྱ་སྐྱབས་སྦྱིན། གཉེན་པོ་ཕྲག་དོག་ཕུང་པོ་རྣམ་ལྔ་གན་སུ་ངག་པའོ།། ཤར་ལྷོའི་ཟླ་བའི་སྙིང་དུ་ཨཱའི་ས་བོན་ལས་བྱུང་བ་སེམས་མ་སྐུ ་མདོག་དཀར་མོ། རྡོ་རྗེ་འཛིན་པ་རྣམ་པར་ཐར་པའི་སྒོ་སྟོང་པའོ།། ལྷོ་ནུབ་ཀྱི་ཟླ་སྟེང་དུ་ཨའི་ས་བོན་ལས་བྱུང་བ་རིན་ཆེན་སེམས་མ། སྐུ་མདོག་སེར་མོ། རིན་པོ་ཆེ་འཛིན་པ་མཚན་མ་མེད་པའི་སྟོང་པའོ།། ་ནུབ་བྱང་གི་ཟླ་སྟེང་དུ་ཨཾ་གིས་ས་བོན་ལས་བྱུང་བ་ཆོས་ཀྱི་སེམས་མ་སྐུ་མདོག་དམར་མོ་པདྨ་འཛིན་པ། རང་བཞིན་གྱི་འོད་གསལ་བའི་སྒོ་སྨོན་པ་མེད་པ། སྟོང་པ་བྱང་ཤར་ཟླ་སྟེང་དུ་ཨའི་ས་བོན་ལས་བྱུང་བ། ལས་ཀྱི ་སེམས་མ་སྐུ་མདོག་ལྗང་གུ་སྣ་ཚོགས་རྡོ་རྗེ་འཛིན་པ་འདུས་མ་བྱས་སྟོང་པའོ།། ལྷ་མོ་བཞི་པོ་འདི་དག་ནི་བརྗོད་པའི་ཚུལ་གྱིས་བསྒོམ་པར་བྱའོ།། རྒྱུ་འབྱུང་བ་བཞི་རྣམ་པར་དག་པའོ།། དེའི་ཕྱི་རོལ་འཁོར་ལོ་རྩིབས ་དང་པོའི་སྟེང་དུ། གདན་ཟླ་བ། ས་བོན་ཨ། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། ཕྱག་མཚན་རལ་གྲི་དང་རྡོ་རྗེ་བསྣམས་པ། ནང་སྟོང་པ་རྣམ་པར་དག་པའོ།། ས་བོན་ཨ་རྡོ་རྗེ་རྒྱལ་པོ། གདན་ཟླ་བ་སྐུ་མདོག་སེར་པོ། ་ཕྱག་མཚན་ལྕགས་ཀྱུ་དང་རལ་གྲི། ཕྱི་སྟོང་པ་རྣམ་པར་དག་པའོ།། ས་བོན་ཨཱི། རྡོ་རྗེ་ཆགས་པ། གདན་ཟླ་བ། སྐུ་མདོག་དམར་པོ། ཕྱག་མཚན་རལ་གྲི་དང་མདའ་གཞུའོ།། ཕྱི་ནང་སྟོང་པ་རྣམ་པར་དག་པའོ།། ས ་ཨི་རྡོ་རྗེ་ལེགས་པ་སྐུ་མདོག་དཀར་དམར། ཕྱག་མཚན་རལ་གྲི་དང་སེ་གོལ། ཆེན་པོ་སྟོང་བར་དག་པ། དམ་ཚིག་གི་སེམས་དཔའ་བཞིའོ།། ས་པོན་ཨུ་རྡོ་རྗེ་རིན་ཆེན། སྐུ་མདོག་སེར་པོ། རལ་གྲི་དང ་ནཔ་མའཆན་པ། དར་བ་མེད་པ་སྟོང་པ་རྣམ་པར་དག་པར།། ས་དན་ད་རྡོ་རྗེ་རྒྱལ་མམན་སྣ་བསངས་རལ་གྲི་དང་རྒྱལ་མཚན། ཟུག་མ་མང་པར་སྣང་བའོ།། ས་བདྨ་ས་རྡོ་རྗེ་ཉི་མ། རྡུལ་གྱི་དང་སྙམ་བསྒྱུམས་ཏྭ ་ཐོག་མ་དང་ཐ་མ་མེད་པ་སྟོང་པ། ས་བོནྟི་ཨཾ་རྡོ་རྗེ་བཞད་པ་སྐུ་གསེར་མདོག། རལ་གྷི་དང་ཚེམས། མཐའ་ལུས་འདས་བྱ་སྤྱོད་པ། དབང་གི་སེམས་དཔའ་གཞིའོ།། སཾ་བོན་ཨོཾ་རྡོ་རྗེ་ཆོས་དམར་པོ་རལ་གྱི་ད ་པདྨ། དོར་བ་མེད་པ་སྟོང་པ་ཉིད། ཨོཾའི་ས་བོན་རྡོ་རྗེ་རྣོན། ནཱ་མཁའ་འདྲ། རལ་གྱི་དང་དགྲ་སྟེ། དངོས་པོ་མེད་པའི་སྟོང་པ་ཉིད། སེ་དོན་ཨཾ་རྡོ་རྗེ་རྒྱུ། འཁོར་ལོ་དང་རལ་གྲི་བསྣམས་པ། ངོ་བོ་ཉིད་སྣང་བ། ་ས་བོན་ཨཿརྡོ་རྗེ་སྨྲ་བ་ཟླ་བའི་མདོག། རལ་གྲི་དང་ལྕེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ། ཆོས་ཀྱི་སེམས་དཔའ་བཞིའོ།། ས་བོན་ཨ་རྡོ་རྗེ་ལས་ལྗང་གུ། རལ་གྲི་དང་སྣ་ཚོགས་རྡོ་རྗེ་ཆོས་ཐམས་ཅད་སྟོང་པ་ཉིད ་ས་བོན་ཨཱ། སྲུང་བ་ལྗང་སྔོན། རལ་གྲི་གོ་ཆ་རྒྱུའི་སྟོང་པ་ཉིད། ས་བོན་ཨེ། རྡོ་རྗེ་གནོད་སྦྱིན་ནག་པོ་རལ་གྲཱི་དང་། མཆེ་བ། འབྲས་བུའི་སྟོང་པ་ཉིད། སྲ་བོན་ཨཻ་རྡོ་རྗེ་ཁུ་ཚུར་ཁྲོ་བོ་རེལ་གྲི་དང་ཁུ་ཚུར་བསྣམས་པ ་རྒྱུ་འབྲས་སྟོང་པ་ཉིད་རྣམ་པར་དག་པ། ཕྲིན་ལས་ཀྱི་སེམས་དཔའ་བཞིའོ།། ད་ནི་ལམ་གྱིས་བསྡུས་པའི་ལྷ་མོ་བརྒྱད་དང་། སྒོ་བ་བཞི་དབྱེ་བར་བྱ་སྟེ། ལཱའི་ས་བོན་ལས་བྱུང་བ། ལྷ་མོ་སྒེག་མོ་དཀར་མོ ་འགྱིང་བའི་ཚུལ་ཕྱག་མཚན་རལ་གྲི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པཪྵ་དག་པའོ།། ལྷོ་ནུབ་དུ་མཱའི་སྐུ་བོན་ལས་ཕྲེང་བ་མ་སེར་མོ་ཕྲེང་བ་དང་རལ་གྲི་འཛིན་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན ་པ་རྣམ་པར་དག་པའོ།། ནུབ་བྱང་དུ་གཱིའི་སོ་བོན་ལས་གླུ་མ་དོ་མར་མོ།། པི་ཝང་དང་རལ་གྲི་འཛིན་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ།། བྱང་ཤར་དུ་ནཱིའི་ས་བོན་ལས་བྱུང་བ་གར་མ་ལྗང་གུ་གར་དང་། ་རལ་གྲི་འཛིན་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ།། ལྷ་མོ་བཞི་པོ་འདི་དག་ཟླ་བའི་གདན་ལ་སེམས་དཔའི་སྟོབས་ཀྱིས་བཞུགས་པའོ།། དྷུའི་ས་བོན་ལས་བྱུང་གི་བདུག་སྤྲོས་མ་དཀར ་མོ་སྤོས་ཁང་དང་རལ་གྲི་བསྣམས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ།། པུའི་ས་བོན་ལས་བྱུང་བ་མེ་ཏོག་མ་སེར་མོ་མེ་ཏོག་རལ་གྲི་བསྣམས་པ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ ་རྣམ་པར་དག་པའོ།། དཱི་འི་ས་བོན་ལས་མྱུར་མེ་མ་དམྱུར་མོ་མྱུར་མེ་དང་རལ་གྲི་འཛིན་པ། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ།། གའི་ས་བོན་ལས་དྲི་ཆབ་མ་ལྗང་གུ་དུང་ཕོར་དང་རལ་གྲི་འཛིན་པ། ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ།། ལྷ་མོ་བཞི་པོ་འདི་དག་ཟླ་བའི་གདན་ལ་རིམ་བཞིན་དུ་བཞུགས་སོ།། ཛཿའི་ས་བོན་ལས་སྒོ་བ་ལྕགས་ཀྱུ་དཀར་པོ་ལྕགས་ཀྱུ་དང་རལ་གྲི་འཛིན་པ། ཤེས ་རབ་ཀྱི་སྟོབས་རྣམ་པར་དག་པའོ།། ཧཱུཾ་གིས་ས་བོན་ལས་ཞགས་པ་སེར་པོ་ཞགས་པ་དང་རལ་གྲི་འཛིན་པ་དྲན་པའི་སྟོབས་རྣམ་པར་དག་པའོ།། བཾ་གི་ས་བོན་ལས་ལྕགས་སྒྲོགས་དམར་མོ་ལྕགས་སྒྲོག་དང་རལ་གྲི ་བསྣམས་པ་དང་པའི་སྟོབས་རྣམ་པར་དོག་པའོ།། ཧོཿའི་སྔ་བོན་ལས་དྲིལ་བུ་མ་ལྗང་གུ་དྲིལ་བུ་དང་རལ་གྲི་བསྣམས་པ། བརྩོན་འགྲུས་ཀྱི་སྟོབས་རྣམ་པར་དག་པའོ།། སྒོ་བ་བཞི་པོ་འདི་དག་ཀྱང་ཟླ་བའི་གདན་ལ་རིམས ་བཞིན་དུ་བཞུགསོ།། འབྲས་བུའི་སེམས་དཔའ་བཅུ་དྲུག་ནི་ཨའི་ས་བོན་ལས་བྱམས་པ། འཇམ་དཔལ་སྤོས་ཀྱི་གླང་པོ་ཆེ། ཡེ་ཤེས་ཏོག་དང་གཞི་གཡས་རལ་གྲི་གཡོན་རྡོ་རྗེ་བསྣམས་པའོ།། ཨའི་ས་བོན་ལས་བཟང་སྐྱོང་། ་བློ་གྲོས་རྒྱ་མཚོ་བློ་གྲོས་མི་ཟད་པ་སྤོབས་པ་བརྩེགས་པ་བཞི་སྐུ་སེར་པོ་རིན་པོ་ཆེ་དང་རལ་གྲི་བསྣམས་པའོ།། ཨའི་ས་བོན་ལས་མཐུ་ཆེན་ཐོབ་ངན་སོང་སུན་འདྲེན། མྱ་ངནི་འཇོམས་དྲ་བའི་འོད། སྐུ་དམ ་རལ་གྲི་དང་པདྨ་བསྣམས་པ། ཨའི་ས་བོན་ལས་ཟླ་འོད་གཞོན་ནུ། འོད་དཔག་མེད། ན་མཁའི་མཛོད། སྒྲིབ་པ་སེལ་བ་བཞི། སྐུ་ལྗང་གུ། སྣ་ཚོགས་རྡོ་རྗེ་དང་རལ་གྲི་བསྣམས་པའོ།། སེམས་དཔའི་དེ་རྣམས ་ཀྱང་དཀྱིལ་འཁོར་གྱི་ཁམས་ལ་ཟླ་བའི་གདན་ལ་རིམ་པ་བཞིན་དུ་བཞུགས་པའོ།། འདི་ཡན་ཆོད་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིངངེ་འཛིན་ནོ།། །། དེ་ནས་ལས་རྒྱལ་མཆོག་བསྟན་པའི་ཕྱིར།། དེ་ནས་ཀྱི་ཁྱད་པར་ཡང ་བསྐྱེད་པའི་ཞར་ལས་འབྱུང་བ་སྟེ། སྒྲ་ལས་བྱེ་སྐྱེ་རྒྱུས་བཤད་པ།། འདིར་ནི་བདག་གིས་མ་བཤད་དོ་ཞེས་གསུངས་ཏེ། དེ་ནས་ནི་དཀྱིལ་འཁོར་རྒྱལ་མཆོག་བསྒོམ་པའི་དེ་མ་ཐག་པའོ།། ལས ་ཀྱི་ནི་ལས་གསུམ་སྟེ། འདིར་དགེ་བའི་ལས་སོ།། ཁྱད་པར་ཡང་ནི་སེམས་ཅན་གྱི་དོན་བྱེད་པའོ།། བསྐྱེད་པའི་ཞར་ལས་བྱུང་བ་ནི་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པའི་དུས་སུ། བདག་ལས་མི་གཉིས་པའི ་གཟུགས་འོད་ཟེར་གྱི་ཚུལ་དུ་འཕྲོས་ཏེ། སངས་རྒྱས་ལ་མཆོད་པ་ཕུལ་ནས། སེམས་ཅན་གྱི་དོན་ལ་གསོལ་བ་འདེབས་པ་སྟེ། དེའང་ཇི་ལྟར་འདེབས་ཤེ་ནོ། མི་སྐྱོང་འཁོར་དང་བཅས་པ་ཡིས། ཞེ་སྡང ་ཅན་གྱི་རྒྱུད་སྦྱོངས་ཤིག་ཅེས་པ་ལ་སོགས་པ་གསུངསོ།། དེ་ནས་སྒྲ་ལས་ཕྱེ་སྟེ་རྒྱས་པར་དེར་བཤད་པས། སྐབས་འདིར་སློབ་དཔོན་གྱིས་རྒྱས་པར་བཤད་དོ།། དེ་ནས་ཡང་གོང་དུ་གསུངས་པ་ལྟར ་ཤེས་པར་བྱའོ།། དེ་ཡན་ཆོད་ནི་ལས་ཀྱི་ཁྱད་པར་གྱི་ཏིང་ངེ་འཛིན་ཏོ།། ། དེ་ནས་དེ་རྫོགས་པར་བྱེད་པའི་ཡན་ལག་བསྟན་པའི་ཕྱིར། དེ་ནས་སྤོས་ཀྱི་ཆུ་དག་ལ་སྔགས་བཟླས ་པ་ཡིས་བསང་བྱ་སྟེ། ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ནས་ལས་བཅོལ་བའི་དེ་མ་ཐག་པའོ།། སྤོས་ཀྱི་ཆུ་ནི་བསང་ཆུའོ།། སྔགས་བཟླས་པ་ནི་རྡོ་རྗེ་གནོད་སྦྱིན་གྱི་སྔགསོ།། གསང་བ་ནི་མཆོད ་པའི་རྫས་རྣམསོ།། ཕུང་པོས་བསྡུས་པའི་པ་ལྔ་ཞེས་པ་ནི། འབྱུང་བ་ལྔ་ཡིས་བསྐྱེད་པའི་མེ་ཏོག་དང་། སྤོས་དང་། མར་མེ་དང་དྲི་ཆུབ་དང་ཞལ་ཟས་དང་ལྔའོ།། དེ་ག་ལ་རིམ་པ་བཞིན་ཞེས་གསུང་སོ།། ། ་བྱིན་གྱིས་བརླབས་ཞེས་པ་ནི་སོ་སོའི་ཕྱག་རྒྱ་བཅས་ཏེ། ཨོཾ་བཛྲ་པུཥྤེ་ཏྲཱཾ། བཛྲ་དྷཱུ་པེ་ཧཱུཾ། བཛྲ་ཨཱ་ལོ་ཀེ་ཧྲཱིཿ། བཛྲ་གྷནྡྷེ་ཨཿ། བཛྲ་ནཻ་བི་དྱཱ་ཧཱུཾ། ཞེས་རེ་རེ་ལའང་བརྒྱ་འམ་ཉི་ཤུ་རྩ་གཅིག་གཱ་མ། འོནྡ་ཏེ ་བདུན་བདུན་བཟླས་པས་ཤིན་ཏུ་མང་ཞིང་རྒྱ་ཆེ་བར་བསམ་མོ།། དེ་ནས་ཡེ་ཤེས་སེམ་ས་དཔའ་བསྒྲུབ་པ་བསྟན་པའི་ཕྱིར། འདི་དག་རིམ་པའི་གོ་རིམས་ཀྱིས་ཞེས་པ་ལ་སོགས་པ་གསུངས་ཏེ། དེའི་དོན་ནི་འདི ་ཡིན་ཏེ། དེ་ཡང་རིགས་བསྡུས་པའི་ཕྱག་རྒྱ་ནི། ལག་གི་འདུ་བྱེད་ཆེན་པོ་ཡིན།། གར་ཐབས་གཡེས་གཡོན་བསྐོར་ནས་ནི། སེ་གོལ་མང་པོ་བརྡབ་པར་བྱ།། བཛྲ་ས་མ་ཡ་ཛ། ཛཿཧཱུཾ་བཾ་ཧཱུ~ཾཿཞེས་བརྗོད་དེ། སངས ་རྒྱས་ཐམས་ཅད་གཤེགས་འགྱུར་ན། གཞན་ལྟ་སྨོས་ཏེ་ཅི་ཞིག་དགོས། འཁོར་ལོའི་ཚོགས་མཆོག་ཐམས་ཅད་ཀུན།། དབང་པོའི་མངོན་སུམ་འདྲར་མཐོང་འགྱུར་ཞེས་ཆོ་ག་འདུས་པའི་རྒྱུད་ལས་གསུངས་སོ།། ་དེ་ལྟ་བུའི་དོན་ཡིད་ཀྱིས་མངོན་སུམ་དུ་བྱོན་པ་དེ་ལ་མཆོད་པ་ལྔས་མཆོད་ལ། མཉམ་མེད་ལ་སོགས་པས་བསྟོད་པ་བྱ་སྟེ། ཞེས་པའི་དོན་ནི་འདི་ཡིན་ཏེ། མཉམ་མེད་མི་གཡོའི་མཉམ་ཉི་དེ་ཆོས་མཆོག་ཅན།། ་ཐུགས་རྗེའི་བདག་ཉིད་འགྲོ་དྲུག་སྡུག་བསྔལ་སེལ།། ཡོན་ཏན་མཆོག་གི་དངོས་གྲུབ་སྦྱིན་མཛད་པ།། དྲི་མེད་མཉམ་ཉིད་དམ་པ་ཉིད་ལ་བསྟོད།། ཡོན་ཏན་ཤིན་ཏུ་ཕྲ་བ་ཚད་མེད་དེ།། ན་མཁའ ་དང་ཡང་བསྐྲུན་དུ་ཡོད་པ་མིན།། དངོས་གྲུབ་མཉམ་མེད་དཔེ་བྲལ་བ།། འགྲོ་ལ་ངེས་པར་གསོལ་མཛད་བསྟོད།། རྟག་ཏུ་དྲི་མེད་ཐུགས་རྗེ་འབྱུང་།། སྨོན་ལམ་འགྲུབ་པ་འགག་མེང་ཅན།། འགྲོ་བའི་དོན་སྒྲུབ་མཐའ་ཡས ་པ། བདེ་ག་ཉིད་རྟག་ཏུ་སྣང་ལ་བསྟོད།། ཚད་མེད་ཚད་བྲལ་ཡོངས་རྫོགས་པའི།། བདེ་གཤེགས་གོ་འཕང་བདེ་བརྙེས་ཀྱང་།། ཐུགས་རྗེའི་སྤྱོད་པ་འགག་མི་འགྱུར།། བཟང་པོ་ཤིན་ཏུ་མཆོག་ལྡན་བསྟོད།། ་མཆོག་སྦྱིན་ནང་ན་མཆོག་བརྙེས་པས།། ཀུན་ལ་དངོས་གྲུབ་མཆོག་ཐོབ་མཛད།། མགོན་པོ་དུས་གསུམ་སྒྲིབ་མེད་པ།། དངོས་གྲུབ་དམ་པ་སྩོལ་ལོ་བསྟོད།། དེ་ནས་གཙོ་བོའི་སྔགས་རིངས་ལ་ཞེས་པ་ནི།། ཨ་ཨཱ་སརྦ་ཏ ་ག་ཏ་ཛཱི་མཾ། ཧར་ཧཱ་ར། ཨོཾ་ཙྪདྷཱིཿ། བྷཱ་ག་བྷཱན། ཛྙཱ་ནཱ་མྦཱར་ཏིཥྛ་གཱི་ཤཱ་ར་མཱ་ཙ། རྦདྷརྨྨ་ག་ག་ནེ། ཨ་མེ་ལ་སྲྀ་པདྷི་ཤྩཱདྷྭཾ། དྷུམྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཿདྲཱྀ་ཤྱས་བསྠཱ། བཧཱུཾ་ཨཽཙྪཿས་ག ་མེད་པ་སྟིམ། ཨོཾ་ཧ~ཾ་གིས་ང་རྒྱལ་བྱ། ཨོཾ་མཀྵ་ཞེས་པས་བགེགས་བསིལ་ལོ།། དེ་ནས་ཕྱག་རྒྱ་ཅི་ནས་རྒྱས་གདབ་པ་བསྟན་པའི་ཕྱིར། བཞི་མི་རྒྱས་ག་བ་དོན་མཆོག་སྒྲུབ་ཅེས་གསུངས་ཏེ། བཞི་ནི་ཕྱག་རྒྱ་བནི་སྷོ། ་དེ་ཡང་གང་ཞེ་ན། དམ་ཚིག་གི་ཕྱག་རྒྱ་དང་། ལས་དང་ཆོས་དང་། ཕྱག་རྒྱ་ཆེན་པོ་དང་བཞིའོ།། དེ་ལ་དམ་ཚིག་གི་ཕྱག་རྒྱ་ནི། སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་རྩེ་ལྔ་པ་བསྒོམས་ལ། ཕྱག་གཡོན་ཐམས་ཅད་ན ་རང་རང་གི་མཚན་མ་འཛིན་པ་ནི་དམ་ཚིག་གི་ཕྱག་རྒྱའོ།། ལྕེ་ལ་ཡི་གོ་ཧྲིཾ་ལས་པདྨ་དེའི་ཨ་ལ་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེའི་དབུསུ་ཧྲི་ལས་བྱུང་བའི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོར ་བསམས་ལ། དེའི་ལྕེ་ལ་ཡི་གེ་ཨ་བསམས་ཏེ་སྔགས་ཀྱི་ཡན་ལག་ཐམས་ཅད་རྫོགས་པ་ནི། ཆོས་ཀྱི་ཕྱག་རྒྱའོ།། ཨ་ལས་སྣ་ཚོགས་རྡོ་རྗེ་ལྷ་ཐམས་ཅད་ཀྱི་སྤྱི་བོར་བསམས་ལ། གར་ལས་བྱུང་བའི་གཡས་ཐམས ་ཅད་ན་རལ་གྲི་བསམ་པ་ནི་ལས་ཀྱི་ཕྱག་རྒྱའོ།། ཇི་ལྟར་བྲིས་པའི་རྗེ་སུ་མཐུན་པར་གང་དང་གང་གི་གཟུགསུ་གསལ་ཞིང་དེའི་བོ་རྣམ་པར་དག་པ་ནི་ཕྱག་རྒྱ་ཆེན་པོའོ།། དེ་ལྟར་ཕྱག་རྒྱ་བཞིས་རྒྱུ་ས་བཏབ་པ་དེ་ལ་ཡང་དག ་པའི་དོན་སྒྲུབ་པས་ན། བཞི་ཡིས་རྒྱས་གདབ་དོན་མཆོག་གྲུབ་ཅེས་གསུངས་པ་ཡིན་ནོ།། དེ་ཡང་མདོ་ལས། རྡོ་རྗེ་རྣོན་པོ་རལ་གྲི་ཆེ།། ཡི་གེ་མཆོག་སྟེ་རྣམ་པར་དག་ཅེས་པ་དང་། ཕྱག་རྒྱ་བཞིའི་དོན་སྟོན་པ་ཞེས་གསུངསོ།། ། ་དེ་ནས་མཆོད་པའི་བྱེ་བྲག་གིས་ཞེས་པ་ནི། མཆོད་རྫས་རྣམས་བསངས་ལ་བྱིན་གྱིས་བརླབ་སྟེ། ཡོངསུ་རྫོགས་པའི་དཀྱིལ་འཁོར་དེ་ལ་མཆོད་པའི་བྱེ་བྲག་ཐམས་ཅད་ཀྱིས་མཆོད་དོ།། དེ་ཡང་གང་ཞེ་ན། བདག་ལས ་མི་གཉིས་པ་དེ་ཡིས་སོ།། དེ་ནས་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཞེས་པའི་བསྟོད་པས་ཀྱང་བསྟོད་དོ།། མཆོད་ནས་ཕྱག་རྒྱ་བཞི་བྱ་བ་ཞེས་པ་ནི་ཕྱག་རྒྱ་བཞིའི་དོན་དང་ལྡན་པར་བྱའོ་ཞེས་པའི་དོན ་ཏོ།། དང་པོ་སངས་རྒྱས་ལ་སོགས་པའི་གནསུ་བྱ་བའི་རིམ་པའོ།། ཞེས་པའི་དོན་ནི་འདི་ཡིན་ཏེ། ཨ་ལས་འོད་བྱུང་ཟླ་བའི་དཀྱིལ་འཁོར་གསལ་བར་བྱས། དེ་ལས་ཡེ་ཤེས་སེམས་དཔའ་དེ་ལས་ཤེས་རབ ་འཁོར་ལོ།། དེ་ལས་དང་པོའི་སངས་རྒྱས་དེ་ལས་གཞིའི་སངས་རྒྱས། དེ་ལས་ལྷ་ཚོ། དེ་ལས་གཞལ་ཡས་ཁང་། དེ་ལས་སྣ་ཚོགས་རྡོ་རྗེ་དེ་ལས་ཆོས་འབྱུང་། དེ་ལས་བྱང་ཆུབ་ཆེན་པོའི་མཆོད་རྟེན། དེ་ལས ་རྗེའི་སྒོ་དྲུག་ནས་འཐོན་ཏེ། ཤར་ཕྱོགས་དགེ་བའི་སྒོ་ལ་སོགས་པ་ནས་འོད་ཟེར་འཐོན་ཏེ། སྲིད་པ་གསལ་བར་བྱས་དོན་རྣམ་པ་གཉིས་དང་། སངས་རྒྱས་ཀྱི་མཛད་པ་བྱས་ཏེ། དུས་གསུམ་གྱི་སངས་རྒྱས་ཀྱི ་ཐུགས་ཀར་ཞུགས། དཔལ་གྱི་བེའུ་ལ་སྐོར་བ་ལན་གསུམ་བྱས། ཤེས་རབ་དང་ཡེ་ཤེས་ཀྱི་བཅུད་བསྡུས། སླར་རིམ་གྱིས་རིམ་གྱིས་གཞི་པོའི་ཨ་ལ་ཐིམ་སྟེ། སྣང་སྟོང་གཉིས་མེད་ཀྱི་ངོ་བོར་རྟོགས་པར་བྱའོ།། དེ ་ལྟར་འཕྲོ་འདུ་བྱ་ཞིང་བསྒོམ་པ་ནི་བསྙེན་པ་བསྡུས་པའོ།། ། ཨོཾ་སརྦ་དྷརྨཱ་ཨ་བྷ་བ་སྭ་བྷཱ་བཾ། བི་ཤུདྡྷ་བཛྲ་ཨ་ཨཱ་ཨཾ་ཨ་ཞེས་རྩ་བའི་སྔགས་བཟླ་ཞིང་འཕྲོ་འདུ་བྱེད་པ་ནི་བསྙེན་པ་འབྲིང་པོའོ།། ་བསྙེན་པ་རྒྱས་པ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་དབང་ཐོབ་པ་ཡིན་ན། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཞེས་པ་ནས། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག་ཅེས་པའི་བར་དུའོ།། ཚིག་སུ་བཅད་པ་བཅུ་བཞི་བརྗོད ་པས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཨ་ལས་ཡི་གེ་བརྒྱད་ཅུ་རྩ་དྲུག་འཕྲོས་པས་རྣམ་པར་སྣང་མཛད་མང་པོར་གྱུར་ཏེ། ཞིང་ཁམས་ཐམས་ཅད་སྣང་ཞིང་མཆོད་གཏི་མུག་ཅན་གྱི་དོན་བྱས། སླར་གཞིའི་ལྷ་རྣམས ་ལ་ཐིམ་པར་བྱ་ཞིང་བཀླགས་ན་རིང་པོ་མི་ཐོགས་པར་ཆོས་ཀྱི་རྒྱལ་པོར་འགྱུར་ཏེ། དེ་ནི་བསྙེན་པ་རྒྱས་པའོ།། དེ་ནས་ཐུན་གཏོང་བར་འདོད་ན། མཆོད་པའི་ཡོ་བྱད་རྣམས་ཀྱིས་ཡང་དག་པར་མཆོད་ལ། བདག་ལས་མི ་གཉིས་པའི་གཟུགས་སུ་རིམ་པ་ནས་རིམ་པར་འོད་ཟེར་གྱི་ཚུལ་དུ་འཐོན་ཏེ། ལས་ཀྱི་བྱ་བ་ལ་སོགས་པ་ལ་འཇུག་པར་བྱའོ།། དེ་ནས་ཐུན་གཉིས་པ་ལ་བདག་ལས་མི་གཉིས་པའི་གཟུགས་ཅན་དེ་སངས་རྒྱས་ཀྱི ་མཛད་རྫོགས་ནས། འོད་ཟེར་གྱི་ཚུལ་དུ་རིམ་པ་ནས་རིམ་པར་གཞི་ལ་ཐིམ་སྟེ། དེ་ནས་ཅི་རིགས་པ་རུ་མཆོད་བསྟོད་བྱས་ལ་དོན་གསུམ་པོ་གང་ཡང་རུང་བྱ་ཅིག་ལ་འཇུག་པར་བྱའོ།། དེ་ནས་ཡང་གཏོང་བར་འདོད ་ན་སྔོན་དུ་བསྟན་པ་ལྟ་བུར་བྱའོ།། དེ་ནས་ཐུན་གསུམ་པ་ལ་སྔོན་དུ་བསྟན་པ་ལ་ཇི་ལྟ་བ་བཞིན་བྱས་ལ། ཐུན་ཐ་མ་ལྀ་ཡེ་ཤེས་ཀྱི་དཀྱིལ་འཁོར་དེ། ཨོཾ་མཉྫུ་ཤྲཱི་བཛྲ་མུཾ་ཞོས་མདུན་གྱི་ན་མཁའ་ལ་ཕྱེ་ནས་བཞུགས ་པ་དེ་ལ་མཆོད་པ་དང་བསྟོད་པ་དང་། བཤགས་པ་བྱས་ལ་གཤེགས་སུ་གསོལ། བསྐྱེད་པའི་མཚན་ཚེ་བདག་གི་ཐུགས་ཀར་བསྡུས་ལ། དང་པོའི་སངས་རྒྱས་ཀྱི་ང་རྒྱལ་དང་ལྡན་པར་བྱས ་ཏེ་ཅི་བདེ་བར་སྤྱོད་ལམ་བྱའོ།། རྣལ་འབྱོར་དོན་དང་ལྡན་པ་ཡིས།། འབྱེད་ནས་ཐུན་གསུམ་དག་གིས་ནི།། ལྷ་ཡི་རྣལ་འབྱོར་བསྒོམ་པ་ན།། ངེས་པར་མཆོད་ཀྱི་རྒྱལ་པོ་ཐོབ་ཅེས་ལེའུ་ཁྲི་དྲུག་སྟོང་པོ་ལས་གསུངས་སོ།། ་མདོ་ཉིད་ལས་ཀྱང་དུས་གསུམ་སངས་རྒྱས་ལས་བྱེད་པ་ཞེས་གསུངས་སོ།། དེ་ལྟར་རྣལ་འབྱོར་པས་ཟླ་བ་གསུ་མེ་མ་མོ། ཟླ་བ་གཅིག་གམ་འོན་ཏེ་དུས་རྒྱུན་དུ་མ་ཆད་པར་བསྒོམས་ན། དོན་གྱི་རྟགས་སམ་ལྷའི ་སྣང་བ་གསལ་བ་དང་། བཟོད་བསྙེན་པའི་ལས་ལ་འཇུག་པར་བྱའོ།། དེ་ནས་སྣང་བ་མཐའ་ཡས་ལ་མེ་ཏོག་ཕོག་སྟེ། དེའི་རྣལ་འབྱོར་བྱེད་པར་འདོད་ན་སྔོན་དུ་བསྟན་པའི་གནས་ཡིད་དང་འཐད་པ་རུ། ཡོ་བྱད་ལ ་སོགས་པ་ཚུལ་བཞིན་བཤམས་ལ། སྟན་བདེ་བ་ལ་འདུག་སྟེ། ལྕེ་ལག་བྱིན་གྱིས་བརླབ་པ་ནས། གཞལ་ཡས་ཁང་བསྐྱེད་པ་ཡན་ཆད་རྫོགས་པར་བྱ་སྟེ། གཙོ་བོའི་གནས་སུ་ཧྲཱིཿལས་ནི་ཞེས་པོ་ནས། སྤྲོ ་དང་བསྡུ་བ་སྔོན་བཞིན་བྱ་ཞེས་པའི་བར་གྱིས་སྦྱོར་བ་དང་པོའི་རྫོགས་པར་བྱས་ལ་གཟོད་དཀྱིལ་འཁོར་རྒྱལ་མཆོག་བསྒོམས་ཏེ། སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་རུ་དང་པོའི་སངས་རྒྱས་དེའི་ལྟེ་བས་རྡོ་རྗེ་རྣོན་པོ་དེའི་ཐུགས ་ཀར་ཨ་ལས་ཨ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་ཧྲཱིཿ། དེ་ལས་འོད་འཕྲོས་པས་ཟླ་བའི་དཀྱིལ་འཁོར་སྣང་བར་བྱས། རྡོ་རྗེ་རྣོན་པོ་སྣང་བར་བྱས་གཙོ་བོ་སྣང་བ་མཐའ་ཡས་སྣང་བར་བྱས། གདན་དང་གཞལ་ཡས་ཁང་པར ་བྱས། རྡོ་རྗེ་རྒྱ་གྲམ་སྣང་བར་བྱས། ཆོས་འབྱུང་སྣང་བར་བྱས། བྱང་ཆུབ་ཆེན་པོའི་མཆོད་རྟེན་སྣང་བར་བྱིས། ཡེ་ཤེས་ཀྱི་རྡོ་རྗེ་སྒོ་དྲུག་ནུས་འཐོན་ནས་ཞིང་ཁམས་དྲུག་སྣང་བར་བྱསྟེ། སངས་རྒྱས་ལ་མཆོད་པ་བྱས། སེམས ་ཅན་གྱི་དོན་བྱས། དེ་བཞིན་གཤེགས་པའི་བཅུད་བསྡུས། སླར་རྡོ་རྗེ་ལ་སྦྱོར་བ་ལན་གསུམ་བྱིས། རྡོ་རྗེའི་སྒོ་དྲུག་ནས་ཚུར་རིམ་པ་རིམ་པར་ཧྲཱིཿལས་ཐིམ་སྟེ། ཧྲཱིཿའི་བྱིན་རླབས་ཀྱིས་མཚན་གྱི་ཡི་གཉིས་བརྒྱ ་ཉི་ཤུར་གྱུར་ཏེ། དེ་ལ་ཡང་གོང་མ་ལྟར་སྤྲོ་བསྡུ་བྱས་པས་ཕྱག་མཚན་དུ་གྱུར་ཏོ།། དེ་ལ་སྤྲོ་བསྡུ་བྱས་ཏཾ། སྔགས་རིངས་བརྗོད་པྲ་ལྷ་ཉི་ཤུར་གྱུར་ཏེ། དེ་ཡང་ཕོ་བྲང་གི་དབུས་སུ་བདུན། འཁོར་ལོ་བརྒྱད་ལ་དྲུག། དྲུག་ལྷ་རྣམས ་ཀྱི་ཕྱོགས་བཞི་ལ་ང་ལྔ་ང་ལྔ་ཤེས་པར་བྱའོ།། དེ་ཡང་ཡེ་ཤེས་ལྔའི་ངོ་བོ་སྟེ། རིགས་ཆུང་གི་དབྱེ་བས་སོ་སོར་རྟོག་པའི་ཡེ་ཤེས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། དེ་བཞིན་དུ་མཉམ་པ་ཉིད་དང་། བྱ་བ་གྲུབ་པ་དང་། ་ཀྱི་དབྱིངས་དང་ལྔར་ཤེས་པར་བྱའོ།། དེ་ནས་ལས་རྒྱལ་མཆོག་དང་། ཡེ་ཤེས་སེམས་དཔའ་སྒྲུབ་པ་དང་། བསྙེན་པ་འབྲིང་པོ་ཡན་ཆད་མཐུན་ནོ།། བསྙེན་པ་རྒྱས་པ་བྱེད་ན་ཡང་དག་བདག་མེད་དེ་བཞིན་ཉིད་ཅེས་བྱ ་བ་ནས། ཡེ་ཤེས་མེ་ལྕེ་འོད་རབ་གསལ་ཞེས་པའི་བར་དུ་ཚིག་སུ་བཅད་པ་བཞི་བཅུ་ཞེ་གཉིས་བརྗོད་པ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཧཱུཾཿལས་མཚན་གྱི་ཡི་གེ་ཉིས་བརྒྱ་བདུན་ཅུ་རྩ ་ལྔར་བྱུང་ལ་འོད་དཔག་ཏུ་མེད་པའི་རང་བཞིན་དུ་འཕྲོས་པས་ལས་གཉིས་བྱས་འདོད་ཆགས་ཅན་གྱི་རྒྱུད་སྦྱངས་ཏེ། སླར་གཞི་པོ་ལ་ཐིམ་པས་བདེ་ཞིང་གསལ་བར་བལྟས་ལ་བཀླག་གོ།། དེ་ནས་ཐུན་མཚམས ་ལ་སོགས་པ་གོང་དང་མཐུན་ནོ།། ། དེ་ནས་མི་བསྐྱོད་པ་ལ་མེ་ཏོག་ཕོག་ནས་དེའི་རྣལ་འབྱོར་བྱེད་པར་འདོད་ན། ཡིད་དང་མཐུན་པའི་གན་སུ་ཡོ་བྱད་ལ་སོགས་པ་གཞུང་བཞིན་དུ་བཤམས་ལ ་བདེ་བའི་སྟན་ལ་འཇུག་སྟེ། ལྕེ་ལས་བྱིན་གྱིས་བརླབ་པ་ནས་གཞལ་ཡས་ཁང་བསྐྱེད་པ་ནས་ཡན་ཆད་སྔོན་དུ་བསྟན་པ་བཞིན་དུ་བྱས་ལ། ཧཱུཾ་གི་ཡི་གེ་ལས་བསྐྱེད་པ་ཡིས་ཞེས་པ་ནས་སྒྲོ་དང་བསྡུ་བ ་སྔོན་བཞིན་བྱ། ཞེས་པའི་བར་གྱིས་སྦྱོར་བ་དང་རྫོགས་པར་བྱས་ཏེ། དེ་ནུས་དཀྱི་ལཱ་འཁོར་རྒྱལྔ་མཆོག་བསྒོམ་སྟེ། གཙོ་བོ་མི་བསྐྱོད་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་དང་པོའི ་སངས་རྒྱས། དེའི་ཐུགས་ཀར་ཤེས་རབ་འཁོར་ལོ།། དེའི་ལྟེ་བ་ལ་རྡོ་རྗེ་རལ་གྲི། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར། དེའི་ལྟེ་བ་ལ་ཡི་གེ་ཧཱུཾ་བསྒོམས་ཏེ། དེ་ལས་འོད་འཕྲོས ་བའི་དཀྱིལ་འཁོར་སྣང་བར་བྱས། རྡོ་རྗེ་རལ་གྲི་སྣང་བར་བྱས། དང་པོའི་སངས་རྒྱས་སྣང་བར་བྱས། དེ་ལས་གཙོ་བོ་མི་བསྐྱོད་པ་དེ་ལས་གཞལ་ཡས་ཁང་། དེ་ལས་རྡོ་རྗེ་རྒྱུ་གྲམ། དེ་ལྔ་ཆོས་འབྱུང་། དེ་ལས་མཆོད ་རྟེན་དེ་ལས་ཡེ་ཤེས་ཀྱི་རྡོ་རྗེའི་སྒོ་དྲུག་ནས་འཐོན་ཏེ་ཞིང་། མྦུ་དྲུག་སྣང་བར་བྱས། དེ་བཞིན་གཤེགས་པའི་བཅུད་བསྡུས་སླར་རྡོ་རྗེ་ལ་སྐོར་བ་ལན་གསུམ་བྱས། རྡོ་རྗེའི་སྒོ་དྲུག་ནས་རིམ་པ་རིམ་པས་ཧཱུཾ་ལ་ཐིམ་ཧཱུཾ་གིས ་བྱིན་གྱིས་བརླབས་ཀྱིས། མཚན་གྱི་ཡི་གེ་ལྔ་བཅུ་རྩ་གཉིས་རང་རང་གི་གནས་སུ་གྱུར་ཏོ།། དེ་སྤྲོ་བསྡུས་པས་ཕྱག་མཚན་དུ་གྱུར་ཏོ།། དེ་སྤྲོ་བསྡུས་སྲུགས་རིངས་བརྗོད་པས་ལྷ་ལྔ་ཅུ་རྩ་གཉིསུ་གྱུར་ཏེ། ཕོ་བྲ ་གི་དབུས་སུ་བདུན། འཁོར་འཁོར་ལོ་བརྒྱད་ལ་རེ་རེ། ཕྱོགས་བཞིར་ལྷ་སྣུམྦ་ལ་བཅུ་བཞི་བཅུ་བཞི་དགོད་པར་བྱའོ།། དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་དོན་དུ་ཤེས་པར་བྱའོ།། དེ་ནས་ལས ་བཅོལ་བ་དང་བསྟན་པ་འབྲིང་པོ་ཡན་ཆད་མཐུན་ནོ།། རྒྱས་པར་བྱེད་ན། རྡོ་རྗེ་འཇིགས་པར་བྱེད་ཅེས་པ་ནས། སྒྲ་དང་ལྡན་པ་ལྷ་རྣམས་ཀྱི་མཆོག་ཅེས་པའི་བར་དུ་ཚིགས་བཅད་དང་། རྐང་པ་གཅིག་ལྷག་པ་བརྗོད ་པས་སྔ་མ་བཞིན་དུ་མི་བསྐྱོད་པ་འཕྲོས་འདུས་པས་ཞེ་སྡང་ཅན་གྱི་རྒྱུད་སྦྱང་བ་ལ་སོགས་པ་བྱའོ།། ཐུན་མཚམས་ནི་གོང་དང་མཐུན་ནོ།། །། དེ་ནས་རྣམ་པར་སྣང་མཛད་ལ་མེ་ཏོག་ཕོག་ནས་དེའི་རྣལ་འབྱོར ་བྱེད་པར་འདོད་ན་ཡིད་དང་མཐུན་པའི་གནས་སུ་ཡོ་བྱད་ལ་སོགས་པ་གཞུང་བཞིན་དུ་བཤམས་ལ་སྟན་བདེ་བ་ལ་འཇུག་སྟེ། ལྕེ་ལག་བྱིན་གྱིས་བརླབ་པ་ནུས། གཞལ་ཡས་ཁང་བསྐྱེད ་པ་ཡན་ཆད་སྔོན་བཞིན་བྱས་ལ། དེ་བཞིན་འཁོར་ལོའི་དབུས་ཉིད་དུ་ཞེས་བྱ་བ་ནས་སྤྲོ་དང་བསྡུ་བ་སྟོན་བཞིན་བྱ། ཞེས་པའི་བར་གྱིས་སྦྱོར་བ་དང་པོ་རྫོགས་པར་བྱས་ལ། དེ་ནས་དཀྱིལ་འཁོར་རྒྱལ ་མཆོག་བསྒོམ་སྟེ། རྣམ་སྣང་གི་ཐུགས་ཀར་དང་པོའི་སངས་རྒྱས། དེའི་ཐུགས་ཀར་ཤེས་རབ་འཁོར་ལོ།། དེའི་ལྟེ་བ་ལ་ཤེས་རབ་ཡེ་ཤེས་དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་ཨ། དེ ་འཕྲོས་པས་ཟླ་བའི་དཀྱིལ་འཁོར་སྣང་བར་བྱས། དེ་ནས་ཤེས་རབ་ཡེ་ཤེས། ཤེས་རབ་འཁོར་ལོ།། དེ་ནས་དང་པོའི་སངས་རྒྱས་དེ་ནས་གཙོ་བོ་རྣམ་སྣང་། དེ་ནས་གཞལ་ཡས་ཁང་། རྡོ་རྗེ་རྒྱ་གྲམ། ཆོས ་འབྱུང་། མཆེད་རྟེན་དེ་ནས་ཡེ་ཤེས་ཀྱི་སྒོ་རྡོ་རྗེའི་སྒོ་དྲུག་ནས་འབྱོན་ཏྲེ་ཞིང་ཁམས་དྲུག་སྣང་བར་བྱས་ལས་གཉིས་བྱས། དེ་བཞིན་གཤེགས་པའི་བཅིང་བསྡུས། སླར་རྡོ་རྗེ་ལ་སྐོར་བ་ལྷུན་གསུམ་བྱས། ་རྗེའི་སྒོ་དྲུག་ནས་རིམ་པ་རིམ་པར་ཨ་ལྀ་ཐིམ.འི་བྱིན་གྱིས་བརླབས་ཀྱི་མཚོན་གྱི་ཡི་གེ་བརྒྱ་བཞི་བཅུ་ན་བཞི་རང་གི་གནས་སུ་སྤྲོས་ལ་དེའི་དྲེས་པ་ལས་ཕྱག་མཚན་དུ་གྱུར་ཏོ།། དེ་སྤྲོ་བསྡུ་བྱ་ཞིང་སྒྲ ་རིངས་བརྗོད་པས་ལྷ་བཞི་བཅུ་ཞེ་བཞིར་གྱུར་ཏོ།། དེ་ཡང་ཕོ་བྲང་གི་དབུས་སུ་ལྔ། འཁོར་ལོ་བརྒྱད་ལ་བཞི་བཞི་ཕྱོགས་བཞིར་ལྷ་སྣུམ་ལ་སོ་དྲུག་སོ་དྲུག་གོ། དེ་ཡང་མཉམ་པ་ཉིད་ཀྱི་མེ་ལོང་ལ་སོགས་པའི་དོན་དུ ་ཤེས་པར་བྱའོ།། དེ་ནས་ལས་བཅོལ་ནས་བསྙེན་པ་འབྲིང་པོ་ཡན་ཆད་མཐུན་ནོ།། རྒྱས་པར་བྱེད་ན་སངས་རྒྱས་རྣམ་པར་སྣང་མཛིད་ཆེ་ཞེས་པ་ནས། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ་ཞེས་པའི་བར་དུ་ཚིག་སུ་བཅད་པ ་ཉི་ཤུ་རྩ་ལྔ་ར་རྨིག་རྐང་གཅིག་གིས་མཚང་བས་བརྗོད་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཨ་ལས་ཡི་གེ་བརྒྱ་བརྒྱད་ཅུ་རྩ་གཅིག་འཕྲོས་པས་རྣམ་སྣང་མང་པོར་གྱུར་ཏེ། ཞིང་ཁམས་ཐམས་ཅད་སྣང་ཞིང་ལས ་གཉིས་བྱས་གཏི་མུག་ཅན་གྱི་དོན་བྱས་ཏེ་སླརྱ་བཞིའི་ལྷ་རྣམས་ལ་ཐིམ་པར་བྱ་ཞིང་བཀླག་གོ།། ཐུན་མཚམས་ནི་གོང་མ་དང་མཐུན་ནོ།། ། དེ་ནས་དོན་ཡོད་གྲུབ་པ་ལ་མེ་ཏོག་ཕོག་ནས་དེའི་རྣལ ་འབྱོར་བྱེད་པར་འདོད་ན། ཡིད་དང་མཐུན་པའི་གན་སུ་ཡོ་བྱད་ལ་སོགས་པ་གཞུང་བཞིན་བཤམས་ལ་བདེ་བའི་སྟན་ལ་འདུག་སྟེ། ལྕེ་ལག་བྱིན་གྱིས་བརླབ་པ་ནས། གཞལ་ཡས་ཁང་བྱསྐྱེད་པ་ཡན་ཆད ་སྔོན་བཞིན་བྱས་ལ། དེ་བཞིན་འཁོར་ལོའི་དབུས་ཉིད་ཞེས་པ་ནས་སྤྲོ་དང་བསྡུ་བ་སྔོན་བཞིན་བྱ་ཞེས་པའི་བར་གྱིས་སྦྱོར་བ་དང་པོ་རྫོགས་པར་བྱས་ལ། དེ་ནས་དཀྱིལ་འཁོར་རྒྱལ་མཆོག་བསྒོམས་ཏེ། གཙོ་བོ ་དོན་ཡོད་གྲུབ་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དང་པོའི་སངས་རྒྱས། དེའི་ཐུགས་ཀར་ཤེས་རབ་འཁོར་ལོ།། དེའི་ལྟེ་བ་ལ་ཡེ་ཤེས་ཀྱི་སྐུ་ཅན། དེའི་ཐུགས་ཀར་ཨ་ལས་ཟླ་བ ་དེའི་སྟེང་དུ་ཡི་གེ་ཨ། དེ་ལས་འོད་འཕྲོས་པས་ཟླ་བའི་དཀྱིལ་འཁོར་སྣང་བར་བྱས། ཡེ་ཤེས་སྐུ་ཅན་ཤེས་རབ་འཁོར་ལོ།། དང་པོའི་སངས་རྒྱས། གཙོ་བོ་དོན་ཡོད་གྲུབ་པ། གཞལ་ཡས་ཁང་། རྡོ་རྗེ་རྒྱ་གྲམ ་མཆོད་འབྱུང་མཆོད་རྟེན། དེ་ནས་ཡེ་ཤེས་ཀྱི་རྡོ་རྗེའི་སྒོ་དྲུག་ནས་འཐོན་ནས་ཞིང་ཁམས་དྲུག་སྣང་བར་བྱས། ལས་གཉིས་བྱས། དེ་བཞིན་གཤེགས་པའི་བཅུད་བསྡུས། སླར་རྡོ་རྗེ་ལ་སྦྱོར་བ་ལན་གསུམ་བྱས་ཏེ། ་ཁ་དོག་དྲུག་དང་ལྡན་པའི་འོད་ཟེར་དེ་རིམ་པ་རིམ་པར་ཨ་ལ་ཐིམ་པས། ཨའི་བྱིན་གྱིས་བརླབས་ཀྱིས་མཚན་གྱི་ཡི་གེ་བདུན་ཅུ་རྩ་དྲུག་དུ་གྱུར། དེ་རང་རང་གནས་སུ་སྤྲོས་སོ།། དེ་ལ་སྤྲོ་བསྡུ་བྱས་པས་ཕྱོག་མཚན ་དུ་གྱུར་ཏོ།། དེ་ནས་སྤྲོ་བསྡུ་བྱས་ཏེ་སྔགས་རིངས་བརྗོད་པས་ལྷ་བདུན་ཅུ་རྩ་བདུན་དུ་གྱུར་ཏོ།། དེ་ཡང་ཕོ་བྲང་གི་དབུས་སུ་བདུན། ཕྱག་བཞིར་འཁོར་ལོ་ལ་གཉིས་གཉིས། མཚམས་བཞིར་ར་ར་ཕྱོགས་བཞི་ལྷ ་རྣམས་ལ་བཅུ་དགུ་བཅུ་དགུ་ཤེས་པར་བྱའོ།། དེ་ཡང་བྱ་བ་གྲུབ་པའི་ཡེ་ཤེས་མེ་ལོང་ལྟ་བུ་ལ་སོགས་པར་ཤེས་པར་བྱའོ།། དེ་ནས་ལས་བཅོལ་བ་ནས་བསྙེན་པ་འབྲིང་པོ་ཡན་ཆད་མཐུན་ནོ།། ་རྒྱས་པར་བྱེད་ན། སངས་རྒྱས་ཀུན་གྱི་རྟོག་བྱ་བ་ཞེས་པ་ནས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག་ཅེས་པའི་བར་གྱིས་ཚིགས་བཅད་བཅོ་ལྔ་བརྗོད་པས་ཡི་གེ་དགུ་བཅུ་རྩ་ལྔར་གྱུར་ཏེ། དོན་ཡོད་གྲུབ ་པས་དོན་གཉིས་བྱས། ལེ་ལོ་ཅན་གྱི་རྒྱུད་སྦྱངས་ནས་སླར་རིམ་གྱིས་གཞི་ལ་ཐིམ་པར་བྱ་ཞིང་བཟླས།། ཐུན་མཚམས་ནི་གོང་དང་མཐུན་ནོ།། །། དེ་ནས་རིན་ཆེན་འབྱུང་ལྡན་ལ་མེ་ཏོག་ཕོག་ནས ་དེའི་རྣལ་འབྱོར་བྱེད་པར་འདོད་ན་ཡིད་དང་མཐུན་པའི་གནས་སུ་ཡོ་བྱད་ལ་སོགས་པ་གཞུང་བཞིན་དུ་བཤམས་ལ། བདེ་བའི་སྟན་ལ་འདུག་སྟེ། ལྕེ་ལག་བྱིན་གྱིས་བརླབ་པ་ནས། གཞལ་ཡས་ཁང ་བསྐྱེད་པ་ཡོན་ཚད་སྟོན་བཞིན་བྱས་ལ། དེ་ནས་སྔོན་བཞིན་དཀྱིལ་འཁོར་གྱི་ཞེས་པ་ནས། སྤྲོ་དང་བསྡུ་བ་སྔོན་བཞིན་བྱ་ཞེས་པའི་བར་གྱིས་སྦྱོར་བ་དང་པོ་རྫོགས་པར་བྱས་ལ། དེ་ནས་དཀྱིལ་འཁོར ་རྒྱལ་མཆོག་བསྒོམ་སྟེ། རིན་ཆེན་འབྱུང་ལྡན་གྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དང་པོའི་སངས་རྒྱས། དེའི་ཐུགས་ཀར་ཤེས་རབ་འཁོར་ལོ།། དེའི་ལྟེ་བ་ལ་ངག་གི་དབང་ཕྱུག། དེའི་ཐུགས ་ཀར་ཟླ་བའི་དཀྱིལ་འཁོར་དེའི་ལྟེ་བ་ལ་ཡི་གེ་ཨེ། ངི་ལས་འོང་འཕྲོས་པས་ཟླ་བའི་དཀྱིལ་འཁོར་སྣང་བར་བྱས། ངག་གི་དབང་ཕྱུག་ཤེས་རབ་འཁོར་ལོ།། དང་པོའི་སངས་རྒྱས། གཞལ་ཡས་ཁང་། རྡོ་རྗེ ་རྒྱ་གྲམ། ཆོས་འབྱུང་། བྱང་ཆུབ་ཆེན་པའི་མཆོད་རྟེན། སྣང་བར་བྱས་ཏེ། ཡེ་ཤེས་ཀྱི་རྡུ་རྗེའི་སྒོ་དྲུག་ནས་འཐོན། ཞིང་ཁམས་དྲུག་སྣང་བར་བྱས། དོན་གཉིས་བྱས། བདེ་བར་གཤེགས ་པའི་བཅུང་བསྡུས། སླར་རྡོ་རྗེ་ལ་སྐོར་བ་ལན་གསུམ་བྱས། ཁ་དོག་དྲུག་དང་ལྡན་པའི་འོད་ཟེར་དེ་སླར་རིམ་པ་རིམ་པས་ཨ་ལ་ཐིམ་པས་ཨའི་བྱིན་གྱིས་བརླབས་ཀྱི་མཚན་གྱི་ཡི་གེ་བརྒྱད་ཅུ་རྩ་བཞི་རང་རང་གི ་གནས་སུ་སྤྲོས་ཏེ། དེ་སྤྲོས་བསྡུས་པས་ཕྱག་མཚན་དུ་གྱུར་རོ།། དེ་ནས་སྤྲོ་བསྡུ་བྱས་ནས་སྔགས་རིངས་བརྗོད་པས། ལྷ་བརྒྱད་ཅུ་རྩ་བཞིའི་ངོ་བོར་གྱུར་ཏེ། ཕོ་བྲང་གི་དབུས་སུ་བཞི། འཁོར་ལོ་བརྒྱད་ལ་གཉིས ་གཉིས། ཕྱོགས་བཞིའི་ལྷ་སྣོམ་ལ་ཉི་ཤུ་རྩ་གཅིག་རྩི་གཅིག་འདི་དག་ཀུ་ནི་ལ་ལྷ་མོ་བརྒྱད་བརྒྱད་། སྒོ་བ་བཞི་ཀུན་ལ་བཀོད་པར་ཤེས་པར་བྱའོ།། རིགས་ཁ་ཕྲལ་གྱི་དཀྱིལ་འཁོར་ལྔ་པོ་འདི་ནི་འཁོར་ལོ་རྩིབས ་བརྒྱད་པ་སྒོ་རྐྱང་པ་རཱི་ལས་མེད་དོ།། དེ་ནས་ལས་བལ་བ་དང་། བསྙེན་པ་འབྲིང་པོ་ཡན་ཆད་མཐུན་ནོ།། །། རྒྱས་པར་བྱེད་ན། འདོད་པའི་དོ།། གྲུབ་དམ་པ་སྟེ་ཞེས་པ་ནས། ནོར་བུ་ཆེན་པོ་རིན་ཆེན ་ཏོག་ཅེས་པའི་བར་དུ་ཚིགས་བཅང་ཉི་བཞི་རྫ་ས་སྔགས་ཀྱི་ཡི་གེ་བརྒྱ་རྩ་བཞི་བྱུང་སྟེ། རིན་ཚན་འབྱུང་ལྡན་མང་པོ་བྱུང་སྟེ། ལས་གཉིས་པས་ནས་སེར་སྣ་ཅན་གྱི་རྒྱུད་སྦྱངས་ཏེ། སླར་རིམ ་གྱིས་གཞི་པོ་ལ་ཐིམ་མོ།། ཐུན་མཚམས་ནི་གོང་དང་མཐུན་ནོ།། དེ་རྣམས་ནི་རིགས་ཁ་ཕྲལ་བའི་དཀྱིལ་འཁོར་རོ།། དེ་ནས་རིགས་བསྡུས་པ་བྱང་སེམས་རྡོ་རྗེ་བྱེད་པར་འདོད་ན་ཡོད་དང་མཐུན་པའི་གནསུ་ཡོ་བྱད་ལ་སོགས ་པ་གཞུང་བཞིན་དུ་བཤམས་ལ། བདེ་བའི་སྟན་ལ་འདུག་སྟེ། ལྕེ་ལག་བྱིན་གྱིས་བརླབས་ནས། སྣ་ཚོགས་རྡོ་རྗེ་ཡན་ཆད་སྔོན་བཞིན་བསྒོམས་ལ། དེའི་ལྟེ་བ་ལ་ཡི་གེ་བྲུཾ་ལས་གྱུར་པའི་གཞལ་ཡས་ཁང་། གྲུ་བཞི ་པ་ལ་སྒོ་བཞི་པ། དབུས་ན་དཀྱིལ་འཁོར་སྒོ་རྐྱང་པ་ལྔ་ཡོད་པ་ལྷའི་སྣམ་བུ་ལ་སོགས་པ་དང་ལྡན་པ། རྟ་བེབས་མེད་པ། རྒྱན་ཐམས་ཅད་ཕྱིའི་སྒོ་ལ་བརྒྱན་པའོ།། དཀྱིལ་འཁོར་དྲུག་པོ་ང་ལ་ཇི་ལྟར་གསུངས་པའི ་གདན་ཐམས་ཅད་བསམ་པར་བྱའོ།། དེའི་དབུས་སུ་སིཾ་ལས་སེངྒའི་ཁྲི། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ། དེའི་སྟེང་དུ་ཨ་དཀར་པོ་ཡོངསུ་གྱུར་པ་ལས་རྡོ་རྗེ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་བྱང ་སེམས་རྡོ་རྗེ་སྐུ་མདོག་དཀར་པོ་གཞོན་ནུའི་ཚུལ་ཅན་དབུ་ལ་རིགས་ལྔའི་སངས་རྒྱས་ཀྱིས་བརྒྱན་པ། རྡོ་རྗེ་དྲིལ་བུ་བསྣམས་པ་བསྐྱེད་ལ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་རེ། དེའི་སྟེང་དུ་དང་པོའི་སངས་རྒྱས། ་ངོའི་ཐུགས་ཀ་ར་ཤེས་རབ་འཁོར་ལོ་རྩིབས་བརྒྱད་པ་ལ་ཡི་གེ་འབྲུ་དགུ་ལ་བདུན་ལ་རེ་རེ་ལྀ། གཅིག་ལེ་གཉིས་པ་ཀོང་ལ། ཕྲེང་བའི་ཡི་གེ་རྣམས་གཞན་དང་མཐུན། དེའི་ལྟེ་བ་ལ་ཨ་ལས་བསྐྱེད་པའི་ཨ་ར་པ་ཙན ་མདོག་དཀར་བ་དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར། དེའི་སྟེང་ན་ཡི་གེ་ཨ་དཀར་པོ་དེ་ལས་འོད་ཁ་དོག་རྣམ་པ་དྲུག་དང་ལྡན་པ་བྱུང་སྟེ། བོད་དེས་མི་ཤེས་པའི་རི་བོ་བཅོམ་ནས་རང་གི ་ལུས་ཉིད་སྣང་བར་བྱེད་པ་བསྒོམ་པར་བྱའོ།། སྣང་བར་གྱུར་མ་ཐག་ཏུ་འོད་རིམ་པ་ནས་རིམ་པར་གསལ་བར་བྱས་ཏེ། འཇིག་རྟེན་གྱི་ཁམས་སྣང་བར་བྱསོ།། དེ་ནས་རྡོ་རྗེའི་སྒོ་དྲུག་ནས་ཁ་དོག་དྲུག་དང་ལྡན་པའི ་འོད་དེ་བྱུང་སྟེ། ན་མཁའི་ཁམས་ཀུན་ཁྱབ་པར་བྱས་ནས། སངས་རྒྱས་ཀྱི་ཞིང་ཁམས་གསལ་བར་གྱུར་ཏོ།། ལས་གཉིས་བྱས། དེ་བཞིན་གཤེགས་པའི་བཅུང་བསྡུས། ཐུགས་དཔལ་གྱི་བེའུ་ལ ་སྐོར་བ་ལན་གསུམ་བྱས། ཤེས་རབཱ་དང་ཡེ་ཤེས་བཀུག་ནས་རིམ་པ་ནས་རིམ་པར་ཐིམ་སྟེ། སྙིང་གའི་ཟླ་བ་ལ་གནས་པའི་སྔགས་དང་གཅིག་ཏུ་འདྲེས་པར་གྱུར་ནས་དེ་ཉིད་བརྟག་པར་ཡང་དང་ཡང་དུ ་བསྒོམ། དེ་ལྟར་བསྒོམས་པས་ཕྱིར་རིང་པོར་མི་ཐོགས་པར་ཡེ་ཤེས་ཀྱི་སྒོ་ནས་སྐུ་དང་། ཨའི་སྒོ་ནས་གསུང་དང་། ཟླ་བའི་སྒོ་ནས་ཐུགས་དང་། གསུམ་ཐོབ་སྟེ། སྤྲུལ་པའི་སྐུ་ཡང་མཐོང་བར་འགྱུར་རོ།། ་དེ་ལྟར་སྦྱོར་བ་དང་པོ་རྫོགས་ནས་དཀྱིལ་འཁོར་རྒྱལ་མཆོག་བསྒོམ་སྟེ།། གཙོ་བོ་བྱང་སེམས་རྡོ་རྗེའི་ཐུགས་ཀར་གདན་ཟླ་བ་ལ་སོགས་པ་དྲུག་གསལ་བར་བྱས་ལ། དེའི་ཨ་ལ་འོད་འཕྲོས་པས་རིམ་པ་ནས་རིམ་པར ་གསལ་བར་བྱས་ཏེ། དོན་གཉིས་བྱས་དེ་བཞིན་གཤེགས་པའི་བཅུང་བསྡུས། སྐུར་རིམ་པ་ནས་རིམ་པར་ཨ་ལ་ཐིམ་པས། ཨའི་བྱིན་གྱིས་བརླབས་ལས་མཚན་གྱི་ཡི་གེ་ལྔ་བཅུ་རྩ་གསུམ་དུ་རྡོ་རྗེ་དབྱིངས ་ཀྱི་དཀྱིལ་འཁོར་ལ་སྤྲོས་སོ་དེ་ལ་སྤྲོ་བ་དང་ལྡན་བསྡུ་བ་བྱས་ནས་ཕྱག་མཚན་དུ་གྱུར་ཏོ།། དེ་ནས་ཡང་སྤྲོ་བསྡུ་བྱས་ནས་སྔགས་རིངས་བརྗོད་པས་ལྷ་ལྔ་བཅུ་རྩ་གསུམ་གྱི་ངོ་བོར་གྱུར་ཏོ།། དེ་ནས་རྣམ་པར ་སྦྱསྣང་མཛད་ཀྱི་ཆོ་འཕྲུལ་གྱི་ལྷ་བཞི་བཅུ་རྩ་བཞིར་སྤྲུལ་ལོ།། དེ་ནས་མི་བསྐྱོད་པའི་ཆོ་འཕྲུལ་གྱིས་ལྷ་ལྔ་བཅུ་ང་གཉིས་སྤྲུལ་ལོ།། དེ་ནས་སྣང་བ་མཐའ་ཡས་ཀྱི་ཆོ་འཕྲུལ་གྱི་ལྷ་ཉིས་བརྒྱ་ཉི་ཤུར་སྤྲུལ་ལོ།། ་དེ་ནས་རིན་ཆེན་འབྱུང་ལྡན་གྱི་ཆོ་འཕྲུལ་གྱིས་ལྷ་ལྔ་བཅུ་རྩ་བཞིར་སྤྲུལ་ལོ།། དེ་ནས་དོན་ཡོད་པའི་ཆོ་འཕྲུལ་གྱིས་ལྷ་བདུན་ཅུ་རྩ་དྲུག་ཏུ་སྤྲུལ་ལོ།། སྒྱིད་དཀྱིལ་འཁོར་དྲུག་པོ་འདི་ལ་མཚན་བརྒྱད་བརྒྱ ་དང་། བཅུ་གཉིས་ཡོད་དེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་མཚན་སུམ་ཅུ་སོ་གསུམ་རྩི་བས་ལྷ་ནི་བདུན་བརྒྱ་བདུན་ཅུ་རྩ་དགུའོ།། རིགས་བསྡུས་ཀྱི་དཀྱིལ་འཁོར་ལ་དགོད་ཙ་ན། དགོད་རྒྱུ ་དྲུག་བརྒྱ་སུམ་ཅུ་སོ་གསུམ་མོ།། དབུས་སུ་ཐིམ་པ་བརྒྱ་བཞི་བཅུ་ཞེ་དྲུག་ཡོད་པ་ལ་རྣམ་སྣང་གྱི་དཀྱིལ་འཁོར་དུ་སུམ་ཅུ་སོ་བདུན་ཐིམ། མི་བསྐྱོད་པར་བཅོ་ལྔ་སྣང་བ་མཐའ་ཡ་སུ་ལྔ་བཅུ་རྩ་ལྔ། རིན་ཆེན ་འབྱུང་ལྡན་དུ་ཉི་ཤུ་ཐམ་པ། དོན་ཡོད་གྲུབ་པར་བཅུ་དགུ་སྟེ། བརྒྱ་བཞི་བཅུ་ཞེ་དྲུག་གོ། དེ་ལྟར་དཀྱིལ་འཁོར་བསྐྱེད་པའི་དུས་སུ་རྡོ་རྗེ་དབྱིངས་ནི་བྱང་སེམས་རྡོ་རྗེས་སོ།། ལྷག་མ་ནི་རང་རང ་གི་ཆོ་འཕྲུལ་བྱས་ཏེ། དང་པོའི་སངས་རྒྱས་མི་འགྱུར། གཞིའི་སངས་རྒྱས་དང་ཐུགས་ཀའི་ཡེ་ཤེས་སེམས་དཔའ་བདག་གི་བློ་ཡིས་སྒྱུར་བར་ཤེས་པར་བྱའོ།། དེ་ག་ལ་ཤེས་རབ་འཁོར་ལོ་བདུན་འགྱུར་གྱི་གདམས ་ངག་ཅེས་བྱའོ།། དེ་ལྟར་དཀྱིལ་འཁོར་རྒྱ་ལ་མཆོག་བསྒོམས་ནས་དེ་ནས་ལས་བཅོལ་བ་དང་བསྙེན་པ་འབྲིང་པོ་ཡན་ཆད་མཐུན་ནོ།། རྒྱས་པར་ཀློག་ནཱ་སྔགས་ཀྱི་ཚིག་བརྗོད་པ་དང་མུ་ཁྱུད་དང་། འཁོར་ལོ་ཀུན་ལ ་འོང་བྱུང་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པར་སྤྲོས་ཏེ། མཆོད་ཅིང་བསྐུལ་ལ་དོན་བྱས་ནས་སླར་འདུས་ཏེ་དཀྱིལ་འཁོར་ཆེན་པོ་རང་གི་གནས་སུ་བཞུགས་པ་འམ་མི་ལྕོགས་ན་ཡིག་འབྲུ་རྣམས་ལ ་ཐིམ་པའོ།། སངས་རྒྱས་རྣམ་པར་སྣང་མཛད་ཆེ་ཞེས་པ་ནས་རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ་ཞེས་པའི་ཚིགས་བཅད་ཉི་ཤུ་རྩ་ལྔར་རྐང་པ་གཅིག་གིས་མ་ཚང་བ་བརྗོད་ནས། ཡེ་ཤེས་སེམས་དཔའི་ཐུགས་ཀའི ་ཨ་ལས་སྒྲ་ཡིག་བརྒྱད་ཅུ་རྩ་བཞི་འཕྲོས་པས་རྣམ་པར་སྣང་མཛད་མང་པོར་གྱུར་ཏེ་ཞིང་ཁམས་ཐམས་ཅད་སྣང་ཞིང་མཆོད།། གཏི་མུག་ཅན་བཏུལ་ནས་འཁོར་ལོ་དང་པོའི་ཡི་གེ་ལ་ཐིམ་པ་འམ། བསྐུར་གནས་པའོ།། ་དེ་ནས་རྡོ་རྗེ་འཇིག་སུ་བྱེད་ཅེས་པ་ནས། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག་ཅེས་པའི་བར་དུ་ཚིགས་བཅང་བཅུ་དང་རྐང་པ་གཅིག་གིས་ལྷག་པ་བརྗོད་པས་སྔ་མ་བཞིན་དུ་ཁྲོ་བོ་སྤྲོས་ཏེ། ཞེ་སྡང་ཅན་བཏུལ་ནས ་འཁོར་ལོ་གཉིས་པའོ།། ཡང་དག་བདག་མྱེད་ཅེས་བྱེ་བ་ནས། ཡེ་ཤེས་མེ་ལྕེའི་བར་དུ་ཚིགས་བཅད་བཞི་བཅུ་རྩ་གཉིས་བརྗོད་པས་ཡི་གེ་ཉིས་བརྒྱ་བདུན་ཅུ་རྩེ་ལྔ་བྱུང་སྟེ། འོང་དཔག་ཏུ་མེད་པས་འདོད་ཆགས་ཅན ་བཏུལ་ནས་འཁོར་ལོ་གསུམ་པའོ།། འདོད་པའི་དོན་གྲུབ་ནས། རིན་ཆེན་ཏོག་གི་བར་དུ་ཚིགས་བཅད་ཉི་ཤུ་རྩ་བཞི་བརྗོད་པས། སྔགས་ཀྱི་ཡི་གེ་བརྒྱད་ཅུ་རྩ་བཞི་བྱུང་ནས་ན་མཁའི་སྙིང་པོར་བྱུང་ནས་སེར་སྣ་ཅན ་བཏུལ་ནས་འཁོར་ལོ་བཞི་པའོ།། སངས་རྒྱས་ཀུན་གྱི་རྟོགས་བྱས་ནས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག་གི་བར་དུ་ཚིགས་བཅད་བཅོ་ལྔ་བརྗོད་པས་ཡི་གེ་དགུ་བཅུ་རྩ་ལྔ་བྱུང་སྟེ། དོན་ཡོད་གྲུབ་པས ་ལེ་ལོ་ཅན་བཏུལ་ནས་སྦྱར་ལྔ་པར་གནས་སོ།། འཁོར་ལོ་དྲུག་ནི་ཐམས་ཅད་སྤྱིའོ།། དེ་ནས་མཆོད་སྦྱིན་ལ་སོགས་པའི་དོན་བསྡུས་པ་འམ་བསྟོད་པའོ།། སྔགས་ནི་གོང་དུ་བཀོད་པ་ཉིད་དོ།། དེ་ནས་ལ་སོགས ་པ་ནི་ཡི་རང་བའི་བསྟོད་པའོ།། ཕན་ཡོན་ཡང་བརྗོད་པར་བྱ་སྟེ། བདག་དང་གཞན་སྤྲོ་བ་བསྐྱེད་པའོ།། དེ་ནས་ཐུན་མཚམས་ནི་གོང་དང་མཐུན་ནོ།། དེ་ཡན་ཆད་ནི་གོང་དུ་བསྙེན་པའི་རིམ་པའོ།། །། དེ་ནས་རྡུལ ་ཚོན་གྱི་ཆོ་གའི་རིམ་པ་བསྟན་པ་ཏེ། དེ་ནས་རང་དགའི་གནས་ཉིད་དུ་ཞེས་པ་ནི་ལྷ་ཁང་ངམ། མཆོད་རྟེན་ནམ། ཀུན་དགའ་ར་བ་འམ། སྐྱེད་མོས་ཚལ་ལམ། ཡིད་དང་མཐུན་པའི་གནས་སུ ་བརྙན་མའི་དཀྱིལ་འཁོར་བྱའོ་ཞེས་པའི་དོན་ཏོ།། དེ་ག་ལ་གཟུགས་བརྙན་གྱི་དཀྱིལ་འཁོར་བྲི་བར་བྱ་ཞེས་གསུངས་པ་ཁོ་ནའོ།། ས་དེ་ཡོངས་སུ་གཞུང་བཞིན་སྦྱོང་།། གཟུང་དང་ལྡན་པས་གཞུང་བཞིན་དུ། བྱ་བའི ་བྱེ་བྲག་གཞན་ནའོ་ཞེས་གསུངས་པའི་དོན་ནི་འདི་ཡིན་ཏེ། དེའི་འོག་ཏུ་ཉིན་རེ་འམ། ཟླ་བ་ར་འམ་ལོ་རེ་ཉིད་དུ་ཇི་ལྟར་མོས་པ་དགའ་བར་བསྒྲུབ་ཅིང་། ཟླ་བོ་ཡར་ངོ་ལ་ཆོ་ག་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་བྲི་བར ་བྱའོ།། དེ་ལ་རྒྱལ་པོ་ཁྲུ་བརྒྱའམ། ཁྲུ་ལྔ་བཅུའོ།། བློན་པོ་དང་བློན་པོ་ཆེན་པོ་རྣམས་ཀྱིས་ནི་ཁྲུ་ལྔ་བཅུའམ་ཉི་ཤུ་རྩ་ལྔའོ།། དེད་དཔོན་ནམ་ཚོངས་དཔོན་རྣམས་ཀྱི་ཁྲུ་ཉི་ཤུ་རྩ་ལྔའམ་དེའི་ཕྱེད་དོ།། སྒྲུབ་པ་པོ ་རྣམས་ཀྱིས་ཁྲུ་བཅུ་གཉིས་སམ་དྲུག་པ་འམ་ཅི་ནུས་པ་བྱའོ།། དེ་ལ་དང་པོར་རེ་ཞིག་ཡོ་བྱད་ཐམས་ཅད་ཡང་དག་པར་ལྡན་པའི་མངོན་པར་འདོད་པའི་དཀྱིལ་འཁོར་གྱི་སའི་དབུས་སུ། མི་རུས་ཀྱི་ཕྱེ་མའི་སྤྱི་ན་སྲེག ་གི་དཀྱིལ་འཁོར་གྱི་བགེགས་ཉེ་བར་བཟློག་ལ། བདག་དང་སློབ་མ་ཡ་ཞི་པའི་སྦྱིན་སྲེག་བྱའོ།། དེ་ནས་ས་སྦྱང་བར་བྱེ་སྟེ། འདོམ་གང་ངམ། ཁྲུ་གང་ཙམ་འོག་ཏུ་བསྒོས་ལ། དྲི་ཞིམ་པོའི་ཆུས་གཏོར་པོའི་སསྲ ་སླར་བཀང་ལ། རྡོ་རྗེ་རྩེ་མོས་མངོན་པར་བསྔགས་པའི་སྤོས་ཆུས་ཆག་ཆག་བཏབ་སྟེ། ཀུན་ཏུ་བརྡུངས་ལ་མཉམ་པའི་ཁང་པ་བརྩེགས་མའི་ནང་དུ་ཆུད་པ། རྟ་བབས་བཞིས་མཛེས་པར་བྱས་པ། སྒོ་བཞི་དུང་སྐར ་ཁུང་ཅན་ལ་སོགས་པ་ཡིས་ཡོངས་སུ་བསྐོར་ལ། ཐ་མ་རྣམསུ་ལེགས་པར་བྲིས་ཤིང་དྲིལ་བུ་བཏགས་པའི་རྒྱལ་མཚན་མང་པོ་གཟུགས་པ་དང་། བླ་རེ་དམ་པ་བྲིས་པ་དང་། སངས་རྒྱས་རིན་པོ་ཚ་ལ་སོགས ་པའི་རས་བྲིས་ཉེ་བར་མཛེས་པར་བྱས་ལ། བའི་ལྕི་བས་ཡང་དག་པར་སྦྱངས་ཤིང་དྲིས་ཉེ་བར་བྱུག་པ་དང་། མཚམས་བཞིར་སྤོས་ཁང་གཞག་ལ། མེ་ཏོག་དང་གོས་ལ་སོགས་པས་ཉེ་བར་མཛེས་པར་བྱས ་ལ་ལུག་པ་ས་ལ་གཞག་སྟེ་ཧཱུཾ་བཞི་དང་ཡི་གེ་བརྒྱ་པ་ལན་བདུན་དུ་བཟླས་པར་བྱའོ།། དེ་ནས་ཁྲུས་དང་དྲིས་བྱུགས་ལ་གོས་དམར་པོའི་སྟོང་གཡོགས་དང་། ཟེ་ཀ་བཅིངས་ལ། མེ་ཏོག་གི་ཕྲེང་བ་གདགས ་ཤིང་། གདོང་དྲི་ཞིམ་པས་བྱུགས་ལ་གདུ་བུ་དང་རྣ་རྒྱན་ལ་སོགས་པས་བདོག་ཉིད་ལེགས་པར་བརྒྱན་ཏེ། ཟླ་བ་ཉཝ་ནས་བརྩམས་ཏེ་ཕྱི་མའི་བར་དུ། དཀྱིལ་འཁོར་གྱི་ལས་བྱ་བའམ། ཡར་གྱི་ངོའི་ཚེས ་གཅིག་ནས་བརྩམས་པ་འམ། དེ་བཞིན་དུ་ཚེས་བརྒྱད་དང་། དགུ་འམ་བཅུ་འམ། བཅུ་གསུམ་དང་ཚེས་བཅུ་བཞི་རྣམས་ལ་བརྩམས་ལ་ཉའི་བར་དུའམ། སྔ་དྲོའི་དུས་སུ་བརྩམ་པར་བྱའོ།། དེ་ལ་དང་པོ ་དཀྱིལ་འཁོར་གྱི་སའི་དབུས་སུ་གནས་ལ། བགེགས་བསལ་བ་ལ་སོགས་པ་བྱ་སྟེ། སེམས་དཔའི་སྐྱིལ་ཀྲུང་ངུ་འདུག་ལ། དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང་། ཆོས་ཀྱི་དྲིལ་བུ་ཡང་དཀྲོལ་བར་བྱ། དམ ་ཚིག་ནི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ལ་སྙིང་པོ་བཟླ་དེ་ལྟར་མཆོག་ཏུ་དམ་ཚིག་གསུམ་ཐོབ་པའི་སློབ་དཔོན་གྱིས་རང་གི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་བཟུང་ལ། སེམས་ཅན་ཐམས་ཅད་ལ་ཕན་པའི་ཆོ་ག་བྱོ་སྟེ། ་རྟོག་པ་ཀུན་ལ་ཡང་དག་འཇུག། དཀྱིལ་འཁོར་ཐམས་ཅད་འཇུག་པར་ནི། དམ་ཚིག་ཆེན་པོ་གསུམ་བྱའོ།། རྒྱལ་བའི་གསང་སྔགས་སྒྲུབ་པའོ།། དངོས་གྲུབ་མཆོག་ནི་ཐམས་ཅད་ཀྱིས།། རྡོ་རྗེ་དྲིལ་བུ་རབ་ཏུ་བསྐུལ། ་ཆོ་ག་ལྷག་གམ་མ་ཚང་ཡང་།། འགྲུབ་འགྱུར་དམན་པར་མི་བྱའོ།། དེ་ཡང་དང་པོ་སའི་ལྷ་མོ་ཡི་གེ་བཾ་ལས་བྱུང་བ། ལག་ན་བུམ་པ་ཐོགས་པ་རྒྱན་ཐམས་ཅད་ཀྱི་བརྒྱན་པ་བསམས་ལ། འདོད་པའི་རྒྱལ་པོས ་བཀུག་སྟེ། མེ་ཏོག་ལ་སོགས་པས་མཆོང་ལ་གསོལ་པོ་གདབ་པར་བྱའོ།། དེ་ལ་ཕྱག་རྒྱ་དང་སྔགས་ནི་འདི་ཡིན་ཏེ།། རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྦྱར་ལ།། མཛུབ་མོ་དང་མཐེ་ཆུང་གཉིས་མདུང་པ་བྱ་བ་ནི་འདོད ་པའི་རྒྱལ་པོའི་ཕྱག་རྒྱ་སྟེ། སྔགས་ལ་ཊཀྐི་ཧཱུཾ་ཛཿཛཿདེ་ནས་འདིས་བསྐུལ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས།། སྤྱོད་པའི་ཚུལ་དང་ཁྱད་པར་ལས།། ས་དང་ཕ་རོལ་ཕྱིན་པ་ལ།། ལྷ་མོ་ཁྱོད་ནི་དབང་དུ་གྱུར།། ་ཤཱཀྱ་སེངྒེ་སྐྱོབ་པ་ཡིས།། ཇི་ལྟར་བདུད་ཀྱི་སྟེ་བཅོམ་པ།། དེ་བཞིན་བདག་གིས་བདུད་ཀྱི་སྟེ་བཅོམ་པར་བྱ་སྟེ་དཀྱིལ་འཁོར་བྲི། ཞེས་ལན་གསུམ་བརྗོད་དོ།། དེ་ནས་དེ་ཉིད་དུ་ཐིམ་པར་གྱུར་པར་བསམས་ལ། དེའི ་སྟེང་དུ་རྡོ་རྗེ་བཅིངས་པ་ཁ་ཐུར་དུ་བསྟན་ཏེ། བཅིངས་ལ་གཞག་གོ།། ཨོཾ་ཛཱི་པ་ཧཱུཾ། ཞེས་ལན་གསུམ་བརྗོད་དོ།། དེ་ནས་རྡོ་རྗེ་བཅིངས་པ་ལས་བྱུང་བའི། ཧཱུཾ་འབར་བའི་ཚོགས་ཀྱི་ས་གཞི་གཏན་པ་ལ་ཐུག་གི་བྱར་དུ་རྡོ་རྗེ ་གྱུར་པར་བསམས་ལ་འདི་བསྐང་བརྗོད་དོ།། དྲྀ་ཊཱ་བཛྲ་ཏིཥྛ། དེ་ནི་སའི་ཆོ་གོའི་རིམ་པའོ།། དེ་ནས་མཆོད་པའི་བྱེ་བྲག་རྣམས་སྔོན་དུ་བསྟེན་པ་བཞིན་བྱ་སྟེ་ཞེས་པ་ནི། མཆོད་པའི་བྱེ་བྲག་མེ་ཏོག་ལ་སོགས་པ ་རྣམས་ཇི་ལྟ་བ་བཞིན་དུ་བྱིན་གྱིས་བརླབས་ནས་ཚང་བར་དགྲམ་ཞེས་པའི་དོན་ཏོ།། སྤྲོ་བའི་སེམས་ནི་རབ་བསྐྱེད་དེ་ཞེས་པའི་དོན་ནི་ལྕེ་ལག་བྱིན་གྱིས་བརླབ་པ་ནས། སྦྱོར་བའི་དང་པོ་དང་དཀྱིལ་འཁོར་རྒྱལ་མཆོག ་དང་ལས་རྒྱལ་མཆོག་དང་། རྡོ་རྗེ་སྒྲུབ་པ་དང་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་དང་། བསྟོད་པ་ལ་སོགས་པཱ་ཡན་ཆད་བྱའོ།། ཚིག་ལྡན་ཕྱག་བྱས་སྤོས་ཐོགས་ཏེ།། བསྟོད་དེ་ལངས་ལ་འགྱིངས ་བཅས་པས།། བགེགས་བསལ་དོན་དུ་རབ་ཏུ་བསྐོར།། དེ་ནས་ཕུར་བུས་གདབ་པར་བྱ་ཞེས་གསུངས་པའི་དོན་ནི་འདི་ཡིན་ཏེ། དེ་ནས་དོན་དང་ལྡན་པས་ལུས་དྲི་ཞིམ་པོས་བྱུགས་ལ་རྒྱན་སྣ་ཚོགས་ཀྱིས ་བརྒྱན་ཏོ། སྟོད་གཡོགས་དང་སྨད་གཡོགས་ཀྱིས་ལེགས་པར་ཀླགས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཐུལ་མོ་སྦྱར་ནས་ཅུང་ཟད་བཏུང་ལ། དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར་གསོལ་བ་གདག ་པར་བྱ་སྟེ། ཚིགསུ་བཅད་པ་ཕྱེད་དང་བདུན་གྱིས་བསྟོད་ལ་དེ་ནས་འདི་སྐད་བརྗོད་དོ།། ཚིགསུ་བཅད་པ་འདི་དག་གིས།། བདག་ཅག་གིས་ནི་བསྟོད་པ་ཡིས།། ཐེག་པ་ཆེན་པོ་རྟོགས་པ་ཡིས།། ཚུལ་ཆེནཱ་ཡང་ནི་རྒྱས ་པར་མཛོད།། མགོན་པོ་ཁྱོད་ལོ་གསོལ་བ་ནི།། སངས་རྒྱས་ཀུན་གྱི་འཁོར་ལོ་ཆེ།། དཀྱིལ་འཁོར་ཆེན་པོ་དམ་པ་ཡིས།། ཆོ་ག་འདི་ནི་བཤད་པར་གསོལ།། དེ་ནས་འདི་ལྟར་བདག་ཉིད་སྤྲོ་བ་བསྐྱེད་པར་བྱའོ།། དེང་ནི ་བདག་ཚེ་འབྲས་བུ་ཡོད།། བདག་གི་འཚོ་བའང་འབྲས་བུར་བཅས།། ལྷ་དང་དམ་ཚིག་མཉམ་པར་ནི།། གྱུར་པས་བདག་ནི་སོམ་ཉི་མེད།། བྱང་ཆུབ་སེམས་དང་སེམས་གཅིག་པར།། མི་ལྡོག་པར་ནི་བདག་འགྱུར་ཏེ།། ་དེ་བཞིན་གཤེགས་པའི་རིགསུ་ནི།། དེང་བདག་སྐྱེ་བར་ཐེ་ཚོམ་མེད།། དེང་བདག་ཉི་མ་དམ་པ་སྟེ།། བདག་གིས་མཆོད་སྦྱིན་བླ་ན་མེད།། སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས།། དེང་བདག་འདུས་པའི་མཆོག ་ཡིན་ནོ།། དེ་ནས་ལུས་ཐམས་ཅད་ཀྱིས་ཕྱག་བྱས་ལོ། བདུག་སྤོས་ཕུལ་ལ། སངས་རྒྱས་ཐམས་ཅད་ལ་གསོལ་བ་གང་བ་པོར་བྱའོ།། མ་ལུས་ཕྱོགས་ན་བཞུགས་པ་ཡིས།། སངས་རྒྱས་ཐམས་ཅད་དགོངས་སུ ་གསོལ།། བདག་མིང་འདི་ཞེས་བགྱི་བ་ཡི།། རྡོ་རྗེ་ཅན་གྱི་དཀྱིལ་འཁོར་འདིར།། དེང་འདིར་སངས་རྒྱས་ཀུན་གཤེགས་ཏེ།། དངོས་གྲུབ་འདི་ནི་སྦྲུལ་དུ་གསོལ།། ཞེས་བརྗོད་ལ། སྔགས་དང་ཕྱག་རྒྱ་ངག་གིས་འཁོར ་ལོའི་སྟེང་དུ་ན་མཁའ་བཞག་སྟེ། རྡོ་རྗེ་སེམས་དཔའི་སྦྱོར་བས་རང་གི་རྐང་མཐིལ་གཉི་སུ་ཨ་ལས་སྣ་ཚོགས་རྡོ་རྗེ་བཀོད་ལ།། རྐང་པའི་མཐིལ་ནས་ཡོངསུ་བཟུང་བ་ནས།། རླུང་གི་དཀྱིལ་འཁོར་ནས་བརྩམས་ཏེ། ་རིའི་རྒྱལ་པོ་རི་རབ་ཀྱི་སྟེང་གི་བར་དུ་རྡོ་རྗེར་གྱུར་པར་ལྷག་པར་མོས་པ་དང་། དབང་ལྡན་ཕྱོགས་ནས་བརྩམས་ཏེ་སྐོར་ལ་སྣ་ཚོགས་རྡོ་རྗེ་དེ་དག་ས་ལ་འདྲི་ཞིང་། ཧཱུཾ་འདོན་ཞིང་བགེགས་ཐམས་ཅད་སྐྲོད་པ་ལ ་སོགས་བསྐོར་བར་བྱའོ།། འདིར་བཤད་པ་ཕྱག་རྒྱ་ལ་གནས་དེ་བཞིན་ལངས།། ཀུན་ཏུ་རྣམ་པར་བལྟས་ནས་ནི།། རྡོ་རྗེ་སེམས་དཔའ་ཞེས་བརྗོད་ནས།། བསྒྱིངས་པའི་ཚུལ་གྱིས་ཡོངས་སུ་བསྐོར།། སྔགས་པ་རྡོ་རྗེ ་སེམས་ཟློས་ཤིང་།། རྡོ་རྗེ་ལྟ་བས་བལྟས་ནས་ནི།། དཀྱིལ་འཁོར་གྱི་ནི་ས་ཡི་ཆར།། ཉེ་བར་ལྡན་པའང་དག་པར་འགྱུར་ཞེས་གསུངས་པ་ཡིན་ཏེ། དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་དང་ལྡན་པས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག ་རྒྱས་སྙིང་ག་དང་། དཔྲལ་བར་དང་། ལྐོག་མ་དང་། སྤྱི་བོར་བྱིན་གྱིས་བརླབས་ལ། གཡས་པ་ཁྲོ་བོའི་རྡོ་རྗེ་ཆེན་པོ་གསོར་ཞིང་། གཡོན་པ་དྲིལ་བུ་བསིལ་ཞིང་། ཁྲོ་བོས་འབར་བའི་ལུས་དང་། སྐོར་བ་ལན ་གསུམ་བྱས་ལྔ་འདི་སྐད་བརྗོད་པར་བྱའོ།། སློབ་དཔོན་མིང་འདི་ཞེས་བྱ་བས་སློབ་མ་ཆེ་གེ་མོ་ཞེས་བྱ་བ་རྫོགས་པའི་བྱང་ཆུབ་ཡོངསུ་རྫོགས་པར་བྱ་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་ཡེ་ཤེས་བླ ་ན་མེད་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ས་ཕྱོགས་འདི་རོ་དཔལ་གསང་བ་དང་ལྡན་པ་ཞེས་བྱ་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ང་འདྲི་ཡིས།། ལྷ་དང་ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས ་དང་། ཤ་ཟ་དང་། འབྱུང་པོ་དང་། རྗེད་བྱེད་དང་། མཁའ་འགྲོ་མ་དང་། གནོན་པོ་དང་། ན་མཁའ་ལྡིང་དང་། མི་འམ་ཅི་དང་། རིག་སྔགས་འཆང་གྲུབ་པ་རྒན་པོ་དང་རྒན་མོ་འཁོར་དོང་གཡོག་ཏུ་བཅས་པ་གང་དག ་འཁོད་པ་རྣམས་དེངས་ཤིག། གང་དགྲ་མི་འགྲོ་བ་དེ་དག་ངའི་ཡེ་ཤེས་ཀྱི་རྡོ་རྗེས་མགོ་ཚལ་བ་བརྒྱར་འགེས་པར་བྱའོ།། ཞེས་ལན་གསུམ་བརྗོད་པར་བྱའོ།། དེ་ནས་ལྷ་ལ་སོགས་པ་དེ་རྣམས་ས་དེ་སྤངས་ནས་སོང་བར ་བསམས་ལ། དེ་ནས་སྔོན་དུ་སོང་བའི་བསྲུང་བའི་འཁོར་ལོ་ཡང་རྫོགས་པར་བྱའོ།། དེ་ནས་ཕུར་བུས་གདབ་པའི་རྒྱུ་ནི་འདི་ཡིན་ཏེ། སོར་བརྒྱད་པའི་ཚད་ཀྱིས་སེང་ལྡེང་བུ་གི་ཕུར་བུ་ཙན་དན་དམར་པོས་བྱུགས་ལ། སྲང ་བུ་དམར་པོ་དང་། མེ་ཏོག་དམར་པོ་བཅིངས་ལ་སྟོང་ཁྲོ་བོའི་དབྱིབས་ལ་སྨད་རྡོ་རྗེ་རྩེ་གཅིག་པའི་དབྱིབསུ་འདུག་པ་ཧཱུཾ་བཞི་ལས་བསྐྱེད་དོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷྣཱཾ་བནྡྷ་བནྡྷ་ཧཱུཾ་ཕཊ། ཅེས་བརྒྱ་རྩ་བརྒྱད ་བརྒྱད་བཟླས་པས་མཐའ་ཡས་དང་། རྣམ་པར་རྒྱལ་བ་དང་། འབྲུག་སྒྲ་དང་། གསུས་པོ་ཆེ་དང་རྒྱལ་བ་ཞེས་བྱ་བ་དང་ལྔར་གྱུར་ཏེ། གཡོན་པ་རྡོ་རྗེ་ཁུ་ཚུར་གྱིས་བཟུང་སྟེ། གཡས་པ་རྡོ་རྗེ་ཐོ་པ་བླངས་ལ། ཨོཾ ་ཧཱ་ན་ཧཱ་ན། དྷཱ་མ་དྷ་མ། སན་ཙུ་ར་ཎ་ཡ་བཛྲ་མུང་ག་ར་ཧཱུཾ་ཕཊ་ཙིས་རྡོ་རྗེ་ཐོ་བ་ལ་བརྒྱ་རྩ་བརྒྱད་བཟླས་ཏེ། མཚམས་བཞི་དབུས་དང་ལྔར་གདབ་པར་བྱའོ།། དེ་ལ་གོ་ཆ་ལ་སོགས་པ་བསྐོན་པར་བྱ་སྟེ། འོག ་གི་བགེགས་བཟློག་པའོ།། དེ་ནས་ཏིལཱ་ནག་དང་མི་རུས་ཀྱི་སྦྱིན་སྲེག་གིས་ཞི་བར་བྱའོ།། དེ་ཡན་ཆད་ནི་བགེགས་བཟློག་པའི་ཆོ་གའོ།། དེ་ནས་ལྷག་པར་གནས་པར་བྱ་སྟེ། བཛྲ་ཤི་ཁོ་རོ་རུཾ་ཊ་མ་ཊ ་ཅེས་བྱ་བས་མངོན་པར་བསྔགས་པའི་སྤོས་ཆུས་དཀྱིལ་འཁོར་ཉེ་བར་བྱུགས་ལ། གུར་ཀུམ་དང་། ཨ་ཀ་རུ་དང་། ཙན་དན་དང་ག་བུར་དང་། གླར་རྩི་ལ་སོགས་པའི་དྲི་ལ་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྔགས ་ཀྱིས་བཏབ་ལ། ལྷ་རྣམས་ཀྱི་གྲངས་ཇི་སྙེད་པའི་དྲིའི་ཐིག་ལེ་བྱའོ།། དེ་ནུས་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་ཡིད་ཀྱིས་དཀྱིལ་འཁོར་ཡོངས་སུ་བརྟགས་ཏེ། དཀྱིལ་འཁོར་དེ་རྣམསུ་རྣམ་པར་སྣང་མཛད་ཆེན ་པོ་ཡོངསུ་གྱུར་ནས་རྗེ་བཙུན་འཇམ་དཔལ་དུ་གྱུར་པ་ལ་སོགས་པ་རང་གི་སྙིང་པོས་བཞུགས་ལ། མཆོད་པ་རྣམ་པ་ལྔས་ཡང་དག་པར་མཆོད་དོ།། དེ་ནི་ལྷ་ལྷག་པར་གནས་པའོ།། དེ་ནས་བུམ་པ་ལྷག་པར ་གནས་པར་བྱ་སྟེ། དབང་བསྐུར་བའི་ཕྱིར་རྣམ་པར་རྒྱལ་བའི་བུམ་པ་སྔགས་ཀྱིས་མངོན་པར་གདབ་བོ།། དེའི་ཆོ་ག་ནི་འདི་ཡིན་ཏེ། པཾ་ལས་རིན་པོ་ཆེའི་རང་བཞིན་གྱི་བུམ་པ། རྩ་བ་ནག་ནོག ་མེད་པ། ལྟོ་ཆེ་བ་མགྲིན་པ་རིང་གི། ཁ་གྱེ་བ་བསྐྱེད་ལ། དེའི་དབུས་སུ་ཧྲཱི་ལས་བྱུང་བའི་པདྨ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེར་ལྷ་རྣམས་ཀྱི་འཁོར་ལོ་རང་གི་དམ་ཚིག་གི ་གནས་པས་བཞུགས་པར་བསམས་ལ། དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུས་ཡོངསུ་གང་བར་བསམས་ནས། སྨན་ལྔ་དང་རིན་པོ་ཆེ་ལྔ་དང་། ལྡན་པ་མེ་ཏོག་ཕྲེང་བྱས་བཅིངས་པའི་གསང་བའི་རྡོ་རྗེ ་སྙིང་པོ་ཅན་ལ་མགུལ་བ་གོས་གཙང་མས་དཀྲིས་ལ། ཨ་མྲའི་ལོ་མ་ལ་སོགས་པས་ཁ་བརྒྱན་པར་བྱས་ལ་དཀྱིལ་འཁོར་ལྷའི་སྔགས་ཀྱིས་མངོན་པར་བཟླས་ཤིང་། ཨོཾ་བཛྲོ་ད་ཀ་ཧཱུཾ་ཧཱུཾ་ཞེས་སྟོང་རྩ་བརྒྱད ་བཟླས་བརྗོད་བྱས་ཏེ། སྤྲོས་ལ་སོགས་པས་མཆོད་ནས་དཀྱིལ་འཁོར་ལ་བསྐོར་ཏེ། བཅོམ་ལྡན་འདས་འཇམ་དཔལ་གྱི་སྤྱན་སྡེར་བཞག་ལ། དཀྱིལ་འཁོར་གྱི་ཉིན་མོ་དུས་གསུམ་བཟླས་བརྗོད་བྱས་ནས ་དཀྱིལ་འཁོར་དུ་ཡང་བཟླས་བརྗོད་བྱས་ཏེ་དེས་དབང་བསྐུར་བར་བྱའོ།། སིང་ཁྲི་བྱ་ཀྲི་ཀར་ཎི་ཀ། ཧ་ས་དེ་བ་ཨུཏྤ་ལ། སྨན་རྣམས་ཀུན་ཞེས་པ་ལ་ལྔ་པོ་འདི་དག་ཤེས་པར་བྱའོ།། འབྲས་ཀྱི་སོ་བོ་མོ་སྲན་གྲེའུ། ་ནས་ཏིལ་དང་ལྔ་ལ་འབྲུ་རྣམས་ཀུན་ལ་འདི་དག་གཟུང་ངོ་།། བྷུ་རུ་གསེར་ས་ལེ་སྠཱམྦ་མུ་ཏིག་ནོར་བུ་སྟེ། རིན་པོ་ཆེ་ཀུན་ཞེས་པ་ལ་ལྔ་པོ་བཱདི་དག་ཤེས་པར་བྱའོ།། དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྔགས་དང་བྱ་གཱ་ནྱ ་དང་བཅས་པས་ལུས་ཐམས་ཅད་པའི་བུམ་པ་ལ་མངོན་པར་བསྔགས་ལ། དེ་བཞིན་དུ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ་དཀྱིལ་འཁོར་གྱི་སྒོར་བཞག་པར་བྱའོ།། དེ་ལ་སྔགས་དང་ཕྱག་རྒྱ་ནི ་འདི་ཡིན་ཏེ། ཨོཾ་སུཾ་བྷ་ནི་སུཾ་བྷ་ནི་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོཿབྷཱ་ག་བཱན་བཛྲ་ཧཱུཾ་ཕཊ་ཅེས་པ་དང་། ཁྲོ་བོ་ཁུ་ཚུར་གཉིས་བཅིངས་ཏེ།། མཐེ་ཆུང་རྩེ་མོ་མདུང་བྱས་ལ།། མཛུབ ་མོ་གཉིས་ནི་བསྒྲེང་བ་དག། རྡོ་རྗེ་ཧཱུཾ་མཛད་ཕྱག་རྒྱའོ།། ཞེས་གསུངས་པས་སོ།། དེ་ནས་གསོལ་བ་འདི་ལྟར་གདབ་པར་བྱ་སྟེ། ཇི་སྲིད་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དེ་སྲིད་དུ་འདིར་འདུག་པ་རྣམས ་བཅོམ་ལྡན་འདས་ཀྱིས་བཟློག་ཏུ་གསོལ་ཞེས་བྱའོ།། དེ་ནས་ཕྱི་རོལ་ཏུ་གཏོར་མ་བྱིན་ལ་ཉེ་རེག་བྱ་སྟེ། དེ་ཡན་ཆད་ནི་བུམ་པ་ལྷག་པར་གནས་པའི་རིམ་པའོ།། དེ་ནས་སློབ་མ་ལྷག་པར་བྱ་སྟེ། དད་ཅིང ་གུས་པས་ཕྱག་བྱས་ནས་སློབ་མ་རྣམས་ལྷག་པར་གནས་པར་བྱའོ།། དེ་ལ་རེ་ཞིག་སློབ་མ་རྣམས་ཁྲུས་བྱས་ཤིང་གོས་གཙང་མ་གོན་ལ་ལག་ཏུ་མེ་ཏོག་ཐོགས་ལ་སློབ་དཔོན་ལ་ཕྱག་བྱས་ཏེ། འདི་སྐད་བརྗོད་པར ་བྱའོ།། དགའ་ཆེན་ཁྱོད་བདག་སྟོན་པ་བས།། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ།། བྱང་ཆུབ་སེམས་དཔའི་ཚུལ་སྟོན་པ།། མགོན་པོ་ཆེན་པོ་བདག་ལ་གསོལ།། དམ་ཚིག་དེ་ཉིད་སྤྲུལ་དུ ་གསོལ།། བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། སྐྱབས་གསུམ་བདག་ནི་བདག་ལ་གསོལ།། ཐར་པ་ཆེན་པོའི་གྲོང་མཆོག་ཏུ།། མགོན་པོས་བདག་ནི་འཇུག་པར་གསོལ།། དེ་ནས ་སློབ་དཔོན་གྱིས་སློབ་མའི་སྙིང་གར་སྙིང་པོ་བཞག་སྟེ། སུ་ར་ཏ་ས་མ་ཡ་སྟྭཾ། ཧོ་བཛྲ་སིང་དྷ་ཡ་ཐཱ་སུ་ཁཾ། དེ་ན་དེ་བཞིན་གཤེགས་པ་དེའི་སྤྱི་བོར་ལག་པ་གཞག་ལ། རྡོ་རྗེ་ལས་ཀྱི་སྙིང་པོ་བརྗོད་ནས་སྣ་ཚོགས་རྡོ་རྗེ་བསྒོམ ་པར་བྱའོ།། དེ་ནས་ཧཱུཾ་བཛྲ་རཀྵ་ཞེས་བྱ་བས་གོ་ཆ་བསྐྱེད་ལ། རྐང་པའི་མཐར་ཐུག་པའི་བར་དུ་གོ་བསྐོན་པར་བྱའོ།། དེ་ནས་རྡོ་རྗེ་དྲིས་ལག་པར་དྲི་བྱིན། མེ་ཏོག་གིས་མེ་ཏོག་གཏོར། བདུག་པས་བདུག་པ་གཏུལ ་ཏེ། རྣམར་མེས་མར་མེ་ཉེ་བར་བསྟན་ལ།། རེ་རེ་ཞིང་འདི་སྐད་བརྗོད་པར་བྱ་སྟེ། དིང་ནས་བརྩམས་ཏེ་བདེ་བ་ཐམས་ཅད་ལྡན་པར་གྱུར་པས་ཉེ་བར་གནས་པར་གྱིས་ཤིག། དེ་ནས་སློབ་མ་ཡི་གཙོ་བོ་ལ་བོས་ཏེ། འདི ་སྐད་བརྗོད་པར་བྱ་སྟེ། འཇིག་རྟེན་འདི་ནི་དོན་མེད་དེ། ཕྱི་མའི་དོན་དུ་གཉེར་བའི་བུ།། ཁྱོད་ནི་ཚུལ་ཚན་སྣོད་ཡིན་ཏེ།། བུ་ཚུར་ཐེག་པ་ཆེན་པོ་ཡིས།། གསང་སྔགས་སྤྱོད་ཚུལ་ཆོ་ག་འདི།། ཁྱོད་ལ་ཡང་དག་བསྟན་པར ་བྱ་རྫོགས་པའི་སངས་རྒྱས་གང་འདས་དང་།། དེ་བཞིན་གང་དག་མ་བྱོན་དང་།། ད་ལྟར་བྱུང་བའི་མགོན་པོ་རྣམས།། འགྲོ་ལ་ཕན་ཕྱིར་བཞུགས་པ་དག། དེ་དག་ཀུན་གྱིས་གསང་སྔགས་ཀྱིས།། ཆོ་ག་ཟབ་མོ་འདི ་མཁྱེན་ནས།། དཔའ་བོས་བྱང་ཆུབ་ཤིང་དྲུང་དུ།། ཐམས་ཅད་མཁྱེན་པས་མཚན་མེད་བརྙེས།། གསང་སྔགས་སྤྱོད་པ་མཉམ་མེད་དེ།། ཤཱཀྱ་སདླྀ་སྐྱོབ་པ་ཡིས།། བདུད་སྡེ་ཤིན་ཏུ་མི་བཟད་པ།། དཔུང་ཆེན་དག་ཀྱང ་དེ་ཡིས་བཅོམ།། དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར།། བུ་ཡིས་བློ་གྲོས་འདི་གྱིས་ཤིག། རྟོག་པ་མ་ལུས་ལེགས་པར་བསྡུས་ནས་ནི།། ཤིན་ཏུ་བསམ་པ་བཟང་པོ་ལྡན་པར་ཉོན།། བརྗེད་ངས་བློ་ལ་རྡོ་རྗེ་སེམས ་སོགས་པའི།། བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རླབ།། དེ་ནས་ཆོ་ག་འདིས་སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་གཞུག་སྟེ། ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། ་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དྲུང་པདྨ་དང་། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་ཕྱག་རྒྱ་དང་། གསང་སྔགས་དང་། རིགས་སྔགས་ཀྱི་ལྷ་ཐམས་ཅད་བདག་ལ་དགོངས་སུ ་གསོལ།། བདག་མིང་འདི་ཞེས་བགྱི་བ། ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་པདྨ་དང་། ལས་ཀྱི་རིགསུ་ཞུགས་པ་ཐམས་ཅད ་དང་སྙིང་པོ་དང་། ཕྱག་རྒྱ་དང་གསང་སྔགས་དང་། རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་སྤྱན་སྦྱར་སྡིག་པ་ཐམས་ཅད་བླ་ན་མེད་པའི་སོ་སོར་བཤགས་པར་བགྱིའོ།། ཇི་ལྟར ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཀྱི་དབྱིངས་མ་ལུས་པར་རྟོགས་པའི་བསོད་ནམས་ཐམས་ཅད་མཁྱེན་ཞིང་རྗེསེ་སུ་ཡི་རང་བར་མཛད་པའི་རྗེ་སུ་ཡི་རང་བླ་རྗེ་སུ་ཡི་རང་བར་བགྱིའོ།། གང་ཡང་ཕྱོགས་བཅུའི ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་ན། ཆོས་ཀྱི་འཁོར་ལོ་མི་བསྐོར་བ་དེ་དགྲ་ལ་བླ་ན་མེད་པ་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བའི་ཕྱིར་བསྐུལ་བར་བགྱིའོ།། གོང་ཡང་ཆོས ་ཀྱི་འཁོར་ལོ་བསྐོར་བ་ལ་ནན་ཏན་ལྷུར་མཛད་པ་དེ་རྣམས་ལ་སེན་གྱི་ཁམས་ཇི་སྲིད་གནས་པ་དེ་སྲིད་ཡོངསུ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བར་འཚལ།། ཞེས་ལན་གཉིས་སམ་གསུ་མ ་བརྗོད་དོ།། དེ་ནས་མཚན་ཉིད་དང་ལྡན་པའི་སློབ་མས་སློབ་དཔོན་དུ་འོས་པས་ཡོངསུ་བཟུང་ལ། ཁས་ལེན་པར་བྱ་བའི་ཕྱིར་བཞིན་བཟངས་སྨྲོས་ཤིག་ཅེས་བརྗོད་པར་བྱའོ།། སློབ་མས་ཀྱང་འདི་སྐད ་བརྗོད་པར་བྱའོ།། བྱང་ཆུབ་སེམས་ནི་བླ་མེད་པ།། སློབ་དཔོན་བདག་ལ་སྩལ་དུ་གསོལ།། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་།། དགེ་བའི་ཆོས་ནི་སྡུད་པ་དང་།། སེམས་ཅན་དོན་བྱེད་ཚུལ་ཁྲིམས ་གསུམ།། སངས་རྒྱས་ཀུན་གྱི་བརྟུལ་ཞུགས་ཆེ།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། སྐྱབས་གསུམ་དག་ཀྱང་བདག་ལ་གསོལ།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་།། སློབ་དཔོན་ཉིད་ནི་བདག་ལ་གསོལ།། རྡོ་རྗེ་རིགས ་མཆོག་ཆེན་པོ་ལ།། སློབ་དཔོན་བདག་ནི་བདག་བགྱིད་དོ།། རིན་ཆེན་རིགས་མཆོག་ཡིད་འང་བའི།། དམ་ཚིག་དག་ཀྱང་བདག་ལ་གསོལ།། པདྨའི་རིགས་ནི་དག་པ་དང་།། དེ་བཞིན་ལས་ཀྱི་རིགས་ཆེན་དུ།། སེམས ་ཅན་གྱི་དོན་གྱི་ཕྱིར།། མགོན་པོས་དམ་ཚིག་བདག་ལ་གསོལ།། ཞེས་ལན་གཉིས་ལན་གསུམ་བརྗོད་དོ།། དེ་ནས་སྡོམ་པ་སྦྱིན་པར་བྱ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ཐམས་ཅད ་ན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་བདག་ལ་དགོངསུ་གསོལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་མཆོག་དང་། འཇིག་རྟེན་དབང་ཕྱུག་དང་། དོན་ཡོད་གྲུབ་པ་ལ་སོགས་པ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་བདག ་ལ་དགོངསུ་གསོལ།། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས། བྱང་ཆུབ་སྙིང་པོ་ལ་གནས་ཀྱི་བར་དུ།། ཇི་ལྟར་དུས་གསུམ་མགོན་པོ་རྣམས།། ཡང་དག་བྱང་ཆུབ་ངེས་མཛད་པའི།། དེ་བཞིན་ཐ ་མེད་བྱང་ཆུབ་སེམས།། དམ་པ་བདག་གིས་བསྐྱེད་པར་བགྱི།། སངས་རྒྱས་རྣལ་འབྱོར་སྡོམ་པ་ལ།། སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་།། དགེ་བའི་ཆོས་ནི་སྡུད་པ་དང་།། སེམས་ཅན་དོན་བྱེད ་ཚུལ་ཁྲིམས་དང་།། དེ་དག་བརྟན་པ་གཟུང་བར་བགྱི།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། བླ་ན་མེད་པའི་དཀོན་མཆོག་གསུམ།། དིང་ནས་བརྩམས་ཏེ་གཟུང་བར་བགྱི།། ནམ་དུ་ཡང་ནི་མི་གཏང་ངོ་།། རྡོ་རྗེ ་རིགས་མཆོག་ཆེན་པོ་ཡི།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་།། ཡང་དག་ཉིད་དུ་བཟུང་བར་བགྱི།། སློབ་དཔོན་དག་ཀྱང་བཟུང་བར་བགྱི།། རིན་ཆེན་རིགས་མཆོག་ཆེན་པོ་ཡིས།། དམ་ཚིག་ཡི་འོང་བ་ལ།། ཉིན་རེ་ཞིང ་ཡང་ལན་དྲུག་ཏུ།། སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན།། བྱང་ཆུབ་ཆེན་པོ་ལས་བྱུང་བའི།། པདྨའི་རིགས་མཆོག་དམ་པ་ལ།། ཕྱི་དང་གསང་བའི་ཐེག་པ་གསུམ།། དམ་པའི་ཆོས་ཀྱང་གཟུང་བར་བགྱི།། ལས ་ཀྱི་རིགས་མཆོག་ཆེན་པོ་ལ།། སྡོམ་པ་ཐམས་ཅད་ལྡན་པར་ནི།། ཡང་དག་ཉིད་དུ་གཟུང་བར་བགྱི།། ཆོས་པའི་ལས་ཀྱང་ཅི་ནུས་བགྱི།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། བདག་གིས་སྡོམ་པ་མ་ལུས་བཟུང་།། ་མ་བརྒལ་བ་ནི་བསྒྲལ་བར་བགྱི།། མ་གྲོལ་བར་ནི་གྲོལ་བར་བགྱི།། དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་།། སེམས་ཅན་མྱ་ངན་འདས་ལ་དགོད།། ཅེས་ལནི་གཉིས་ལན་གསུམ་དུའོ།། དེ་ནས་གཞན་ཡང ་སངས་རྒྱས་ཆོས་དང་ཚོགས་མཆོག་ལ།། བྱང་ཆུབ་བར་དུ་སྐྱབསུ་མཆི།། བདག་གཞན་དོན་ནི་རབ་བསྒྲུབ་ཕྱིར།། བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ།། ཞེས་པ་འདིས་གསུམ་ལ་སྐྱབསུ་འགྲོ་བ་ལ་སོགས ་པ་བྱས་ལ།། འདིས་སྨོན་ལམ་འདེབས་སུ་གཞུག་པར་བྱ་སྟེ།། བདག་གི་དགེ་བའི་ལས་རྣམས་འདི་དག་གོས།། འཇིག་རྟེན་མི་རིང་མྱུར་དུ་སངས་རྒྱས་ཤོག། འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད། ་ཅིང་། སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་གྲོལ་ཞེས་བྱའོ།། དེ་ནས་ཆོས་བསྟན་པར་བྱ་སྟེ། ཐེག་པ་ཆེན་པོ་ཆེར་འབྱུང་བའི།། ལམ་མཆོག་འདི་ནི་དཔལ་དང་ལྡན།། ཁྱེད་རྣམས་དེར་ནི་དོང ་བས་ན།། རང་བྱུང་སྐལ་བ་ཆེན་པོ་པ།། འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི།། དེ་བཞིན་གཤེགས་པ་རྣམསུ་འགྱུར།། ཡོད་དང་མེད་ལས་རྣམ་པར་འདས།། ནམ་མཁའ་བཞིན་དུ་དྲི་མ་མེད།། ཟབ་མོ ་རྟོག་གེ་ཐམས་ཅད་ཀྱིས།། རབ་ཏུ་མི་རྟོགས་གནས་མེད་དེ།། སྤྲོས་པ་ཀུན་དང་བྲལ་བ་སྟེ།། སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ།། ལས་དང་བྱ་བ་སོགས་བྲལ་བ།། བདེན་པ་གཉིས་ལ་གནས་པ་ཡི།། ཐེག ་པ་རབ་ཀྱིས་མཆོག་འདི་ནི།། ཚུལ་ལ་གནས་པ་ཐོབ་པར་འགྱུར།། དེ་ནས་བཛྲ་ཧ་ས་ཧ་ཞེས་བྱ་བས་མངོན་པར་བསྔགས་པའི་སོ་ཤིང་གི་རྩེ་མོར་དྲིས་བསྐུས་ཤིང་མེ་ཏོག་གིས་བརྒྱན་པ། ཤིང་དམར་པོ ་འོ་མ་ཅན་ལས་བྱུང་བ། ཚང་སོར་བཅུ་གཉིས་པ་འཆའ་རུ་གཞུག་པར་བྱའོ།། སློབ་མ་ཁ་ཤར་ཕྱོགསུ་བལྟས་ཏེ།། མི་སྨྲ་བར་ནི་སོ་ཤིང་འཆའ།། འཆའ་བ་ཟིན་ནས་མི་མགས་ཞིང་།། ་ཕན་ཚུན་དུ་ཡང་མི་འདོར་རོ།། སོ་ཤིང་མདུན་དུ་དྲང་པོར་དོར།། དེ་ཚེ་བདག་ལ་བལྟ་བ་དང་།། རྩེ་མོ་གྱེན་དུ་བསྒྲེང་འགྱུར་ན།། དེ་ནི་དངོས་གྲུབ་མཆོག་ཅེས་བྱ།། དེ་བཞིན་ཤར་དུ་ཁ་བལྟས་ན།། དེ་ཡི་དངོས ་གྲུབ་འབྲིང་དུ་བཤད།། མཚམས་དང་བྱུང་དུ་ཁ་བལྟས་ན།། འཇིག་རྟེན་པ་ཡི་དངོས་གྲུབ་འགྲུབ།། སོ་ཤིང་བོར་བ་བརྒྱ་ཞིག་ལ།། གལ་ཏེ་ཐུར་དུ་ཁ་བལྟས་ན།། དེ་ནི་ངེས་པའི་ས་འོག་གི། དངོས་གྲུབ་དེ ་ལ་ཐེ་ཚོམ་མེད།། དེ་ནས་ན་མ་ཞེས་བྱ་བའི་གླུའི་རྡོ་རྗེ་ཡོངས་སུ་བཟླས་པའི་ཆུས་འཐོར་འཐུང་བྱེ་བའི་ཕྱིར་བྱིན་ལ། ཨཱཾ་ཧྲཱིཿབི་ཤུདྡྷ་ཤུདྡྷ་སརྦ་པཱ་པཾ་ནི་ཙཱ་སྱ་ཤོ་དྷ་ཡ། སརྦ་བི་ཀལ་པན་ཨ་པ་ན་ཡ ་ཧཱུཾ་ཞེས་བྱ་བ་མངོན་པར་བཟླས་ཤིང་ཆུ་ཁྱོར་པ་གསུམ་འཐུང་ངུ་གཞུག་པར་བྱའོ།། དེ་ནས་ཀུ་ཤ་གཅིག་ལོ། ཨོཾ་བཛྲ་ཏཱིཀྵི་དྷྭཾ་ཞེས་བྱ་བ་མ་ངོན་པར་བཟླས་ལ་བྱིན་ལ་འདི་ལྟར་མགོན་པོའི་སྔས་སུ་ཞོག ་ཅིག་ཅེས་བསྒོའོ།། ཡང་ཀུ་ཤ་གཞན་དག་ལ་རྡོ་རྗེ་གནོད་སྦྱིན་གྱི་གསང་སྔོགས་མངོན་པར་བཟླས་པས་སྟན་དུ་བྱ་བའི་ཕྱིར། སྦྱིན་པར་བྱའོ།། རྡོ་རྗེ་གནོད་སྦྱིན་མངོན་པར་བཟླས་པའི་བསྲུང་སྲུང་མཛད ་པ་གསུམ་དང་ལྡན་པ་ཡང་ཡི་གེ་བརྒྱ་པ་བཟླས་བརྗོད་བྱ་སྟེ། དཔུང་པ་གཡོན་པ་བསྲུང་བའི་ཕྱིར་དང་བརྟན་པར་བྱ་བའི་ཕྱིར་བཅིང་བར་བྱའོ།། ཨོཾ་བཛྲ་ཡཀྵ་ཞེས་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་སྔགས་སོ།། ་ཨོཾ་མཉྫ་ཤྲཱི་ས་མ་ཡ། མ་ནུ་པཱ་ལ་ཡ། མཉྫུ་ཤྲཱི་ཏྲྀ་ནཱི་པ་ཏིཥྚ། དྲྀ་བྷོ་མེ་བྷ་བ། སུ་ཏོཥྱེ་མཽ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བཱ། སུ་པཽ་ཥྱོ་མེ་བྷཱུ་ག། སརྦ་སིདྡྷི་མ་མེ་པྲ་ཡཙྪ། སརྦོ་ཀརྨྨ་སུ་ཙ་མེ། ཙི་ཏཱཾ་ཤྲེ་ཡ། ཀུ་རུ་ཧཱུཿ ་ཧ་ཧ་ཧ་ཧཻ་\ུ0f7fབྷ་ག་ཝཱཾ་སརྦ་ཏ་ཐཱ་ག་ཏ་བཛྲ་མཱཾ་མེ་མུཉྫ་བཛྲཱི་བྷ་བ་མ་ཧཱ་སཱ་མ་ཡ། མཉྫུ་ཤྲཱི་ཨཱཾཿཞེས་བྱ་བ་ནི་ཡི་གེ་བརྒྱ་པའི་སྔགས།། དེ་ནས་བཞིན་བཟངས་རྣམས་ལོངས་ཤིག། སང་གི་ཉིན་མ ་ཁྱེད་རྣམས་ཐར་པ་ཆེན་པོའི་རང་བཞིན་གྱི་གྲོང་ཁྱེར་མཐོང་བར་འགྱུར། གྱིས་ཇི་ལྟར་མཐོང་བའི་རྨི་ལམ་རྣམས་ཀྱང་སྨྲོས་ཤིག་ཅེས་བརྗོད་ལ་སླར་གཏང་ངོ་།། དེ་ནས་ནང་པར་མཚན་མོའི་མཐར་རྨ ་ལམ་གང་དག་མཐོང་བ་དྲི་བར་བྱའོ།། རྨི་ལམ་མཐོང་ནས་རྨི་ལམ་བཟང་པོ་འམ། ངན་པ་འཛེམ་པ་མེད་པར་བརྗོད་པར་བྱའོ།། རྨི་ལམ་སངས་རྒྱས་མཐོང་བ་ནི།། ཡོན་ཏན་རྒྱ་མཚོ་མངོན་སུམ་བཞིན། ་མཆོད་རྟེན་དང་ནི་སྒྲ་གཟུགས་མཐོང་།། དེ་ལ་མཆོད་པ་རྩོམ་པ་དང་།། དགེ་སློང་དག་ལ་ཆོས་ཉན་ཏམ།། ཡང་ན་གཞན་ལ་ཉན་ཀྱང་རློང་།། ཆོས་ནི་རྣམ་པར་སྤྱོད་པ་དང་།། དེ་བཞིན་གླེགས་བས་ཀློག་པ་དང་།། ་དགེ་འདུན་མཐོང་བ་དང་།། ཡང་ན་དགེ་སློང་གཅིག་ཏུ་མཐོང་།། དེ་དང་འགྲོགས་ཤིག་གཏམ་ཟེར་དང་།། ཡང་ན་དགེ་སློང་དངོས་པོར་མཐོང་།། གཙུག་ལག་ཁང་དག་མཐོང་བ་དང་།། དེ ་བཞིན་དགེ་སློང་མ་དག་མཐོང་།། རྒྱལ་བའི་སྲས་རྣམས་མཐོང་བ་དང་།། དེ་བཞིན་ཕ་མ་བླ་མ་དང་།། མཛའ་བོ་རྣམ་པ་སྣ་ཚོགས་རྣམས།། རྨི་ལམ་དུ་ནི་མཐོང་ན་ཤིས།། རིག་སྔགས་དང་ནི་དངོས་གྲུབ་ཐོབ།། ་དེ་བཞིན་བསླབ་པ་འཛིན་པ་དང་།། ཀུན་དགའ་རྣམ་པ་སྣ་ཚོགས་དང་།། འབབ་ཆུ་རྣམས་དང་རྒྱ་མཚོ་དང་།། རི་དང་གླང་པོ་ཆེ་དག་ཀྱང་།། མཐོང་ན་ཡང་ནི་བཟང་བར་གྲགས།། རྒྱལ་པོ་དག་ནི་མཐོང་ན་ཤིས།། བདེ ་གཤེགས་སྤྱོད་དང་མཐུན་པ་ཡི།། བཀའ་ཐུབ་ཅན་དང་བྲམ་ཟེ་དང་།། ཕྱུག་པོ་སྐྱེས་བུ་དམ་པ་དང་།། བ་དང་རྟ་དང་ངང་པ་དང་།། སེངྒེ་དང་ནི་རི་དགས་རྣམས།། རྨི་ལམ་དུ་ནི་མཐོང་ན་ཤིས།། བཀྲ་ཤེས་པ་ཡི ་བྱ་རྣམས་དང་།། གསེར་དང་ནི་གཏེར་རྣམས་དང་།། རིན་པོ་ཆེ་དང་དངུལ་དག་དང་།། ནོར་ནི་རྣམ་པ་སྣ་ཚོགས་དང་།། མདོར་ན་འབྱུང་ཁུངས་རྣམ་པ་དང་།། མཚོན་ཆ་རྣམས་དང་འབྲུ་རྣམས་དང་།། འབྲས་བུ་རྣམས ་དང་མེ་ཏོག་དང་།། རྒྱན་གྱི་རྣམ་པ་སྣ་ཚོགས་དང་།། ཁ་ཟས་དང་ནི་གོས་རྣམས་དང་།། བྱིས་པ་དང་ནི་གཞོན་ནུ་མ།། བུད་མེད་གཟུགས་ནི་བཟང་མོ་དག། རྨི་ལམ་དུ་ནི་མཐོང་ནི་བཟང་།། ཡང་ན་ཐོབ་ཅིང ་རེག་སྨྲ་དང་།། རྨི་ལམ་དུ་ནི་དབང་བསྐུར་དང་།། རྒྱལ་པོར་འགྱུར་ཞིང་འབྱོར་པ་དང་།། དམག་དཔོན་དུ་ནི་གྱུར་པ་དང་།། གཡུལ་ལ་རྒྱལ་ཞིང་དགྲ་གསོད་དང་།། གཉེན་དང་ལྷན་ཅིག་འགྲོགས་པ་དང་།། ལྷ་རྣམས་ཀྱང ་ནི་མཐོང་བ་དང་།། ཐེག་པ་དང་ནི་ཤིང་རྟ་ཞོན།། དེ་བཞིན་རི་དང་ཁང་ཐོགས་འཛེགས།། ངོ་མཚར་རྣམ་པ་སྣ་ཚོགས་དག། རྨི་ལམ་དུ་ནི་མཐོང་ན་དགེ། ཡམ་ཤིང་མོ་ལ་སྦྱིན་སྲེག་བྱ།། བྱ་བ་བཟང་པོ་དག་ལ ་འཇུག། ཆུ་ལས་རྒྱལ་ཞིང་རོ་ལྔས་རྒལ།། རྐུན་པོ་དག་ནི་ཚར་གཅོད་དང་།། སྟོབས་འགྱེད་པ་ལས་རྒྱལ་བ་དང་།། གྱང་སྟོབས་རྡོབ་ཅིང་འགྱིང་བ་དང་།། རྩེད་མོ་སྣ་ཚོགས་རྨི་བ་དང་།། དེ་བཞིན་རྩལ་དང་སྟོབས ་འགྱེད་དང་།། བཀྲ་ཤིས་ངག་ནི་ཐམས་ཅད་དང་།། མཐོང་ན་རབ་ཏུ་དགེ་བར་བཤད།། གསང་སྔགས་ཆོ་ག་ཉན་པ་དང་།། དགའ་སྟོན་དགེ་བ་མཐོང་བ་དང་།། སྒྲུབ་པ་བཟང་པོ་རྩོམ་པ་དང་།། དེ་ལ་སོགས་པའི ་ལྷས་རྣམས་ནི།། དགེ་བ་རྣམ་པ་དུ་མ་དག། བློ་ཡི་རྣམ་པར་དཔྱང་བྱ་ཞིང་།། དེ་ལས་བཟློག་པ་སྤང་བར་བྱ།། དགེ་བ་རྣམས་ནི་འགྲུབ་པར་འགྱུར།། མི་དགེ་རྣམས་ནི་མི་འགྲུབ་པོ།། མི་དགེ་བ་དག་ཤེས་ནས་སུ།། ་དེ་དག་མཁས་པས་སྤང་བར་བྱ།། དགེ་བ་ཡི་ནི་ལྷས་རྣམས་ནི།། རབ་དང་འབྲིང་དང་ཐ་མ་ལས།། གསང་སྔགས་དངོས་གྲུབ་རྣམ་གསུམ་མོ།། མི་དགེ་པ་ལ་ཞི་བ་ཡི།། སྦྱིན་སྲེག་ཞི་བའི་གསང་སྔགས་ཀྱིས།། ་བ་ཡི་མར་ལ་བརྒྱ་རྩ་བརྒྱད།། ཆོ་ག་བཞིན་དུ་ཞི་བ་དང་།། དེ་ནས་སློབ་མ་སྡིག་བྲལ་ཞིང་།། རྣམ་པར་དག་པ་དེ་དག་ལ།། རྗེ་སུ་བརྩེ་བར་བྱ་བའི་ཕྱིར།། ཅི་འདོད་པར་ནི་གཟུང་བར་བྱའོ།། དེ་ནས ་དཀྱིལ་འཁོར་ཡང་དག་པར་མཆོད་ལ་བཟླས་བརྗོད་དང་བསྒོམ་པ་ཇི་ལྟ་བ་བཞིན་དུ་བྱའོ།། དེ་ནས་བདུག་སྤོས་བཏུལ་ལ།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། སྲས་བཅས་འཇིག་ཅན་རྣམ་གྲངས ་དང་།། རྡོ་རྗེ་རིགས་ཆེན་རིགས་དག་དང་།། དེ་བཞིན་པདྨ་ལས་ཀྱི་རིགས།། སྙིང་པོ་སྔགས་དང་རིགས་རྣམས་དང་།། གང་ཡང་ལྷ་ཡི་ཚོགས་རྣམས་ཀུན།། ཆོས་ཀྱི་དབྱིངས་ནིས་ངེས་བཞུགས་པ།། དེ་རྣམས་བདག་ལ ་དགོངསུ་གསོལ།། སློབ་མ་རྣམས་ལ་བརྩེ་བ་དང་།། ཁྱོད་རྣམས་ལ་ཡང་མཆོད་པའི་ཕྱིར།། བདག་མིང་འདྲི་ཞེས་བགྱི་བ་ཡིས།། ཡོ་བྱད་ཅི་འབྱོར་པ་ཡིས་ནི།། ཆོས་དབྱིངས་རང་བཞིན་གྲོང་ཁྱེར་མཆོག། དཀྱིལ་འཁོར ་སང་ནཱི་བྲི་བར་བགྱི།། ཐུགས་བརྩེ་ཉེ་བར་བཞག་ནས་ནི།། བྱིན་གྱི་བརླབ་པ་མཛད་དུ་གསལ།། དེ་ནས་རང་གི་སྔགས་དང་ཕྱག་རྒྱ་དག་གིས་འཁོར་ལོ་བཏེག་ལ།། དེ་བཞིན་གཤེགས་པ་དེ་རྣམས་ཉིད་དད་པའི་ཤེལ ་ལྟ་བུའི་ཁང་པ་བརྩེགས་པའི་ནང་དུ་ཞུགས་པར་ཁ་སྦྱོར་བ་ནི་འདི་ཡིན་ཏེ།། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཿཞེས་བྱ་བའི་དབུསུ་སྟེང་དོང་འོག་དང་པར་དུ་བཀྲ་ཤིས་པར་བྱ་བའི་ཕྱིར་དང་། ཨོཾ་ལྔ་ལྔ་དང་། ཡང་སྟེང་དུ་ཨ་ལྔ ་དང་། འོག་ཏུ་ཧཱུཾ་ལྔ་བསམས་ཏེ། དེ་ལྟར་བདག་དང་དཀྱིལ་འཁོར་བསྒོམ་པར་བྱའོ།། དེ་ནས་དེ་ཉིད་དུ་སློབ་མའི་གཙོ་བོ་དང་། ལྷན་ཅིག་བསམ་གཏན་ལ་མཉམ་པར་བཞག་པའི་བློ་དང་ཉལ་བར་བྱའོ།། དེ་ཡན་ཆད་ནི་སྨྲན། ་མ་ལྷག་པར་གནས་པའི་རིམ་པའོ།། ། དེ་ནས་ནང་པར་སྐྱ་རེངས་ཤཱར་ཙམ་ན་ཁྲུས་བྱ་བ་སྔོན་དུ་འགྲོ་བས་ནས་ལྷའི་རྣལ་འབྱོར་བྱས་ལ།། ཉི་མ་ཤར་ཀར་ཐིག་གདབ་པ་ཙམ་པར་བྱ་སྟྭ~ཾ། འཁོར་ལོས་སྒྱུར་བའི ་ང་རྒྱལ་བྱས་ལ་སྲད་བུ་སྔོན་པོ་དང་སེར་པོ་དང་དམ་པོ་དང་ལྗང་གུ་དང་དཀར་པོ་དང་དྲི་ཞིམ་པོས་ཁ་བསྒྱུར་ལ་གོ་རིམས་འདི་ཉིད་ཀྱིས་བཞག་ལ། ཧཱུཾ་ཏྲཱཾ་ཧྲཱིཿཿཞེས་བྱ་བའི་ས་བོན་ལུས་མི་བསྐྱོད་པ་ལ་སོགས་པ་སྲང་བུ་ལ ་བཀོད་དོ། ས་བྷིན་དེ་རྣམས་ལཱ་རང་གི་ཕྱོགས་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀར་རང་རང་གི་ཁཱ་དོག་ཇི་ལྟར་འོད་ཀྱི་སྲིད་བུར་བསམས་ལ་མིག་གཉིས་ཨོཾ་དཱི་པ་ཏཱ་དྲྀཥྚི་ཨཾ་ཀུ་ཤ་ཛཿཞེས་བཀོད ་ལྷ་རབ་ཏུ་གཡོ་ཞིང་འབར་བའི་རྫི་མའི་ལྕགས་ཀྱུས་དྲང་བར་བསམ། བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོའི་ཐིག་གདབ་པའི་ཕྱིར་རྡོ་རྗེའི་ཐིག་གདབ་ལ་གསོལ་ཅིག་བསྐུལ་བར་བྱའོ།། བདག་པོ་རྣམས་ཀྱིས་བཏང་བའི་འོད་ཟེར ་གྱིས་བཏང་རང་རང་གི་སྲད་བུ་གང་བར་བསམ་མོ།། ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨ་པ་རས་པ་ར་ཨ་ནུ་པྲ་ཐི་ཤྩ་སརྦ་དྷརྨཱ། ཨོཾ་ཏྱ་ནེ་ཏེ་ཨ་ནུ་པྲ་བི་ཤྩ་སརྦ་དྷརྨཱ། ཨོཾ་བཛྲ་སཏྭོ་ཧཱུཾ་ཞེས་ཟློས་ཤིང་བསྒྲིལ་བར་བསམ་མོ།། ་དེ་ནས་མྱ་དང་ཊ་ལས་ཉི་མ་དང་ཟླ་བ་སེར་པོ་སྣང་བ་མིག་གཉིསུ་བསྐྱེད་ལ། བཛྲ་ཏིཥྛ་མ་ཏ་ཞེས་བྱ་བས་བརྟན་པར་བྱས་ནས། གསེར་ལ་སོགས་པའི་སྣོད་དུ་སྲད་བུ་གཞག་ས་དྲི་དང་། མེ་ཏོག ་ལ་སོགས་པས་མཆོད་ལ། ཨོཾ་བཛྲ་སེ་མ་ཡ་སུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བྱ་བའི་རྡོ་རྗེ་བསྡམས་པས་བཟུང་ལ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ།། རིང་ཐུང་ནི་དཀྱིལ་འཁོར་གྱི་ཉིས་བསྒྲུབ་བོ།། ཕྲ་སློབ་ནི་སྒོའི་ཉི་ཤུ་ཆའོ།། ་དེ་ནས་དཀྱིལ་འཁོར་ཐིག་གདབ་པར་བྱ་སྟེ། སློབ་དཔོན་ཤར་དུ་བལྟས་སློབ་མ་ནུབ་ཏུ་བལྟས་ལ། ལག་པ་གཉིས་ཀྱི་རྡོ་རྗེ་ཁུ་ཚུར་གྱིས་སྲད་བུ་ལྟེ་བ་ནས་བཟུང་ལ་ཛཿཞེས་བརྗོད་ལ། གཡོན་པ་རྡོ་རྗེ་ཁུ་ཚུར་གྱིས་གྲོགས་མཆོག ་ལ་གཏང་བར་བྱའོ།། གྲོགས་པོས་ཀྱང་ཛཿགསུམ་གྱིས་བླང་བར་བྱའོ།། དེ་ནས་འདེབས་ཀར་འདི་སྐད་བརྗོད་པར་བྱ་སྟེ།། ནམ་མཁའ་གང་བའི་བདེ་གཤེགས་རྣམས།། ཐིག་གི་སྒྲ་ཡིས་བསྐུལ་ནས་ནི།། ཐམས་ཅད་འདིར་ནི ་གཤེགསུ་གསོལ།། ཁྱེད་ཀྱིས་འགྲོ་དོན་མཛད་པའི་རིགས།། ཨོཾ་བཛྲ་ས་མ་ཡ་སཱུ་ཏྱཱ་མ་ཏི་ཀྲ་མ་ཧཱུཾ་ཞེས་བརྗོད་དེ།། ཇི་ལྟར་གཞན་ནས་གསུངས་པ་ལྟར་གདབ་པར་བྱའོ།། དེ་ཡང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནི་དབུས་སུ ་ཕུར་བུ་བཙུགས་ལ་དེ་ལ་སྲང་བུ་བཏགས་ཏེ། དབུས་འཁོར་ལོ་རྩིབས་བཞི་འམོ་རྩིབས་བརྒྱད་པ། དེའི་ཕྱི་རིམ་རྩིབས་བཅུ་དྲུག་པ་དེའི་ཕྱི་རིམ་དུ་བརྒྱན་མེད་པའི་སྒོ་བཞུག་སྟེ། རྩིག་པའི་ཆ་དང་འདོད་ཡོན་དང་། དྲ་བ ་ཕྱེད་པས་བརྒྱན་པའོ།། རྟ་བབས་ལ་སོགས་པ་རྒྱན་གཞན་ནཱི་མེད་པར་གདབ་པོ།། དེའི་ཕྱི་རོལ་དུ་རྡོ་རྗེ་ཕྲེང་བསྡུ་བསྐོར་ལ།། གྲུ་ཚད་བཞི་ཡིས་བརྒྱན་ཏེ་ལྷ་སྣུམ་མེད་པའི་སྒོ་དང་ཐིག་གདབ་པོ།། དེ་ལ་རྒྱན་ལ་སོགས་པ ་ཐམས་ཅད་ཀྱིས་བརྒྱན་པར་གདབ་པོ།། དེའི་ཕྱིར་འཁོར་ལི་རིམ་གསུམ་ལྡན་པ་ལ།། སྣོམ་པུ་མུ་ཁྱེད་རྣམས་ཀྱིས་བི་རྒྱན།། རྟ་བབས་དང་ནི་ཏྲ་ར་ཎི།། ཤིན་ཏུ་མཛེས་པའི་རྒྱན་གྱིས་བརྒྱན་ཞེས་གསུངས་ཧཾ།། དེ་ལ ་དེ་སྐད་ཅེས་བྱའོ།། དེ་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཐིག་བསྟན་ནས་ད་ནི། རིགས་ཁ་ཕྲལ་བའི་ཐིག་འདེབས་ན་ཐམས་ཅད་ཀྱི་དབུས་འཁོར་ལོ་རྩིབས་བརྒྱད་པ། ལྷ་སྣུམ་གཅིག་པ། སྒོ་ཀྱང་པ། རྒྱན་ཐམས་ཅད ་ཀྱིས་བརྒྱན་པར་གདབ་བོ།། དེ་ནས་རིགས་བསྡུས་པའི་ཐིག་འདེབས་ན་དབུས་འཁོར་ལོ་རྩིབས་བཞི་ཕོ་བྲང་དང་བཅས་པར་གདབ་པོ།། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས་ཕོ་བྲིང་ཐིག་བཞི་བཏབ་པས་ལེ་ཚེ་དགུ་རུ་ཡོད ་པ་ལྔ།། རྡོ་རྗེའི་གདུང་བཞི་བཏང་ལ་ཕྱོགས་བཞི་དབུས་དང་ལྔར་དེ་བཞིན་གཤེགས་པ་ལྔ་འཁོར་དང་བཅས་པའི་ཕོ་བྲང་ལྔ་བྱ་གསུང་།། དེ་ཡང་འགོལ་བ་མེད་དོ།། དེ་ནས་མདུན་དུ་མི་སྐྱོད་པའི་དཀྱིལ་འཁོར། གཡས ་སུ་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར། རྒྱབ་ཏུ་སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར། གཡོན་དུ་དོན་ཡད་གྲུབ་པའི་དཀྱིལ་འཁོར་གྱི་ཐིག་གདབ་པོ།། ཕྱིའི་དཀྱིལ་འཁོར་རྣམ་སྣང་གིའོ།། ནོང་གི་དཀྱིལ་འཁོར་དེ་དག་ཀྱང ་གྲུ་བཞི་པ། སྒོ་བཞི་པ། རྟ་བབས་མེད་པའོ།། ཕྱིའི་དཀྱིལ་འཁོར་ལ་ནི་རྟ་བབས་ལ་སོགས་པ་ཐམས་ཅད་ཀྱིས་བརྒྱན་པའོ།། དཀྱིལ་འཁོར་འདི་དག་ཐམས་ཅད་ཀྱི་ཕྱི་རོལ་དུ་ཁོར་ཡུག་དང་ཁོར་ཡུག ་ཆེན་པོའི་ཐིག་གདབ་པར་བྱའོ།། དེ་དག་ནི་ཐིག་གདབ་པའི་རིམ་པའོ།། དེ་ནས་དཀྱིལ་འཁོར་དེ་ལ་གལ་ཏེ་འགྲན་ཞིང་གེགས་བྱེད་ན་དེ་བཟློག་པའི་ཆོ་ག་ནཱི་ན་མཁའ་དྲི་མེད་ལས་ཤེས་པར་བྱའོ།། དེ་ནས་ཚོན་དགྱེ་བ ་བརྩམ་པར་བྱ་སྟེ། སྲང་བུ་ལ་བཤད་པའི་ཁ་དོག་གི་རིམ་པས་ཚོན་རྩི་རྣམས་བླངས་ལ། ཧཱུཾ་ཏྲཱཾ་ཧྲཱིཿཿ་ཞེས་བྱ་བ་འདི་རྣམས་ལས་བསྐྱེད་དེ། རང་གི་རིགས་ཀྱི་འཁོར་བསམས་ལ།། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ་ཞེས་བྱ་བ་འདི་དག་ཕྱག་རྒྱ་དང་བཅས་པས་སྟོང་རྩ་བརྒྱད་མངོན་པར་བཟླས་བརྗོད་བྱའོ།། དེ་ལ་འོདིའི་ཕྱག་རྒྱ་ཡིན་ཏེ། རྡོ་རྗེ་ཕྱག་རྒྱ་གཉིས་ཀ་ཡཽ།། མཛུབ་མོ་རྩཝ་མོར་རབ་སྦྱར་ནས།། བྱས་ནས་ཚོན་རྩི་ཐམས་ཅད་ལེ།། ་འབར་བའི་ལྟ་བས་དགུག་པར་བྱ།། མཐར་ཡི་གེ་ཧྲི་དང་རྡོ་རྗེ་ཉི་མའི་ཕྱག་རྒྱས་སྦ་བོར་བྱ།། དེ་ཡང་འབར་བའི་ལྟ་བ་ནི་འདི་ཡིན་ཏེ།། རབ་ཏུ་མྱུར་བར་གཡོ་བའི་མིག། མི་གོ་ནི་རྫི་མ་འདྲེན་པ་ནི།། འབར་བའི་ལྟ་བ་ཞེས་སུ ་གསུངས།། འགྲོ་བ་ཐམས་ཅད་འགུགས་པའོ།། དེ་ལ་ཚོན་མང་པོར་བྱ་བའི་ཕྱིར་བདེན་པའི་བྱིན་གྱིས་བརླབ་པར་བྱས་ཏེ། བདེན་པ་གང་གིས་སེམས་ཅན་རྣམས་ལ་སངས་རྒྱས་རྣམས་སེམས་ཅན་རྗེསུ་དགའ་བས་ཆགས ་པར་མཛད་པའི་བདེན་པ་དེས་ཚོན་རྩི་འབར་བར་གྱུར་ཅིག་ཅེས་བྱའོ།། དེ་ནས་དབུས་ཀྱི་ཕུར་བུ་ཧཱུཾ་བཞིས་ཕྱུང་ལ། བུ་ག་ཚོན་སྣ་ལྔས་དགང་སྟེ། དེ་ནས་ཚོན་དཀར་པོ་བླངས་ལྔ། ཨོཾ་བཛྲ་རཀྵ་ས་མ་ཡ་ཧཱུཾ་ཞེས་བརྗོད ་དེ་དབུས་སུ་བཀྱེ་ལ། དེ་ནས་དབང་ལྡན་ཕྱོགས་སུ་སོང་སྟེ། གཡོན་པ་རྡོ་རྗེ་ཁུ་ཚུར་གྱི་རིམ་པ་རུ་མཉམ་ཞིང་རྒྱུན་མ་ཆད་པར་མཛུབ་གྲང་བར་དྲངས་ལ་ངེས་ཆེན་རྩི་བདེ་བར་བྲི་བར་བྱའོ།། དེ་ཡང་དྲུག་སྟོང་པའི་རྒྱུད ་ཕྱི་མའི་ལེའུ་དགུ་པ་ནས། རྡོ་རྗེ་འཆང་ཆེན་པོས་འདི་སྐད་གསུངས་ཏེ། ཀྱེ་མ་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས།། བརྙན་མའི་དཀྱིལ་འཁོར་རྡུལ་ཚོན་ནི།། རིན་ཚན་ལྔ་ལས་གྲུབ་པ་སྟེ།། དབུས་ཀྱི་ཕོ་བྲང ་ལོ་ཚེ་རྣམས།། ཤར་ཕྱོགས་བཻ་ཌཱུརྱ་ལས་གྲུབ་ལྷོ་ནི་གསེརཱ་ལས་གྲུབ་པ་སྟེ།། ནུབ་ནི་པདྨི་རཱ་གའོ།། བྱུང་ནི་ཨིནྡྲ་ནཱི་ལ་སྟེ། དབུས་ནི་དུང་ལས་གྲུབ་པའོ་ཞེས་གསུངས་ཏེ། དེ་ནི་འབྱོར་པ་རབ་བོ།། འབྱོར་པ་འབྲིང་གིས ་འབྲུ་རྣམསོ།། འབྱོར་པོ་ཐ་མས་ནི་རིན་པོ་ཚ་གསེར་གྱི་ས་གཞི་ལ་བྱིན་གྱིས་བརླབས་ཏེ་བྲི་བར་བྱའོ།། དེ་ཡང་ཚེ་གི་བསྡུས་པའི་རྒྱུད་ལས་གསུངས་པ། ཤར་ཕྱོགསུ་ནི་སྔོན་པོ་སྟེ།། ལྷོར་ནི་སེར་པོ་ཡིན་པར་ངེས།། ནུབ ་ཀྱི་ཆ་ནི་དམར་པོ་སྟེ།། བྱང་དུ་ལྗང་གུ་ཡང་དག་བྲི།། དབུས་ཀྱི་ལྟེ་བོ་དཀར་པོ་སྟེ།། གོང་རས་རྣམས་ཀྱང་དེ་ག་ལྟར།། རེ་མིགོ་རྣམས་ནི་ལྗང་གུ་སྟེ།། ང་ཡི་ཕྱི་རྒྱབ་འཁོར་ལོ་ནི།། བཻ་ཌཱུརྱའི་མདོག་འདྲ་ལ།། རྩིབས་མཚན་པདྨ་རཱ ་ག་འདྲ།། གྲུ་ཆད་ལྗང་གུ་མཚོ་དང་བཅས།། པཉྩ་རིན་ཆེན་ཕ་གུ་ལྔ།། དཀར་དང་ལྗང་དང་དམར་དང་སེར།། སྔོན་པོ་ཕྱིའི་རྩ་ལའོ།། སྒོ་ནི་ཕྱོགས་ཀྱི་མདོག་དང་སྦྱར།། ཕྱི་རོལ་འཁོར་ལོ་བཅུ་དྲུག་ནི།། གཙོ ་གསེར་གྱི་མདོག་འདྲ་ལ།། རྩིབས་མཚན་བེ་ཌཱུརྱའི་འོད།། ཕྱི་ཡི་རྩིག་པ་ལྔ་པོ་ཡང་།། ཕ་གུ་ལྔ་ཡི་རིམ་པ་བཞིན།། ཁྱམས་ནི་པདྨ་རཱ་གའི་མདོག། འདྲ་བའི་རང་ང་བཞིན་མཐིང་ག་ལ།། མདའ་ཡབ་ཨིནྡྲ་ནཱི་ལའོ།། བཀྲ་ཤིས ་བྱ་ཡིས་ཚོགས་ཀྱིས་བརྒྱན།། རྟ་བབས་ལ་སོགས་ཅི་མཛེས་པར།། མཁས་པས་ཇི་ལྟར་འཚམ་པར་བྲི།། ད་ནི་ཚོན་གྱི་རིམ་པ་སྟེ།། མི་ཤེས་དྲང་ཕྱིར་ཀུན་རྫོབ་བསྟན།། དོན་གྱི་ངོ་བོ་བརྗོད་དུ་མེད་ཅེས་གསུངས་སོ།། དེ་ལ ་དཔྱད་དེ་བྲི་བ་ནི།། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚོན་ནོ།། དེ་ནས་ཁ་བྲལ་བ་རྣམས་ཀྱི་དཀྱིལ་འཁོར་གྱི་ཚོན་དགྱེ་ན། དཀྱིལ་འཁོར་དབུས་འགྱུར་མཐའ་མི་འགྱུར།། དབུས་ནི་འཁོར་ལོ་རྡོ་རྗེ་དང་།། པདྨ་རིན་ཆེན་རྒྱ ་གྲམ་མཚན།། ལེ་ཚེ་དགུ་ལ་ཀ་བ་བརྒྱད།། ཐམས་ཅད་ལ་ནི་རབ་ཏུ་གསུངས།། རྣམ་པར་སྣང་མཛད་དཀྱིལ་འཁོར་ནི།། དབུས་ཀར་རེ་མིག་ལྗང་གུ་ལ།། འཁོར་ལོ་རྩིབས་བརྒྱད་དཀར་པོ་དགྱེ།། རྩིབས་མཚན་རྣམས་ནི་དམར ་པོ་སྟེ།། རྡོ་རྗེ་ཕྲེང་དཀར་གཞི་མ་སེར།། ཤར་སྔོ་ལྷོ་ནི་སེར་པོ་ལ།། ནུབ་དམར་བྱང་དུ་ལྗང་གུའོ།། རྩིག་པ་དཀར་ནས་རིམ་པར་དགྱེ།། ཁྱམས་ལ་སོགས་པ་སྤྱི་དང་མཐུན།། མི་བསྐྱོད་པ་ཡི་དཀྱིལ་འཁོར་ནི།། དབུས་སྔོ་ཕྲེང་བ ་དཀར་པོ་ལ།། འཁོར་ལོ་སྔོན་པོ་རེ་མིག་ལྗང་།། རྩིབས་མཚན་རྣམས་ནི་དམར་པོ་བཏང་།། རྡོ་རྗེ་ཕྲེང་ནག་གཞི་མ་དཀཱར།། ཤར་དཀར་ལྷོ་ནི་སེར་པོ་ལ།། ནུབ་དམར་བྱང་ནི་ལྗང་གུའོ།། རྩིག་པ་སྔོ་ནས་རིམ་པས་དགྱེ།། ཁྱམས་ལ ་སོགས་པ་སྤྱི་དང་མཐུན།། འོད་དཔག་མེད་པའི་དཀྱིལ་འཁོར་ནི།། དབུས་དམར་ཕྲེང་བ་དཀར་པོ་ལ།། འཁོར་ལོ་དམར་ལ་རེ་མིག་ལྗང་།། རྩིབས་མཚན་རྣམས་ནི་དཀར་པོར་བྱ།། རྡོ་རྗེ་ཕེའི་ལྗང་གཞི་མེ་སེར།། ཤར་སྔོ་ལྷོ་ནི་སེར་པོ་ལ།། ་ནུབ་དཀར་བྱེད་ནི་ལྗང་གུ་སྟེ།། རྩིག་པ་དམར་ནས་རིམ་པས་དགྱེ།། རིན་ཆེན་འབྱུང་ལྡན་དཀྱིལ་འཁོར་ནི།། དབུས་སེར་ཕྲེང་བ་སྔོན་པོ་ལ།། འཁོར་ལོ་སེར་ལ་རེ་མིག་ལྗང་།། རིལས་མཚན་རྣམས་ནི་སྔོན་པོ་ལ།། རྡོ་རྗེ་ཕྲེང་དམར་གཞི ་མ་ལྡང་།། ཤཱར་སྟི་ལྷོ་ནི་སེར་བ་ལ།། ནུབ་དམར་བྱད་ནི་ལྗང་གུ་སྟེ།། རྩིག་པ་སེར་ནས་རིམ་པས་དགྱེ།། དོན་ཡོད་གྲུབ་པའི་དཀྱིལ་འཁོར་ནི།། དབུས་ལྗང་ཕྲེང་བ་དབར་པོ་ལ།། འཁོར་ལོ་ལྗང་ལ་རེ་མིག་སེར།། རྩིབས ་མཚན་རྣམས་ནི་སེར་པོ་སྟེ།། རྡོ་རྗེ་ཕྲེང་སྔོན་གཞི་མོ་སེར།། ཤར་སྔོ་ལྷོ་ནི་སེར་པོ་ལ།། ནུཔྟ་དམར་བྱང་ནི་དཀར་པོ་སྟེ།། རྩིག་པ་ལྗང་ནས་རྣམ་པར་དགྱེ།། ཞེས་དྲུག་སྟོང་པའི་རྒྱུད་ཕྱི་མ་ནས་གསུངསོ།། ཁྱམས་ལ་སོགས་པ་ནི ་ཐམས་ཅད་ལ་མཐུན་ནོ།། དེ་ནས་རིགས་སྡུས་པའི་ཚོན་དགྱེ་ན།། དབྱིངས་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྟར།། ལྷག་མ་ནི་རང་རང་གི་དཀྱིལ་འཁོར་ལྟ་བུའི་ཕྱིའི་རྒྱན་ནི་སྤྱི་དང་མཐུན་ནོ།། ཁོར་ཡུག་དང་ཁོར་ཡུག་ཆེན་པོ་ནི ་དམར་པོ་དང་དཀར་པོ་བྱས་ལ་རྡོ་རྗེ་སེར་པོ་དང་འོད་ཀྱི་ར་བ་བྱའོ།། དེ་ཡན་ཆད་ནི་རྡུལ་ཚོན་བྲི་བའི་རིམ་པའོ།། ། དེ་ནས་ཕྱི་རོལ་དུ་དྲི་ཞིམ་པོས་ཉེ་བར་བྱུགས་ལ།། མེ་ཏོག་གི་སིལ་མ་གཏོར ་ཏེ། ཡི་གེ་བརྒྱ་པ་བཟླས་པའི་ཆུས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ།། ཕྱི་དང་ནང་དུ་བཅས་པ་ཀུན་ལ་གསང་གཏོར་བྱའོ།། དེ་ནས་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། རྡོ་རྗེ་འཁོར་ལོའི་ཕྱག་རྒྱ ་བཅས་ལ།། ཨོཾ་བཛྲ་ཙཀྲ་ཧཱུཾ་ཞེས་བརྗོད་པར་བྱའོ།། དེ་ནས་ཕྱི་དྲོའི་དུས་སུ་གླུ་དང་རོལ་མོ་དང་། མེ་ཏོག་པའི་ལ་སོགས་པའི་མཆོད་པ་རྣམས་ཀྱིས་དང་པོའི་འཁོར་ལོ་ཇི་སྙེད་པ་དང་། ཅི་འདོད་པ་བཞིན་དུ་མཆོད ་ཅིང་བརྟག་པར་བྱའོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པའི་དམ་ཚིག་སེམས་དཔའི་སྐུ་གཟུགས་ལུགས་མ་ལ་སོགས་པ་ས་མ་ཡ་སྟྭཾ་ཞེས་གནས་སུ་བཞུགསུ་གསོལ།། དེ་ནས་ཡི་གེ་ཕྱིན་ཅི་མ་ལོག་པར་ཁ ་སྦྱོར་གྱི་སྦྱོར་བ་བསྔལ་ལ་བར་སྣང་ལ་བཞུགས་པའི་ལྷ་རྣམས།། ཨོཾ་ཧཱུཾ་ཧྲཱིཿཞེས་པའི་སྙིང་པོས་བཞུགས་གསོལ་ཏེ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཡིན་པའི་ཕྱིར་ཐམས་ཅད་ཀྱི་ཐུན་མོང་ཡིན་ནོ།། ་ངོ་ལ་ཕྱག་རྒྱ་བཞིའི་དོན་དང་ལྡན་པར་བྱའོ།། དེ་ལ་མཆིང་པ་རྣམས་ཀྱིས་མཆོད་ལ།། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་ཅེས་པ་ལ་སོགས་པས་བསྟོད་དེ། བརྟན་པར་བཞུགསུ་གསོལ་ལོ།། དེ་ནས་རྣམ་པར་རྒྱལ་བ་ལ་སོགས ་པའི་བུམ་པ་རྣམས་མགོན་པོ་འཇམ་དཔལ་སྤྱན་སྔར་གཞག་པར་བྱའོ།། བུམ་པ་གཞན་དག་ཀྱང་མི་བསྐྱོད་པ་ལ་སོགས་པའི་མཚན་མ་དང་ལྡན་པའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ། ཨོཾ་བཛྲོ་ད་ཀཱ་ཧཱུཾ། ཞེས་བརྒྱ་རྩ་བརྒྱད ་བཟླས་ལ་གོས་སྣ་ཚོགས་ཀྱིས་བརྒྱན་པ་འབུམ་མམ་ཁྲི་འམ་སྟོང་ངམ། བརྒྱ་འམ་རིགས་སོ་སོ་རེ་རེ་གཞག་གོ། སྤྱི་ལ་དེ་བཞིན་དུ་དབུལ་བར་བྱའོ།། དེ་ནས་དཀྱིལ་འཁོར་པས་ཧ་ཅང་མི་རིང་མི་ཉེ་བར་བཀུར་སྟི་གུས་པ ་སྔོན་དུ་འགྲོ་བས་ཤར་ཕྱོགསུ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླག་པར་བྱ།། ལྷོར་ནི་རིན་པོ་ཆེ་ཏོག། ནུབ་ཏུ་སྡོང་པོས་བརྒྱན་པ། བྱང་དུ་ཟླ་བ་སྒྲོན་མའི་མདོ་བཀླག་པར་བྱའོ།། གར་མཁན་དང་རོལ་མོ་ལ་སོགས ་པའི་ལྟད་མོ་མང་པོ་ཡང་ཕྱོགས་བཞིར་བྱེད་དུ་གཞུག་གོ། ཟུར་བཞི་དར་གྱི་རྒྱ་ལྔ་མཚན་བཞི་ཡང་བསྒྲེང་བར་བྱའོ།། མི་ཏོག་ལ་སོགས་པའི་མཆོད་པ་རྣམ་པ་སྣ་ཚོགས་པ་དང་། དཀར་གསུམ་དང་མངར་གསུམ་དང་། ་ཁུར་བ་ལ་སོགས་པའི་བཟའ་བ་དང་བཙོའ་པ་ལ་སོགས་པ་རྣམ་པ་མང་པོ་ཡང་ཅི་རིགས་དགོད་པར་བྱའོ།། དེ་ཁོ་ན་ལ་བ་དན་དྲུག་དང་རྔ་མས་བརྒྱན།། དྲིལ་བུ་དཱིར་ཚོན་རྒྱལ་མཚན་སོགས།། ང་ལ་སོགས་པའི་རྒྱན་རྣམས ་ནི། ཤིན་ཏུ་མཛེས་པར་བརྒྱན་པའོ་ཞེས་པ་ལ་སོགས་རྒྱན་མཆོག་ནི།། འདིའི་སྐབསུ་རིམ་པས་བསྟན་ཞེས་གསུངས་པ་དེ་ལ་འ་དི་སྐད་ཅེས་བྱའོ།། དེ་ཡན་ཆད་ནི་བརྙན་མའི་དཀྱིལ་འཁོར་གྱི་རིམ་པའོ།། ་དེ་ནས་རྨོངས་མོའི་དུས་སུ་སྔགས་པ་ཁྲུས་བྱ།། རྒྱན་ཆ་བགོ། ལུས་ལ་དྲི་ཞིམ་པོས་བྱུགས་ནས་གཡས་པ་རྡོ་རྗེ་ཐོགས་ལ། ལོན་པ་དྲིལ་བུ་དཀྲོལ་ཞིང་།། མ་ཚང་བའི་ལྷག་མ་ཁ་བསྐང་བའི་ཕྱིར་ལན ་བདུན་ནམ་ལྔ་འམ་གསུམ་དུ་ཡི་གེ་བརྒྱ་པ་བཟླ་ཞིང་བསྐོར་བར་བྱའོ།། དེ་ནས་བདེ་བའི་སྟན་ལ་ཉེ་བར་འདུག་སྟེ། ལྕེ་ལག་བྱིན་གྱིས་བརླབ་པ་ནས་བཟུང་ལ། སྦྱོར་བ་དང་པོ་དང་དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ ་རྒྱལ་མཆོག་དང་། རྡོ་རྗེ་སྒྲུབ་པ་དང་། ཕྱག་རྒྱ་བཞིས་རྒྱས་གདབ་པ་ཡན་ཆད་བྱས་ལ། དེ་ནས་མེ་ཏོག་ལ་སོགས་པའི་མཆོད་པ་ལྔ་དང་། ལྷ་མོ་བརྒྱད་དང་། དེ་བཞིན་གཞན་དག་གིས་མཆོད་དེ། དེ་བཞིན་དུ་མཆོད ་པ་ཉི་ཤུས་ཀྱང་ཡང་དག་པར་མཆོད་ལ། དེ་ནས་གདུགས་དང་རྒྱལ་མཚན་དང་།། བ་དན་སྣ་ཚོགས་པ་རྣམ་པར་བཀྲ་བྷ་བརྒྱ་སྟོང་ལ་སོགས་པའི་གྲངས་སྙེད་དམ། འབྱོར་པ་ཅི་ཡོད་པ་ལས་དབུལ་བ་དང་། རོ་ལ་སོགས་པའི ་ཞལ་ཟས་དང་། སྭཱ་སྟི་ཀ་ལ་སོགས་པའི་བཟའ་བ་སྣ་ཚོགས་པ་འབུམ་མམ། བརྒྱ་སྟོང་སྙེད་དུ་དབུལ་བར་བྱ་སྱེ། ཨོཾ་ཨ་ཀཱ་རི་མུ་ཁཾ་སརྦ་དྷརྨྨ་ཎཱཾ་ཨཱདྱ་ནུཏ་པན་ན་ཏྲ་ཏཽ་ཅེས་བརྗོད་ལ་དབུལ་བར་བྱའོ།། རོལ་མོ་བཅུ་ཕྲག་སྟོང ་མ། བརྒྱ་ཕྲག་སྟོང་ངམ། བཅུ་ཨོཾ་ཧཱུཾ་ཧྲཱིཿཞེས་པི་མངོན་པར་བཟླས་ལ་དབུལ་བར་བྱའོ།། རྣམ་པ་བཅུ་ནི་འདི་ལྟ་སྟེ། གླིང་བུ་དང་། པཾ་ཝང་དང་། རྫ་རྔ་དང་། རྫ་རྔ་ཆུང་ངུ་དང་། ཆ་ལོང་དང་། རྔ་བོ་ཆེ་དང་། ་ཀ་དང་། རྔ་རིངས་དང་། རྐེད་ཉག་དང་ཏི་མི་ལ་ཞེས་བྱ་བ་དང་བཅུའོ།། རས་དཀར་པོ་ཟུང་ཁྲི་འམ་སྟོང་ངམ་བརྒྱ་དབུལ་བར་བྱའོ།། ཤིན་ཏུ་བརྟགས་པའི་རྟ་དང་གླང་པོ་ཆེ་དང་། བ་ལང་གི་ཁྱུ་རྣམས་དང་། ཨོཾ་བཛྲ་སྥ་ར་ཎ ་ར་ཁཾ་ཞེས་བྱ་བ་མངོན་པར་བཟླས་ལ་དབུལ་བར་བྱའོ།། དེ་ནས་སྦྱིན་སྲེག་གི་ལས་ཕྲན་ཚེགས་ཀྱི་དངོས་གྲུབ་པར་བྱ་བའི་ཕྱིར། གཞན་ཡང་སྦྱིན་སྲེག་བྱེད་པ་ན། ལས་བཤད་དེ་དག་གཞན་དུ་མེད་ཅེས་པ་གསུངས་ཏེ། ་གཞན་དུ་གོང་དུ་གསུངས་པའི་རྣལ་འབྱོར་རྣམ་པ་གསུམ་གྱི་དོན་བསྒོམ་པས་འོག་ནས་འབྱུང་བའི་སྦྱིན་སྲེག་འདི་ཡང་བྱའོ་ཞེས་པའི་དོན་ཏོ།། ལས་བཤད་ཅེས་པ་ནི་ལས་ནི་བདག་དང་གཞན་གྱིའོ།། བཤད་པ་ནི་སྒྲུབ་ཐབས ་འདི་རུའོ།། གཞན་དུ་མེད་ན་ནི། དོན་གཞན་དང་མི་བསྲེ་བར་འོག་ནས་འབྱུང་བའོ།། བདག་གི་ལས་དང་གཞན་གྱི་ལས་ཞེས་གསུངས་པ་ཁོ་ནའོ།། དེ་ལ་དང་པོ་ལ་བདག་དོན་དང་ལྡན་པར་བྱ་བའི་ཕྱིར། དེ་ལ་བ་དགྲ་གཱི་ལས ་བསྟན་པ་ཞེས་གསུངས་ཏེ། བདག་གི་ལས་ལ་ཡང་བཞི་སྟེ། དེ་ཡང་ཕྱི་དང་ནང་དུ་སྣང་བའི་རྣམ་པར་རྟོག་པ་སྦྱང་ཞིང་ཞི་བར་བྱ་བའི་ཕྱིར་ན་ཞི་བའི་སྦྱིན་སྲེག་དང་ཚེ་དང་བསོད་ནམས་རྒྱས་པར་བྱ་བའི་ཕྱིར་རྒྱས་པའི་སྦྱིན་སྲེག་དང་། ་བསམ་པ་ཡིད་དང་འཐད་པ་ཐམས་ཅད་དབང་དུ་བྱ་བའི་ཕྱིར་སྦྱིན་དབང་གི་སྦྱིན་སྲེག་དང་། ཕས་ཀྱི་རྒོལ་བ་དོན་པ་དང་། སྦྱོར་བ་ངན་པ་ཐམས་ཅད་རྒྱུན་བཅད་པར་བྱ་བའི་ཕྱིར་དྲག་པོའི་མངོན་སྤྱོད་དང་བཞིའོ།། དེ་ནས་དེའི་ཡམ ་ཤིང་ལ་སོགས་པ་བསྟན་པའི་ཕྱིར། ཤིན་ཏུ་དགེ་བའི་ཤིང་བུ་ནི་ཞེས་གསུངས་པ་ནི་ཞི་བ་ལ་དགེ་བ་སྟེ། དཀར་པོ་ལ་འོ་མ་ཅན་མངར་བའི་རོ་དང་ལྡན་པའོ།། རྒྱས་པ་ལ་དགེ་བ་སྟེ་སེར་པོ་ཁ་བའི་རོ་དང ་ལྡན་པའོ།། དབང་ལ་དགེ་བ་སྟེ། དམར་བ་སྒྱུར་བའི་རོ་དང་ལྡན་པའོ།། མངོན་སྤྱོད་ལ་དགེ་བ་སྟེ། ནག་པོ་ཚེར་མ་ཅན་གྱི་ཤིང་ཚ་ཤིང་རྩུབ་པའི་རོ་དང་ལྡན་པས་བྱ་ཞེས་པའི་དོན་ཏོ།། དེའི་ངོ་བོ་གང་ཡིན་ཞེ་ན། དེ་བསྟན ་པའི་ཕྱིར། ཙན་ངན་ཤུག་པ་ཞེས་པ་ནི་ཞི་བའོ།། སོགས་ཞེས་པའི་ཁོངསུ་རྒྱས་པ་ལ་སྐྱེར་པ། དབང་ལ་པདྨ་དམར་པོའི་ཤིང་། མངོན་སྤྱོད་ལ་གང་ཞིག་ཚེ་རེ་མ་ཅན་གྱི་ཤིང་ལ་བྱའོ།། ཞེས་པའི་དོན་ཏོ།། དྲི་ཞིམ་དང་ལྡན་མཛེས ་པའི་ཤིང་ཞེས་པ་ནི་ཞི་པ་ལ་ཁ་དོག་དཀར་པོ་མངར་བའི་རོ་ཡིསྣ་བྱུགས་པའོ།། དཔུང་ལ་ཁ་དོག་དམར་པོ་སྦྱར་བས་བྱུག་པའོ།། རྒྱས་པ་ལ་ཁ་དོག་སེར་པོ་རོ་ཁ་བས་བྱུག་པའོ།། མངོན་སྤྱོད་ལ་ཁ་དོག་ནག་པོར་བྱ་ཞིང་ངོ་ཚ་ཞིང ་རྩུབ་པས་བྱུག་གོ་ཞེས་པའི་དོན་ཏོ།། དེ་ནས་ཤིང་གི་རིང་ཐུང་གི་ཚད་བསྟན་པའི་ཕྱིར། ཟླུམ་པོ་ལ་སོག་ས་དབྱིབ་སུ་རྩིག་ཅེས་གསུངས་པའི་དོན་ནི་འདི་ཡིན་ཏེ། ཞི་བའི་ཐུབ་ཁུང་ནི་ཁ་དོག་དཀར་པོ། དབྱིབས་ཟླུམ་པོ་ཆེ་ཆུང ་ནི་ཁྲུ་གང་དུ་བྱའོ།། ཟབས་སུ་ཁྲུ་ཕྱེད་བརྐོས་ལ།། ཁ་ཁྱེར་སོར་བཞིས་བསྐོར་བར་བྱ་སྟེ།། དབུས་ཀྱི་ཁ་ཁྱེར་ལ་རྡོ་རྗེ་ཕྲེང་བ་བཏང་ངོ་།། དེ་ནས་རྒྱས་པའི་ཐབ་ཁུང་ནི་ཁ་དོག་སེར་པོ། རྒྱར་ཁྲུ་དོ་པེ། ཁྲུ་བཞི་པ་ཁྲོ་གང་ཟབ་སུ་བརྐོ།། ་ཁ་ལ་སོར་བཞི་བཀྱེད་ལ། ཁ་ཁྱེར་སོར་བཞི་པ་ཡིས་གྲུ་བཞིར་བསྐོར་རོ།། དབུས་ཀྱི་ཁ་ཁྱེར་ལ་ནི་རིན་པོ་ཆེའི་ཕྲེང་བ་བཏང་། ནང་དུ་པདྨའི་འབྲས་བུ་ཕྱི་རོལ་གྱི་སོར་བཞི་ལ་པདྨས་བསྐོར་བར་བྱའོ།། དེ་ནས་དབང་གི་ཐབ་ཁུང ་ནི་དབྱིབས་ཟླ་གམ་ལ། ཟླ་གམཽ་གྱི་ཁྭ་ལ་སོར་ཉི་ཤུ་ཐམ་པ་ཡོད་པ། རྒྱ་ལ་སོར་བཞི་བཅུ་ཡོད་པ། ཟབས་སུ་སོར་བཅུ་བསྐོར་བར་བྱ་སྟེ། ཁ་དོག་ནི་དམར་པོའོ།། ཁ་ཁྱེར་ལ་སོར་གསུམ་གྱིས་བསྐོར། དབུས་ཀྱི་ཁ་ཁྱེར་ལ ་མངའ་གཞུ་དང་ལྕགས་ཀྱུ། བཏང་། དེའི་ཕྱི་རོལ་ཏུ་ཞགས་པས་བརྒྱན་པའོ།། དེ་ནས་མངོན་སྤྱོད་ཀྱི་ཐབ་ཁུང་ནཱི་ཁ་དོག་ནག་པོ། དབྱིབས་ཟུར་གསུམ་པ། ངོས་རེ་ལ་སོར་ཉི་ཤུ་ཉི་ཤུའོ།། ཟབ་སུ་སོར་བཅུ་བརྐོའོ།། སོར་གསུམ ་ཕྱིར་བགྱིད་ལེ། ཁ་ཁྱེར་སོར་གསུམ་གྱིས་བསྐོར། དབུས་ཀྱི་ཁ་ཁྱེར་ལ་རྡོ་རྗེ་རྩེ་གསུམ་པས་བསྐོར། དེའི་ཕྱི་རྒྱབ་དུ་མངའ་གཞོ་དང་། མདུང་རྩེ་གསུམ་པ་དང་དགྲ་སྟ་དང་།། ཁ་ཊྭཱཾ་ག་སྤེལ་ལ་གཏང་ངོ་།། དེ་ལྔ་རང་རང་གི ་མཚན་མ་ཡང་བྲིའོ།། དེ་ནས་མེ་སྦྱར་བ་ནི་ཞི་བའི་མེ་ནི་དགོན་པའམ། འོན་ཏེ་གཙུགས་ཤིང་ལ་བཏོན་ལ་དངུལ་ལ་སོགས་པའི་སྣོད་དཀར་པོའི་ནང་དུ་རླུང་ཡབ་ཀྱིས་སྦར་ལ། ལེགས་པར་འབར་བ་དང་གཟོང་བུད་ཤིང་གི་ནང ་དུ་བླུགས་སོ།། རྒྱས་པའི་མེ་ནི་རྒྱལ་པོ་འམ་འོན་ཏེ། བུ་མང་པོའི་ཁྱིམ་ནས་བླངས་ཏེ། གསེར་རམ་སེར་པོའི་སྣོད་སར་པར་སྦར་རོ།། དབང་གི་མེ་ནི་སྤང་འཚོང་མའི་ཁྱིམ་ནས་བླངས་ལ་ཟངས་ཀྱི་གྱོང་བུ་སར་པར་སྦར་རོ།། ་མངོན་སྤྱོད་ཀྱི་མེ་ནི་ཤན་པ་ནག་པོའི་ཁྱིམ་ནས་བླངས་ལ་ལྕགས་ཀྱོང་སར་པའི་ནང་དུ་རླུང་ཡབ་ཀྱིས་སྦར་ལ། ལེགས་པར་འབར་བ་དང་། གཟོད་བུད་ཤིང་གི་ནང་དུ་བླུག་སོ།། དེ་ནས་ཨོཾ་བཛྲ་ཛྭ་ལ་ཛྭ་ལ ་ཧཱུཾ་ཞེས་བརྗོད་ཅིང་མར་གྱི་དགའ་བླུགས་གསུམ་གྱིས་མེ་གསོ་བར་བྱའོ།། དེ་ནས་ཐབ་ཁུང་དེ་བསངས་ལ། དམ་ཚིག་གི་མེ་ལྷ་བསྐྱེད་པར་བྱ་བའི་ཕྱིར་ཐེག་བུང་དུ་མེ་ཏོག་གཏོར་ལ། པོ་ལས་སྣ་ཚོགས་པདྨ་བཾ་གངན་བསྐྱེད ་ལ། དེ་ནས་དང་པོའི་སངས་རྒྱས་བསྒོམ་པར་བྱ་ཞེས་པ་ནས། དབུ་ལ་ཡེ་ཤེས་སེམས་དཔའ་བརྒྱན་ཞེས་པའི་བར་ནི་དཀྱུས་ཉིད་གོསལ་ལོ།། དེ་ནས་ཡེ་ཤེས་ཀྱི་མེ་ལྷ་ཤར་ལྷོ་མཚམས་ནས་སྤྱ་ནི་དྲང་སྟེ། དང་པ་དང་ནི་དམ ་ཚིག་གིས།། ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ།། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག། སྲེགས་བླུགས་ཞལ་ཟས་བཞེས་ནས་ཀྱང་།། འདི་ཉིད་དུ་ནི་བཞུགས་སུ་གསོལ།། ཨག་ན་ཡེ་རམ་རམ་པྲ་བེ་ཤ་ཕཊ། ཨ་བེ ་ཤ་ཡ་ཨ་ཞེས་དམ་ཚིག་དང་གཉིས་སུ་མེད་པར་བསྟིམ་མོ།། དེ་ལ་མཆོད་པ་ཡིས་མཆོད་ནས་གཤེགས་སུ་གུསོལ་ལོ།། དེ་ནས་དམ་ཚིག་གི་མེ་ལྷའི་ཐུགས་ཀར་ལྷ་ཚྭ་བསྐྱེད་དེ། དེའི་ཐུགས་ཀར་ཨ་ལས་ཟླ་སྟེངས ་ཞེས་པ་ནས། སྐུ་གསུང་ཐུགས་དང་ལྡན་པར་བསམ་ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ།། དེ་ནས་རྫས་ཀྱི་རིམ་པ་བསྟན་པའི་ཕྱིར། དེ་ལ་སྲེག་བླུགས་དབུལ་བ་ནི་ཞེས་གསུངས་པའི་གོང་དུ་བསྐྱེད་པའི་ལྷ་ཚོགས ་དེ་ལ་འོག་ནས་འབྱུང་བའི་རྫས་རྣམས་དབུལ་བར་བྱའོ།། ཞེས་པའི་དོན་ཏོ།། མར་དང་ཏིལ་དང་ཡམ་ཤིང་དང་། མངར་གསུམ་འདག་གུ་དཀར་གསུམ་ནི།། ཞི་བའི་རྫས་ལ་བཤད་པའོ།། ཞེས་གསུངས་པ་ནི་ཞི་བའི་རྫས་སོ།། ་རྒྱས་དང་དབང་དང་དྲག་པོ་དགུག། དེ་ལས་གསུངས་པའི་རྫས་རྣམས་ནི།། འདི་ལས་མ་གསུངས་གཞན་དག་ལས།། རྒྱས་པར་བསྟན་ཏེ་དེར་ཤེས་བྱ་ཞེས་གསུངས་པའི་དོན་ནི་འདི་ཡིན་ཏེ། དེ་ཟན་དང་ཏིལ་དང་། ངུར་པ ་དང་འབྲས་སོ་བ་དང་། ཀུ་ཤ་དང་འབྲས་ཀྱི་ལག་པན་དང་། ནས་ཆེན་དང་། གྲོ་ཆེན་རྣམས་བསོག་གོ་ཞེས་པའི་དོན་ཏོ།། དེ་ཡང་ཁ་དོག་དང་རོ་དང་ཡམ་ཤིང་གི་སྐབསུ་གསུངས་པ་ལྟར་འདིར་ཡང་ངོ་།། རྫས་ཐམས་ཅད་ནི་རྣལ ་འབྱོར་པའི་གཡསུ་སྒྲིབ་པར་བྱའོ།། མཆོད་རྫས་ཐམས་ཅད་ནི་གཡོན་དུ་སྒྲིབ་པར་བྱའོ།། དེ་ནས་དགང་གཟར་བླུགས་གཟར་ཁ་སྦྱར་ཞིང་དབུལ་བ་ནི་ཞི་བ་ལ་མར། རྒྱས་པ་ལ་ཞོ། དབང་ལ་མེ་ཏོག་ཨུཏྤ་པ་ལ། མངོན་སྤྱོད་ལ་ཚེར་མ ་དབུལ་ཏེ། སྣ་དྲང་པོའོ།། དབུལ་བ་ནི་སྔགས་རིངས་ཀྱི་ཞབས་ལ།། ཨོཾ་སརྦ་པཱ་པི་ཤན་ཏཱིང་ཀུ་རུ་ཡི་སྡིག་པ་ལ་སོགས་པ་ཞི་བར་གྱུར་ཅིག་སྭཱ་ཧཱ།། པུཥྚིཾ་ཀུ་རུ་ཡེ་ཚེ་དང་བསོད་ནམས་རྒྱས་པར་གྱུར་ཅིག་སྭཱ་ཧཱ།། བ་ཤཱང་ཀུ་རུ་ཡེ ་ཐམས་ཅད་དབང་དུ་གྱུར་ཅིག་སྭཱ་ཧཱ། མཱ་ར་ཡ་ཕཊ་ཕཊ་ཐམས་ཅད་བརླག་པར་གྱིས་ཤིག། ཨཱ་ཀ་ར་ཥ་ཡ་ཐམས་ཅད་ཁུགས་པར་གྱུར་ཅིག་ཧཱུཾ་ཛཿཞེས་བརྗོད་ཅིང་སྲེག་རྫས་རྣམས་རིམ་པར་དབུལ་བར་བྱའོ།། དེ་ནས་སྦྱི། ་བོར་ཡི་གེ་ཨ་དཀར་པོ་ཅིག་བསམས་ལྔ་དེའི་འོད་ཟེར་གྱི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་། འཐིབས་པ་དང་། རྨུགས་པ་དང་། མ་རིག་པ་དང་། ཞེ་སྡང་ལ་སོན་པ་རྣམས་ལ་བོག་པས་ཡིས་ཀྱི་ནུས་བཀྲུས་ནས། ཡང་དག་པའི་ཡེ ་ཤེས་དང་ལྡན་པར་བྱས་ཏེ། བཀུག་ནས་གཞི་པོའི་ཨ་ཡ་ཐིམ་པས་འོད་དུ་ཞུ་སྟེ། ལུས་མགོ་གཞུགས་ཏུ་ཐིམ་པས་བག་ཆགས་ཀྱི་ལུས་སྦྱངས་ཏེ། སླར་གསོས་ནས་མཚན་དང་དཔེ་བྱད་དུ་ལྡན་པར་གྱུར་ཏེ། ཡང་དག་པའི ་ཡེ་ཤེས་ཀྱི་ངོ་བོ་བདེ་ལ་མི་རྟོག་པ་དེ་ལ་ལྷག་པར་གནས་པས་ལྷག་པར་གནས་པར་བྱའོ།། དེ་ནས་རྒྱས་པའི་ཏིང་ངེ་འཛིན་ནི་སྤྱི་བོའི་ཨ་ལོས་འོད་སེར་པོ་འཕྲོས་པས་ཚངས་པ་ལ་སོགས་པའི་ལིང་ཚེ་བཅུད་བསྡུས་ནས་བདག ་གི་ཚེའི་གནས་སུ་ཐིམ་ཞིང་རྒྱས་པར་བྱའོ།། ལོངས་སྤྱོད་འཕེལ་བར་འདོད་ན་འཇིག་རྟེན་གྱི་ཁམས་ཁེངས་པའི་ནོར་ཕྱུགས་བཀུག་ཅིང་རང་གི་ནོར་ལྕགས་ལ་བསྟིམས་ཏེ་རྒྱས་པར་བྱའོ།། བུ་ཚ་འཕེལ་བར་འདོད་ན་ཚངས ་རིས་མན་ཆད་ཀྱི་ཕོའི་མཚན་ཀུན་བཀུག་སྟེ། ཕོ་མོའི་སྐྱེ་གནས་ལ་བསྟིམ་ས་པས་པུ་ཚ་འཕེལ་བར་འགྱུར་རོ།། དེ་ནས་དབང་གི་ཏིང་འཛིན་ནི་ཡང་ཨ་ལས་འོད་དམར་པོ་འཕྲོས་པས་གང་དབང་དུ་བྱ་བ་དེ་འོད་ཟེར་གྱི ་བཀུག་སྟེ། བདག་གི་མདུན་དུ་མངོན་སུམ་དུ་འོངས་ཤིང་དབང་དུ་འདུས་པར་བསམས་ན་རྒྱལ་པོའི་བཙུན་མོ་ལྟ་བུ་ཡང་དབང་དུ་འདུས་པར་འགྱུར་རོ།། དེ་ནས་དྲག་པོ་མངོན་སྤྱོད་ཀྱི་ཏིང་ངེ་འཛིན་ནི་ཨ་དེ་ལས་འོད ་ཟེར་ནག་པོ་འཕྲོས་པས་བདགི་དགྲ་བགེགས་ལ་སོགས་པའི་གདུག་པ་ཅན་རྣམས་བཀུག་སྟེ་བསྒྲལ་ནས་ཕུང་པོ་མཆོད་ཡོན་དུ་ཕུལ་ཏེ་བརླག་པར་བསྡམ་པ་དེའི་ཕྱིར། སྤྱི་བོ་ཟླ་སྟེངས་ཨ་བསྒོམས་ལ།། དེ་ཉིད་ཞུ་བར་གྱུར་པ་ལས། ཞི་བྱ་དེ ་ཉིད་ཞུ་འགྱུར་ཏེ།། སླར་གསོས་པ། ཞོན་ནུབ་གཟུགས་བྱས་ལ། དེ་ལ་ལྷག་པར་གནས་པར་བྱ་ཞེས་དེ་ལ་དེ་སྐད་ཅེས་བྱའོ།། དེ་ཡན་ཆང་ནི་བདག་གི་དོན་གྱི་རིམ་པའོ།། དེ་ནས་ན་བ་ལ་ཕན་གདགས་པའི་ཕྱིར། དེ་ལ་ན་བའི ་ལས་བྱ་བ་ནི་གང་ཞིག་འོག་ནས་འབྱུང་བ་འདི་རྣམས་ཡིན་ནོ།། ཞེས་པའི་དོན་ཏོ།། གང་དག་ཡིད་ནི་མི་དྲན་པའི་ཞེས་པ་ནི་འཐིབས་པ་དང་། རྨུགས་པ་དང་། སྨྱོ་བ་ལ་སོགས་པའོ།། བགེགས་ཀྱི་སྦྱོར་བ་ཡོད་གྱུར་ན་ཞེས་པ་ནི་བགེགས་ཀྱི ་རྒྱལ་པོ་བི་ནཱ་ཡ་ཀ་ལ་སོགས་པས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའོ།། སྦྱོར་བ་ནི་རིམས་དང་ཤུ་བ་དང་གཡན་པ་དང་། མཛེ་ལ་སོགས་པ་ཡོད་ན། འོག་ནས་བྱུང་བ་འདི་ལྟར་བྱ་ཞེས་བྱའི་དོན་ཏོ།། ཏིང་ངེ་འཛིན་འདི་དག ་དྲན་པར་བྱ་ཞེས་པ་ནི་བདག་སྟོང་པའི་ངང་ལས་ཡི་གེ་དྷིཿདཀར་པོ་ཅིག་ཏུ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་དང་པོའི་སངས་རྒྱས་དེའི་ཐུགས་ཀར་ཨུ་ལུས་ཟླ་བའི་དཀྱིལ་འཁོར་ཉ་གྲང་བ་ལྟ་བུ་དེའི་སྟེང་དུ་གཞིའི ་སྙིང་པོ་མུ་དང་། སྨྱོ་བྱེད་ཀྱི་སྙིང་པོ་རཾ་བསམ། རི་དེ་ལས་འོད་འཕྲོས་པ་ནད་ལ་སོགས་པ་རྣམ་པ་ཐམས་ཅད་དང་། དེ་གཏོང་བར་བྱེད་པའི་བགེགས་དང་། དེའི་རྐྱེན་ལ་སོགས་པ་རྣམས་ཤིན་ཏུ་འོད་ཟེར་གྱིས་བཞུ་བཏུལ་བྱས ་ལ་སླར་ནད་ལ་ཐིམ་པས་ནད་ཀྱི་དངོས་པོ་ཐམས་ཅད་ཞུ་སྟེ་སླར་འདུས་པ་ལས་འབྲུ་ནག་པོ་ལ་བགེགས་ཀྱི་གཟུགས་བྱས་ལ། གང་གནོད་པའི་མིང་ཤོག་བུ་ལ་བྲིས་ཏེ། གླན་ལ་དེ་ལ་ནད་ཀྱི་དངོས་པོ་བསྟིམས་ལ། ་ཐིམ་པ་དང་གཟོང་ཞི་བའི་སྐབསུ་ཇི་ལྟར་གསུངས་པ་ལྟར། མེ་སྦྱར་ཏེ། སྔགས་རིངས་ཞབས་ལ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། ནད་བཞི་བརྒྱ་རྩ་བཞི་ཞི་བར་གྱུར་ཅིག་སྭཱ་ཧཱ་ཞེས་བཟླས་ཏེ་ཡུངས་ཀར་དང་། ཏིལ ་ནག་གིས་བརྒྱ་རྩ་བརྒྱད་དུ་བསྲེགས་པར་བྱས་ན་སོས་པར་འགྱུར་བའི་ཕྱིར། དང་པོའི་སངས་རྒྱས་བསྒོམ་བྱ་སྟེ་ཞེས་པ་ནས། ཡུངས་ཀར་བརྒྱ་རྩ་བརྒྱད་དུ་སྲེག་ཅེས་པའི་བར་དུ་གསུངས།། གལ་ཏེ་སོས་པར་མ་གྱུར་ན། སྲིན ་བུས་ཟོས་པའི་ཤིང་གདུག་པ་ཅན་ཁྲུ་གང་པ་ལ་ཚ་བ་གསུམ་གྱིས་བསྐུས་ཏེ་དེ་ལ་མེ་སྦར་ལ་གོང་མ་ལྟ་བུར་བགེགས་དང་ནད་ཀྱི་དགུག་གཞུག་བྱས་ལ་བསྲེག་པར་བྱས་ལ་བསྲེག་པར་བྱ་སྟེ། ལྷག་མ་ནི་ད་ཀྱུས་གསལ་ལོ།། ན་བ ་ལ་ཕན་གདགས་པའི་རིམས་པའོ།། དེ་ནས་ཤི་པ་ལ་ཕན་གདགས་པ་བསྟན་པའི་ཕྱིར། དེ་ནས་ཤི་བ་ལ་ཕན་གདགས་ན་ཞེས་པ་ནི་འོག་ནས་འབྱུང་བ་འདི་རྣམསོ།། དང་པོ་གནོད་པའི་བགོགས་ཏེ་ཞེས་པ་ནི་རིགས་ཀྱི་བུ་ཕོ་མོ་དོན་དང ་ལྡན་པ་གང་རུང་ཅིག་ཚེའི་འདུ་བྱེད་གྱུར་ན། ཕུང་པོ་དེ་དྲོད་དང་མ་བྲལ་བར་བདག་དང་པོའི་སངས་རྒྱས་ཀྱི་ང་རྒྱལ་དང་ལྡན་པས་རོ་ལ་གནོད་པའི་བགེགས་ལ་སོགས་པ་ཏིང་འཛིན་གྱིས་བཀུག་ལ། ཤ་ཆང་དང་སྒོག་བཙོང་དང་། ལ ་ཕུག་དང་། འབྲས་ཆ་ན་དང་། ཁུ་བ་ལ་སོགས་པའི་གཏོར་མ་ཆ་གཅིག་གིས་བྱིན་གྱིས་བརླབས་ལ་བདུང་རྩི་སྦྱིན་པའི་སྔགས་ཀྱིས་བྱིན་ལ་རྡོ་རྗེ་ཚིག་དུ་འདི་སྐད་བརྗོད།། སུ་དག་ཕྱོགས་བཅུའི་འཇིག་རྟེན་ན།། ལྷ་དང་ཀླུ་དང་གནོད་སྦྱིན ་དང་གཤིན་རྗེ་སྲིན་པོ་གང་ཡང་རུང་།། སྔོན་གྱི་ལན་ཆགས་དེངད་པ་རྣམས།། མཐུན་པའི་གུ་ཏོ་རཱ་མ་འདི་ལོང་ལ།། ཚེ་འདས་འདི་ལ་མེ་མནར་ཅིག་ཅེས་བྱས་ལ་གཏང་ངོ་།། དེ་ནས་ཡུངས་ཀར་གྱི་རྒྱལ་པོས་བྲབ་ཅིང་སྔགས ་རིངས་བཟླས་ལ་མཚམས་བཅད་དོ།། དེའི་ཕྱི་རོལ་ལ་ཕན་པའི་ཆོ་ག་ཞེས་པའོ།། དེ་ནས་རོ་དེའི་སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨ་དཀར་པོ་ཅིག་བསམས་ལ་དེ་འོང་དུ་ཞུ་བ་ལས་ལུས་ཐམས་ཅད་ཁྱབ་པར་བྱས ་ཏེ། སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་སྦྱིན་མཚམོས་དང་ལྔར་རིམ་པར་རྣམ་སྣང་དང་། འོད་དཔག་མེད་དང་། མི་བསྐྱོད་པ་དང་། དོན་ཐམས་ཅད་གྲུབ་པ་དང་། རིན་ཆེན་འབྱུང་ལྡན་རྣམས་འཁོར་དང་བཅས་པར་གྱུར་པར་བོས ་ལྷ་རེ་རོའི་སྤྱི་བྲོ་ན་ཡང་ཨ་དཀར་བཻ་རེ་རེ་ཡོད་པར་བསམས་པ་དེའི་ཕྱིརི་ཨ་ཡིས་ཀུན་ཁྱབ་སྤྱི་སྟེངས་བསམ། ལྷར་གྱུར་ལྷ་ནི་སྔོན་བཞིན་བསམ་ཞེས་གསུངསོ།། དེ་ནས་རང་རང་གི་སྤྱི་བོའི་ཨ་ལས་འོང་འཕྲོས་པས་དུས ་གསུམ་གྱི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་བཅུད་བསྡུས་ཏེ་ཁ་དོག་ལྔ་དང་ལྡན་པར་བྱས་ཏེ། རང་རང་གི་སྤྱི་བོར་ཐིམ་པ་ལས་དེ་བཞིན་གཤེགས་པ་ལྔ་ལྔའི་དབུ་རྒྱན་དང་ལྡན་པར་བྱས་ཏེ། ལུས་ཐམས་ཅད ་ཡེ་ཤེས་ལྔའི་རྔ་བོར་གནས་བྱའོ།། དེའི་ཕྱིར་ཨ་ལས་ཡེ་ཤེས་ལྔས་གང་ནས་ཞེས་གསུངས་པའོ།། ཕན་པའི་གནོད་སྦྱིན་ཆུས་བཏབ་ལ་ཞེས་པ་ནི་ཆུ་གཙང་ལ་ཨ་བཛྲ་ཡཀྵ་ཧཱུ~ཾ་ཞེས་བརྒྱ་རྩ་བརྒྱད་བཟླས ་ལ། \ུ0f7fཕུང་པོ་ལྔའི་རྣ་མ་པར་རྟོག་པ་སྦྱང་བའི་ཕྱིར་སྔོན་དུ་གསུངས་པའི་ལྷ་ཚོ་ལ་སྐུ་ཁྲུས་གསོལ་བར་བྱའོ།། དེའི་ཕྱིར་དང་པོ་བཀྲུ་བ་ལས་ཡིན་ཏེ་ཞེས་གསུངསོ།། དེ་ནས་ཨའི་འཕྲོ་འདུལས་ཞེས་པ་ནི། བདག་གི་ཐུགས ་ཀར་ཨ་དཀར་པོ་བསམ། དེ་ལས་འོད་ཟེར་འཕྲོས་པས་འགྲོ་དྲུག་གི་བག་ཆགས་སྦྱངས། ཚེ་འདས་པའི་ཤེས་པ་བཀུག་ནས་རོ་ལ་བཅུག་ལ། དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ལ་ཐིམ་པར་བསམ་མོ།། དེ་ནི་སྔོན ་ཆོ་གའོ་ཞེས་པ་ནི་དེ་ལྟར་གོང་དུ་གསུངས་ནས་ནི་རོའི་སྔོན་དུ་འགྲོ་བའི་ཆོ་ག་ཡིན་ནོ་ཞེས་པའོ།། དེ་ནས་ཞེས་པ་ནི་གོང་དུ་འགྲོ་བ་བྱས་པའི་དེ་མ་ཐག་པ་ནས་འོག་ནས་འབྱུང་བའི་ལྷག་པར་གནས་པའི་ཆོ་ག་འདི་བཤད་དོ་ཞེས་པའི ་དོན་ཏོ།། ཤི་བ་དཀྱིལ་འཁོར་དབུས་གཞག་སྟེ་ཞེས་པ་ནི་དེ་བཞིན་གཤེགས་པ་ལྔའི་དཀྱིལ་འཁོར་དང་ལྡན་པའི་རོ་དེ། མཎྜལ་གྱི་དབུས་སུ་སྣ་ཚོགས་པདྨའི་གདན་ལ་གཞག་གོ། ཞག་གསུམ་སློབ་དཔོན་སྤང་གནས ་པ་ཞེས་པ། ཞག་གསུམ་ཁ་ཟས་ཀྱི་ཚོད་བཟུང་ལ། དཀར་གསུམ་ལ་སོགས་པ་བཟའ་ཞིང་། ཉིན་རེ་ལ་ཐུན་སུམ་གསུམ་ལྷའི་རྣལ་འབྱོར་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ།། བགེགས་བསྐྲད་ལ་སོགས་བྱས་ནས་ནི ་ཞེས་པ། ཐུན་རེ་རེ་ལ་ལྷོ་སྒོའི་ཚེ་གུ་རེ་རེ་ལའོ།། དེ་ཡང་རྒྱུད་ཉིད་ལས། སེམས་ཅན་ཀུན་གྱི་ངན་སོང་གསུམ། སྦྱོང་བར་བྱེད་པའི་འཛུམ་བསྟན་ནས་ཞེས་པ་དང་། ངནྡ་སོང་ཐམས་ཅད་རྣམ་སྦྱོང་བ།། མགོན་པོ་སེམས་ཅན་ཀུན ་གྱི་མཆོག་ཅེས་གསུངས་སོ།། འཁོར་ལོ་ལྷ་རྣམས་མདུན་བསམ་སྟེ་ཞེས་པ་ནི་དེ་ལྟར་ཞག་གསུམ་དུ་བྱས་པའི་ནང་པར་འཁོར་ལོའི་ཕྱག་རྒྱ་བཅིངས་ཏེ། ཨོཾ་མཉྫུ་ཤྲཱི་བཛྲ་ཙཀྲ་ཧཱུཾ་ཞེས་བརྗོད་པས་དཀྱིལ་འཁོར་གྱི་ལྷ་རྣམས ་མདུན་གྱི་ནམ་མཁའ་ལ་བསམས་ལ། དེ་ལ་མཆོད་པའི་ཕྱིར་ཕྱག་བཙལ་སྤྲོ་བ་སྐྱེད་དེ་ལ་སོགས་བྱ་ཞེས་པ་བཅུ་ཡོངས་སུ་དག་པ་དང་སྡོམ་པ་གཟུང་བ་བྱས་ལ་དེ་ནུས་འགྲོ་ནས་འབྱུང་བའི་ཚེ་འདིར་དང་པོར་འབྲས་བུ་ཡོད་ཅེས་ལྡན ་འདི་ལ་དབང་ནི་སྦྲུལ་དུ་གསོལ་ཞེས་པ་ཡན་ཆད་བརྗོད་པར་བྱའོ།། དེ་ནས་སྦྱོར་བ་དང་པོ་དང་དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་བྱའོ།། དེ་ནས་སྒོ་དབྱེ་བ་བྱ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས ་ཏེ། མཛུབ་མོ་གཉིས་ནི་རབ་ཏུ་བ་རྐྱང་།། མཐེ་ཆུང་ལུ་གུ་རྒྱུད་དུ་སྦྲུལ།། སྒོ་དབྱེ་བའི་ཕྱག་རྒྱ་སྟེ།། ཨོཾ་མཉྫུ་ཤྲཱི་བཛྲ་དྷ་རོདྦྷ་ཊ་ཡ་ཧཱུཾ་ཕཊ་ཅེས་བརྗོད་དེ། གཞལ་ཡས་ཁང་སྒོ་དབྱེ་བར་བྱའོ།། དེ་ནས་རྡོ་རྗེར་སྒྲུབ་པ་དང ་ཚོགས་བསག་པ་ཡན་ཆད་འདིར་ཤེས་པར་བྱའོ།། དེ་ནས་སྔགས་རིངས་ཀྱིས་ལྷ་ཐམས་ཅད་གསལ་བར་བྱས་ལ། ཐུན་གསུམ་གྱི་རྣལ་འབྱོར་ཞག་བཞི་རུ་བྱའོ།། དེ་ནས་གང་ཞིག་དེ་ཉིད་ལ་ཞེས་པ་ནས། ཤི་བེ་སྟ་གན ་ལ་གནས་པའི་ཏིང་ངེ་འཛིན་ཏོ་ཞེས་པ་ཡན་ཆད་ཀྱིས་དོན་ལ་གནས་པར་བྱ་སྟེ། དཀྱུས་ཉིད་གསལ་ལོ།། དེ་ནས་དཀྱིལ་འཁོར་ཆེན་པོ་འདྲི་བའི་ཚེ། དང་པོ་སངས་རྒྱས་ང་རྒྱལ་དང་ཞེས་པ་ནས། མངོན ་གསུམ་འདྲ་བར་གང་བར་བསྒོམ་ཞེས་པའི་བར་གྱིས་གསོལ་བ་གདབ་པ་སྟེ། དཀྱུས་གསལོ་ལོ།། དེ་ནུས་བྲི་བ་བསྟན་པའི་ཕྱིར། ཤི་ལ་ཕན་གདགས་དཀྱིལ་འཁོར་ལྡན་ཞེས་གསུངས་ཏེ། དེའི་དོན་ནི་རྡོ་རྗེ་དབྱིངས་ཀྱི ་དཀྱིལ་འཁོར་ལྟ་བུ་ལ་དབུས་ཀྱི་ཕོ་བྲང་མེ་ཐབ་ཏུ་བྱས་ལ། གཞལ་ཡས་ཁང་པ་དེ་འདྲ་བ་ཞེས་པ་རོ་སྦྱོང་བའི་དཀྱིལ་འཁོར་ཡིན་ནོ་ཞེས་པའི་དོན་ནོ།། འདི་ལས་གསུངས་ཏེ་གཞན་དུ་ཞེས་པ་ནི་གོང་དུ་གསུངས་པོའི ་དཀྱིལ་འཁོར་དེ་ལྟ་བུ་ནི་རོ་སྦྱོང་བའི་དོན་དུ་ཡིན་གྱི་དབང་བསྐུར་བ་ལ་སོགས་པའི་དོན་དུ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ།། ཞག་བདུན་ནང་པར་སྦྱིནྡ་སྲེག་བྱ་ཞེས་པ་ནི། དེ་ལྟར་རོ་ལཱ་བསྙེན་པ་ཞག་བདུན་དུ་བྱས་ནས་རྡུལ་ཚོན ་གྱི་དཀྱིལ་འཁོར་བཞུངས་པོའི་ཚེ་སྦྱིན་སྲེག་བྱའོ་ཞེས་པའི་དོན་ཏོ།། དེ་ཡང་ཇི་ལྟར་བྱ་ཞེ་ན། དེ་ནས་ཕྱིའི་རིམ་ལྡན་པས་ཞེས་པ་གསུངས་ཏེ། ཕྱིའི་རིམ་ལྡན་ནི་དཀྱིལ་འཁོར་གྱི་ཕྱི་ལོག་ཏུ་བགེགས་བསྐྲང་བ་དང་། ་གར་ལ་སོགས་པའི་རོལ་མོ་ཡིས་མཆོད་པ་ཕུང་པོ་ལ་སོགས་པ་དྲང་པོར་བྱའོ་ཞེས་པའི་དོན་ཏོ།། དེ་ཡང་ཇི་ལྟར་ཞེ་ན། སྔགས་པ་ཆས་གོས་ལྡན་པ་ཡིས།། ཤིན་ཏུ་བསྒྱིངས་པ་ལྡན་བྱས་ཏེ། ཞེས་གསུངས་ཏེ། ་ཆས་གོས་ལྡན་པ་ནི་དབུ་རྒྱུན་དང་། མགུལ་རྒྱན་དང་། དེ་ཤལ་དང་། མགུར་རྒྱ་དང་དཔུང་རྒྱན་དང་། གདུ་བུ་དང་སར་གདུབ་དང་། རྐང་རྒྱན་དང་། གཱས་ནི་སྟོད་གཡོགས་དང་། སྐད་གཡོགས་སོ།། ལྡན་པ་ནི་དེ་རྣམས ་འཛོམ་པའོ།། བསྒྱིངས་པ་ནི་ཤིན་ཏུ་འགྱིང་བག་དང་བཅས་པས་དཀྱིལ་འཁོར་གྱི་ཐ་མ་བསྐོར་བར་བྱ་ཞེས་པའི་དོན་ཏོ།། དེ་ནས་སྔོན་གྱིས་སྦྱོར་བ་ཡིས།། གོ་ཆེ་རྣམས་ནི་དཔྱད་པར་བྱ།། དང་པོའི་ཆོ་གེའི་རིམ་པ་ནས།། ་འཁོར་ལོའི་རིམ་པ་འདི་གསུངས་ཏེ་ཞེས་པ་ནི་ལྕེ་ལུག་བྱིན་གྱིས་བརླབ་པ་ནས། གཞལ་ཡས་ཁང་བསྐྱེད་པ་ཡན་ཆད་བྱ་སྟེ། དེ་ནས་གཟོད་རོ་དེ་མེ་ཐབ་དུ་བཞག་སྟེ། དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག ་དང་། ཕྱག་རྒྱ་བཞིས་རྒྱས་གདབ་པ་ཡན་ཆད་བྱས་ཏེ། གཟོད་མེ་སྦར་བར་བྱའོ།། དེ་ཡང་ཇི་ལྟར་སྦར་ཞེ་ན། སྔོན་དུ་ཞི་བོའི་སྐབསུ་ཇི་ལྟར་འདིར་ཡང་རྒྱས་པར་བྱས་ལ་གཟོད་སྲེག་པའི་ལས་བྱས་ཏེ། དེ་ལ་ཡང་གསུམ་སྟེ། ་རོ་མཆོད་གནས་སུ་བསྲེག་པ་དང་། རོ་ལྟར་སྲེག་པ་དང་། རོ་སྲེག་རྫས་སུ་བསྲེག་པ་དང་། གསུམ་དུ་ཤེས་པར་བྱས་ལ་བསྲེག་གོ། རྫས་དབུལ་ལ་སོགས་པའི་རིམ་པ་སྔོན་དུ་ཤེས་པར་བྱའོ།། དེའི་ཕྱིར་མེ་ཉིད་ཤི་བའི་གནས ་སྦྱངས་ཏེ་ཞེས་གསུངས་པ་ཁོ་ནའོ།། དེ་ནས་ཁྲུས་བྱས་མཆོད་པའི་ཚོགས་ཞེས་པ་ནི། མཆོད་པའི་ཡོ་བྱད་རྣམས་ལ་རྡོ་རྗེ་གནོད་སྦྱིན་གྱི་ཆུས་བསངས་ལ། མེ་ཏོག་ལ་སོགས་པ་ལྔ་དང་ལྷ་མོ་བརྒྱད་དང་། དེ་ལས་གཞན་པའི ་མཆོད་པ་དང་། མཆོད་པ་ཉི་ཤུ་པས་ཀྱང་མཆོད་ལ། བསྟོད་པ་རྣམས་ཀྱིས་ཀྱང་བསྟོད་དོ།། དེའི་ཕྱིར་མ་ལུས་པར་ནི་འདིར་བཤད་དོ།། ཞེས་གསུང་སོ།། དེ་ནས་དཔུང་བཟུངས་ཀྱི་ཞུས་པ་ལས་གསུངས ་པ་ལྟར་ཕྱོགས་སྐྱོང་ལ་གཏོར་མ་སྦྱིན་ནོ།། དེ་ནས་དེ་ལ་ལམ་བསྟན་བྱ། ཚོགས་བསག་དགེ་བའི་དོན་ལ་སྦྱར་ཞེས་པའི་དོན་ནི་ལྷོ་སྒོའི་ཚི་ག་ལས་ཤེས་པར་བྱའོ།། དེ་མཐར་བདག་ཉིད་རྟོག་སྒོམ་དང་ཞེས་པ་ནི་དེ་ལྟར་བྱས ་པའི་རྗེསཽ་ལ་བདག་ཉིད་མི་དམིགས་པར་བྱའོ་ཞེས་པའི་དོན་ཏོ།། དེ་ཉིད་མཉམ་ཤེས་པ་ནི་བདག་ཉིད་ཡང་དག་པའི་ཐུགས་དང་། ཚེ་འདས་པའི་ཤེས་པ་གཉིས་མཉམ་ཞིང་དབྱེར་མེད་པར་ཤེས་པར་བྱའོ་ཞེས་པོའི ་དོན་ཏོ།། ཅིས་མི་ཚུགས་ཞེས་པ་ནི་དེ་ལྟར་རྟོགས་ན་ཉོན་མོངས་པ་གང་གིས་ཀྱང་མི་ཚུགས་སོ་ཞེས་པའི་དོན་ཏེ།། དེ་ལ་རྟག་གནས་བདེ་ལྡན་དང་།། ཞེས་པ་ནི་ཐམས་ཅད་མཉམ་པ་ཉིད་ཀྱི་དོན་དེ་ལ་རྟག་པར་གནས་ན ་ཡང་དག་པའི་ཡེ་ཤེས་ཕྱིན་ཅི་མ་ལོག་པའི་དོན་བདེ་བ་དང་ལྡན་ནོ་ཞེས་པའི་དོན་ཏོ།། དེ་ལྟར་བསྒོམ་པའི་དོན་བསྟན་ནས་སྐབས་འདིར་ཡེ་ཤེས་སེམས་དཔའ་གཤེགསུ་གསོལ་བ་ལ་སོགས་པ་བྱ་སྟེ། སྔོན་དུ ་བསྙེན་པའི་སྐབས་ཇི་ལྟར་གསུངས་པ་བཞིན་དུ་བྱའོ།། དེ་ནས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྡུ་བ་ནི་རིམ་པས། ཨའི་ངང་ཉིད་དུ་ཞེས་གསུངས་ཏེ། རིམ་པ་ནི་ཡེ་ཤེས་ཀྱི་རྡོ་རྗེ་མཆོད་རྟེན་ལོ་ཐིམ། མཆོད ་རྟེན་ཆོས་འབྱུང་ལ་ཐིམ། དེ་རྡོ་རྗེ་རྒྱ་གྲམ་ལ་དེ་གཞལ་ཡས་ཁབ་ལ། དེ་ལྷ་ཚོགས་ལ། དེ་གཞིའི་སངས་རྒྱས་ལ། དེ་དང་པོའི་སངས་རྒྱས་ལ། དེ་ཤེས་རབ་འཁོར་ལོ་ལ། དེ་ཡེ་ཤེས་སེམས་དཔའ་ལ། དེ་ལ་ཟླ་བ་ལ། དེ་ཨ་ལ ་ཐིམ་མོ།། དེ་ཉིད་ལ་ཨའི་དང་ཉིད་དུ་ཞེས་གསུངས་པའོ།། དེ་ལྟར་བདག་གི་ངོ་བོ་ཡི་གེ་ཨ་དཀར་པོའི་ངང་ཉིད་དུ་གནས་ལས། དེ་ཡང་བདག་ལུས་ཨས་ཁྱབ་པའོ།། ཞེས་གསུངས་པའོ།། དེ་ནས་ཨཱ་དེའི་བྱིན་གྱིས་བརླབས་ཀྱི ་བདག་གིས་ཤེས་པ་འོད་དུ་ཞུ་ནས་ཐིག་ལེ་བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པའི་ངང་དུ་རྟོག་ཏེ། ཉེ་བའི་དཔེས་མཚོན་ནཱ་འདུས་མ་བྱས་པའི་ན་མཁའ་དང་འདྲོ་བར་གནས་ཏེ། དེ་ཁོ་ན་ལ་དེ་ཉིད་ཨའི་བྱིན་གྱིས་བརླབས་ལས། ་ཨཱཥྞཱིད་དབྱིངས་ཀྱི་ངང་ཉིད་དུ།། ཐམས་ཅད་ནཱ་མཁའ་དང་འདྲའོ་ཞེས་གསུངས་སོ།། དེ་ནས་ཇི་ལྟར་གསུངས་པའི་དོན་གྱི་རྣལ་འབྱོར་པའོ།། དེ་ཡན་ཆད་ཤི་བ་ལ་ཕན་གདགས་པའི་རིམ་པའོ།། དེ་ནས་འཁོར་ལོ་རྣམ་པ་བཞིའི་དོན་བསྟན ་པའི་ཕྱིར།། དེ་ནས་འཁོ་པོ་བསྟན་པ་ཎྜཱི་བའི་ཀེནྡྷ་འབྱུང་བ་འདི་ཉིད་ཡིན་ནོ།། དེ་ཡང་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན།། ཡན་ལག་མེད་པའི་རྩིས་ལས་འདས།། བསམ་གཏན་བཞིའི་རྩེ་མོ་ཅན་ཞེས་གསུངས་ཏེ།། ལུས་ལ་འཁོར་ལོ་བཞི་གནས ་ཏེཛལྟེ་བ་ཤེས་རབ་འཁོར་ལོ་སྟེ།། རྩིབས་ནི་བཅུ་གཉིས་ཡང་དག་ལྡན།། དང་པོའི་རྩིབས་ནས་བརྩམས་ཏེ་དགོད་པ་ནི།། ཨ་ཨཱ་ཨཾ་ཨཱཿ་ཨཱ་ཨོཾ་ཨཱཿ་ཨཱ་ཨཾ་ཨཱཿགནས་སོ།། རྟག་པ་ཤེས་རབ་ཡིག་འབྲུའི་ལ ་མའོ།། ཕྱོ་བྲང་ལྷའི་འཁོར་ལ་ནི་ལྟེ་བ་ལ་མི་བསྐྱོད་པ། དེ་ནས་རྡོ་རྗེ་སེམས་དཔའ། རྒྱལ་པོ་ཆགས་པ་ལེགས་པ། སེམས་མྱ་རྡོ་རྗེ་མ་སྒེག་མོ་དང་། བཇུག་སྤྲོས་མ་དང་། སྒོ་བ་ལྕགས་ཀྱུ་དང་། མྦྷ ་པ།། འཇམ་དཔལ། སྤོས་ཀྱི་གླང་པོ་ཡེ་ཤེས་ཏོག་དང་། བཅུ་གཉི་སོ།། ལྟེ་བར་དེ་ཤེས་རབ་འཁོར་ལོ་གྲགས།། སྙིང་གར་ཤེས་རབ་འཁོར་ལོ་ནི།། བཅུ་གཉིས་རྩིབས་དང་ལྡན་པ་ལ།། རིམ་པ་བཞིན་དུ་དང་པོར་ཨོཾ་དག ་ཨ་ཨཱཿི་ཨཱི། ཨུ་ཨཱུཿེ་ཨཾ། ཨོ་ཨཽ། ཨཾ་ཨཿདགོད་པར་བྱའོ།། རྟག་པ་ཤེས་རབ་ཡིག་འབྲུའི་འཁོར་ལོའོ།། ཕོ་བྲང་ལྷའི་འཁོར་ལོ་ནི་ལྕི་བར་རིན་ཆེན་འབྱུང་ལྡན།། རྡོ་རྗེ་རིན་ཆེནདུཉི་མ། རྒྱལ་མཚན། ་བཞད་པ། རིན་ཆེན་སོམས་མ་དང་། མེ་ཏོག་མེ་དང་། ཕྲེང་བ་མ་དང་། སྒོ་བཞགས་པ། བཟང་སྐྱོང་། བློ་གྲོས་རྒྱ་མཚོ། བློ་གྲོས་མི་ཟད་པ། སྤོབས་པ་བརྩེགས་པ་དང་བཅུ་གཉིས།། འདི་ནི་སྙིང་གའི་ཤེས་རབ་འཁོར་ལོའོ།། ་མགྲིན་པ་ཤེས་རབ་འཁོར་ལོ་ནི།། བཅུ་གཉིས་རྩིབས་དང་ཡང་དག་ལྡན།། རིམྲ་བཞིན་རྩིབས་གཅིག་པ་ལ་ཨ།། ཨ་ར་པ་ཙ་ན། བཱ་གཱི་ཤྭ་ར་པྲཛྙཱ་ན་མཿདགོད། རྟག་པ་ཤེས་རབ་ཡིག་འབྲུ་འི་འཁོར་ལོའོ།། ཕོ་བྲང་ལྷའི ་འཁོར་ལོ་ནི།། ལྟེ་བ་ལ་མཐའ་ཡས། རྡོ་རྗེ་ཆོས་རྒྱུ། སྨྲ་བ། རྣོན་པོ་ཆོས་ཀྱི་སེམས་མ་དང་། གླུ་མ་མར་མེ་མཿསྒོ་པ་ལྕགས་སྒྲོག། མཐུ་ཆེན་ཐོབ་དང་། ངན་སོང་ཀུན་འདྲེན་དང་། མྱ་ངན་འཇོམས་དང་། དྲ་བ་ཅན་གྱི་འོད ་དང་བཅུ་གཉིས་པོ་མགྲིན་པ་ཤེས་རབ་འཁོར་ལོ་གྲགས།། སྤྱི་བོ་ཤེས་རབ་འཁོར་ལོ་ནི།། འཅུ་གཉིས་རྩིབས་དང་ཡང་དག་ལྡན།། རྩིབས་དྲང་པོར་ཧ་ར་ཧཱ་རུ། ཏ་ཐཱ་ག་ཏཱ། ཨོཾ་ཛྫ་ཧྲཱིབྷ་ག་བཱན། ཛྙཱ་ན་མཱུརྟི། བཱ་གཱི་ཤྭ་ར་མ་ཧཱ་པ་ཙ། ་སརྦ་དྷརྨ་ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ། དྷརྨ་དྷཱ་ཏུ་ཛྙཱ་ནོ་གརྦྷ་ཨཱཿརྟག་པ་ཤེས་རབ་ཡིག་འབྲུའི་འཁོར་ལོའོ།། ཕོ་བྲང་ལྷའི་འཁོར་ལོ་ནི་ལྟེ་བ་ལ་དོན་ཡོད་གྲུབ་པ། རྡོ་རྗེ་ལས་སྲུང་བ་དང་། གནོད་སྦྱིན་ཁུ་ཚུར་དང་། ལས ་ཀྱི་སེམས་མ། གར་མ། དྲི་ཆབ་མ། སྒོ་ཁ་དྲིལ་བུརྡ་ཟླ་འོད། འོད་དཔག་མེད། ནམ་མཁའ་མཛོད། སྒྲིབ་པ་སེལ་བ། འཚོགས་མ་ཤེས་རབ་འཁོར་ལོར་གྲགས།། ཡེ་ཤེས་མེ་ལྕེ་འད་རབ་གསལ།། ཞེས་པ་བཞུ་བཏུལ་ནི་འཁོར ་ལོའི་གདམ་ངག་བླ་མ་ལས་ཤེས་པར་བྱའོ།། དེ་ནི་ཕོ་བྲང་ལྷའི་དཀྱིལ་འཁོར་དང་། ལུས་གནས་རྩའི་འཁོར་ལོ་དང་། རྟག་པ་ཤེས་རབ་ཀྱི་འཁོར་ལོ་དང་། གསུམ་གསལ་བར་བསྟན་ཏོ།། དེ་ལྟར་བསྒོམས་པས་འབྲས་བུ་བསྟན་པའི ་ཕྱིར། དེ་ལྟར་རྟག་ཏུ་གང་བསྒོམ་པ་ཞེས་པ་ནི། རིགས་ཀྱི་བུ་གང་ལ་ལ་ཞིག་གྲི་དེ་ལྟར་བསྒོས་ན་འོག་ནས་འབྱུང་བའི་གཞོན་ནུའི་གཟུགས་ཅན་བདེ་བ་ཐོབ་ཅེས་གསུངས་པ་སྟེ། གཞོན་ནུ་ནི་འཛུམ་དཔལ་ལོ།། གཟུགས་ཅན་ནི་དེའི ་སྐུ་ལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའོ།། བདེ་བ་ཐོབ་པ་ནི་དེའི་ཐུགས་ཡང་དག་པའི་ཡེ་ཤེས་ཐོབ་པའོ།། དྲག་འཛིན་ལུས་ནི་ངན་འགྲོའོ།། དེ་དག་སྤངས་ནས་ཞེས་པ་ནི་གོང་དུ་གསུངས་པའི་དོན་དེ་ལྟར་བསྒོམས་པས་ཁམས ་གསུམ་གྱི་ཉོན་མོ་པ་སྤངས་ན་འོག་ན་འབྱུང་བའི་གཞན་གྱི་དོན་ཕྱིན་ཅི་མ་ལོག་པ་ཡང་གྲུབ་སྟེ། རྗེ་བཙུན་འཇམ་དཔའི་དབྱངསུ་སྐྱེ་བས་ན།། རང་དགའ་ལུས་སུ་སྐྱེ་བར་ངེས་ཞེས་གསུང་སོ།། དེ་ནས་དེས་སུ ་བཅུ་ལ་འགྲོད་པར་བསྟན་པ་ནི་དཀྱུས་ཉིད་གསལ་ལོ།། དེས་ནི་ཤེས་རབ་འཁོར་ལྀ་བསྒོམ་པའི་རིམ་པའོ།། དེ་ནས་ལྷག་པར་གནས་པའི་སློབ་མ་དེ་དབོང་བསྐུར་བར་བྱ་བའི་ཕྱིར། དེ་ནོས་འདི་ནི་དབང་བསྐུར་དམ་པར་གསུངས་ཞེས ་པ་ནི་སྔོན་དུ་ལྷག་པར་གནས་པའི་སློབ་མ་དེ་འདིར་དབང་བསྐུར་བར་བྱའོ་ཞེས་པའི་དོན་ཏོ།། དེ་མ་བསྐུར་ན་ཅིར་འགྱུར་ཞེ་ན།། དབང་བསྐུར་མེད་ན་དངོས་གྲུབ་མེད་ཅེས་གསུངས་ཏེ། དེ་ནས་སློབ་དཔོན་གྱིས་བྱ་བའི་རོམ ་པ་བསྟན་པའི་ཕྱིར། ཡོན་ཏན་ལྡན་པའི་སྔགས་པ་ཞེས་གསུངས་ཏེ། ཡོན་ཏན་ལྡན་པའི་སློབ་མུ་དབང་བསྐུར་བའི་སྔོན་དུ་སློབ་དཔོན་ཉིད་ཀྱིས་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་དུ་བཞུགས་ལ། དབང་བླང་བ་ལ་སོགས་པ ་བྱས་ལ། གཟོད་སློབ་མ་དཀྱིལ་འཁོར་དུ་གཞུག་པར་བྱའོ་ཞེས་པའི་དོན་ཏོ།། དེས་ཅར་འགྱུར་ཞེ་ན། དེ་ལ་དབང་ཕྱིན་ཡོན་ཏན་གྲུབ་ཅེས་གསུངས་ཏེ། དེ་ནས་སློབ་མ་གཞུག་པར་བསྟན་པའི་ཕྱིར། དང་པོ་ཁྲུས་བྱས་རྒྱན་གོན ་ཧཾ་ཞེས་པ་ལ་སོགས་པ་གསུངས་པའི་དོན་ནི་འདི་ཡིན་ཏེ། སློབ་དཔོན་དུ་འོས་པའི་བླ་མས་ལས་ཐམས་ཅད་པའི་ཆུས་བསངས་ལ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ཏེ། རྒྱན་ཐམས་ཅད་ཀྱིས་བརྒྱན་ལ། རྡོ་རྗེ་གནོད་སྦྱིད ་ཡོངས་སུ་བཟླས་པའི་གོས་དམར་པོའི་སྣོད་གཡོགས་དང་སླད་གཡོགས་གྱོན་ལ། ཨོཾ་བཛྲ་ཏཱིཀྵ་ཧཱུཾ་ཕཊ་ཅེས་བཟླས་པའི་གདོད་གཡོགས་དམར་པོ་བཅིངས་ལ། ཡོན་གྱི་དམ་པ་དག་ཕུལ་བ་ཡོངས་བླངས་ཏེ། དེའི་སྙིང ་ག་དང་དཔྲལ་བ་དང་། ལྐོག་མ་དང་སྤྱི་བོ་རྣམསུ་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་མ་དང་། སྣ་ཚོགས་རྡོ་རྗེ་ཟླ་བའི་སྟེང་དུ་དེའི་ས་བོན་གྱི་རྣམ་པར་བཀོད་ལ་ཕྱོགས་བཞིའི་དྲི་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱེད ་དུ་བཅུག་ལ། དེ་ནས་ས་མ་ཡ་སྟྭཾ་ཞེས་པའི་སྔགས་ཀྱིས་འཇམ་པའི་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱ་འཛིན་དུ་གཞུག། ཅིང་དེ་བཞིན་དུ་ཕྲེང་བ་འཛིན་དུ་གཞུག་གོ།། དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས་བསྒོ་བ་བྱ་སྟེ། སྐལ་དང ་ལྡན་པ་རིགས་ཀྱི་བུ།། ཁྱོད་ནི་ཅི་དང་ཅི་ལ་དགེའ།། འདོད་དོན་གང་ཡིན་ཁྱོད་ཀྱིས་སྨྲོས།། དེ་ནས་སློབ་མས་འདི་སྐད་བརྗོད།། བདག་ནི་གསང་བའི་དཀྱིལ་འཁོར་ལ།། རབ་ཏུ་བལྟ་བར་བགྱི་བ་དང་།། མྱ་ངན་འདས་པའི ་གྲོང་མཆོག་ཏུ།། བདག་ནི་འཇུག་པར་འཚལ་ལགསོ།། དེར་རྫས་སློབ་དཔོན་དམ་པས་ཀྱང་།། འདི་སྐད་ཅེས་ནི་བརྗོད་པར་བྱ།། སྐྱོན་གྱི་རྒྱལ་བ་རྣམས་ཀྱིས་གསུངས།། གསང་བ་བས་ཀྱང་ཆེས་གསང་བའི།། ཡང ་གསང་དམ་པའི་དཀྱིལ་འཁོར་འདིར།། བདག་གི་བུ་ཁྱོད་གཞུག་པར་བགྱི།། གྲོང་ཁྱེར་ལ་ཡང་གྲོང་ཁྱེར་དེ།། མྱ་ངན་འདས་པའི་གྲོང་མཆོག་ཏུ།། བུ་ཁྱོད་རབ་ཏུ་གནས་པར་བགྱི།། སྐལ་དང་ལྡན་པ་ཁྱོད་ཀྱིས་ཀྱང་།། ལྷ ་རྣམས་ལ་ཡང་ཕྱག་ཚོལ་ལ།། སྡིག་པ་མ་ལུས་སྦྱང་བྱས་ནས།། སྡོམ་པ་རྣམས་ནི་ལེགས་པར་ཟུང་།། མཆོག་ཏུ་སེམས་ཀྱང་བསྐྱེད་པར་གྱིས་ཤིག་ཅེས་བརྗོད་དོ།། དེ་ནས་དོན་དང་ལྡན་པའི་སློབ་མ ་འཁོར་དང་བཅས་པ་ཡིས།། དཀྱིལྀ་འཁོར་གྱི་ལྷ་རྣམས་ལ་ཕྱག་བྱས་ལོ།། བཅུ་ཡོངསུ་དག་པ་ནས། སྡོམ་པ་གཟུང་བ་ཡན་ཆང་བྱེད་དུ་གཞུག་གོ།། དེ་ནས་འདི་སྐད་བསྒོའོ།། དྲིང་ཁྱོད་བཞིན་གཤེགས་པ་ཐམས་ཅད་ཀྱི ་རིགསུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་གྲུབ་པ་ཡང་ཐོབ་ན་གཞན་ལྟ་སྨོས་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱས་ཀྱིས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ ་མཐོང་བ་རྣམས་ལ་སྨྲ་ཞིག། དམ་ཚིགས་ཉམས་པར་གྱུར་ཏ་རེ། དེ་ནས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཁ་ཐུར་དུ་བསྟན་པ་སློབ་མའི་སྤྱི་བོར་བཞག་ལ་འདི་སྐད་བརྗོད་པར་བྱའོ།། འདི་ནི་ཁྱོད་ཀྱི་རྡོ་རྗེ་དམ་ཚིག་གིས།། གྲལ་ཏེ ་འགའ་ཞིག་ལ་སྨྲས་ན།། གླད་པ་འགས་པར་འགྱུར་རོ།། དེ་ནས་དམ་ཚིག་ཕྱག་རྒྱ་དེ་ཉིད་དང་།། མ་ནའི་ཆུའི་སྙིང་པོ་བསྔགས་ལ་སློབ་མ་འཐུང་ངུ་གཞུག་གོ། དེའི་མནོའི་སྙིང་པོ་ནི་འདི་ཡིན་ཏེ། ཧཱུཾ་རྡོ་རྗེ་དམ་ཚིག་དིང ་ཁྱོད་ཉིད།། སྙིང་ལ་ཡང་དག་ཞུགས་མཛད་ཀྱིས།། གལ་ཏེ་ཚུལ་འདི་སྨྲས་ནས་ནི།། དེ་མ་ཐག་ཏུ་དྲལ་ཏེ་གཤེགས།། ཨོཾ་བཛྲ་ཨུ་ད་ཀ་ཛེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ།། དམ་ཚིག་འདས་ན་སྲེག་པར་བྱེད།། དམ ་ཚིག་བསྲུངས་ན་དངོས་གྲུབ་ནི།། རྡོ་རྗེ་བདུད་རྩི་ཆུ་འདིས་འགྲུབ།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་རྣམས།། གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས།། སྐྱེ་བའི་ཚོགས་ན་འདུག་པ་འམ།། དད་པ་མེད་ལ་བསྟན་མི་བྱ།། དེ་ནས་སློབ་མ་ལ ་འདི་སྐད་བསྒོའོ།། དེང་ཕན་ཆད་ཁྱོད་ཀྱིས་ཕྱག་ན་རྡོ་རྗེ་ང་ཡིན་གྱིས།། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཡང་བྱ་དགོས་སོ།། ཁྱོད་ཀྱིས་ང་ལ་བརྙས་པར་མི་བྱེད་ཅིག། མི་བདེ་བ་མ་སྤངས་པས་ཁྱོད་དུས་བྱས ་ནས་དམྱལ་བར་ལྟུང་བར་གྱུར་ཏ་རོ་ཞེས་སྨྲས་ལ་འདི་སྐད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅེས་སྨྲོས་ཤིག་པར་བསྒོ། དེ་ནས་རྡོ་རྗེ་སློབ་དཔོན་གྱིས་མྱུར ་བ་ཉིད་དུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཅིངས་ལ་འདི་སྐད་བརྗོད་དོ།། འདི་ནི་ཁྱོད་ཀྱིས་དམ་ཚིག་སྟེ།། རྡོ་རྗེ་སེམས་དཔའ་ཡིན་པར་གྲགས།། རྡོ་རྗེ་ཡེ་ཤེས་བླ་ན་མེད།། དྲི་རིང་ཉིད་དུ་འབབ་པར་ཤོག། ཨོཾ་བཛྲ་ཨ་བེ་ཤ་ཨ་ཞེས ་བརྗོད་དོ།། དེ་ནས་ཕྱག་རྒྱ་བཅིངས་པ་ལས་བྱུང་ནས་དེའི་སྙིང་གར་ཞུགས་ཏེ་རྡོ་རྗེ་སེམས་དཔའ་འབབ་པར་གྱུར་པར་བསམས་ན་འབབ་པར་འགྱུར་རོ།། ཡང་ཧོ་ཨ་ཧ་ཞེས་བྱ་བ་ཡང་རང་གི་སྙིང་ག་ལ་བཀོད་ལ། སེའུ་ཡི་མེ་ཏོག ་དང་འདྲ་བའི་རྡོ་རྗེ་སེམས་དཔའ་རང་གི་དམ་ཚིག་དང་བཅས་པ་རང་གི་སྙིང་གར་ངེས་པར་ཕྱུང་ལ། བཛྲ་བནྡྷ་ཏྲ་ཌ་ཞེས་པས་དེའི་སྙིང་ག་ཕྱེ་ལ་དེར་བཅུག་སྟེ་རྡོ་རྗེ་དབབ་པའི་ཕྱག་རྒྱ་བཅིངས་ལ་སྔགས་བརྗོད་ལ། བཅོམ ་ལྡན་འདས་ཀྱིས་གང་བར་གྱུར་པར་བསམས་ན་ཡང་འབབ་པར་འགྱུར་རོ།། ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྡོ་རྗེའི་ཚིག་གིས་བདུན་ནམ་བརྒྱད་རྫོགས་པས་ཀྱང་འབབ་པར་འགྱུར་རོ།། སློབ་མ ་གཙོ་བོའི་སྙིང་གར་རྡོ་རྗེ་བྱ། ཡིག་བརྒྱ་ཕྱེད་པས་མཉམ་གཞག་བརྟན་བྱས་ནས།། བདག་ལུས་གང་ཡིན་སྣོད་ཀྱི་སྒོ་ཕྱེ་ཞིང་།། སྙིང་ལ་གནས་པའི་རྡོ་རྗེའི་དབུས་སུ་ལྟ།། སྔགས་ཀྱི་བདག་པོ་ཡི་གེ་ཨ་དམར་གསུངས།། ་བརྗོད་པས་ཡང་དག་ཆགས་པས་གཡོ་བར་བལྟ།། སློབ་མའི་ལུས་འདི་སྒོ་ནི་དབྱེ་བྱས་པར།། ཞུགས་ནས་རྡོ་རྗེ་བྱས་པའི་སྙིང་ལ་གནས།། མ་ལུས་ལུས་པོ་ཀུན་ཏུ་བཀང་ནས་སུ།། རྐང་པ་གཡོན་པས་གཡས་པ་མནན ་ནས་ནི།། སྔགས་པས་སློབ་མའི་སྙིང་ག་དེ་ལ་དབབ།། ཀུན་ཏུ་དྲིལ་བུའི་སྒྲ་ནི་ཡང་དག་དཀྲོལ།། ལག་པ་པདྨ་འདབ་མའི་ཕྱག་རྒྱ་བྱས།། མི་བསྐྱོང་རིན་ཆེན་ལ་སོགས་བདེ་གཤེགས་རྣམས།། རང་གི་ཕྱོགས་ཕྱོགས་ནས ་བྱོན་འོད་ཕབ་པས།། ལེགས་བབས་གྱུར་པས་རང་གི་བུ་ལ་བལྟ།། གང་ཞིག་ངེས་ཀྱང་འབབ་པར་མ་གྱུར་ན།། ལག་པ་གཡས་པར་ཏིལ་གྱི་སོ་བོན་གཞག། དབས་སུ་ཡི་གེ་ཧཱུཾ་ཡང་རྣམ་བཀོད་དྲི།། རྡོ་རྗེ་འོད་འབོར་བ་ནི ་རྣམ་པར་བསམ།། གཡོན་པའི་མཐེབ་མཛུབ་ཕྱག་རྒྱར་བྱས་པ་ཡིས།། བླང་བར་བྱས་ལ་མེ་ལ་སྦྱིན་སྲེག་བྱ།། ལུས་ནི་ཐལ་བར་བྱས་ལ་རྣམ་དག་པའི།། བསོད་རྣམས་ལུས་ལའང་སྔགས་ཀྱི་འོད་ཀྱིས་དགང་།། ཡེ ་ཤེས་བབ་པ་ཉིད་དུ་བསམས་ནས་ནི།། རྫས་བཞིན་འབབ་པ་ཉིད་དུ་རབ་ཏུ་འགྱུར།། ལ་ལ་དག་གིས་ལེགས་པརཤད་པ་ན།། མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ་ཡིས།། རྩེ་མོ་འོད་དཀར་གཡོ་ཞིང་རྒོད་པའི་ཞལ།། སྨིན་མ ་གདེངས་པས་ཕྱོགས་བཅུ་མ་ལུས་པ།། འབྲུག་སྒྲ་ལྟ་བུ་ཧཱུཾ་ནི་འཇིགས་པའི་སྒྲ།། སངས་རྒྱས་མེ་ཏོག་ཆུན་ཕྲེང་གཉིས་བཏགས་པ།། འོད་ཆེན་སྣ་ཚོགས་ལྡན་པར་རང་གི་ལུས་བསྒོམས་ལ།། སྔགས་པས་རང་གི་བུ་ཡི ་མིག་ཕྱེ་སྟེ།། འཁོར་ལོ་འདི་དག་མ་ལུས་བསྟན་པར་བྱ།། གང་ཚེ་དེར་ནི་ཅི་ཡང་མ་མཐོང་ན།། རང་ལས་བྱུང་བའི་འོད་ཀྱི་ཕྲེང་བ་ཡིས།། དེ་ཡི་སྙིང་ལེ་སྣང་བར་བྱས་ལ་དེ་ནས་ནི།། འདི་ནི་ཉིས་འགྱུར་མིག་ཏུ་འགྱུར་བར་བསམ ་དེ་ཡི་འོད་ཀྱིས་མིག་གཉིས་བསྐུལ་བས་ན།། དེ་ཚེ་ཅུང་ཟད་ངེས་པར་མཐོང་བར་འགྱུར།། དེས་ཀྱང་དེ་བཞིན་མཚན་མ་མཐོང་ན།། རྗེས་མཐུན་གནས་པས་བདེན་པའི་བྱིན་རླབས་བྱ།། འགྲོ་བའི་དོན་ལ་ཆགས་བྲལ་མ་མཛད་ཅེས།། ་བརྟུལ་ཞུགས་ཅན་གྱིས་དེར་སོགས་ཀྱིས་དེར་སོགས་ཀྱིས་བསྐུལ་ཞིང་།། པུས་མོ་གཉིས་ཀ་ས་ལ་བཙུགས་ནས་ནི།། གཟུགས་མཐོང་ཕྱིར་ནི་མཆོད་པ་དབུལ་བར་བྱ།། ངོ་འབབ་སྟེ། བབས་མ་ཐག་ཏུ་ལྷའི་ཡེ་ཤེས་སྐྱེ ་བར་འགྱུར་ཞིང་།། ཡེ་ཤེས་ངེས་ནི་ཕ་རོལ་སེམསུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་སྦྱར་རོ།། དེ་ནས་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པ་དེ་སྙིང་གའི་ཕྱག་རྒྱ་དགྲོལ་བར་བྱའོ།། ཚིགསུ་བཅད་པ་འདིས་བདེན་པའི་བྱིན ་བརླབས་བརྗོད་པར་བྱའོ།། འདི་ལྟར་བདག་གིས་སློབ་མ་འདི།། དཀྱིལ་འཁོར་དུ་ནི་ལེགས་བཅུག་ནས།། ལྷ་ཡི་རིགས་ཀྱི་རིམ་པ་དག། འདི་ཡི་བསོད་ནུམས་ཅི་འདྲ་ལས།། དེ་བཞིན་དུ་ནི་འབབ་པར་འགྱུར།། ་ནི་དངོས་གྲུབ་གང་འགྲུབ་པ།། རིགས་ནི་གང་གི་སྣོད་གྱུར་དང་།། བསོད་ནམས་མཐུ་ནི་གང་ཡོད་པ།། དཀྱིལ་འཁོར་འདིར་ནི་དེ་བཞིན་འགྱུར།། དེ་ནས་སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར།། བདག་ལ་ཐུགས་བརྩེར ་དགོངས་ནས་ནི།། འགྲོ་ལ་ཕན་པའི་གཙོ་ཚན་གྱིས།། སྨིན་པར་དགོངས་ཏེ་བཞི་སུ་གསོལ།། ཧཱུཾ་པྲ་ཏཱིཙྪ་བཛྲ་ཧོ་ཞེས་བྱ་བའི་སྔགས་ཀྱིས་ཕྲེང་བ་དཀྱིལ་འཁོར་དུ་དོར་རོ།། དེ་ནས་དངོས་གྲུབ་རབ་འབྲིང་མེ་ཏོག་འབབ་པ་ལས ་བརྟག་པར་བྱ་སྟེ། ལྷ་རྣམས་ཀྱི་ཁྱད་པར་དང་གནས་ཀྱི་ཁྱད་པར་ལས་བརྟགས་ཏེ།། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དབུ་ལ་མེ་ཏོག་འབབ་པར་འགྱུར་ན། དེ་ཚེ་གཙུག་ཏོར་མཛོད་བུ་དག། འགྲུབ་པར་འགྱུར། ་པས་གདོན་མི་ཟ།། སྤྱན་ལ་སོགས་པ་རྣམས་ཀྱང་ནི།། ཞལ་དུ་བབ་པར་གྱུར་པ་ན།། སྟོང་དུ་བབ་ན་མཆོག་རྣམས་གྲུབ།། རྐེད་དུ་བབ་ན་འབྲིང་རྣམས་གྲུབ།། རོ་སྨད་ཕྱོགསུ་བབ་ན་ནི།། དངོས་གྲུབ་ཐ་མ་རྣམས་གྲུབ་འགྱུར།། ་བར་གྱི་སྐུ་ལ་བབ་ན་ནི།། སྙིང་པོ་ལ་སོགས་གྲུབ་པར་འགྱུར།། སླད་དུ་བབས་པར་གྱུར་ན་ནི།། མངག་གཞུག་ལ་སོགས་གྲུབ་པར་འགྱུར།། རིམ་པ་དེ་དག་ཐམས་ཅད་ནི།། རིགས་བཞིན་རྣམ་པར་ཤེས་པར་བྱ།། དེ་བཞིན་ལྷ ་རྣམས་གཞན་ལ་ཡང་།། དངོས་གྲུབ་རྣམ་པ་གསུམ་དུ་བཤད།། གལ་ཏེ་ལྷ་ཡི་གཟུགས་ངག་ལ།། མེ་ཏོག་རིང་དུ་ལྷུང་གྱུར་ན།། དེ་ཡི་དངོས་གྲུབ་ཡུན་རིངས་འགྲུབ།། ཉེན་དངོས་གྲུབ་མྱུར་དུ་འགྲུབ།། གསང་སྔགས་རྣམས་ཀྱི ་མཆོད་པ་དག། གང་དུ་བཀྲམ་པའི་ཚུལ་ཅན་ནི།། དེ་ཡི་ས་རིས་དེ་ཡིན་ཏེ།། མེ་ཏོག་དེར་ལྷུང་ངེ་ཡི་རིགས།། ལྷ་གཉིས་ཀྱི་ནི་བར་དག་ཏུ།། གལ་ཏེ་ངེས་པར་བབས་གྱུར་ན།། གང་དུ་ཉེ་བ་དེ་ཡི་རིགས།། གལ་ཏེ་ལ་ལྷའི་མེ ་ཧོཏོག་ནི།། དཀྱིལ་འཁོར་མང་པོ་འདས་ནས་བབ།། དེ་ལ་དངོས་གྲུབ་མི་འགྲུབ་ཅིང་།། བསོད་ནམས་དད་པ་རབ་ཏུ་ཆུང་།། གལ་ཏེ་མེ་ཏོག་དོར་བ་དག། ར་བའི་རི་མོ་ལ་བབ་ན།། ཞི་བ་བྱས་ནས་དེ་དག་གདོང་།། ནན་ཏན་བསྐྱེད་དེ ་འདོར་དུ་གཞུག། དེ་སྟེ་ཐེ་ཚོམ་གྱུར་ན་ནི།། མཁས་པས་བཟླས་ཏེ་འདོར་མི་གཞུག། དེ་ནི་གང་ཡང་ཉེ་མེད་པས།། དེས་ནི་དངོས་གྲུབ་ཐོབ་མི་འགྱུར།། གཉིས་ཀྱི་བར་དུ་མཉམ་པ་ན།། དོན་མེད་ཕྱི་རོལ་ལྷུང་ན་ན་ནི།། ཞི་བའི ་སྦྱིན་སྲེག་བྱས་ནས་སུ།། དེ་ནས་མེ་ཏོག་ངར་དུ་གཞུག། སྙིང་པོར་མེ་ཏོག་བབས་པ་ནི།། རྟག་ཏུ་དོན་མེད་མི་འགྱུར་བྱཱ་ཤྩ་།། སྲང་བུ་དག་ནི་ཆོ་ག་བཞིན།། དེ་ཡི་ཉེ་འཁོར་ཤེས་པར་བྱ།། དེ་ལ་སོགས་པའི་རྣམ་པ་ཡིས།། མེ་ཏོག ་རྣམས་ནི་དོར་བ་ལས།། བདག་གི་མདུན་དུ་གང་ལྷུང་བ།། དེ་ལ་ཞི་བ་བརྩམ་པར་བྱ།། སྦྱིན་སྲེག་གིས་ནི་ནི་སྐྱེས་ནས།། ད་ནི་སླར་ཡང་མདོར་དུ་གཞུག། ལན་གསུམ་སྤོགས་ཏེ་དོར་ན་ཡོད་།། གལ་ཏེ་ལེགས་པར་མ་བབ་ན།། རེ ་ཐག་གཅད་དེ་སླར་གཏང་བྱ།། དེ་ནས་མེ་ཏོག་བབས་པ་ལས།། ལྷ་ཡང་དག་པར་ཤེས་བྱས་ནས།། ཕྲེང་བ་བླངས་ཏེ་སྔགས་འདི་བརྗོད།། ཨོཾ་པྲ་ཏི་གྲྀཧྞ་ཏཱ་མི་མཾ་སཏྭ་མ་ཧཱ་བ་ལ་ཞེས་བརྗོད་ལ་དེའི་མགོ ་ལ་བཅིང་ངོ་།། ཡེ་ཤེས་སེམས་དཔའི་མཚན་མ་ཉེ་བར་མཚོན་ནས།། དེ་ལ་མིག་གིས་ཇི་ལྟར་མཐོང་ཞེས་དྲིའོ།། དེས་ཇི་ལྟར་མཐོང་བ་བཞིན་དུ་འགྲུབ་པར་འགྱུར་རོ།། གལ་ཏེ་ཁ་དོག་སྣང་བར་མཐོང་ན་དེ་ལ་དངོས་གྲུབ་ཐམས་ཅད ་ཀྱི་ཡེ་ཤེས་བསླབ་པར་བྱའོ།། ཞེས་རྒྱ་ཆེར་སྦྱར་རོ།། དེ་ནས་འདིས་གདོང་གཡོགས་དགྲོལ་ཏེ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས།། མིག་གི་ལིང་ཏོག་བསལ་བ་ལྟར།། བུ་ཁྱོད་ཀྱི་ནི་མི་ཤེས་པའི།། རབ་རིབ་རྒྱལ་བ་རྣམས་ཀྱིས ་བསལ།། བཛྲ་ཙུཀྵུ་ཧེ་བཛྲ་བ་ཤ་ཞེས་བརྗོད་དོ།། དེ་ནས་གདོང་གཡོགས་བཀྲོལ་ནས་ནི།། དཀྱིལ་འཁོར་བཟང་པོ་བསྟན་པར་བྱ།། དེ་ནས་བླ་མ་དགའ་འགྱུར་ན།། སློབ་མ་དེ་ལ་འདི་སྐད་བསྒོ།། དཀྱིལ་འཁོར་བཟང་པོ་འདི་ལ ་ལྟོས།། ང་ནི་དང་པོ་རབ་ཏུ་བསྐྱེད།། ཁྱོད་ནི་སངས་རྒྱས་རིགསུ་སྐྱེས།། རིགས་དང་རིགས་པས་བྱིན་གྱིས་བརླབས།། འགྲོ་བ་ཕུན་སུམ་དངོས་གྲུབ་ཀྱང་།། ཐམས་ཅད་ཁྱོད་ལ་མངོན་དུ་གྱུར།། དངོས་གྲུབ་ཐོབ་ཕྱིར་དམ་ཚིག་སྐྱོངས།། ་གསང་སྔགས་ལ་ཡང་བརྩོན་པར་གྱིས།། དེ་ནས་དཀྱིལ་འཁོར་དེ་ཁོ་ན་བཤད་པར་བྱ་སྟེ། མི་མཉམ་མེད་པས་བཟུང་བཞིར་སྙོམས།། དྲན་དང་དབང་པོ་སྒོ་བཞི་སྟེ།། བསམ་གཏན་རྟ་བབས་རྣམ་པ་བཞི།། ཏིང་འཛིམ ་ཁྱམསུ་ཤེས་པར་བྱ།། ཁྱམས་ལ་བརྟེན་པ་རྡོ་རྗེའི་གདན།། གཟུངས་རྣམས་ལྷ་མོས་མཆོད་པ་ཡིས།། རྒྱལ་རྣམས་ཀུན་གྱིས་བཀྲ་བ་ཡང་།། བསམ་པ་ཐམས་ཅད་རྫོགས་བྱེད་པའོ།། གདུལ་བྱ་བསྐྱོད་པ་སྣ་ཚོགས་མཆོག། ་ངར་ཕན་དྲིལ་བུ་སྒྲོགས་པ་ཡིས།། མེ་ལོང་ཡེ་ཤེས་རྟག་མི་རྟོག། བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང་།། དྲ་བ་དྲི་ཕྱེད་རིན་ཆེན་མཆོག། ཉི་མ་ཟླ་བར་ཡང་དག་ལྡན།། ཀུན་གྲུབ་མི་ཟེད་བདེ་བ་སྟེ།། བདེ་བོ་ཆེན་པོ་ཞེས་གྲགས་སོ།། ་དེ་ཡི་ནང་གི་དཀྱི་ལ་འཁོར་གྱི།། ཀ་བ་དཀྱིལ་འཁོར་འདྲ་བ་ནི།། དངོས་གྲུབ་བདེ་བ་ཀུན་སྟེར་བའི།། རྣམ་ཐར་བརྒྱད་པོ་དེ་ཉིད་ཡིན།། ཐེག་པ་ཆེན་པོ་བྱང་ཆུབ་སེམས།། མདོ་སྡེའི་འཁོར་ལོ་བསྐོར་བས་ན།། རྡོ་ཊྭཱཾ་ཐིག་གིས་ཡོངས ་ཁྱབ་ཅིང་།། ཐམས་ཅད་དུ་ཡང་ཡོངསུ་རྫོགས།། གང་དུ་འཇུག་པ་དེ་ཙམ་གྱིས།། མི་ཚུགས་པ་དང་མི་ལོག་པ།། བདེ་བ་ཆེན་པོར་རབ་གྲུབ་ཕྱིར།། དེ་དག་དབང་པོར་ཡང་དག་འགྱུར།། དེ་ནས་ཕྱག་རྒྱ་དང་སྙིང་པོ་ཡང་བཤད ་པར་བྱའོ།། དེ་ནས་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ།། མགོན་པོ་འཇམ་དབྱངས་ཀྱི་བར་དུ་བསྟན་པར་བྱའོ།། དེ་ནས་མེ་ལོང་བསྟན་པར་བྱ་སྟེ།། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ།། དག་ཅིང་གསལ་ལ་དྲི་མ་མེད།། བཟུང ་དུ་མེད་ཅིང་བརྗོད་དུ་མེད།། རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་།། ར་བ་ཉིད་མེད་གནས་མེད་པར།། ངོ་ལྟར་ཆོས་འདི་ཤེས་ནས།། སེམས་ཅན་དོན་ནི་མཉམ་པར་བྱོས།། འོན་ཀྱང་སངས་རྒྱས་སྲས་སུ་སྐྱེས་ཞེས་སྒྱུ་མ་ལྟ་བུར་བསྟན་ཏོ།། དེ་ནས་བླ་མ་དེ་ལ ་ཡོན་གྱིས་མཆོག་ཕུལ་ཏེ། གསོལ་བ་བཏབ་པར་བྱ་སྟེ། འདི་ཞེས་བགྱི་བ་རྡོ་རྗེ་ཅན།། བྱང་ཆུབ་སེམས་ནི་རྣམ་བསྒོམ་པ།། སློབ་དཔོན་ཞབས་ཀྱི་པདྨ་ལ།། དབང་བསྐུར་ཕྱིར་ནི་ཕྱག་ཀྱང་འཚལ།། སློབ ་དཔོན་རབ་ཏུ་རྨད་བྱུང་བ།། རྒྱལ་བ་རྣམས་ཀྱིས་དབང་བསྐུར་ཉིད།། སངས་རྒྱས་བྱང་ཆུབ་ཐོབ་བྱེད་པ།། སྐལ་བ་ཆེན་པོ་བདག་ལ་གསོལ།། ཞེས་བརྗོད་དོ།། དེ་ནས་སློབ་དཔོན་གྱིས་ཧོ་ཞེས་བྱ་བས་གཞུ་བྱིན་ལ།། དེ་བཞིན་གཤེག ་པ་ཐམས་ཅད་མཉེས་པར་གྱིས་ཤིག་ཅེས་བརྗོད་དེ།། ཕྱོགས་བཞིར་མངའ་བཞི་འཕེན་དུ་གཞུག་ཅིང་།། སྟེང་དང་འོག་ཏུ་ཡང་རེ་རེ་འཕེན་དུ་གཞུག་གོ།། དེ་ནས་སློབ་མ་དབའ་བསྐུར་བར་བྱ་སྟེ། ཤར་ཕྱོགས་ཀྱི་སྒོའི་མཐར ་སྣ་ཚོགས་པདྨ་བྲིས་ལ་གང་ཡང་རུང་བའི་སྐུར་བསྐྱེད་དེ།། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པར་བསམས་ལ།། གཡས་ལོགསུ་དར་དང་མེ་ཏོག་གི་ཕྲེང་བས་བརྒྱན་པའི་གདུགས་དཀར་པོ་ལ་གཙུག་ཏོར་གདུགས ་དཀར་བཟླས་ལ་དབུབ་བོ།། གཡོན་དུ་དྲར་ཚོན་སྣ་ཚོགས་པ་བཀྲམ་པའི་རྒྱལ་མཚན་དང་། བ་དན་ལ་ཨོཾ་ཡོངསུ་བཟླས་པ་ལེགས་པར་བཞག་ལ། མེ་ཏོག་ལ་སོགས་པས་མཆོད་པས་མཆོད་ལ་སྒྲ་སྣ་ཚོགས་པས ་བསྒྲགསོ།། བཀྲ་ཤིས་ཀྱི་གླུ་ལེན་ཅིང་ཕྱི་ནང་གི་གར་སྣ་ཚོགས་པ་ཡང་བྱའོ།། དེ་ནས་རྡོ་རྗེ་འབེབས་པའི་བུམ་པ་ལ་སོགས་པ་ཐམས་ཅང་གཅིག་ཏུ་སྡོམས་ཏེ་བྱིན་གྱིས་བརླབས་ལ་དབང་བསྐུར་བར་བྱ་སྟེ།། ཆེ་བའི་ཡོན ་ཧཏན་ཀུན་རྫོགས་ཤིང་།། བདུད་རྩིའི་ཆུ་ཡིས་རབ་བཀང་བ།། རྣམ་པར་དག་པའི་བུམ་པ་འདིས།། བུ་ཁྱོད་ལ་ནི་དབང་བསྐུར་རོ།། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བརྗོད་དོ།། སློབ་མ་རྣམས་ཀྱི་སྤྱི་བོར་གཞག་པས་མེ་ལོང་ལྟ་བུའི་ཡེ་ཤྭེ ་ལ་མི་བསྐྱོད་པའི་ངོ་བོར་གྱུར་ཏོ།། དེ་ནས་དེ་ཁོ་ན་ཉིད་བསྟན་ཏེ།། ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཐམས་ཅད་བདག། རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག་ཅེས་བྱ ་བ་འདི་ནི་འཇམ་དཔལ་ལ་བྱ་བར་བཤད་དེ་མིང་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ།། དེ་ནས་ཆོས་བསྟན་ཏེ། སྲིད་པ་རང་བཞིན་དག་པའི་ཕྱིར།། ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས།། རང་བཞིན་དག་པའི་སེམས་དཔའ ་མཆོག། སྲིད་པའི་མཆོག་ནི་བྱེད་པར་འགྱུར།། དེ་ནས་དམ་ཚིག་བསྒྲགས་པར་བྱ་སྟེ།། སྲིད་པའི་བདེ་བ་ཤིན་ཏུ་ཆུང་།། སྡུག་བསྔལ་ཆེན་པོ་ཞི་བྱའི་ཕྱིར།། ཤིན་ཏུ་བདེ་བ་དམ་པོའི་ཐབས།། དེ་བས་དམ་ཚིག་བསྲུང་བར ་གྱིས།། འདོད་པའི་ལོངས་སྤྱོད་ཐམས་ཅད་ནི།། ཅི་འདོད་པར་ནི་བསྟེན་བཞིན་དུ།། རང་གི་ལྷ་མི་སྦྱོར་བ་ཡིས།། བདག་དང་གཞན་ལ་མཆིད་པར་བྱ།། ཇི་སྲིད་འཁོར་བའི་གནས་སུ་ནི།། མཁས་མཆོག་འདུག་པར་གྱུར་པའི་ཚེ།། ་དེ་སྲིད་མཚུངས་མེད་སེམས་ཅན་དོན།། མྱ་ངན་མི་འདའ་བྱེད་པར་ནུས།། གསང་བ་མཆོག་གིས་དམ་ཚིག་ཐབས།། བསོད་ནམས་བྱིན་རློབས་སྒྲུབ་བྱེད་པ།། དངོས་གྲུབ་ཀུན་གྱི་དབང་ཕྱུག་གྲུབ།། སེམས་ཅན་དོན་ནི ་བསྟན་པར་བྱེད།། ཡིད་ཀྱི་གཟུགས་ནི་བརྟན་པའི་ཕྱིར།། ཕྱག་རྒྱ་དམ་ཚིག་ཡིན་པར་གྲགས།། གང་གི་ལུས་ཀུན་བསྟན་པས་ན།། དེས་ན་ཕྱག་རྒྱ་ཡིན་པར་གྲགས་ཞེས་བྱའོ།། དེ་ནས་གསང ་བ་བསྒྲགས་ཏེ།། འདོད་ཆགས་བྲལ་བ་ལྟ་བུ་ཡི།། ཁམས་གསུམ་ན་ནི་སྡིག་མེད་དོ།། དེ་བས་འདོད་པའི་ཆགས་བྲལ་བར།། ཁྱེད་ཀྱིས་ཀྱང་ནི་མ་བྱེད་ཅེས་བྱའོ།། དེ་ནས་མགོན་པོ་ཁྱོད་ལ་གསོལ་བ་ནི།། ཐེག་པ་ཆེན ་ལོ་རྟོགས་པ་ཡི།། ཚུལ་ཆེན་ཡང་ནི་རྒྱུས་པར་མཛོད།། ཅེས་བྱའོ།། དེ་ནས། འཇིག་རྟེན་ཀུན་ལྔ་ཐམས་ཅད་དུ།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ།། རྡོ་རྗེའི་འཁོར་ལོ་རབ་ཏུ ་བསྐོར་ཞེས་བརྗོད་ལ།། རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཙོག། རྡོ་རྗེ་རིགས་ཀྱི་བདག་པོ་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་བསྐོར་ཞེས་བརྗོད་དོ།། དེ་ནུས་དབུ་རྒྱན་དང་ངར་དབྱངས་སུ་བཅས་པ་བྱིན་གྱིས་བརླབས་ལ། ་དེ་བཞིན་གཤིགས་པ་ཀུན་གྱི་རྒྱནི།། སངས་རྒྱས་ལྔ་ཡི་ངོ་བོ་ཉིད།། རིན་པོ་ཚྭ་ལཱི་དབུ་རྒྱནཱ་དང་།། དར་དབྱངས་དག་གིས་དབང་བསྐུར་རོ།། ཨི་རཏྣ་ཨཱ་བྷྲྀ་ཥིཉྩེ། ཞེས་བརྗོད་པས། མཉམ་པ་ཉིད་ཀྱི་ཡེ་ཤེས ་ལས་རྡོ་རྗེ་རིན་པོ་ཚར་གྱུར་ཏེ།། དེ་ནས་དེ་ཁོ་ན་ཉིད་བསྟན་ཏེ།། ཉི་མ་འདི་ནི་མཆོག་ཡིན་ཏེ།། དེ་བཞིན་གཤེགས་པ་ཐམས་ཅད་མཐོང་།། ན་མཁའི་སྙིང་པོ་བཅོམ་ལྡན་འདས།། བསམ་པ་ཐམས་ཅད་རྫོགས ་མཛད་པའོ་ཞེས་བརྗོད་དོ།། དེ་ནས་ཆོས་ཀྱི་མཚན་ཉིད་བསྟན་ཏོ།། བསམ་པ་ཐམས་ཅད་རབ་གྲུབ་པས།། དོན་འདི་བསམ་འགྲུབ་བླ་ན་མེད།། དེ་ཡང་འདོད་པ་རབ་གྲུབ་ཕྱིར།། འདོད་དང་ཐུར་པའི་བདེ་ཆེན་པོ་ཞེས་བརྗོད་དོ།། ་དེ་ནས་དམ་ཚིག་བསྒྲགས་ཏེ།། སེམས་ཅན་ཀུན་ལ་ཕན་ཕྱིར་དང་།། སངས་རྒྱས་དོན་དུ་སྦྱོར་བ་ཡིས།། ཕ་རོལ་ནོར་རྣམས་ཕྲོགས་ཀྱང་ནི།། སྡིག་གིས་གོས་པར་མི་འགྱུར་རོ་ཞེས་བརྗོད་དོ།། དེ་ནས་གསང་བ་བསྒྲགས་། ་འདོད་དང་བདེ་བ་ཐམས་ཅད་དང་།། མི་མཐུན་པ་ཡང་སྦྱིན་བྱ་ཞིང་།། བདག་ཉིད་ཀྱང་ནི་ཕ་རོལ་གྱི།། བསམ་པ་ཐམས་ཅད་རྫོགས་པར་གྱིས།། དེ་ནས་རིན་ཆེན་ཁྱེད་ལ་གསོལ་བ་ནི།། ནོར་གྱི་ཚོགས་ནི་བཤང་དུ་གསོལ།། རང་གི ་རིགས་ཀྱིས་བསྐྱེད་པར་མཛོད་ཅེས་བརྗོད།། དེ་ནས་མདོར་ན་འཇིག་རྟེན་ཐམས་ཅད་དུ།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། ཅི་སྟེ་སྣ་ཚོག་སྣ་འདུལ་འགྱུར་བའོ།། ནོར་བུའི་འཁོར་ལོ་རབ་ཏུ་བསྐོར།། ཞེས་བརྗོད་ལ། རྒྱལ་བར ་གྱུར་ཅིག་རྒྱལ་པོར་གྱུར་ཅིག། རིན་པོ་ཆེའི་རིགས་ཀྱི་བདག་པོ་རིན་པོ་ཆེའི་རིགས་ཀྱི་འཁོར་ལོ་བསྐོར་ཅིག་ཅེས་བརྗོད་དོ།། དེ་ནས་རྡོ་རྗེ་བྱིན་གྱིས་བརླབས་ལ།། སངས་རྒྱས་ཀུན་གྱི་རྡོ་རྗེ་དབང་།། དེ་རིང་ཁྱོད་ལ་བསྐུར་བུར་བྱ།། ་སངས་ཀུན་ཏུ་རབ་གྲུབ་ཕྱིར།། བུ་ཁྱོད་ལ་ནི་བསྐུར་བར་བྱ།། བཛྲ་ཨ་དྷི་པ་ཏི་ཨ་བྷི་ཥིཉྩ་ཞེས་བརྗོད་པས་སོ་སོར་རྟོག་པའི་ཡེ་ཤེས་ལས་རྡོ་རྗེ་ཆོས་ཀྱི་སེམས་དཔར་གྱུར་ཏོ།། དེ་ནས་དེ་ཁོ་ན་ཉིད་བསྟེན་པོར་བྱ་སྟེ།། འདི་ཉིད་ས་པ ་རྒྱུས་བཅོམ་ལྡན་འདས།། སྤྱན་རས་གཟིགས་ཀྱི་དབང་ཕྱུག་སྟེ།། འདུལ་བ་ཐབས་ཀྱིས་མཛད་པ་ནཱི།། དགུ་པའི་རོལ་མོར་རབ་ཏུ་འཇུག་ཅེས་བརྗོད་དོ།། དེ་ནས་ཆོས་ཀྱི་མཚན་ཉིད་བསྟན་ཏེ།། ཇི་ལྟར་པདྨ ་དམར་པོ་འདི།། ཚོན་གྱིས་ཉེས་པས་མ་གོས་ལྷོར།། དེ་བཞིན་གནས་པའི་ཉེས་པ་འདིས།། འགྲོ་ཕན་རྣམས་ལ་མི་གོསོ་ཞེས་བརྗོད་དོ།། དེ་ནས་དམ་ཚིག་བསྟན་ཏེ།། ཆོ་ག་འདི་དག་གང་གང་གིས།། འགྲོ་བ་རྣམས་ནི ་འདུལ་འགྱུར་པ།། པདྨ་དག་པར་སྦྱོར་བའི་བདག། དེ་དག་དེར་ནི་སྦྱོར་བར་བྱ་ཞེས་བརྗོད་དོ།། དེ་ནས་གསང་བ་བསྒྲགས་ཏེ།། འདོད་ཆགས་འདྲ་བའི་བདེ་བ་མེད།། རྒྱལ་བ་རྣམས་ལ་དེ་ཕུལ་ལ།། སེམས་ཅན་དོན་དུ་སྦྱིན་མེད ་མཆོག། བསྟེ། ན་ན་བསོད་ནམས་ཐོབ་པར་འགྱུར།། ཞེས་བརྗོད་དོ།། དེ་ནས་དཔའ་བོ་ཁྱོད་ལ་གསོལ་བ་ནི།། རང་གི་རིགས་རྣམས་བསྐྱེད་ནས་ནི།། ཆོས་ཀྱི་འཁོར་ལོ་དམ་པ་འདི།། ཐུབ་པ་ཆེན་པོས་བཤདུ་གསོལ།། ཞེས་བརྗོད་དོ།། ་དེ་ནས་འཇིག་རྟེན་ཀུན་ལ་ཐམས་ཅད་དུ།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི།། འཁོར་ལོ་རབ་བསྐོར་ཞེས་བརྗོད་ལ།། རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག། པདྨ་རིགས་ཀྱི་བདག ་པོ་ཆོས་ཀྱི་འཁོར་ལོ་བསྐོར་ཅིག་ཅེས་བརྗོད་དོ།། དེ་ནས་དྲིལ་བུ་བྱིན་གྱིས་བརླབས་ཏེ།། འདི་ནི་ཤེས་རབ་ཉིད་ཀྱི་དངོས།། ཤེས་རབ་དབྱངས་ཀྱི་རྫས་འགྲོ་བའི།། དི་རིང་ཁྱོད་ལ་འདིར་དབང་བསྐུར།། ཨོཾ་པྲཛྙཱ་པཱ་ར་མི་ཏ་དྷརྨཱ་ཨ ་ཨཱནྡྲས། བཱཛྲོད་བྱ་བ་གྲུབ་པའི་ཡེ་ཤེས་ལས་སྣ་ཚོགས་རྡོ་རྗེ་ཅན་དུ་གྱུར་པར་བསམས་ལ་དེ་ཁོ་ན་ཉིད་བསྟན་ཏཱ། རྟག་ཏུ་འདོད་ཆགས་ལས་བྱུང་འགྲོ།། རྡོ་རྗེ་མེའི་ཕུང་པོའི་གཟུགས།། འབར་བའི་རྡོ་རྗེ་སྦྱོར་བ་ཆེ།། མཁར ་འགྲོ་རྣམས་ནི་ཀུན་ཏུ་འབར་ཞེས་བརྗོད་དོ།། དེ་ནས་ཆོས་ཀྱི་མཚན་ཉིད་བསྟན་ཏེ།། ཆོས་རྣམས་ན་མཁའི་མཚན་ཉིད་དེ་ན་མཁའ་ལ་ཡང་མཚན་ཉིད་མེད།། ནམ་མཁའ་དང་མཉམ་རྣལ་འབྱོར་པས།། འདི་ཀུན་མྱུར་དུ་འཛིན་པར ་འགྱུར་ཞེས་བརྗོད་དོ།། དེ་ནས་དམ་ཚིག་བསྟན་ཏེ།། ཐམས་ཅད་ན་མཁའ་སྦྱོར་བ་ཡིས།། ཐམས་ཅད་ན་མཁའ་ཞེས་སྨྲ་ཞིང་།། རྡོ་རྗེའི་ཕྱག་རྒྱ་རྒྱསྲ་བཏབ་ལ།། ཁམས་གསུམ་ཡང་ནི་ཟ་བར་བྱ།། ཞེས་བརྗོད་ངོ་།། དེ་ནས ་གསང་བ་བ་སྒྲགས་ཏེ།། སེམས་ཅན་ཀུན་ལ་ཕན་ཕྱིར་དང་།། སངས་རྒྱས་བསྟན་པའི་དོན་དུ་ནི།། སེམས་ཅན་ཐམས་ཅད་བསད་ན་ཡང་།། དེ་ནི་སྡིག་པས་གོས་མི་འགྱུར།། ཞེས་བརྗོད་དོ།། མགོན་པོ་ཁྱོད་ལ་གསོལ་བ་ནི།། ་སངས་རྒྱས་ཀུནྡ་ལ་དབང་བྱེད་ཅིང་།། སེམས་ཅན་ཀུན་དོན་བྱ་བའི་ཕྱིར།། རང་གི་རིགས་ནི་བསྐྱེད་པར་མཛོད།། ཅེས་བརྗོད་དོ།། དེ་ནས་མདོར་ན་འཇིག་རྟེན་ཐམས་ཅདདུ།། སེམས་ཅན་ཀུན་ལ་ཕན་པོའི་ཕྱིར།། ཇི་ལྟར་སྣ་ཚོག ་འདུལ་འགྱུར་བའི།། ལས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཞེས་བརྗོད་ལ།། རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག། ལས་ཀྱི་རིགས་ཀྱི་བདག་པོ་ཆོས་ཀྱི་འཁོར་ལོ་བསྐོར་ཅིག་ཅེས་བརྗོད་དོ།། དེ་ནས་བྱིན་གྱིས་བརླབས་པའི་ལག་པ་དེ ་རྣམས་ཀྱི་སྤྱི་བོར་བཞག་ལ།། ཁྱོད་ནི་སངས་རྒྱས་དངོས་ཡིན་ཏོ།། རབ་ཏུ་གསང་བ་གསང་བའི་མིང་།། རྡོ་རྗེ་ཆེ་གེ་མོ་ཞེས་པ།། དི་རིང་ཁྱོད་ལ་དབང་བསྐུརརོ།། ཨོཾ་བཛྲ་ནཱ་མ་ཨ་བྷི་ཥིཉྩ་ཞེས་པ་ལ་སོགས་པ་བརྗོད ་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་རྣམ་པོར་སྣང་མཛད་ཀྱི་ངོ་བོར་གྱུར་ཏེ།། དེ་ལ་དེ་ཁོ་ན་ཉིད་བསྟན་ཏེ།། དེ་ཉིད་དུ་ནི་བཅོམ་ལྡན་འདས།། དེ་བཞིན་གཤེགས་དང་བྱང་ཆུབ་སེམས།། ལྷ་ངན་རྣམས་ལ་ཕན་པའི་ཕྱིར།། མྱ ་ངན་འདས་འདི་སྟོན་པར་མཛོད།། སྣ་ཚོགས་འདུལ་བར་བརྩོན་པ་ཡི།། བརྟན་ཞིང་ངེས་པའི་ཆོས་ཉིད་ཙམ།། སྲིད་པ་ཤིན་ཏུ་གནས་མཆོག་ཏུ།། གྲོ་ཆ་ལ་སོགས་ངེས་པར་གོན།། སངས་རྒྱས་ཆོས་དང་ཚོགས་ལ་སོགས།། དཀོན ་མཆོག་གསུམ་པ་ཉིད་དུ་རྟོགས།། སྲིད་པ་ཤིན་ཏུ་ལེགས་པར་བསྒྲུབ།། སྣ་ཚོགས་མཁྱེན་དཔལ་བྱེད་མཆོག་ཅེས་བརྗོད་དོ།། དེ་ནས་ཆོས་ཀྱི་མཚན་ཉིད་བསྟན་ཏེ།། ཐམས་ཅད་ན་མཁའི་མ་ཉྀ། ནམཁའ་ལ་ཡང་མཚན ་ཉིད་མེད།། ན་མཁའ་དང་མཉམ་རྣལ་འབྱོར་པས།། ཀུན་མཆོག་མཉམ་པ་ཉིད་དུ་གསལ།། ཞེས་བརྗོད་དོ།། དེ་ནས་དམ་ཚིག་བསྟན་པར་བྱ་སྟེ།། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ།། ཅི་བདེ་བར་ནི་བསྟེན་བཞིན་དུ།། དཀོན ་མཆོག་གསུམ་ཡང་མཆོད་པར་བགྱི།། རང་ཉིད་དང་ནི་བསྟེན་པར་བྱའོ།། ཞེས་བརྗོད་དོ།། དེ་ནས་གསང་བ་བསྒྲགས་ཏེ།། ཇི་ལྟར་ཇི་ལྟར་སེམས་ཅན་རྣམས།། འདུལ་འགྱུར་དེ་ལྟ་དེ་ལྟ་བུར།། ཆགས་ལ་སོགས་པ་ཡུན་རིངས་སུ།། ་དེ་བཞིན་འགྲོ་བའི་དོན་རྣམས་ཀྱིས་ཞེས་བརྗོད་།། དེ་ནས་མགོན་པོ་ཁྱོད་ལ་གསོལ་བ་ནི།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། ཐུགས་རྗེ་ཆེན་པོ་བསྐྱེད་ནས་ཀྱང་།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཞེས་བརྗོད་དོ།། དེ་ནས ་འཇིག་རྟེན་ཀུན་ལ་ཐམས་ཅད་དུ།། སེམས་ཅན་ཀུན་ལ་ཕན་པའི་ཕྱིརརོ།། ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཞེས་བརྗོ་ང་།། རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག། དེ་བཞིན་ག་ད ་ཆོས་ཀྱི་འཁོར་ལོ་བསྐོར་ཅིག་ཅེས་བརྗོད་དེ་ཐ་མཱ་དེ་རྣམས་ནི་རྗེསུ་གནང་བའི་ཆོ་གའོ།། དེ་ནས་རྡོ་རྗེ་རྩེ་ལྔ་པ་བྱིན་གྱིས་བརླབས་ཏེ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། ཕྱག་ན་རྡོ་རྗེའི་ལག་ནི་འདུག། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ ་བཅང་།། ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན།། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏཱིཥྛ་ཨཱི། ཥ་སྟེ་དྷཱ་ར་ཡ་མ~ཾ། བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ་ཞེས་བརྗོད་དོ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བཱ། ་ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་།། བྱང་ཆུབ་རྡོ་རྗེ་རྒྱལ་བས་གསུངས་ཞེས་བརྗོད་ལྔ་དྲིལ་སྦྱིན་ནོ།། དེ་ནས་ཆོས་ཀྱི་འཁོར་ལོ་རྐང་པ་གཉིས་ཀྱི་བར་དུ་གཞག་ལ། དུད་ལག་པ་གཡས་པར་སྦྱིན་ཏེ། འདི་སྐད་བརྗོད་དོ།། དེང ་ནོནས་བརྩམས་ཏེ་དབང་བསྐུར་བ་ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་ཅིག། ཆོས་ཀྱི་དུང་བུས་ཤིག། འཇིག་རྟེན་ཀུན་ལ་ཟབ་མོ་ཆོས་ཀྱི་སྒྲ་སྒྲོགས་ཤིག། དེ་ནས་གཟེངས་བསྟོད་དོ།། འདི་ལྟར་སྣང་བའི་དངོས་པོ་ཀུན།། སངས ་རྒྱསུ་ཀུན་གྱི་བདག་ཉིད་དེ།། འཛུམ་པའི་དབྱངས་ཀྱིས་དབང་བསྐུར་བས།། དེ་བཞིན་གཤེགས་པ་ཁྱོད་གྱུར་ཏོ།། དེ་ནས་ལུང་བསྟན་ཏེ། ང་ཡིས་འདི་ལྟར་ཁྱོད་ལུང་བསྟན།། འཇམ་དཔལ་གཞོན་ནུ་དེ ་བཞིན་གཤེགས།། ཁྱོད་ནི་སངས་རྒྱས་དངོས་ཡིན་གྱིས།། སོམ་ཉི་ཡིད་གཉིས་མ་ཟ་ཞིག། དེ་ནས་དབུགས་དབྱུང་བར་བྱ་སྟེ།། མཆོག་དུ་གསང་བའི་དཀྱིལ་འཁོར་འདིར།། མཐོང་བ་འམ་ནི་ཞུགས་པ་ཡིས།། སྡིག་པ ་ཀུན་ལས་རྣམ་གྲོལ་བ།། ཁྱོད་ནི་དིང་ཉིང་གནས་ཡིན་ཏེ།། བདེ་ཆེན་ཐེག་པ་འདི་ལྔ་ནི།། སླར་ཁྱོད་འཆི་བ་ཡོད་མིན་ཏེ།། ཅིས་ཀྱང་མི་འཇིགས་དགའ་བར་གྱིས།། ཁྱོད་ནི་མཆོག་ཏུ་གྱུར་པའོ།། ཞེས་བརྗོད་དོ།། དེ་ནས་ཕྱི་ནང ་གསའ་བ་གསུམ་གྱིས་མཆོད་པས་མཆོད་།། བཀྲ་ཤིས་བརྗོད་དོ།། སློབ་མའི་ཚོགས་རྣམས་དང་སྒྲའི་རྣམ་པ་མང་པོས་སྣ་དྲངས་ལ་དཀྱིལ་འཁོར་ལན་གསུམ་བསྐོར་བར་བྱའོ།། དེ་ནས་སློབ་མའི་སྤྱི་བོ་ནས་གདུགས ་དང་རྒྱལ་མཚན་ལ་སོགས་པ་རྣམས་དཀྱིལ་འཁོར་ལ་ཕུལ་ཏེ། འདི་སྐད་བསྒོམ་པར་བྱའོ།། དཱ་ནི་དཀྱིལ་འཁོར་སློབ་དཔོནི་འགྱུར།། གསེང་སྔགས་རྒྱུད་ཀྱང་འཛིན་པར་འགྱུར།། སངས་རྒྱས་བྱང་ཆུབོ་སེམས་དཔའ་དང ་ལྷ་རྣམས་ཀུན་གྱིས་བཀུར་བར་འགྱུར།། སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར།། ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན།། ནན་ཏན་བསྐྱེད་དེ་བྲི་བར་གྱིས།། སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར།། ཁྱོད་ཀྱིས་ཆོས་ལ་སེར་སྣ་ད ་སེམས་ཅན་ཀུན་ལ་མི་ཕན་པ།། ཉམ་ང་ཆེན་པོར་གྱུར་ཀྱང་ནི།། བུ་ཁྱོད་ཀྱིས་ནི་མི་བྱའོ།། དེ་ནས་སློབ་མ་རེ་རེའི་ལག་པ་གཡོན་བྱས་གཡས་པའི་མཐེ་ཆུང་ནས་བཟུང་ནས་ཞི་བའི་ཕྱིར་ཞི་བའི་སྦྱིན་སྐྱེག་བྱའོ།། དེ་ནུས་དཀྱིལ ་འཁོར་ལ་མཆོད་པ་དང་བསྟོད་པ་དང་གཟོད་པར་གསོལ་བ་བྱ་སྟེ། ཡེ་ཤེས་ཀྱི་ལྷ་གཤེག་སུ་གསོལ།། བསྐྱེད་པའི་མཚན་ཚོ་བདག་གི་ཐུགས་ཀར་བསྡུས་ལ། རྡུལ་ཚོན་ཕྱགས་ཏེ་ཆུ་བོ་ཚོན་པོར་དོར་བར་བྱའོ།། དེ་ནས ་གནས་དེ་ཡང་དྲི་སྣ་ཚོགས་ཀྱིས་ཆུས་ལེགས་པར་བྱུག་པར་བྱའོ།། དེ་ནས་སློབ་མ་དམ་པ་དེས།། ཅི་བཞེད་ཡོན་རྣམས་ཕུལ་ནས་སུ།། གསང་དབང་ནོད་ཕྱིར་འདི་སྐད་ཞུ།། བླ་མ་དམ་པ་བདེ་གཤེགས་གཙོ།། ཁྲོ་བོ་འཁོར ་དང་བཅས་པ་ལ།། ལུས་ངག་ཡིད་ཀྱིས་བདག་ཕྱག་འཚལ།། གསང་གསུམ་དམ་པའི་དབང་མཆོག་འདི།། དི་རིང་བདག་ལ་གནང་བར་སྩོལ་ཞེས་བརྗོད་དོ།། དེ་ནས་བླ་མ་དམ་པ་ངེས།། གསང་བའི་དབང་བསྐུར་བརྩམ་བྱ ་སྟེ། ཤིན་ཏུ་དབེན་པའི་གནས་རྣམསུ།། མཎྜལ་དྲི་ཞིམ་བདུད་རྩིས་བྱུགས།། མེ་ཏོག་བཀྲམ་སྟེ་སྟན་བཟངས་བཏིང་།། དེ་རྗེས་སློབ་མུས་ཤེས་རབ་མ།། མཆོག་དང་རབ་དང་འབྲིང་དང་མཐའ།། བླ་མྱ་ལ་ཕུལ་འདི་སྐད ་གསོལ།། ཁྱོད་ནི་འཇམ་པའི་རྡོ་རྗེ་སྟེ།། བདེ་གཤེགས་རྣམས་ཀྱིས་བདེ་བ་མཛད།། བྱང་ཆུབ་སེམས་དཔའ་ཚེ་རྣམས་ཀྱིས།། ཡང་དག་དོན་མཆོག་རྣམ་དག་པ།། ཇི་ལྟར་ཇི་བཞིན་བདུད་རྩི་ཡིས།། མཆོག་གི་དབང་ནི་བསྐུར་བ ་བཞིན།། དེ་བཞིན་བདག་ལ་འཁོར་བ་ཡིས།། སྡུག་བསྔལ་རྣམས་ནི་སེལ་བར་མཛོད།། རྣལ་འབྱོར་བདུད་རྩི་དྲི་མེད་མཆོག། མ་རིག་ངེས་པར་རབ་རིབ་རྣམས།། གང་ཞིག་བྱང་ཆུབ་བླ་མེད་པ།། དེ་རིང་བདག་གི ་ཐོབ་པར་མཛོད་ཅེས་བརྗོད་དོ།། དེ་ནས་བླ་མས་ཤེས་རབ་མ།། མདངས་ལྡནྡ་མ་ནི་རབ་བསྐྱེད་ལ།། ཆོ་ག་ཐམས་ཅད་རྫོགས་པར་བྱ།། ཐབས་དང་ཤེས་རབ་བྱིན་རློབས་ལ།། ཐུགས་ལས་འོད་འཕྲོས་སངས་རྒྱས་བསྡུ།། ་དགུག་གཞུག་བཅིང་དང་བསྟིམ་པར་བྱ།། ཆགས་པ་བསྐྱེད་ཕྱིར་སྔགས་འདི་བརྗོད།། ཨོཾ་མོཉྫ་ཤྲཱི་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་བཛྲ་སྭ་བྷ་བ་ཨཱཏྨ་ཀོ་ཧ་ཞེས་བརྗོད་དེ།། བསྲུབ་པ་དང་བསྲུབ་པའི་སྦྱོར་བ་མཛད་པས་བདེ ་བར་གཤེགས་པ་འོད་དུ་ཞུ་སྟེ། བྱང་ཆུབ་ཀྱི་སེམསུ་ཕབ་པས་ནོར་བུའི་ནང་དུ་བདེ་བརྙེད་པ་ཐབས་དང་ཤེས་རབ་ཀྱི་སྒོ་བཀག་སྟེ། སློབ་མའི་ཁ་རུ་དབབ་པར་བྱའོ།། དེ་ལ་འདི་སྐད་བརྗོད་དེ། བྱང་ཆུབ་སེམས་ཀྱིས ་རྡོ་རྗེ་འདི།། སེམས་ཀྱི་སྡུག་བསྔལ་རྣམ་བཅོམ་སྟེ།། གསང་བའི་གནས་དང་དམ་པར་བཅས།། དེ་རིང་ཁྱོད་ལ་དབབ་པར་བྱའོ།། ཞེས་བརྗོད་དེ་སློབ་མའི་ཁ་རུའོ།། སློབ་མ་དེས་ཀྱང་ཚུལ་རྣམ་པ་བཞིས་བདུད་རྩི་མྱང ་བར་བྱའོ།། དེས་ནི་ངག་གི་ཉེས་པ་དང་རྣམ་པར་རྟོག་པ་དག་པར་བྱེད་པས་ན་གསུང་གི་དབང་ཞེས་བྱའོ།། དེ་ལ་ལུང་བསྟན་པར་བྱ་སྟེ། བླ་མས་ཆོས་གོས་གྱོན་ལ་ལག་པ་གཡོན་པས་ཆོས་གོས་ཀྱི་མཐའ་མ་ཆག ་པར་བཅུག་སྟེ། གཡས་པ་མི་འཇིགས་པའི་ཕྱག་རྒྱ་བཅས་ཏེ། དཀྱིལ་འཁོར་གྱི་ལྷ་རྣམས་གསལ་བར་བྱས།། སྔོན་འཇམ་པའི་རྡོ་རྗེ་ལུང་བསྟན་པ་བཞིན་དུ་མགྲིན་གཅིག་ཏུ་ལུང་བསྟོན་པར་བསམས་ལ། འདི་སྐད་བརྗོད་དོ།། ་འདི་ལྟར་ང་ཡིས་ལུང་བསྟན་ཏེ།། འཇམ་དཔལ་གཞོན་ནུ་དེ་བཞིན་གཤེགས།། དངོས་གྲུབ་མཆོག་ཏུ་སྒྲུབ་པའི་ཕྱིར།། སྲིད་པའི་ངན་འགྲོ་རྣམས་ལ་བཏོན།། མཉྫུ་ཤྲཱི་ནཱ་མ་སརྦ་ཏ་ཐཱ་ག་ཏི་ཧྲི་སིདྡྷི་ས་མ་ཡསྟྭཾ་ཞེས་བརྗོད་དེ། དུས ་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ལུང་བསྟོན་པར་མཛད་དོ།། དེ་ནས་དབུགས་ད་བྱུང་བ་ནི་ཁམས་གསུམ་གྱི་བདག་པོར་གྱུར་པ་དང་། བདུད་དང་མུ་སྟེགས་ལ་སོགས་པ་ལས་རྒྱལ་བ་དང་། མྱ་ངན་ལྔ ་འདས་པའི་གྲོང་ཁྱེར་དུ་འཇུག་པ་སྟེ། འདི་ཉིད་ལས་ཐོབ་པར་གྱུར་ཅིག། ཐེ་ཚོམ་དང་དང་ཡིད་གཉིས་ལ་སོགས་པ་མ་བྱེད་ཅིག། གཞན་བླ་མ་དམ་པས་དབང་བསྒྱུར་བ་ཙམ་གྱིས་ཇི་ལྟར་བསམས་པ་ལྟར་སློབ་མ་རྣམས ་གྲུབ་པར་འགྱུརརོ།། ཞེས་བརྗོད་དོ།། དེ་ནི་སློབ་མ་གསང་བའི་དབང་བསྐུར་བ་སྟེ།། ད་དང་རྣམས་རྫོགས་པས་རིམ་པར་སྦྱིན།། གསང་བའི་དབང་དང་ཞེས་གསུངས་པ་ལ་དེ་སྐད་ཅེས་བཤད་ཅེས་བཤད་དོ།། དེ་ནས་ཤེས་རབ་ཡེ ་ཀྱི་དབང་བསྐུར་བ་བསྟན་པའི་ཕྱིར།། ངེས་པའི་དབང་རིམ་པ་བཞིན་དུ་བསྐུར་བར་བྱ་ཞེས་གསུངས་པའི་དོན་ནི་འདི་ཡིན་ཏེ། དེ་ལྟར་གསང་བའི་དབང་ཐོབ་པའི་སློབ་མ་ངེས་ཡང་བླ་མ་ལ་འདི་སྐད་ཞུ་སྟེ། སྔོན་གྱི་སངས་རྒྱས་ཐམས ་ཅད་ཀྱིས།། ཇི་ལྟར་མཁྱེན་ཅིང་ཐུགས་ཆུད་པ།། དེ་ལྟར་རྗེས་སུ་བདག་དང་ན།། དི་རིང་བདག་ལ་དབང་བསྐུར་གསོལ།། ཞེས་བརྗོད་དོ།། དེ་ནས་བླ་མ་དེས་ཤེས་རབ་དང་ཡེ་ཤེས་ཀྱི་དབང་བསྐུར་པ་བརྩམས ་ཏེཿདེ་ཡང་དང་ལ་ཤེས་རབ་ཀྱི་དབང་ནི་བུ་མོ་རིགས་ལྡན་མཚན་རྟགས་ཅན། བཅུ་གཉིས་བཅུ་དྲུག་བཅོ་བརྒྱད་ཉྀ་ཤུ་བླ་མ་ལ་ཕུལ་ལ་བསམ་གཏན་གྱི་དོན་དྲུག་དང་ལྡན་པར་བྱ་སྟེ། བླ་མ་དེས་ཤེས་རབ་མ་བྱིན ་གྱིས་བརླབས་ཏེ། འདི་སྐད་ཅེས་བསྒོའོ།། སྔོན་གྱི་རྒྱལ་བ་རྣམས་ཀྱིས་ཀྱང་།། ཤེས་རབ་འདི་ལ་བརྟེན་པར་གྲུབ།། རིགས་ཀྱི་བུ་མཆོག་ཁྱོད་ཀྱིས་ཀྱང་།། ཤེས་རབ་སྤང་དུ་མི་རུང་སྟེ།། ཡེ་ཤོས་སྐྱེ་བའི་ཐབས་ཡིན་པས།། ཁྱོད ་ཀྱི་འདོད་ཆགས་མ་སྤང་ཞིག་ཅེས་བརྗོད་དོ།། དེ་ནས་བླ་མས་དྲི་བ་འདི་ཡང་གསུང་ངོ་།། བུ་ཚུར་ཤོག་ཅིག་རྡོ་རྗེ་ཅན།། དྲི་ཆེན་དྲི་ཆུ་ཟ་ནུས་སམ།། རཀ་ཏ་ག་པུར་ཟ་ནུས་སམ།། བུད་མེད་དང་པས་བོསྟེན་ནུས་སམ།། པདྨར་འོ་བྱང ་མི་རྟོག་གམ།། སྣོད་ལྡན་སྨོས་ཤིག་དང་ཚུལ་ཅན།། དེ་ནས་སློབ་མས་འདི་སྐད་བརྗོད།། ཤེས་རབ་དད་པས་བདག་བསྟེན་ཏོ།། དྲི་ཚན་དྲི་ཆུ་ལ་སོགས་བདུད་རྩི་ལྔ།། རྟག་ཏུ་དད་པས་བསྟེན་པར་བགྱིད།། པདྨར་བདག་ནིའོ ་བགྱིད་དོ།། དེ་ནས་བླ་མེ་ད་མ་པ་དེས།། ཤེས་རབ་མ་གཅེར་བུར་ཕྱུང་ལ།། ལུས་དྲི་ཞིམ་པོའི་ཆུས་བཀྲུས་ལ།། མེ་ཏོག་གི་ཕྲེང་བས་མགོ་བཅིངས་ལ།། འདི་སྐད་ཅེས་བསྒོའོ།། སྟོན་པའི་རང་བཞིན་སྙིང་རྗེའི་བདག། ཁྱོད་ཀྱི ་སེམས་ཅན་དོན་རྣམས་ཀྱིས།། མཁའ་ཀློང་པདྨ་བསྟན་པར་གྱིས།། བུ་འདི་བདེ་བ་བསྐྱེད་པར་གྱིས།། ཞེས་བསྐུལ་ལོ།། དེ་ནས་ཤེས་རབ་དམ་པ་ངེས་ལག་པ་གཉིས་དྲིལ་བུ་བཟུང་ནས་པདྨ་ཁ་ཕྱེ་སྟེ་འདི་སྐད་བརྗོད་དོ།། སྨད ་འབྱུང་ང་ཡིས་པདྨ་ལ།། བདེ་བ་ཐམས་ཅད་འདི་ལ་རྙེད།། བདེ་བར་གཤེགས་པ་ཐམས་ཅད་ཀུན།། རྟག་ཏུ་ཡང་འདི་དང་མི་འབྲལ་ལོ།། པདྨ་འདི་ནི་ཆོས་དབྱིངས་ཡིན།། སངས་རྒྱས་ཐམས་ཅད་འདི་ལས་བྱུང་།། སེམས་ཅན་ཐམས ་ཅད་འདི་རུ་གྲོལ།། ནིང་གི་རྩ་ཡི་འཁོར་ལོ་ལ།། པདྨ་ཞེས་སུ་རབ་ཏུ་གསུངས།། པདྨའི་ནང་གི་ན་མཁའ་ལ།། འབྱུང་བ་ལྔ་པོ་རང་བཞིན་གནས།། ལྷོ་པ་ལ་ནཱི་གེ་སར་ཏེ།། པདྨ་བརྒྱད་ཀྱིས་རྣམ་པར་བརྒྱན།། ཟེ་འབྲུའི་དབུས་ནས་འབྱུང ་བ་ཡིན། དེ་ཉིད་བདུད་རྩི་དམ་པ་སྟེ།། སངས་རྒྱས་ཀུན་གྱི་སྙིང་པོའོ།། ཞེས་བརྗོད།། དེ་ནས་བླ་མས་སློབ་མའི་ལྡེག་པ་གཡས་པ་དང་། ཤེས་རབ་མིའི་གཡོན་པའི་འོག་ཏུ་གཞག་ནས་འདི་སྐད་བརྗོད་དོ།། ཤེས་རབ་དམ་པ་འདི་ཡིན་ཏེ། ་ཁྱེད་ཀྱི་ཡེ་ཤེས་སྐྱེད་པར་བྱེད།། འདི་དང་ཁྱེད་ཉིད་མ་བྲལ་བར།། དང་བས་རྟག་ཏུ་རོལ་མཾ་གྱིས།། ཅེས་བརྗོད་ལ་ཤེས་རབ་མིའི་ལུས་ལ་དཀྱིལ་འཁོར་བཀོད་ལ་སློབ་མ་ལ་སྦྱིན་ནོ།། སློབ་མ་ཡོལ་བ་ནང་ངུ་ཤེས་རབ་མ་དང ་འདུག་ནས་ཡེ་ཤེས་ཀྱི་དངང་ནོད་པར་བྱའོ།། དེ་ནས་ཤེས་རབ་མ་དང་སློབ་མས་གློ་གཡས་པ་ཕབ་ལ་ཉལ་ལོ།། དགའ་བའི་གཏམ་སྣ་ཚོགས་བྱའོ།། གནས་དགུ་རུ་ནི་སེན་མོ་གདབ།། གཡོན་པ་གླང་པོ་སྣ་རྩེ་ཡིས།། པདྨ་བྱེ་མགོ ་འདྲ་བ་ལ།། ཚོད་ཟིན་བྱ་སྟེ་བྲུད་པར་བྱ།། ལྕེ་ཡིས་ཀྱང་ནི་རོལ་མོ་བྱའོ།། ངེས་པདྨ་རྒྱས་པར་འགྱུར་ཏེ།། གཟོད་ཉི་མ་དང་ཟླ་བ་མཉམ་པར་བྱ་སྟེ།། དལ་ནས་དལྟ་ནས་བསྐྱོད་པ་ལས།། འབྱུང་བ་བཞིའི་རྐྱེན་གྱིས་བདེ་བ ་ཆེཆེན་པོའི་དབུས་ནས་བྱང་ཆུབ་སེམས་གནས་པ་ལས་ཡེ་ཤེས་ཀྱི་མེས་བཞུ་ནས་འཁོར་ལོ་བཞི་ནས་རིམ་པ་འབབ་སྟེ། བོ་ལའི་རྩ་བར་ཕྱིན་པ་ནི་དགའ་བའོ།། དབུས་སུ་ཕྱིན་པ་ནི་མཆོག་དགའོ།། ནོར་བུའི་རྩེ་མོར་སླེབ་པ་ནི ་ལྷན་ཅིག་སྐྱེས་པའི་དགའ་བའོ།། དེ་ཇི་ཙམ་གནས་ཀྱི་བར་དུ་བསྒོམས་པས་མི་རྟོག་པའི་ཡེ་ཤེས་སྐྱེ་སྟེ། དཔེར་ན་རུས་སྦལ་ལྟ་བུའོ།། གལ་ཏེ་བསྡམས་པས་མ་ཐམས་ན་འཇིག་རྟེན་པའི་གནསུ་གཤེགས་ཏེ་བྲལ་བའི ་དགའ་བ་ཞེས་བྱའོ།། དོན་དང་བྲལ་བ་ནི་བྲལ་བའོ།། གོང་མ་མཚོན་པས་དགའ་བའོ།། བྱང་སེམས་དེའི་རང་བཞིན་ནི།། འཇམ་པའི་དབྱངས་ཀྱི་རང་བཞིན་པས།། དུང་དང་ཉ་ཕྱིས་ངག་གིས་མིན།། ལག་པས་ཀྱང་ནི་མི་བླང་ངོ་།། བདུད་རྩི ་ཡིས་བླང་བར་བྱའོ།། དེ་ཟོས་ཡེ་ཤེས་དབབ་མཆོག་ཐོབ།། དེ་ཡི་དོན་ལ་རྒྱུན་གོམས་པས།། འདི་ལྟར་སྣང་བ་ཐམས་ཅད་ཀུན།། སྐད་ཅིག་གཅིག་ལ་གཉིས་མེད་པའོ།། བརྗོད་པའི་ཐ་སྙད་ཀུན་དང་བྲལ།། ན་མཁའི་ལམ་ལ་རབ ་གནས་པའི།། ཡེ་ཤེས་སྣང་བ་ལམ་མེ་བ།། མཐར་ཕྱིན་གདམས་ངག་ཅེས་ཀྱང་བྱ།། དེ་ནས་དམ་པར་གྱུར་པ་དེ་ལ་ནི། རྩ་བའི་ལྟུང་བ་བཅུ་བཞིར་བསྒྲགས་པར་བྱའོ།། དེ་ནས་བཀྲ་ཤིས་གདོན་པའི་དོན་ནི་འཇམ་དཔལ་གྱི་སྐུ ་གཟུགས་སྤྱི་ཐོགས་ཏུ་བཞག་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། ཐབས་དང་ཤེས་རབ་ཡན་ལྷག་འདུས་པའི་རྡོ་རྗེ་ལས་བྱུང་བའི།། བྱང་ཆུབ་སེམས་ཀྱི་འཇམ་དབྱངས་བྱང་ཆུབ་སེམས་དབང་བསྐུར།། རྒྱལ་མཆོག་སྲས་བཅས ་རྣམས་ཀྱིས་ལེགས་གསུངས་བཀྲ་ཤིས་གང་།། དེས་ནི་ཁྱེད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས་གསུངས།། དཔལ་ལྡན་རྡོ་རྗེ་སེམས་སྔོགས་དཀྱིལ་འཁོར་ལ་འཇུག་ཅིང་།། སྲིད་པའི་སྙིང་པོར་རྣམ་རོལ་སྒེག་མོ་ལ་སོགས་པས།། ་བདེ་བྱེད་རབ་མཆོག་ལེགས་པར་གླུར་བླངས་བཀྲ་ཤིས་གང་།། ངེས་ནི་ཁྱོད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག། ཤིན་ཏུ་ཞི་བའི་མཛད་པ་ཕུལ་བྱུང་མ་ལུས་པས།། སེམས་ཅན་བདེ་གཤེགས་རྟག་མཛད་བཅོམ་ལྡན ་དབང་བསྐུར་ལ།། དཔག་མེད་ལྷ་ཡི་མཆོག་གིས་ལེགས་གསུངས་བཀྲ་ཤིས་གང་།། དེས་ནི་ཁྱོད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག། དཔལ་ལྔ་ནི་ཁམས་གསུམ་རྣམ་རྒྱལ་དཀྱིལ་འཁོར་རབ་མཆོག་ལ།། འཇིག་སྦྱིན ་གསུམ་གྱི་རྒྱལ་མཆོག་རྒྱལ་པོར་དབང་བསྒྱུར་བས།། ལྷ་ཡཱི་མཆོག་གིས་བཏུད་དེ་རབ་བཤད་བཀྲ་ཤིས་གླང་།། དེས་ནི་ཁྱོད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག། འགྲོ་བ་སྣ་ཚོགས་འདུལ་ཕྱིར་ཕྱག་ན་པདྨོ་ཡི།། ་རྫོགས་སངས་རིན་ཆེན་བདུད་རྩིའི་ཆུས་དཔའ་བསྐུར།། པདྨའི་འདོད་ཆགས་རྣམ་དག་ལེགས་གསུངས་བཀྲ་ཤིས་གང་།། དེས་ནི་ཁྱོད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག། མཁའི་སྙིང་ནོར་ཚོན་འབྱོར་པས་ཉམས ་དགའ་ཞིང་།། དོན་རྣམས་ཀུན་གྲུབ་བདེ་སྦྱིན་དབང་བསྒྱུར་ཆེན་པོ་ལྔ།། དགེ་བ་ཕུན་ཚོགས་མཛད་པས་ལེགས་གསུངས་བཀྲ་ཤིས་གང་།། དེས་ནི་ཁྱེད་ཀྱི་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤློག། འཁོར ་ལོ་སྒྱུར་དྲུག་དགེ་བའི་བཀྲ་ཤིས་གླུ་བླངས་པས།། བསོད་ནམས་རིན་ཆེན་དྲི་མེད་མི་མཉམ་གང་ཐོབ་པ།། དེས་ན་ཀུན་གསོན་འབྱོར་པའི་དབང་བསྐུར་ཆེན་པོ་ལ།། འཇོམ་དཔལ་གྲགས་པས་འཇིག་རྟེན་རྣམ་པར་ལེགས ་གྱུར་ཅིག་ཅེས་བརྗོད་དོ།། དེ་ནས་སྤྱོད་ལམ་བྱ་བ་དང་། བླ་མ་གཟེངས་བསྟོད་པ་དང་།། བཀྲ་ཤིས་ཀྱིས་གཤེགསུ་གསོལ་བར་བྱ་བ་དང་།། བླ་མ་ལ་ཡོན་དབུལ་བ་རྣམས་ནི་དཀྱུས་ཉིད་གསལ་ལོ།། བླ་མ་དམ་པ་སུ་རུ ་སིདྡྷི་ཤཱིནྟངྒརྦྷ་ནི།། དམ་པ་ཆོས་ཀྱི་མཛོད་དུ་གྱུར་པ་ལ།། བདེ་བར་གཤེགས་པའི་ཚོགས་ཀྱི་སྤྱན་སྦུ་རུ།། དོན་ངམ་ཟབ་མོ་དབང་བསྐུར་ཞལ་གྱི་བདུད་རྩི་འཐུངས་པ་ཡི།། བློ་གྲོས་བཟང་པོ་དྲན་པའི་ཡེ་ཤེས་ཀྱིས།། ་སྐྱེ་བོ་བློ་ངན་མུན་པ་བསལ་བའི་ཕྱིར།། དྲུག་སྟོང་ལ་སོགས་རྒྱུད་ཀྱི་དོན་བསྡུས་ནས།། ནོར་བུ་གླིང་པོའི་སྒྲུབ་ཐབས་དོན་དང་སྦྱར་ཏེ་བྲིས་པ་ཡིས།། བདག་གི་བསོད་ནམས་རྒྱས་པས་ཐོབ་བསྡུས་པས།། གང་ངེས་འགྲོ ་ཀུན་སྡིག་ལས་རྒྱལ་འགྱུར་ཞིང་།། འཇམ་དཔལ་ཆོས་ཀྱི་སྐུ་ཉིད་ཐོབ་པར་ཤོག། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་གསང་བ་དང་ལྡན་པའི་འགྲེལ་པ་ཡེ་ཤེས་གསལ ་ཞེས་བྱ་བ།། རྒྱ་གར་གྱི་མཁན་པོ་སྨྲྀ་ཏཱི་ཛྙཱ་ན་ཀཱིརྟིས་མཛད་ཅིང་།། དེ་ཉིད་ཀྱིས་བསྒྱུར་བ་རྫོགསོ།། ། ཐིག་གདབ་པའི་རིམ་པ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལོ།། མཚན་ཉིད་ལྡན་པའི་ཐིག ་