CLOSE WINDOW

GT1411: mtshan yang dag par brjod pa'i bklag pa'i sgom khog
Wyliee-texts produced with BDRC’s OCR application

འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལོ།། བསྒོམ་པ་འདི་ནི་སློབ་དཔོན་གྱི་མན་ངག་ཏུ་བྱས་པ་ཡིན་ཏེ། འཇམ་དཔལ་ཡེ་ཤེས་སེམས་དཔ་བསྒོམ་པར་འདོད་པའི་རྣལ་འབྱོར་པས།། དང་པོར་འཇུག ་པ་བྱང་ཆུབ་ཏུ་སེམས་བསྒྱིང་བར་བྱ་སྟེ། དེ་ལ་ཞུགས་ཏེ་འོཇམ་དཔལ་ཡེ་ཤེས་སེམས་དཔའི་མངོན་སུམ་དུ་བྱས་ནས་ཀྱང་། སེམས་ཅན་སྐྱབས་དང་དཔུང་གཉེན་མེད་པ་སྲིད་པར་ལྷུང་ཞིང་མ་གྲོལ་བ་རྣམས་འི་དོན་བྱ་བར་བསམ་མོ།། དེ ་ལྟར་སེམས་ཅན་གྱི་དོན་བྱ་བའི་ཐབས་ཀྱང་བསྡུ་བའི་དངོས་པོ་བཞིས་བྱས་ཏེ། དེ་ནི་མདོ་སྡེའོ།། དེ་ནས་བསོད་ནམས་ཀྱི་ཚོགས་ཡན་ལག་བཅུ་བསྒོམས་ཏེ། ཕྱག་བཙལ་བ་དང་། མཆོད་པ་དང་སྡིག་པ་བ། གས་པ་དང་། རྗེ་སུ་ཡི་རང་བ ་དང་། དགེ་བའི་རྩ་བ་བསྔོ་བ་དང་། གསུམ་ལ་སྐྱབསུ་འགྲོ་བ་དང་། ལམ་བསྟེན་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་བཅུ་བསྒོམ་མོ།། དེ་ལ་ཕྱག་བཙལ་བ་ནི་རང་གི་སྟེང་ཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨ ་དཀར་པོ་བསྒོམ། ཨ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུ་ནས་སྔོན་ལྷུན་གྱིས་གྲུབ་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་དང་། འཕགས་པ་ཉན་ཐོས་དང་། རང་ས་ཆོས་ཐམས་ཅད་སྤྱན ་དྲངས་ཏེ། མདུན་གྱི་ནམ་མཁའ་ལ་བཞུགསུ་གསོལ་ལ། རང་གི་རྡོ་རྗེ་སློབ་དཔོན་གང་ཡིན་ཡང་དེ་དག་དང་ལྷན་ཅིག་ཏུ་ཞུགས་པར་བསམས་ལ། དེ་དག་གི་མདུན་དུ་ཐལ་མོ་སྦྱར་ལ་ཕྱག་བསལ་བར་བྱ།། དེ་ལྟར་ཕྱག ་བཙལ་ནས་མཆོད་པ་དབུལ་ཏེ། རྣལ་འབྱོར་པ་དག་གི་ཐུགས་ཀཱར། ཡི་གེ་ཨ་བསྒོམས་ལ་དེ་ལས་ཀྱང་འོད་ཟེར་སྤྲོས་ཏེ། མཆོད་པ་རྣམ་པ་ལྔ་མེ་ཏོག་གི་གདུགས་དང་། བ་དན་དང་། རྒྱན་དང་ཕྲེང་བ་ལ ་སོགས་པ་དང་། སྤོས་དང་རང་བཞིན་གྱིས་དྲི་ཞིམ་པོ་སྦྱར་བའི་དྲི་དང་། གྱུར་པའི་དྲི་དང་སྤོས་རྒྱ་དང་། མར་མེའི་ཕྲེང་བ་དང་། དྲི་ཆབ་དང་ལྷ་བཤོས་དང་། གདུགས་དང་རྒྱལ་མཚན་ལ་སོགས་པ་ན་མཁའི་སྤྲིན་ཕུང་ཙམ ་རྒྱ་མཚོ་ལྟར་གཏིབས་པས་མཆོད་པར་བསྒོམ། དེ་ནས་སངས་རྒྱས་དེ་དག་གི་སྤྱན་སྔར་སྡིག་པ་བཤགས་ཏེ། དུས་གསུམ་དུ་བདག་གི་སྡིག་པ་བྱས་པ། གཞན་བྱེད་དུ་སྩལ་བ་དང་། བྱེད་པ་ལ་དགའ་བར་སྦྱོར་བ་དང ་དངོས་པོ་གཞི་དང་འཇུག་པ་དང་། བཅས་པ་ཐམས་ཅད་བཤགས་ཏེ། དྲན་པ་ནི་ཁས་བླངས་མ་དྲན་པ་ནི་བསྡུས་ཏེ། འགྱོད་པ་སྐྱེས་ནས་ཕྱིས་མི་བྱ་བར་སྡོམ་པ་བླངས་ནས་བཤགས་པའོ།། དེ་ཡང་གཤེགས་པའི ་གནས་འཕགས་པ་དང་། བཤགས་བྱ་བ་དང་། བཤགས་པ་པོ་རྣམས་མི་དམིགས་པར་བསྒོམ་མོ།། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་དང་། ་རྣལ་འབྱོར་པའི་དགེ་བའི་རྩ་བ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་གྱིས་མ་འདྲེས་པ་ལ། ཕྲག་དོག་མེད་པའི་དགའ་བ་དང་། སྤྲོ་བ་ནི་རྗེ་སུ་ཡི་རང་བར་བསྒོམ་པའོ།། དེ་ནས་དགེ་བའི་རྩ་བ་བསྔོ་བ་ནི། བདག་གི ་དགེ་བའི་རྩ་བ་ཅི་བགྱིས་པའི་བསོད་ནམས་ཀྱིས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག་པར་བསྔོས་ལ་བསྒོམ་མོ།། དེ་ནས་གསུམ་ལ་སྐྱབསུ་འགྲོ་བ་བསྒོམས་ཏེ། སངས་རྒྱས་ནི་འཇམ་དཔལ་ཡེ ་ཤེས་སེམས་དཔའ་བསྙེན་རྟེན་ལ་སྐྱབསུ་འགྲོ་བ་བསྒོམ་མོ།། ཆོས་ནི་ཆོས་བསྒོམ་པོ་དག་མེད་པའི་ཆོས་ལ་བརྟེན་ཅིང་བསྒོམ་ལ་སྐྱབསུ་འགྲོའོ།། དགེ་འདུན་ཡང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་དགེ་འདུན་ལ་སྐྱབསུ་མི་འགྲོ ་སྟེ། ས་བཅུ་པའི་བྱང་ཆུབ་སེམས་དཔའ་ལ་བརྟེན་ཅིང་བསྒོམས་ཏེ་སྐྱབསུ་འགྲོ་བསྒོམ་མོ།། ། དེ་ལ་ལམ་བསྟེན་པ་ནི་བླ་ན་མང་བའི་སངས་རྒྱས་གྲུབ་པའི་ལམ་རྡོ་རྗེ་ཐེག་པའི་དོན་འཇམ་དཔལ་སྒྱུ་འཕྲུལ་དྲ་བའི་ཏིང ་ངེ་འཛིན་བསྒོམ་ཞིང་མཚན་བརྗོད་པ་ནི་ལམ་བསྟེན་པའོ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི་བདག་གིས་སེམས་ཅན་ཐམས་ཅད་ལ་བསྐྱབ་པའི་དོན་དུ་སངས་རྒྱས་པར་བྱའོ།། སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ་བར་བསྒོམ་པར ་བྱའོ།། སངས་རྒྱས་ནས་ཀྱང་སེམས་ཅན་རྣམས་མ་རྒལ་བ་བསྒྲལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་། དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བ་དང་། ཡོངསུ་མྱ་ངན་ལས་མ་འདས་པ་རྣམས་ཡོངསུ་མྱ་ངན་ལས ་འདའ་བར་བྱའོ་བར་བསྒོམ་པར་བྱའོ།། དེ་ལྟར་བསོད་ནམས་ཀྱི་ཚོགས་ཡན་ལག་བཅུ་བསྒོམས་ནས་གསོལ་པ་གདབ་པར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངསུ་གསོལ་ཞེས་བྱའོ།། དེ ་ནས་དམ་བཅའ་བར་བྱ་སྟེ། བདག་མིང་འདི་ཞེས་བྱ་བས་བླ་ན་མེད་པའི་བྱང་ཆུབ་སེམས་དེ་རིང་ཕྱིན་ཆད་སྐྱེད་པར་བགྱིའོ།། ཇི་ལྟར་དུས་གསུམ་མགོན་རྣམས་ཀྱི།། བྱང་ཆུབ་སེམས་ནི་བསྐྱེད་པ ་བཞིན།། དེ་བཞིན་བླ་མེད་བྱང་ཆུབ་སེམས།། དམ་པ་བདག་གིས་བསྐྱོད་པར་བགྱི།། བསླབ་པ་ཡི་ནི་ཚུལ་ཁྲིམས་དང་།། དགེ་བའི་ཆོས་ནི་བསྲུད་པ་དང་།། སེམས་ཅན་གྱི་དོན་གྱི་ཚུལ་ཁྲིམས་གསུམ།། བདོག་གིས ་བརྟན་པོར་སོ་སོར་བཟུང་།། དེ་ནས་རིགས་ལྔའི་སྡོམ་པ་བཟུང་སྟེ།། འདི་ནི་རྣམ་པར་སྣང་མཛད་ཀྱི།། སངས་རྒྱས་ཆོས་དང་དགེ་འདུན་དང་།། བླ་ནཱ་མེད་པའི་དཀོན་མཆོག་གསུམ།། སྡོམ་པ་སངས་རྒྱས་སྦྱོར་བསྐྱེད་པ།། ་འདི་ནི་བདག་གིས་བསྐྲད་པར་བགྱི།། རྡོ་རྗེ་རིགས་ཀྱི་སྡོམ་པ་བཟུང་།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་གསུམ།། བདག་གིས་མི་གཏང་བཟུང་བར་བསྟི།། རིན་པོ་ཆེའི་སྡོམ་པ་གཟུང་།། སྦྱིན་པ་རྣམ་བཞི་དུས་དྲུག་ཏུ།། བརྟན་པོ ་ཉིད་དུ་སྦྱིན་པར་བྱ།། པདྨ་རིགས་ཀྱི་སྡོམ་པ་བཟུང་།། ཕྱི་དང་ནང་དང་གསང་བ་གསུམ།། དམ་ཆོས་སོ་སོར་བཟུང་བར་བགྱི།། ལས་ཀྱི་རིགས་ཀྱི་སྡོམ་པ་བཟུང་།། གོང་དུ་མ་བྱུང་བའི་ལྷག་མ་ཀུན་འདི་སེམས་ཅན་དོན ་བྱ་བ་དང་། མི་དགེ་བ་བཅུ་སྤང་བ་དང་། འཁོར་བ་མི་སྤོང་བ་དང་། མྱ་ངན་ལས་འདས་པ་དང་དུ་མི་ལེན་པ་དང་། ཐེག་པ་ཆུང་བ་དང་འཇིགས་པའི་ས་སྤངས་པ་དང་། ལྷ་དང་ལྷ་མ་ཡིན་དང་། གདོན་ལ་སོགས་པའི ་ཕྱག་རྒྱ་མི་སྨད་པ་དང་། དེ་རིང་ཕན་ཆད་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བཟུང་བར་བྱའོ།། ཞེས་དམ་བཅའོ།། ། དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད།། མ་རྒལ་བ་རྣམས་བསྒྲལ་བ་དང་།། ་མ་གྲོལ་བ་རྣམས་གྲོལ་བ་དང་།། དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བ་དང་།། ཡོངས་མྱ་ངན་ལས་མ་འདས་པ་རྣམས་ཡོངས་མྱ་ངན་ལས་འདའོ།། ཞེས་སེམས་བསྐྱོད།། དེ་ཡན་ཆོད་བསོད་ནམས་ཀྱི་ཚོགས ་བསྒོམ་པའོ།། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་ཚོགས་བསྒོམ་པ་ནི།། དང་པོ་མངོན་པོར་བྱང་ཆུབ་པ་ལྔ་བསྒོམ་པ་ཡིན་ལ།། དེ་ནི་ཡེ་ཤེས་ལྔ་བསྒོམ་པ་ཡིན་ཏེ། དང་པོ་ཆོས་ཐམས་ཅད་མི་དམིགས་ལ་མི ་རྟོག་པ། རང་བཞིན་མེད་པོ་ན་མཁའ་དང་འདྲ་བ་ཀ་སྙད་ཙམ་དུ་ཡོད་ལ།། དོན་དམ་པར་རང་བཞིན་མེད་པ་དེ་བཞིན་ཉིད་རང་བཞིན་གྱིས་འོད་གསལ་བར་བསྒོམ། དེ་ནས་མེ་ལོང་ལྟ་བུའི་ཡེ་ཤེས་བསྒོམ་སྟེ།། དཔེར་ན་མེ ་ལོང་གཡའ་དག་པའི་ནང་དུ།། གཟུགས་བརྙན་སྣང་ཞིང་གསལ་བ་ལྟར་རང་བཞིན་གྱིས་འོད་གསལ་བྱ།། དེ་ལས་ཆོས་ཀྱི་དབྱིངས་རྒྱུ་མཐུན་པའི་རྣམ་པར་སྨིན་པའི་ཡེ་ཤེས་དེ་ལས། འཇིག་རྟེན་གྱི་རང་བཞིན་གྱི་སེམས ་ཅན་གྱི་གང་ཟག། ཕུང་པོ་དང་ཆོས་ཐམས་ཅད་ཇི་ལྟར་ཡིན་པའི་ཆོས་ཉིད་ཀྱིས་དང་དེ་ལ་ཕྱིན་ཅི་མ་ལོག་པར་སྣང་བ་དང་། སེམས་རྣམ་པར་དག་པ་ལོག་རྟོག་གློ་བུར་གྱི་དྲི་མ་དང་། འདྲ་བས་བསྒྲིབས་པ་ཙམ་ཡིན་ལ། ་སེམས་ཅན་གྱི་སེམས་ཆོས་ཀྱི་རང་བཞིན་དུ་གསལ་བར་བསྒོམ་མོ།། སེམས་ཅན་གྱིས་དེ་ལྟར་མ་རྟོགས་ཏེ། འགྲོ་བ་ལས་མ་ཐར་པ་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། འགྲོ་བ་ལས་ཐར་པར་བྱའོ།། ཞེས་བསྒོམ་མ།། ་དེ་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཆོས་ཐམས་ཅད་བདག་མེད་པར་བསྒོམ་སྟེ། ཆོས་ནི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་བྱ། མུ་སྟེགས་པས་བརྟགས་པའི་གང་ཟག་ཏུ་ལྟ་བ་མེད།། ཉན་ཐོས་པའི་ཆོས་རྡུལ་ཙམ ་དུ་ཡོད་པར་བལྟ་བའི་བདག་མེད་པར་ལྟ་བ་དང་། སེམས་ཙམ་པའི་སེམས་ཡོད་པར་ལྟ་བ་དེ་ཡང་བདག་མེད། ཆོས་ཐམས་ཅད་ལ་བདག་མེད་པར་བསྒོམ། དེ་ཡང་བདག་ཏུ་འཛིན་པ་མེད་པ་དང་། གཞན་མེད་པ་དང་། ་བདག་གཞན་མེད་པ་དང་། ཆོས་ཐམས་ཅད་བདག་མེད་པར་མཉམ་པའོ།། མདོར་ན་རྣམ་པར་ཐར་པའི་སྒོ་གསུམ་དུ་བསྒོམ།། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨ་ཎཱཾ་ཨཱ་དྱཱ་ནུ་ཏྱ་པནཱ་ན་ཏཱཏ། ཅེས་པས་བྱིན་གྱིས་བརླབ་པོ།། དེ ་ལ་ཨ་ནི་ཨ་ཨ་ནུ་ཏ་བཱན་ཏཱཏ། ཅེས་པས་སྟེ། ཆོས་ཐམས་ཅད་མ་སྐྱེས་པ་སྟོང་པ་ཉིད་ཅེས་བྱ་སྟེ། བདག་གཞན་སྟོང་པ་ཉིད་དུ་མཉམ་པར་བསྒོམ་མོ།། དེའི་འོག་ཏུ་སོ་སོར་ཀུན་ཏུ་རྟོག་པའི་ཡོ་ཤེས་བསྒོམ་སྟེ། དེ་ནི ་བདག་དང་གཞན་དུ་ཕྱེ་སྟེ། གང་ཞེ་ན། གཟུང་བ་དང་འཛིན་པ་དག་པའོ་མི་རྟོག་པའི་ངང་ལས་བདག་དང་གཞན་དུ་ཡང་དག་པའི་ཀུན་རྫོབ་ཙམ་དུ་ཕྱི་སྟེ། རང་གི་མཚན་ཉིད་དུ་བདག་དོན་བྱ་བའི་གནས་སེམས་ཅན་གཞན ་མཚན་མ་མེད་པའི་སྒོ་ནས། སོ་སོར་ཕྱེ་ཞིང་བརྟག་པར་བྱས་ནས་བསྒོམས་ནས། སྤྱིའི་མཚན་ཉིད་དོན་དམ་པར་མཚན་མ་མེད་པར་ཤེས་པའི་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སོ།། དེའི་ངང་ལས་ཤིན་ཏུ་རྣམ་པར་དག་པའི་ཆོས ་ཀྱི་དབྱིངས་ཀྱི་ཡེ་ཤེས་བསྒོམ་སྟེ། གཟུང་བ་དང་འཛིན་པ་ལས་འདས་པ་གཅིག་དང་དུ་མ་དང་ཤིན་ཏུ་བྲལ་བ་རྣམ་པར་དག་པ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སྟོང་པ་ཉིད་བཅོ་བརྒྱད་ཀྱི་རང་བཞིན་ནམ། རྣམ་པར་ཐར་པ ་བཞིའི་རང་གི་ངོ་བོ་མི་དམིགས་པར་བསྒོམ་མོ།། དེའི་ངང་ལས་སྨོན་ལམ་དང་ཐུགས་རྗེའི་དབང་གིས། བྱང་ཆུབ་སེམས་དཔའ་དང་། རྣལ་འབྱོར་པ་རྣམས་ཀྱིས་འགྲོ་བའི་དོན་བྱ་བའི་ཕྱིར། བྱ་བ་ནན་ཏན་གྱི་ཡེ་ཤེས་བསྒོམ ་སྟེ། དག་པ་འཇིག་རྟེན་པའི་ཡེ་ཤེས་འགྲོ་བའི་དོན་བྱ་བའི་རྒྱུ་བདག་དང་མཚན་མ་མེད་བཞིན་དུ་སོ་སོར་དམིགས་ནས། མི་དམིགས་པའི་སྙིང་རྗེ་ཆེན་པོས་དོན་བྱ་བར་དྲན་ཏེ། སྤྲུལ་པ་སྣ་ཚོགས་པས་སྤྲུལ་ཅིང་སྤྲོས་ནས ་སེམས་ཅན་སྲིད་པ་ལས་བསྒྲལ་ཏེ། འོད་ཟེར་གྱིས་ངན་སོང་གསུམ་ལ་ཁྱབ་ནས་སྡུག་བསྔལ་ཉེ་བར་ཞི་བར་བྱས་ནས། སེམས་ཅན་རྣམ་པར་གྲོལ་ནས་ལྷ་དང་མི་ལ་བཀོ་ད་དེ། དེ་ནས་སོ་སོའི་དབང་པོ་རིམ་པ ་བཞིན་དུ་དམ་པའི་ཆོས་ཀྱི་ཕྱག་རྒྱ་སྟེ། ཐེག་པ་གསུམ་གྱི་ཆོས་ཀྱིས་གྲོལ་པོར་བྱས་ནས། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བ་དང་། ཉན་ཐོས་རྣམས་སེམས་ཅན་གྱི་དོན་ལ་བཅུག་ནས། ཐེག་པ་ཆེན་པོ་ལ ་བཀོད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་སྲིད་པ་ལ་ཆགས་པ་ལ་སྟོང་པ་ཉིད་ཀྱི་དོན་བསྟན་ནས་སངས་རྒྱས་པར་བྱའོ་བར་བསྒོ་བ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་བསྒོམ་པའོ།། དེ་ལྟར་འཇུག་པ་བྱུང ་ཆུབ་ཀྱི་སེམས་དང་། སྨོན་པ་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་སྟེ། དེས་ནི་བསོད་ནམས་ཀྱི་ཚོགས་དང་། དོན་དམ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་བསྒོམ་པ་བསྟན་ནས།། །། ད་ནི་དག་པ་འཇིག ་རྟེན་པའི་ཡེ་ཤེས་ཀྱིས་གཞིའི་ཏིང་འཛིན་བསྒོམས་ཏེ། བདག་གིས་སེམས་གཟུང་འཛིན་རྣམ་པར་དག་པའི་ཡེ་ཤེས་ལས། ཁྲོ་བོའི་ས་བོན་ཧཱུཾ་སྟོ་ནག་སངས་རྒྱས་ཀྱི་ཞིང་དྲུག་ཁྱབ་པ་ཙམ་ཞིག་བསྒོམ་མོ།། དེའི་འཕྲོ་འདུས ་སངས་རྒྱས་ཀྱི་ཞིང་དུ་ཁྱབ་ནས་སེམས་ཅན་གྱི་དོན་བྱས་ཏེ། སླར་ཧཱུཾ་ལ་ཐིམ་པ་ལས་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་སངས་རྒྱས་ཀྱི་ཞིང་དྲུག་ཁྱབ་པ་སྟེ། དེ་ནི་ཉོན་མོངས་པ་ཅན་གྱི་འཇིག་རྟེན་པ་དེ་འདུལ་བའི་དོན་དུ་བུམ་པ་ལ་ཁྲོ་བོ་ཞལ ་དྲུག་སྟེ། ཤར་གྱི་དབུ་སྔོ། གཡས་གཡོན་དཀར། ལྷོ་སེར་ནུབ་དམར་བྱུང་ལྗང་གུའོ།། རྩེ་མོ་ལྔ་ཡར་ལྟ་བ་ཡེ་ཤེས་ལྔ། མར་ལྟ་བ་རིགས་ལྔའི་རང་བཞིན་ནོ།། རྡོ་རྗེའི་ས་གཞི་དང་། རྡོ་རྗེའི་ར་བ་དང་། རྡོ་རྗེའི་དྲ་བའི ་སྲུབསུ་གྱུར་པ་ནང་སྟོང་པར་བསྒོམ་མོ།། དེའི་ནང་དུ་བྲུཾ་དཀར་པོ་ལས་རིན་པོ་ཆེའི་མཆོད་རྟེན་ཁ་དོག་བཞི་དང་ལྡན་པ། ཚང་སྟོང་གསུམ་གྱི་འཇིག་རྟེན་ཁྱབ་པ་ཞིག་བསྒོམ་མོ།། དེའི་བུམ་པའི་ནང་དུ་ཡི་གེ་ཧྲིཾ་ལས་ཆོས ་ཀྱི་འབྱུང་གནས་དབྱིབས་ཟུར་གསུམ་དུ་བསྒོམ་མོ།། དེའི་ནང་དུ་ཡི་གེ་ཨ་ལས་ཁ་དོག་ཁ་དག་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་བསྒོམ་མོ།། དེའི་དབུས་སུ་ཡི་གེ་བྲུཾ་དཀར་པོ་ལས་གཞལ་ཡས་ཁང་གྲུ་བཞི་པ་ཏཱ་ར་ཎ་དང་བཅས་པར་བསྒོམ་མོ།། དེ ་ཡང་སངས་རྒྱས་དང་སེམས་ཅན་ཆོས་ཉིད་དུ་མཉམ་པས་གྲུ་བཞིའོ།། དྲན་པ་ཉེ་བར་གཞག་པའི་རང་བཞིན་གྱིས་ཤར་གྱི་སྒོའོ།། ཡང་དག་པར་སྤོང་པ་བཞིའི་དོན་གྱིས་ལྷོའི་སྒོའོ།། རྫུ་འཕྲུལ་གྱི་རྐང་པ་བཞིའི་དོན་གྱིས་ནུབ ་ཀྱི་སྒོའོ།། དབང་པོ་ལྔའི་རང་བཞིན་གྱིས་བྱང་གི་སྒོའོ།། སྟོབས་ལྔའི་རང་བཞིན་གྱིས་སྒོ་སྲུངས་བཞིའོ།། བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་དྲ་བ་དང་དྲ་བ་དྲ་ཕྱེད་པའོ།། འཕགས་པའི་ལམ་ཡན་ལག་བརྒྱད་གདུགས་དང་མེ་ཏོག ་གི་ཕྲེང་བའོ།། མེ་ཏོག་ལྟ་བུའི་ར་བ་ཡེ་ཤེས་ཀྱི་རང་བཞིན་གྱིས་མེ་ལོང་དང་རིན་པོ་ཆེའོ།། གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་སེམས་ཅན་ལ་ཆོས་སྟོན་པས། འདུལ་བས་འདུལ་བའི་རང་བཞིན་དྲིལ་བུ་དང་དར་གྱི་ཅོད་པན་ནོ།། ་ཚོགས་གཉིས་རྫོགས་པར་བསམས་པས་སུམ་རྩེག་ཏུ་གྱུར་པའོ།། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་དབུའི་རྩེའི་གཙུག་ཏོར་ཏུ་གྱུར་པའོ།། རྣམ་པར་ཐར་པ་བརྒྱད་ཀྱི་རང་བཞིན་གྱིས་ཏཱ་ར་ཎའོ།། ཏིང་འཛིན་མུ་མ་ཆད་པ་བསམས ་པས་མུ་ཁྱུད་མ་ཆད་པའོ།། ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས་རྡོ་རྗེ་ཕྲེང་བའོ།། ཡེ་ཤེས་ལྔའི་རང་བཞིན་གྱིས་འོངད་ལྔའི་ཁ་དོག་གིས་བརྒྱན་པའོ།། དེའི་ནང་དུ་རེ་མིག་དགུ་སྣམ་བུ་དང་ལྡན་པ་ལ་དབུསུ་སངྒེའི་ཁྲི་མི་འཇིགས ་བ་བཞིའི་རང་བཞིན་ནོ།། སྟོ་བས་བཅུ་དང་ལྡན་པའི་རྟག་སུ་ཤར་དུ་གླང་པོ་ཆེའོ།། རྫུ་འཕྲུལ་གྱི་རྐང་པ་བཞིའི་རང་བཞིན་གྱིས་ལྷོར་རྩཝའོ།། དབང་བཅུའི་རང་བཞིན་གྱི་ནུབ་ཏུ་རྨྱ་བྱའོ།། ཕྲིན་ལས་རྣམ་པ་བནས ་འགྲོ་བའི་དོན་བྱེད་པའི་རང་བཞིན་གྱིས་བྱང་དུ་ན་མཁའ་ལྡིང་གི་ཁྲིའོ།། དེ་དག་གི་སྟེང་དུ་རིན་པོ་ཆེའི་ཁྲི་དང་པདྨའི་གདན་དང་ཟླ་བའི་གདན་རྩེགས་པའོ།། དེ་དག་གི་ཕྱོགས་བཞི་ཐམས་ཅད་དང་། མཚམས་ཀྱི་རེ་མིག་དང་སྣམ ་བུ་དང་གྲུ་ཆད་པ་ལ་ཟླ་བའི་གདན་བསྒོམ་མོ།། དེ་ལ་པདྨ་ནི་ཐབས་སྣ་ཚོགས་ཀྱིས་འགྲོ་བའི་དོན་མཛད་པའོ།། ཟླ་བ་ནི་དགེ་བའི་རྩ་བ་བྱང་ཆུབ་ཀྱི་མྱུ་གུ་བསྐྱེད་པའོ།། །། དེ་ནས་དབུས་སུ་སེང་གེ་དང་ཟླ་བའི ་གདན་ལ་བདག་གི་སེམས་གཟུང་འཛིན་དག་པའི་ཡེ་ཤེས་དེ་ཉིད་ཡི་གེ་ཨ་དཀར་པོ་ཅིག་ཏུ་བསྒོམས་ལ། དེའི་འཕྲོ་འདུ་ལས་རྣམ་པར་སྣང་མཛད་ཆེན་པོ་བྱང་ཆུབ་སེམས་དང་རང་བཞིན་གཅིག་པ། ཞལ་བཞི་ཕྱག་བརྒྱད ་པ་ཞལ་ཕྱོགས་བཞིར་གཟིགས་པ། རྒྱན་མི་མངའ་བ་བཞི་པའི་རང་བཞིན་དབུ་ལ་རལ་པ་གྱེན་དུ་འཁྱིལ་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་དབྱེར་མེད་པའི་དོན་སྐུ་མདོག་དཀར་པོ་ཆོས་ཉིད་ལ་ཉོན་མོངས་པའི་སྐྱོན་གྱིས ་མ་གོས་པའི་རྟགས། ཕྱག་བརྒྱད་ཐུགས་ཀ་ན་བྱང་ཆུབ་ཀྱི་མཆོག་གི་ཕྱག་རྒྱ་བཅས་པ་ལ་སྙིང་རྗེ་དང་ཤེས་རབ་གཉིསུ་མེད་པའི་རང་བཞིན་དུ་བསྒོམ་མོ།། ངོའི་ཐུགས་ཀར་ཡི་གེ་ཧྲི་ལས་དང་པོའི་སངས་རྒྱསཽ་སྐུ་མདོག ་དཀར་པོ་ཞལ་བཞི་ཕྱག་བརྒྱད་པ་དབུ་ལྔ་ལ་གཙུག་གི་རྟ་མགོ་དཀར་པོ་སྟེ། ཁམས་གསུམ་ཐམས་ཅད་ཟིལ་གྱིས་གནོན་པ་འམ་དབང་དུ་སྡུང་པའི་རང་བཞིན་ནོ།། ཞལ་ཤར་ཕྱོགསུ་གཟིགས་པ་སྔོ། ལྷོ་སེར་ནུབ ་དམར། བྱང་ལྡང་བ་རིགས་ལྔའི་རང་བཞིན་ནོ།། ཕྱག་གཡས་པ་བཞི་ན་རལ་གྲི་བསྣམས་པ། གཡོན་པ་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་བུམ་པོ་རེ་ར་བསྣམས་པའོ།། ཉོན་མོངས་པ ་གཅོད་པའི་རལ་གྲི་དམ་པའི་ཆོས་སྟོན་པའི་རང་བཞིན་དང་ལྡན་པས་པོ་ཏི་བསྣམས་པ། ཆོས་ཀྱི་སྐུའི་རང་བཞིན་ཡིན་པས་སྐུ་མདོག་དཀར་པོ་ཉིད་མའི་དཀྱིལ་འཁོར་དང་ལྡན་པས། སྣ་ཚོགས་ཀྱི་ན་བཟས་བརྒྱན་པ ་ཕུང་བུ་ལྔ་དང་ལྡན་པར་བསྒོམ།། དེའི་ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་བསྒོམ། རྩིབས་དྲུག་ལ་ཤར་གྱི་རྩིབས་ནི་བསྔོ། གཡས་གཡོན་ནི་དཀར། ལྷོ་སེར་ནུབ་དམར། བྱང་ལྡང་། མུ་ཁྱུད་བཞི་ཡང་དཀར། རིགས ་དྲུག་གི་རང་བཞིན་ཡིན་པས་རྩི་བས་དྲུག་གོ། རྟེན་ཅིང་འབྲེལ་པའི་རང་བཞིན་ཡིན་པས་འཁོར་ལོ་མུ་ཁྱུད་དང་པོ་ལ། ཨོཾ་སརྦ་དྷརྨྨཿ་བྷ་བ་སཱ་བྷཱ་བ་བི་ཤུདྡྷ་བཛྲ་ཨ་ཨཱ་ཨཾ་ཨཿཞེས་པ་བསྒོམ་མོ།། གཉིས ་པ་ལས་སངས་རྒྱས་ཀྱི་ས་བཅུ་གཉིས་ཀྱི་ས་བོན། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨཻ་ཨཻ་ཨོ་ཨཽ་ཨཾ་ཨ་བཅུ་གཉིས་དགོད། རྩིབས་དྲུག་ལ་ཤར་གྱི་རྩིབས་ལ། ཨོཾ་དུཿཁཙྪེ་དཱ་ལ་ཏེ་ན་མཿལྷོའི་རྩིབས་ལ། ཨོཾ་ཧཱ ་གཱི་ཤྭ་རཱ་ཡ་ཏེ་ནཱ་མཿནུབ་ཀྱི་རྩིབས་ལ། ཨོཾ་བཛྲ་ཏཱིཀྵྞ་ཡ་ཏེ་ན་མཿབྱང་གི་རྩིབས་ལ། ཨོཾ་ཛྙཱ་ན་ཀཱ་ཡཱ་ཡ་ཏེ་ན་མཿཤར་བསྟོད་ཀྱི་རྩིབས་ལ། ཨོཾ་པྲཛྙཱ་ཛྙཱ་ན་མཱུ་ར་ཏ་ཡེ་ན་མཿཤར་སྨད་དུ། ཨོཾ་ཨ་ར ་པ་ཙ་ནཱ་ཡ་ཏེ་ན་མཿདེའི་ཕྱི་རོལ་རྩིབས་མཚན་གྱི་མུ་ཁྱུང་ལ་སྔགས་ཀྱི་ཕྲེང་བ། ཨ་ཨཱཾ་སརྦ་ཏ་ཐཱ་ག་ཏཱ་ཧྲི་ད་ཡ་ཞེས་པ་དགོད། མུ་ཁྱུད་ཕྱི་མ་ལ་ཀ་ཁ་སུམ་ཅུ་རྩ་གཉིས་དགོད་དེས་མཚན་སུམ་ཅུ་རྩ་གཉིས་ཀྱི་ས་བོན་ཡིན།། ་འཁོར་བའི་ལྟེ་བའི་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་ཨ་ལས་བསྐྱེད་པའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྐུ་མདོག་དཀར་པོ་ཞལོ་དྲུག་པ། ཕྱག་གཉིས་པ། ཉི་མའི་དཀྱིལ་འཁོར་དང་ལྡན་པ་བྱིས་པའི་རྒྱན་གྱིས་བརྒྱན ་པ། གཙུག་ཕུང་ལྔ་དང་ལྡན་པ་ཕྱག་གཉིས་ན་ཨུཏྤ་ལ་བསྣམས་པས་ཏེ། གཉིསུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དང་ལྡན་པའི་དོན་ཏོ།། ངའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨ་དཀར་པོ་བསྒོམས་ཏེ། ་ཐམས་ཅད་མཁྱེན་པ་ལམ་མཁྱེན་པོ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། གསུམ་གྱི་རང་བཞིན་ཅན་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་བསྐྱེད་པའི་གནས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྐྱེས། དེ་བཞིན ་གཤེགས་པ་ཐམས་ཅད་རང་བཞིན་བསྒོམ་པའོ།། ཨ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། དང་པོར་བསྐྱེད་པའི་རིམ་པ་ལས་ཕྱིར་འཕྲོས་པའི་མཆོད་རྟེན་གྱི་བུམ་པའི་ནང་ནས་ཕྱིར་འབྲོས་པས། སྟོང་གསུམ་གྱི ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སེམས་ཅན་ཉོན་མོངས་པ་ལྔ་དང་། ཚུལ་ཁྲིམས་འཆལ་པ་ལ་སོགས་པ་དག་པར་བྱས་ཏེ། སངས་རྒྱས་པར་བྱས་ནས། དེ་ལས་ཀྱང་ཕྱིར་འབྲོས་ནས་རྡོ་རྗེ་ཟླ་ཟ་ཊ་ཞལ་ནས་བྱུང་སྟེ ་ཕྱོགས་བཅུའི་འཇིག་རྟེན་དུ་ཁྱབ་ནས་སེམས་ཅན་གྱི་དོན་བྱ་སྟེ་སླར་འདུས་པས་རིམ་པར་ཡི་གེ་ཨ་ལ་ཐིམ་པར་བྱས། རྡོ་རྗེ་དབྱིངས་ཀྱི་ལྷ་རྣམས་སྤྲུལ་ལོ།། སངས་རྒྱས་མཆོད་པ་དང་། སེམས་ཅན་གྱི་དོན་བྱས་ནས་ཡང ་སླར་འདུས་པས་སེམས་མ་རྡོ་རྗེ་མ་ལ་སོགས་པ་བཞི་ནི་དབུས་ཀྱི་གཙོ་བོ་ལ་བསྐོར། རིགས་ལྔ་དེ་བཞིན་གཤེགས་པའི་རིགས་ནི་གཙོ་བོ་ལ་ཐིམ་པར་བྱའོ།། རིགས་བཞི་ནི་གླང་པོ་ཆེའི་ཁྲི་ལ་མི་བསྐྱོད་པ་ལ་འཁོར་སེམས་དཔའ ་བཞིས་བསྐོར་བ། རྟའི་ཁྲི་ལ་རིན་ཆེན་འབྱུང་ལྡན་ལ་འཁོར་སེམས་དཔའ་བཞིས་བསྐོར་བ། རྨ་བྱའི་ཁྲི་ལ་སྣང་བ་མཐའ་ཡས་ལ་འཁོར་སེམས་དཔའ་བོ་ཞེས་བསྐོར་བ། ནམ་མཁའ་ལྡིང་གི་ཁྲི་ལ་དོན་ཡོད་གྲུབ་པ་ལ་འཁོར་སེམས ་དཔའ་བཞིས་བསྐོར་བར་བསྒོམ་མོ།། མཚམས་ཀྱི་རེ་མིག་བཞི་ལ་སྒེག་མོ་ལ་སོགས་པ་བཞིའོ།། སྣམ་བུ་ལ་མཆོད་པའི་ལྷ་མོ་བཞི་དང་། བྱང་ཆུབ་སེམས་དཔའ་བཅུ་དྲུག། སྒོ་བཞིའི་གནས་སུ་སྒོ་བ་བཞིས་བསྐོར་བར ་བསྒོམས་ལ།། དེ་ནས་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཞེས་པ་ནས་ཐེག་པ་ཆེན་པོའི་ཚུལ་གྱི་མཆོག་ཅེས་པ་ཡན་ཆད་པ་ཀླག་པར་བྱའོ།། དེ་ནས་མཚན་གྱི་ཡིག་འབྲུ་འོད་ཟེར་དཀར་པོ་སྤྲོས་ཏེ་འོད་ཟེར་གྱི་སེམས ་ཅན་གྱི་ཉོན་མོངས་པ་གཏི་མུག་ལ་སོགས་པ་དག་པར་བྱས་ནས་ཡང་དག་པའི་དོན་དང་ལྡན་པར་བྱས་ཏེ། སླར་འདུས་པས་མཚན་གྱི་སྔགས་བརྒྱད་ཅུ་རྩ་དྲུག་ཡོད་པ་རིགས་ལྔར་ཕྱེ་སྟེ་ཕྱོགས་བཞི་ནས་དཀྱིལ ་འཁོར་གྱི་ལྷ་ལ་ཐིམ་པར་བྱའོ།། དེ་ནས་རྣམ་པར་སྣང་མཛད་ཆེན་པོར་མཽ་སྣང་བར་བྱ་སྟེ། དབུས་ཀྱི་གདན་ལ་ཡི་གེ་ཨ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ལ། ཞལ་གཅིག་ཕྱག་གཉིས་པ་དབུ་ལ་རལ་པ་གྱེན་དུ ་འཁྱིལ་པ་རྒྱན་མི་མངའ་བ་ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱར་མཛད་པ་བསྒོམ་མོ།། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་དྷཱིཿལས་དང་པོའི་སངས་རྒྱས་སྐུ་མདོག་ངཀར་ལ་ཕྱག་མཚན་གོང་དང་མཐུན ་བའོ།། དེའི་ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་རྩིབས་བཅུ་པ་ལ་མུ་ཁྱུད་བཞི་ལྟེ་བ་དང་བཅས་པར་བསྒོམ་མོ།། རྩིབས་དཀར་པོ་བཅུ་ལ།། ཨོཾ་པྲཛྙཱ་ཛྙཱ་ན་མཱུ་ར་ཏཱ་ཡ་ཏེ་ན་མཿཞེས་པ་རིམ་པར་དགོད་ངོ་།། གཞན་མ་གོང་མ་དང ་མཐུན་ནོ།། དབུས་ཀྱི་ལྟེ་བ་ལ་ཟླ་བའི་སྟེང་དུ་ཡི་གེ་ཨ་ལས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡེ་ཤེས་སྤྱི་གཟུགས་ཤེས་བྱ་བ། དེ་བཞིན་གཤེགས་པའི་རིགས་ཀྱི་འཇམ་དཔལ་དཀར་པོ་ཕྱག་གཡས་ནུ་རལ་གྲི་གཡོན་ན ་འཁོར་ལོ་བསྣམས་པ་ཟུར་ཕུང་ལྔ་དང་ལྡན་པ། གཞོན་ནུ་རྒྱན་གྱིས་བརྒྱན་པར་བསྒོམ་མོ།། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨ་དཀར་པོ་བསྒོམ། དེ་ལ་འོད་འཕྲོས་པས་གོང་མའི་རིམ་པ་དང་འདྲ་བ ་རྣམ་པར་སྣ་ང་མཛད་འཕྲོས་པས་སེམས་ཅན་གྱི་ཉོན་མོངས་པའི་གཏི་མུག་དག་པར་བྱས་ཏེ། སླར་རིམ་པར་འདུས་པས་ཡི་གེ་ཨ་ལ་ཐིམ་སྟེ། མཚན་གྱི་སྔགས་ནི་སངས་རྒྱས་རྣམ་པར་སྨྱུང་མཛད་ཆེ། ཞེས་པ་ནས། རྡོ་རྗེ་ལྕགས ་ཀྱུ་ཞག་པ་ཆེ་ཞེས་པའི་བར་དུ་བརླག་པར་བྱའོ།། དེ་ནས་སྔགས་བརྗོད་ཙམ་ན་སྔགས་ལས་འོད་ཟེར་དཀར་པོ་རྣམ་པར་སྣང་མཛད་མང་པོས་སྤྲོས་པས། སེམས་ཅན་ཀུན་དེ་བཞིན་གཤིགས་པའི་རིགསུ་སངས་རྒྱས་པར་བྱ ་སྟེ། སླར་འདུས་པ་ལས་མཚན་གྱི་སྔགས་བརྒྱད་ཅུ་རྩ་གཅིག་ཡོད་པ་རིགས་ལྔར་ཕྱེ་སྟེ། སུམ་ཅུ་རྩ་བདུན་དེ་བཞིན་གཤེགས་པའི་རིགས་ལ་ཐིམ། རིགས་བཞིའི་སྐུ་ཕྱག་རྒྱ་སུམ་ཅུ་རྩ་དྲུག་ཐིམ་པར་བྱའོ།། དེ་ནས་རྣམ ་པར་སྣང་མཛད་བསྡུས་ཏེ་ཤར་དུ་བཀོད་ནས། དབུས་ཀྱི་ཡི་གེ་ཧཱུཾ་ལས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་རྒྱན་མི་མངའ་བ་རལ་པའི་དབུ་རྒྱན་ཅན་ཕྱག་གཡས་པས་ས་གནོན་པ་བདུད་དང་བགེགས ་ཀྱི་མི་བསྐྱོད་པའི་རྟོགས། ཕྱག་གཡོན་ཐུགས་ཀར་ཏིང་ངེ་འཛིན་གྱི་ཚུལ་དུ་བཞུགས་པ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་དྷཱིཿལས་དང་པོའི་སངས་རྒྱས་སྐུ་མདོག་དང་། ཕྱག་མཚན་གོང ་མ་དང་མཐུན། དེའི་ཐུགས་ཀར་ཤེས་རབ་འཁོར་ལོ།། དེའི་རྩིབས་བརྒྱད་ལ་ཁ་དོག་སྔོན་པོ་མུ་ཁྱུད་ནི་དཀར་པོ་རྩིབས་བརྒྱད་ལ། ཨོཾ་དུཿཁཙྪེ་དཱ་ཡ་ཏེ་ན་མཿཡིག་འབྲུ་རེ་རེ་དགོད། ཕྱི་མ་གོང་མ་དང་མཐུན་པར་བྱ། ་དབུས་ཀྱི་ལྟེ་བའི་ཡཾ་གེ་ཛྫ་ལས་བསྐྱེད་པའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྡུག་བསྔལ་གཙང་བ་ཞེས་བྱ་བ་སྐུ་མདོག་སྔོན་པོ་རྒྱན་གོང་དང་འདྲ་བ། ཕྱག་གཡས་རལ་གྲི། གཡོན་རྡོ་རྗེ་བསྣམས་པ། ་ཐུགས་ཀར་ཟླ་བ་ལ་ཧཱུཾ་སྔོན་པོ་བསྒོམ་མོ།། དེ་ནས་འོད་ཟེར་རིམ་པར་ཕྱིར་འབྲོས་པས་མི་བསྐྱོད་པ་ཁྲོ་བོའི་རིགས་ཀྱི་འོད་འཕྲོས་ཏཱཾ། སེམས་ཅན་ཐམས་ཅད་ཀྱི་ཞེ་སྡང་དག་པར་བྱས་ཏེ། སླར་འདུས་པ་ལས་ཡི་གེ་ཧཱུཾ་ལས་ཐིམ ་པར་བྱས་ལ་མཚན་གྱི་སྔགས་ནི། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། ཅེས་པ་ནས་སྒྲ་དོང་ལྡན་པ་རྣམས་ཀྱི་མཆོག་ཅེས་པའི་བར་དུ་བཀླག་པར་བྱའོ།། འོད་ཟེར་སྔོན་པོ་ཁྲོ་བོར་སྤྲོས་ནས་སེམས་ཅན་གྱི་དོན་བྱས། སླར ་འདུས་པ་ལས་མཚན་གྱི་སྔགས་བདུན་ཅུ་རྩ་གཉིས་ཡོད་པ་རིགས་ལྔར་བསྒོམས་ལ། ཕྱོགས་བཞི་ནས་དཀྱིལ་འཁོར་གྱི་ལྷ་ལ་རིམ་པར་བྱའོ།། དེ་ནས་མི་བསྐྱོད་པ་སླར་བསྡུས་ཏེ། རང་གི་གདན་ལ་བཀོད་ནས་རྣམ་པར་སྣང ་མཛད་ནུབ་ཀྱི་གདན་ལ་བཀོད་དེ། དབུས་ཀྱི་གཙོ་བོ་ལ་ཧྲི་ལས་སྣང་བ་མཐའ་ཡས་བསྐྱེད། སྐུ་མདོག་དམར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ལོས་མི་གཡོ་བའི་ཏིང་འཛིན་གྱི་ཕྱག་རྒྱ་ཅན་བསྒོམ་མོ།། དེའི ་ཐུགས་ཀར་དྷཱིཿལས་དང་པོའི་སངས་རྒྱས་བསྒོམ། དེའི་ཐུགས་ཀར་ཤེས་རབ་འཁོར་ལོ་རྩིབས་བརྒྱད་པ་ཁ་དོག་དམར་པོ། ཨོཾ་བཛྲ་ཏཱིཀྵ་ཡ་ཏེ་ན་མཿཡིག་འབྲུ་བརྒྱད་དགོད་། གཞན་འདྲ། དབུསུ་ཟླ་བའི་གདན ་ལ་ཡི་གེ་ཧྲི་ལས་འཇམ་དཔལ་རྡོ་རྗེ་རྣོན་པོ། སྐུ་མདོག་དཀར་པོ་ཕྱག་གཡས་ན་རལ་གྲི་འཕྱར་བ། གཡོན་ན་པདྨ་ཐུགས་ཀར་བསྣམས་པ། ཐུགས་ཀར་ཟླ་བའི་གདན་ལ་ཧྲིཿབསྒོམ། དེ་ལས་འོད་ཟེར་སྣང་བ་མཐའ་ཡས་སྤྲོ། ་སེམས་ཅན་གྱི་འདོད་ཆགས་ཞི་བར་བྱས་ཏེ། སླར་འདུས་པས་ཡི་གེ་ཧྲིཿལ་ཐིམ་པར་བྱས། ཡང་དག་བདག་མེད་དེ་བཞིན་ཉིད་ཅེས་པ་ནས། ཡེ་ཤེས་མེ་ལྕེ་འོང་རབ་གསལ་ཡན་ཆོང་བརྗོད། འོད་ཟེར་དམར་པོ་སྤྲོ་བར ་བྱའོ།། སླར་འདུས་པ་ལས་མཚན་གྱི་སྔགས་ནི་ཉིས་བརྒྱ་བདུན་ཅུ་རྩ་ལྔར་བགོས་ཏེ། དཀྱིལ་འཁོར་ལ་ཐིམ་པར་བྱས་ཏེ། དེ་ནས་སྣང་བ་མཐའ་ཡས་རང་གི་གནས་ལ་བཞུགས་ནས། རྣམ་སྣང་ལྷོར་བཀོད་དེ། དབུས་ཀྱི་གཙོ ་པོ་ཡི་གེ་ཨ་ལས་བསྐྱེད་པ་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་ཕྱག་རྒྱ་ནི་མཆོག་སྦྱིན་མཛད་པར་བསྒོམ། དེའི་ཐུགས་ཀར་དང་པོའི་སངས་རྒྱས། དེའི་ཐུགས་ཀཪྵ་ཤེས་རབ་འཁོར་ལོ་རྩིབས་བརྒྱད་པ། ཨོཾ་བཱ་གཱི་ཤྭ་རཱ་ཡ་ཏེ་ན་མ། ་ཡི་གེ་འབྲུ་བརྒྱད་དགོང་། གཞན་གྲོང་མ་དང་མཐུན། དེའི་ལྟེ་བ་ལ་ཟླ་བའི་སྟེང་དུ་ཡི་གེ་ཨོཾ་ལས་འཇམ་དབུལ་དག་གི་དབང་ཕྱུག་སྐུ་མདོག་སེར་པོ་ཕྱག་གཡོན་རིན་པོ་ཆེ་ཐུགས་ཀར་བསྣམས་པ། གཡས་པ་རལ་གྲི་འཕྱར་བ། ་དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཨོཾ།། དེ་ལས་རིན་ཆེན་འབྱུང་ལྡན་སྤྲོ། སླར་འདུས་ཡི་གེ་ཨོཾ་ལ་ཐིམ། མཚན་གྱི་སྔགས་འདོད་པོའི་དོན་གྲུབ་དམ་པ་སྟེ། ཞེས་པ་ནས། ནོར་བུ་ཆེན་པོ་རིན་ཆེན་ཞེས་པའི་བར་གྱི ་སྔགས་བརྗོད་ནས། འོད་ཟེར་སེར་པོ་འཕྲོས་ཏེ་སེམས་ཅན་གྱི་དོན་བྱས། སླར་འདུས་པས་མཚན་གྱི་སྔགས་བརྒྱ་རྩ་ལྔ་རིགས་ལྔར་བགོས་ཏེ། དཀྱིལ་འཁོར་གྱི་ལྷ་ལ་ཐིམ་པར་བྱའོ།། དེ་ནས་རིན་ཆེན ་འབྱུང་ལྡན་རང་གི་གནསུ་བཀོད་ནས། རྣམ་པར་སྣང་མཛད་བྱང་གི་གདན་ལ་བཀོང་ངོ་། དབུས་སུ་གཙོ་བོ་ཡི་གེ་ཨེ་ལས་བསྐྱེད་པ། དོན་ཡོད་གྲུབ་པ་སྐུ་མདོག་སྣ་ཚོགས་ཏེ་ལྗང་གུ། ཕྱག་གཉིས་སྐྱབས་སྦྱིན་གྱི་ཕྱག ་རྒྱ་མཛདདཱ་པ། དེའི་ཐུགས་ཀར་དང་ཕོའི་སངས་རྒྱས། དེའི་ཐུགས་ཀར་ཤེས་རབ་འཁོར་ལོ།། ལྗང་གུ་རྩིབས་བརྒྱད་པ། ཨོཾ་ཛྙཱ་ན་ཀཱ་ཡཱ་ཡ་ཧེ་ན་མ། ཞེས་འབྲུ་བརྒྱད་དགོང་ངོ་།། གཞན་གོང་དང་མཐུན། དེའི་དབུས ་སུ་ཟླ་བའི་སྟེང་དུ་གདན་ལ་ཡི་གེ་ཨ་ལས་བསྐྱེད་བའི་འཇམ་དཔལ་ཡེ་ཤེས་ཀྱི་སྤྱི་གཙུག་ཅེས་བྱ་བ། སྐུ་མདོག་ལྗང་གུ་ཕྱ་ག་གིཡིན་པ་ནཱ་རྒྱ་གྲམ་ཐུགས་ཀར་གཡས་རལ་གྲི་ཐུགས་ཀར་འཕྱར་བ། དེའི་ཐུགས ་ཀ་ན་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཨ་དེ་ལས་དོན་ཡོད་གྲུབ་པ་ཁོ་ནས་སེམས་ཅན་གྱི་དྲོན་གྱི་དོན་བྱས། སླར་རིམ་པ་འདུས་པོས་ཡི་གེ་ཨ་ལ་ཐིམ་པར་བྱ། དེ་ནས་མཚན་གྱི་སྔགས། སངས་རྒྱས་ཀུན་གྱིས་རྟོགས་བྱ ་བཞེས་པ་ནས། འཇམ་དཔལ་དང་ལྡན་པའི་མཆོག་ཅེས་པ་ཡན་ཆད་བཀླག་གོ། ཡིག་འབྲུ་ལས་འོད་ལྗང་གུ་འཕྲོས་པས་སེམས་ཅན་གྱི་དོན་བྱས་སློར་འདུས་པ་ལས་མཚན་གྱི་སྔགས་དགུ་བཅུ་རྩ་ལྔ་རིགས་ལྔར ་བགོས་ཏེ། དཀྱིལ་འཁོར་ལ་ཐིམ་པར་བྱའོ།། དེ་ནས་དོན་ཡོད་གྲུབ་པ་རུང་གི་གནས་སུ་བགོད་དེ། རྣམ་པར་སྣང་མཛད་མི་སྣང་བར་གྱུར་ནས། དབུས་ཀྱི་གཙོ་བོ་ཡི་གེ་ཨ་ལས་བྱང་ཆུབ་སེམས་རྡོ་རྗེ་བསྐྱེད་དེ། སྐུ ་མདོག་དཀར་པོ་རྡོ་རྗེ་དྲིལ་བུ་བསྣམས་པ། རིགས་ལྔའི་དབུ་རྒྱན་ཅན་བསྒོམ། དེའི་ཐུགས་ཀར་གོང་མ་བཞིན་དུ་དང་པོའི་སངས་རྒྱས། དེའི་ཐུགས་ཀར་ཤེས་རབ་འཁོར་ལོའི་རྩིབས་དགུ་པ། ཨོཾ་ཨ་ར་པ་ཙ་ནཱ་ཡ་ཧེ་ན་མ ་ཡི་གེ་འབྲུ་རེ་རེ་དགོང་ངོ་།། མུ་ཁྱུད་བཞི་གོང་མ་དང་མཐུན་ནོ།། ལྟེ་བའི་ཟླ་བའི་གདན་ལ་ཡི་གེ་ཨ་ལས་བསྐྱེད་པའི་འཇམ་དཔལ་ཨ་ར་པ་ཙ་ན་ཞེས་བྱ་བ། སྐུ་མདོག་དཀར་པོ་གཡོན་པས་གླེགས་བམ་བསྣམས་ནས་ཐུགས ་ཀར་བཞག་པ། གཡས་པ་རལ་གྲི་འཕྱར་བ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཨ་བསྒོམས་ནས། དེ་ལས་རྡོ་རྗེ་སེམས་དཔའ་སྤྲོ་བར་བྱ། སེམས་ཅན་གྱི་ཉོན་མོངས་པ་ཐམས་ཅད་ཞི་བར་བྱ་སྟེ། སླར་འདུས ་པས་ཐུགས་ཀའི་ཨ་ལ་ཐིམ་པར་བྱས་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཚིགས་བཅད་བརྗོད་པ་ཡིན་ཏེ། རྡོ་རྗེ་སེམས་དཔའ་དང་རྣམ་པར་སྣང་མཛད་ཆེན་པོ་དབྱེར་མེད་པའི་ཕྱིར་རོ།། འདི་ནི་སྤྱིའི་རྣལ་འབྱོར་ཡིན་པས་འདི ་ལྟར་བརྗོད་པར་བྱའོ།། རིགས་དྲུག་ལྷ་རེ་རང་གི་ཡཾ་ངོམ་བྱེད་པའི་ཚེ་བསྒོམས་ནས་བརྗོད་པར་བྱའོ།། མཚན་ཡང་དག་པར་བརྗོད་པའི་བཀྲིག་པའི་སྒོམ་ཁོག། སློབ་དཔོན་དཔལ་ལྡན་བྱང་ཆུབ་མཆོག་གིས་མཛད་པ་རྫོགས ་སོ།། ། རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མཱ་སཾ་གཱི་ཏི་ན་མ་ཧོ་མ་ཀྲ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་སྦྱིན་སྲེག་གི་རིམ་པ། ་