CLOSE WINDOW

GT1409: byang chub kyi sems bsgom pa don bcu gnyis bstan pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། བཽ་དྷི་ཙིཏྟ་བྷ་བ་ཨརྠ་དཱ་ཤ་ནཱི་དྷྱེ་ཤ། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་བསྒོམ་པ་དོན་བཅུ་གཉིས་བསྟན་པ། དཀོན་མཆོག་གསུམ་ལ་ཕྱག་འཚལོ།། འདིར་བྱང་ཆུབ་ཀྱི་སེམས་བསྒོམ་པ ་ནི། དོན་བཅུ་གཉིས་ཀྱིས་སྟོན་ཏེ། ཕྱག་འཚལ་བ་དང་། ཅིའི་ཕྱིར་རྟོགས་པར་བྱ་བ་དང་ཅི་ཞིག་རྟོགས་པར་བྱ་བ་དང་། གང་གིས་རྟོགས་པར་བྱ་བ་དང་། གང་ལ་བརྟགས་ཏེ་རྟོགས་པར་བྱ་བ་དང་། བརྟགས་ནས་ངེས ་པའི་དོན་བསྟན་པ་དང་། ངེས་པའི་དོན་ལ་བསྒོམ་པ་དང་། བརྒྱུད་པའི་ཐབས་ཀྱིས་ངེས་པའི་དོན་རྟོགས་པར་བྱ་བ་དང་། བྱང་ཆུབ་ཀྱི་སེམས་ཀྱིས་མི་ཟིན་ན་རྣམ་པར་གྲོལ་བ་མི་ཐོབ་ཅིང་དགེ་བ་ཆུད་ཟ་བར་བསྟན་པ་དང་། མོས ་པ་ཙམ་སྐྱེས་པས་ཀྱང་ཡོན་ཏན་མང་པོ་ཐོབ་པ་དང་། ལོག་པར་ཞུགས་པ་རྣམས་ལ་སྙིང་རྗེ་སྐྱེ་བའི་གནས་སུ་བསྟན་པ་དང་། དགེ་བའི་རྩ་བ་བསྔོ་བ་རྣམསོ།། དེ་ལ་ཕྱག་འཚལ་བ་ལ་ཡང་རྣམ་པ་གསུམ་ཏེ། སངས་རྒྱས ་དང་ཆོས་དང་དགེ་འདུན་གསུམ་ལ་ཕྱག་འཚལ་བ་ནི། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་བརྩམས་པ་ལ་བགེགས་མི་འཇུག་ཅིང་མཐར་ཕྱིན་པར་བྱ་བའི་ཕྱིར་ཚིགསུ་བཅད་པ་གཅིག་གིས་བསྟན་པ་ཡིན་ཏེ། དེ་ལ ་སངས་རྒྱས་ལ་ཕྱག་འཚལ་བ་ནི། བདག་མེད་གཉིས་མེད་བདེ་གཤེགས་མི་རྟོག་ཡེ་ཤེས་ཆོས་དབྱིངས་སྐུ་བརྙེས་པ། ཞེས་བྱ་བས་བསྟན་ཏོ། གང་ཟག་དང་ཆོས་ལ་བདག་མེད་པ་གཉིས་ཉིད་མ་ནོར་བར་རྟོགས་པ་ནི ་བདེ་བར་གཤེགས་པའི་མི་རྟོག་པའི་ཡེ་ཤེས་ཡིན་ཏེ། ཡེ་ཤེས་དེ་ཐོབ་པས་དེའི་ཤེས་བྱ་དེ་ཆོས་ཀྱི་དབྱིངས་དང་ཐ་མི་དད་པའི་སྐུ་ཡང་བརྙེས་པའོ།། ཆོས་ལ་ཕྱག་འཚལ་བ་ནི་ཀུན་གྱི་རང་བཞིན་ཞི་བ་འདི་ལ་བསལ་ཞིང་བླང ་མེད་ལམ་མཆོག་སྟེ། ཞེས་བྱ་བ་སྨོས་ཏེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཀུན་གྱི་རང་བཞིན་ནི། སྤྲོས་པའི་མཚན་མ་ཐམས་ཅད་ཞི་བ་སྟེ། འདི་ལ་སྐྱོན་བསལ་ཞིང་ཡོན་ཏན་བླང་དུ་མེད་དེ། བླང་ངོར་མེད་པ་ནི་ཐར ་བའི་ལམ་གྱི་ནང་ན་མཆོག་ཡིན་ནོ།། དགེ་འདུན་ལ་ཕྱག་འཚལ་བ་ནི། མི་ལྡོག་ས་ལ་སོགས་པའི་དབང་བཅུ་རྒྱལ་བ་ཀུན་དང་གཅིག་བརྙེས་པ། ཞེས་པ་སྨོས་པ་ཡིན་ཏེ། ས་དང་པོ་འཁོར་བར་མི་ལྡོག། ས་བརྒྱད་པ་མཚན་མར ་མི་ལྡོག་པ་ལ་སོགས་ཏེ། ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཚེ་ལ་དབང་བ་དང་ལས་ལས་དབང་བ་དང་། ཡོ་བྱད་ལ་དབང་བ་ལ་སོགས་ཏེ། དབང་བཅུ་ཐོབ་པས་རྒྱལ་བ་ཀུན་དང་ཆོས་ཀྱི་དབྱིངས་རྟོགས་པར་གཅིག་ཕྲ ་གཅིག་བརྙེས་པའོ།། གནས་གསུམ་མཉམ་ཉིད་དེ་ལ་མཚན་མེད་ཡིད་ཀྱིས་རབ་ཏུ་ངད་པས་མོས། ཞེས་སྨོས་པ་ལ་ཕྱག་གི་གནས་ནི་དཀོན་མཆོག་གསུམོ།། ཆོས་ཉིད་ནི་མ་ནོར་བའི་ལམ་ཡིན་ཏེ། ཤེས་པར་བྱ་བ་ཡིན་ལ། སངས ་རྒྱས་དང་བྱང་ཆུབ་སེམས་དཔའ་ནི། དེ་ཤེས་པར་བྱེད་པ་ཡིན་ཏེ། ཤེས་པ་དང་ཤེས་བྱ་ཁྱད་པར་མེད་ཅེས་འབྱུང་བས་མཉམ་པ་དང་། དོན་དམ་པར་གཉི་སུ་མེད་པས་མཉམ་པ་དེ་ལ་མཚན་མར་མི་འཛིན་པའི་ཡིད་ཀྱིས་དང་བའི་དང ་པབ་དང་། དོན་ཇི་ལྟ་བ་བཞིན་དུ་ངེས་པར་བཟུང་བའི་མོས་པས་ཕྱག་འཚལ་བ་ཡིན་ནོ།། དོན་གཉིས་པ་སྟོན་ཏེ། ཅིའི་ཕྱིར་རྟོགས་པར་བྱ་ཞེ་ན་ཕན་ཡོན་ཆེ་བའི་ཕྱིར་ཏེ། ཕན་ཡོན་ཡང་རྣམ་པ་གསུམ་ཏེ། རྒྱུར་གནས་པའི་ཕན་ཡོན་དང་། ་མངོན་དུ་གྱུར་པ་འབྲས་བུའི་ཁྱད་པར་གྱི་ཕན་ཡོན་དང་། རྣམ་པར་ཀྲོལ་བའི་འབྲས་བུ་ཐམས་ཅད་ཀྱི་གཞི་ལམ་གྱི་མཆོག་ཏུ་བསྟན་པའོ།། དེ་ལ་རྒྱུར་གནས་པའི་ཕན་ཡོན་ནི།། སྟོན་པ་འཇིག་རྟེན་སྒྲོལ་མར་གྱུར་པ་ཀུན་གྱིས་མཚུངས ་པར་རབ་སྔགས་ལ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷ་དང་མི་ལ་སོགས་པའི་སྟོན་པ་འཇིག་རྟེན་ཕྱི་ནང་གི་མུན་པ་སེལ་བའི་ཡེ་ཤེས་ཀྱི་སྒྲོན་མར་གྱུར་པ་ཀུན་གྱིས་ཀྱང་འདྲ་ཞིང་མཚུངས་པར་བྱང་ཆུབ་ཀྱི་སེམས་ལ་ཕན་ཡོན་ཆེ་བར ་སྔགས་ཏེ། ཇི་སྐད་དུ་སྔགས་ཤེ་ན། ཆོས་ལ་ཆོས་ཀྱི་སྙིང་པོར་གྱུར་པ་འཇམ་དཔལ་གཞོན་ནུའི་སྙིང་པོ་འདི། དེ་འདི་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་ནི་ཡེ་ནས་གནས་པའི་ཆོས་ཀུན ་གྱི་སྙིང་པོར་གྱུར་པ་ནི་འཇམ་དཔལ་གཞོན་ནུ་ཞེས་བྱ་སྟེ། ཅིའི་ཕྱིར་འཇམ་ཞེ་ན། ཟུག་རྔུ་མེད་པའི་ཕྱིར་འཇམ་པ་དང་། དེ་རྟོགས་ན་སེམས་ཅན་ཀུན་གྱི་དཔལ་དུ་གྱུར་པ་དང་། གཞོན་པ་ནི་གཙང་བའི་དོན་ཏེ། སྐྱོན་དང་དྲི་མས་མ་གོས་པའི ་ཕྱིར་རོ།། སྙིང་པོ་གོང་དུ་བསྟན་པ་ཉིད་ཆོས་རྣམས་ཀྱི་སྙིང་པོ་ཡིན་པའི་ཕྱིར།། འཇམ་དཔལ་ཞེས་བྱ་བ། བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་མ་ནོར་བར་རྟོགས་པ་ནི་སངས་རྒྱས་མ་ལུས་པའི་འབྱུང་གནས་ཡིན་པའི་ཕྱིར། བདེར་གཤེགས ་མ་ལུས་ཡུལ་དུ་མཱར་མལ་པ་ཀུན་གྱི་ལམ་གཅིག་གོ།། ཞེས་སྨོས་ཏེ། ལམ་འདི་མ་གཏོགས་པར་ལམ་གཞན་གྱིས་འཚང་མི་རྒྱ་བའི་ཕྱིརརོ།། ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་གཞིར ་གྱུར་པ། ཚུལ་ཁྲིམས་ལ་སོགས་ཏེ་ཕ་རེ་ཕྱིན་པ་བཅུ་དང་། དགེ་བའི་ཆོས་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་ན། སངས་རྒྱས་འགྲུབ་པའི་ཚིགསུ་མི་འགྲུབ་པས། སངས་རྒྱསུ་འགྲུབ་པའི་བསོད་ནམས་ཀྱི་ཚོགས ་ཐམས་ཅད་ཀྱི་གཞི་ཡིན་པར་ཡང་སོན་ཏོ།། མངོན་དུ་གྱུར་ཏེ་འབྲས་བུའི་དུས་ན། ཡང་ཁྱད་པར་དུ་འཕགས་པར་བསྟན་པ་ནི། རྣམ་དག་བྱང་ཆུབ་སེམས་ཀྱི་ངང་ཚུལ་བསྒོམ་དང་ཡོན་ཏན་ཁྱད་པར་ནི། ཞེས་བྱ་བ་ལ་སོགས་པ་སྟེ། ་སྤྲོ་བ་རྣམ་པར་དག་པའི་བྱང་ཆུམས་སཀྱི་རང་བཞིན་ནམ། ངང་ཚུལ་མ་ནོར་བར་བསྒོམས་ཏེ། མངོན་དུ་གྱུར་པའི་ཚེ། ཡོན་ཏན་གྱི་ཁྱད་པར་ཇི་ལྟ་བུ་དག་ཐོབ་ཅེ་ན། བློ་ལྡན་ནམ་ཞིག་སེམས་ཀྱི་དམ་པ་དེ་ནི་མངོན་དུ་གྱུར་པ་ན། དེ་ལ ་སྐུ་གསུམ་མཆོག་ཏུ་གྱུར་པ་ཆོས་ཀྱ་དེས་རྟུལ་བས་གསུངས། ཤེས་རབ་ཀྱི་བློ་དང་ལྡན་པས་བྱང་ཆུབ་ཀྱི་སེམས་མངོན་དུ་གྱུར་པ་དེ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་ཏེ། སྐུ་གསུམ་གྱི་ནང་ན་མཆོག་ཏུ་གྱུར་པ། ཆོས་ཀྱི ་སྐུ་ཞེས་བྱང་ཆུབ་ཀྱི་སེམས་ད་ལ་བྱ་བྱང་ཆུབ་ཀྱི་སེམས་དེ་ལ་ཡོན་ཏན་དང་ལེགས་པ་ཐམས་ཅད་ཀྱི་གཞི་ནི་ཆོས་ཀྱི་སྐུ་ཡིན་པས་མཆོག་ཏུ་གྱུར་པ་ཡིན་ནོ།། ཤེས་བྱེད་དམ་པར་གྱུར་པས་ཤེས་རབ་སྤྱན་ནས་ཀྱང་ནི་དེ་ལ་བྱ། ཤེས་བྱ ་ཐམས་ཅད་ཤེས་པར་བྱེད་པའི་ནང་ན། དམ་པ་ནི་ཤེས་རབ་ཀྱི་སྤྱན་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཤེས་བྱ་ཀུན་གྱི་ནང་ན་ཆོས་ཐམས་ཅད་ཀྱི་སྙིང་པོར་གྱུར་པའི་ཆོས་ཉིད་ཀྱི་དམ་པ་ཡིན་པས། དེ་རྟོགས་པའི་ཤེས་བྱེད་ཀྱང་དམ་པ་ཞེས་བྱ་སྟེ། ་ཤའི་སྤྱན་དང་ལྷའི་སྤྱན་ལ་སོགས་ཏེ། སྤྱན་ལྔའི་ནང་ན་ཡང་བྱང་ཆུབ་ཀྱི་སེམས་མངོན་དུ་གྱུར་པའི་མཚན་ཉིད་ཤེས་རབ་ཀྱི་སྤྱན་ནི་མཆོག་ཏུ་གྱུར་པ་ཡིན།། རྡོ་རྗེ་རྩེ་མོ་མཆོག་ཉིད་མི་རྟོག་ཡེ་ཤེས་དེ་ཡང་དེ་ཉིད།། རྡོ་རྗེ་ནི་སྲ་བ་དང་གཅོད ་པ་སྟེ། མི་མཐུན་པའི་ཕྱོགས་ཀྱིས་མི་ཤིགས་པའི་ཕྱིར་སྲ་བ་དང་། སྒྲིབ་པ་ཐམས་ཅད་གཅོད་ཅིང་སྤོང་བ་ཡིན་པས། ཡེ་ཤེས་ལ་བྱ་སྟེ། སོ་སོར་ཀུན་ཏུ་རྟོག་པ་དང་། བྱ་བ་ནན་ཏན་ལ་སོགས་པ་ཡེ་ཤེས་བཞིའི་ནང་ན་ཡང་མཆོག་གམ་རྩེ ་མོར་གྱུར་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ཏེ། དེ་ཡང་བྱང་ཆུབ་སེམས་མངོན་དུ་གྱུར་པ་དེ་ཉིད་ཡིན་ནོ།། རྣམ་པར་གྲོལ་བའི་འབྲས་བུ་ཐམས་ཅད་ཀྱི་གཞི་ལམ་གྱི་མཆོག་དུ་བསྟན་པ་ནི། ཇི་སྙེད་འཕགས་པའི་རྣམ་གྲོལ་ཆོས་སུ ་བསྟན་པ་དེ་དག་ཐམས་ཅད་ཀྱང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཇི་སྙེད་དུ་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་ཏེ། ཁམས་གསུམ་ལས་རྣམ་པར་གྲོལ་བའི་འབྲས་བུ་ཡོན་ཏན་གྱི་ཆོ་སུ་བསྟན་ཅིང་བསྙད་པ་དེ་དག་ཐམས་ཅད་ཀྱང ་བྱང་ཆུབ་སེམས་ཉིད་རྫོགས་ལས་དེ་ཡི་ཡོན་ཏན་དེ་དག་དེ་ལས་བྱུང་། བྱང་ཆུབ་ཀྱི་སེམས་རྫོགས་ཤིང་མཐར་ཕྱིན་པར་རྟོགས་པ་ལས། ཡོན་ཏན་རྫོགས་པར་འབྱུང་ལ། བྱང་ཆུབ་ཀྱི་སེམས་འབྲིང་དང་། ཆུང་ངུ་རྟོགས་ན་ཡང་། ཡོན་ཏན་དེ ་ཡང་དེ་བཞིན་དུ་བྱུང་ཞིང་ཐོབ་ལ། བྱང་ཆུབ་ཀྱི་སེམས་མ་རྟོགས་པ་རྣམས་ལ་ནི། གྲོལ་བ་ཐར་པ་ཆུང་ངུ་ཙམ་ཡང་མི་ཐོབ་སྟེ། དེ་བས་ན་འདི་ནི་གྲོལ་བ་ཐར་པ་ཐམས་ཅད་ཀྱི་གཞི་ཡང་ཡིན། འབྲས་བུ་མཆོག་གྲུབ་པའི ་ལ་མ་ཡིན་པས་ཐར་པའི་ལམ་གྱི་ནང་ན་ཡང་མཆོག་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འཕགས་པའི་རིགས་ཆེན་འཆི་མེད་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་། ཉན་ཐོས་ལ་སོགས་འཕགས་པའི་རིགས་ཀུན་གྱི་ནང་ན། འབྲས་བུ་ཆེ ་བའི་ཕྱིར། ཐེག་པ་ཆེན་པོ་ནི་རིགས་ཆེན་ཞེས་བྱ་སྟེ། བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ལ་སེམས་པས། བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། དེ་དག་ཐམས་ཅད་ཀྱང་། དེ་མེད་མི་འབྱུང་དེ་ཕྱིར་དེ་ནི་རྣམ་གྲོལ་མཆོག་གི་ལམ་ཉིད་།། བྱང་ཆུབ་ཀྱི ་སེམས་དེ་ནི་དེ་མེད་ན་བྱང་ཆུབ་སེམས་དཔའ་དེ་དག་མི་འབྱུང་བས། དེའི་ཕྱིར་བྱང་ཆུབ་ཀྱི་སེམས་དེ་ནི། རྣམ་པར་གྲོལ་བའི་ལམ་ཀུན་གྱི་ནང་ན་མཆོག་ཡིན།། དོན་གསུམ་པ་སྟོན་ཏེ། ཅི་ཞིག་རྟོགས་པར་བྱ་ཞེ་ན། བྱང་ཆུབ་ཀྱི་སེམས་སོ།། ་དེ་ཡང་བསམ་པ་དང་བརྗོད་པ་ལས་འདས་པས་བརྟགས་པའི་ཡུལ་མ་ཡིན་པར་བསྟན་ཏེ། དེས་ན་ཀུན་ཏུ་རྡོ་རྗེ་སེམས་དཔའ་ཅི་འདྲར་བསྒོམ་པར་བྱ་བར་འགྱུར། གོང་དུ་བསྟན་པ་དེ་ལྟར་ཕན་ཡོན་ཆེ་ན། དུས་དང་གནས་ཀུན་ཏུ་ཅིས་ཀྱང་མ ་ཤེགས་ལ། དེ་རྟོགས་ན་སྒྲིབ་པའི་དྲ་བ་གཅོད་པས་རྡོ་རྗེ་སྟེ། སེམས་ཀྱི་ཆོས་ཉིད་མ་ནོར་བར་རིགས་པ་ལ་རྡོ་རྗེ་སེམས་དཔའ་ཞིས་ཀྱང་བྱོ། བྱང་ཆུབ་ཀྱི་སེམས་ནས་ཀྱང་བྱ་བ་སྟེ། སེམས་ཀྱི་མཚན་ཉིད་མ་རིག་པའི་བླ་ཐབས་ཀྱིས་སྒྲ ་ནས། ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་དུ་སྣང་ལ། སེམས་ཀྱི་རང་བཞིན་མ་ནོར་བའི་རྡོ་རྗེ་ལ་སེམས་དཔའ་རེའི་ཚེ། རྣམ་པར་གྲོལ་བའི་འབྲས་བུ་ཕུན་སུམ་ཚོགས་པ་རྣམསུ་ཡང་སྣང་བས། བསྒོམས་པར་བྱ་བ་གང་གིས་མ་ནོར ་བསྒོམ་པར་འགྱུར། ཞེས་དྲིས་པའི་ལན་དུ། ཕྲ་ཤིང་ཤེས་དཀའ་དྲང་སྲོང་ཆེན་པོའི་ལམ་འདི་མི་རྟོག་རྟོག་ལུས་འདས། བློ་རྩིང་ཞིང་ཤེས་རབ་གཞན་པས་མི་རྟོགས་པས་ཕྲ་ཞིང་ཤེས་པར་དཀའ་སྟེ། བདག་དང་གཞན་དང་པོའི ་ལམ་དུ་འཇུག་ཅིང་ཞུགས་པའི་དྲང་སྲོང་ཆེན་པོ་སངས་རྒྱས་ཀྱི་ལམ་འདི་ནི། རྟོག་པའི་ཡུལ་ཡང་མ་ཡིན་ལ། མི་རྟོག་པའི་ཡུལ་ཡང་མ་ཡིན་པས། རྟོག་པ་དང་མི་རྟོག་པ་ལས་འདས་པ་སྟེ། དེའི་ཕྱིར་བརྟག་པར་དཀའ་ཞིང་བསྟན་པར་དཀའ ་ལ། བརྗོད་པར་ཐ་སྙད་རྣམས་དང་བྲལ་ཏེ། སེམས་ཀྱིས་བརྟག་པར་དཀའ་ཞིང་ཚིག་གིས་བསྟན་པར་ཡང་བཀའ་ལ། ཚིག་གིས་དོན་ཡང་སྟོན། ཚིག་དེ་དོན་མ་ཡིན་པས་བརྗོད་པའི་ཐ་སྙད་རྣམས་དང་བྲལ་བའི་ཕྱིར། ཚིག་གིས་མི ་ཕེབས་གཞན་དང་བྱིས་པ་ཀུན་གྱི་སྤྱོད་ཡུལ་མ་ཡིན་ཡང་། དོན་ནི་ཐ་སྙད་ལས་འདས་པ་ཡིན་པས། ཚིག་གིས་མི་ཕེབས་ཤིང་ཐེག་པ་ཆེན་པོ་ལས་གཞན་པ་ཉན་ཐོས་ལ་སོགས་པ་དང་། སོ་སོའི་སྐྱེ་བོ་བྱིས་པ་རྣམས་ཀྱི་སྤྱོད་ཡུལ་མ ་ཡིན་ཡང་ཤེས་ཤིང་རྟོགས་པར་བྱ་བའི་ཐབས་ནི་ཡོད་དོ།། དོན་བཞི་པ་སྟོན་དེ། དེ་ལྟར་རྟོགས་པར་བྱ་བའི་ཐབས་ཡོད་ན་གང་གིས་རྟོགས་པར་བྱ་ཞེ་ན། འཁྲུལ་པའི་རྟོག་པ་ནི་ཚད་མ་མ་ཡིན་པས། འཕགས་པ་དང་མཁས་པའི་ལུང ་དང་། དངོས་པོ་རྣམས་ཀྱི་དོན་ཇི་ལྟ་བུ་ཡིན་པ། ལོ་རྒྱུས་ཀྱིས་བརྟགས་པས་རྟོགས་པར་བྱ་བ་སྟོན་ཏེ། སྨྱོན་པའི་དས་པའི་ལུང་དང་། བྷྲ་མ་རྣམས་ཀྱི་མན་ངག་ང་ཉིད་དོན་བདིར་བལྟ། སྟོན་པས་དཀྲི་བའི་དོན་དུ་མ་ཡིན ་གྱི་ངེས་པའི་དོན་དུ་བསྟན་པའི་ལུང་དང་། བླ་མ་མཁས་པ་རྣམས་ཀྱིས་མ་ནོར་བར་རྟོགས་པའི་ཉམས་ཀྱི་མོན་ངག་དང་། དེ་ཉིད་ལ་མ་ནོར་བའི་དོན་དུ་བྱང་ཆུབ་ཀྱི་སེམས་བསྒོམ་པ་སྐབས་འདིར་བལྟའོ།། འཁྲུལ་པའི་རྟོག་པ་ཚད ་མ་མ་ཡིན་པར་བསྟན་ཏོ།། མངོན་སུམ་ལ་སོགས་རྒྱུ་ཡིས་དངོས་པོ་འཇིག་ཅིང་གྲུབ་པའི་མཐའ་སྦྱོང་བ་མངོན་སུམ་དང་རྗེསུ་དཔག་པ་ལ་སོགས་པའི་གཽཏན་ཚིགས་ཀྱིས་ཀུན་ནས་ཉོན་མོངས་བྱ་དང་། རྣམ་པར་བྱེང་བའི་དངོས་པོ་རྣམ ་ལ་འཇིག་ཅིང་དཔྱོད་དེ་ཐ་མར་ཡོད་པ་ཞིག་དུ་གྲུབ་པ། མེད་པ་ཞིག་ཏུ་གྲུབ་མཐའ་ཙེ་ལྔ་བུ་ཞིག་འགྱུར་ཅེས་དཔྱོད་པ་ནི། དེ་ཉིད་རྟོགས་པའི་རྒྱུན་འབྲངས་སྤྱོད་ཡུལ་ཚང་མར་གཞག་ནས་བློ་ཡིས་འཇིག་བྱེད་དོ། གོང་མ་ལྟར་དབྱུང ་པབདེ་ཉིད་བྱིན་ཅི་ལོག་དུ་རྟོག་པའི་རྒྱུན་གྱིས་རྗེ་སུ་འབྲངས་ནས། ནོར་བའི་རྟོག་པས་ལོག་པར་མཐོང་བའི་སྤྱོད་ཡུལ་ཚང་མར་བཟུང་ནས། ལག་པའི་བློ་ཡིས་འཇིག་ཅིང་སྤྱོད་དེ། དབར་ན་ཐཱག་པ་ལ་སྦྲུལ་དུ་མཐོང་བའི་ཚེ། བས ་གིས་མངོན་སུམ་དུ་མཐོང་བས་ཅིའི་ཕྱིར་སྦྲུལ་མེད་ཅེས་རང་གི་འཁྲུལ་པ་མངོན་སུམ་ཚང་མར་བཟུང་བ་ནི་ཚང་མོར་མི་རུང་བ་དང་འདྲའོ།། ཅིའི་ཕྱིར་ཞེ་ན། རྟོག་མཐའ་མེད་ཕྱིར་དཔྱིད་མཐའ་མེད་དེ་སྙིང་པོ་མེང་ནི། ཚད་མ་གང་རྟག་པ ་སེམས་ཉིད་ཡང་དག་པའི་མཐར་ན་ཇི་ལྟ་བུར་ཡང་མ་གྲུབ་པའི་ཕྱིར། དེས་སྤྱོད་པ་ལྟ་ག་ལ་ཡོད་པས་དཔྱོད་མཐའ་མེད་དེ་སྙིང་པོར་བྱ་བ་ཅི་ཡང་མེད་ན་ཚད་མར་གང་གཞག། དེའི་ཕྱིར་འཇིག་རྟེན་བརྟགས་པའི་ཐ་སྙད་རྣལ་འབྱོར་ལམ་འདིར་མི ་དགོས་སོ།། ཚད་མར་མི་རུང་བ་དེའི་ཕྱིར་ཀུན་རྫོབ་འཕྲུལ་པ་སྣང་བའི་དབང་དུ་བྱས་པའི་ཚེ་ནི། འཇིག་རྟེན་གྱིས་བརྟགས་པའི་ཐ་སྙད་ཀྱང་ཚད་མར་འཇོག་པ་ཡང་ཡོད་མོད་ཀྱི་ཡང་དག་པའི་དོན་ལ་རྣལ་འབྱོར་དུ་སྦྱོར་བའི་ལམ་གྱི་སྐབས་འདིར་ནི། ་འཇིག་རྟེན་འཁྲུལ་པའི་ཐ་སྙད་དག་མི་དགོསོ།། དོན་རྣམ་པ་ལྔ་དངོས་པོ་གང་ལ་བརྟགས་ཏེ་རྟོགས་པར་བྱ་ཞེ་ན། རྣམ་པ་གཉིས་ཏེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དངོས་པོ་ལ་བརྟག་པར་བྱའོ།། ཀུན་ནས་ཉོན་མོངས་པ་བརྟག ་པ་ལ་ཡང་རྣམ་པ་གཉིས་ཏེ། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཡིན་པར་བརྟགས་པ་དང་། འཁྲུལ་པ་སྣང་བར་བརྟག་པ་དང་། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཡིན་པོར་བརྟག་པ་ནི། དངོས་པོ་མཐའི་རྒྱུ་ནི་ལོ་རྒྱུས་ངག་ལས་ལམ་འདིར ་བརྟག་པར་བྱ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དངོས་པོ་རྣམས་ཀྱི་གྲུབ་པའི་མཐའ་བརྟག་པའི་རྒྱུ་ནི་དངོས་པོ་ཉིད་ཀྱིས་ལོ་རྒྱུས་ཇི་ལྟར་གནས་པ་བརྟགས་པ་མ་ནོར་བའི་ལམ་གཏན་ལ་ཕབ་པར་གྱུར་པས། བླ་ན་མེད་པའི་ལམ་ཚོལ་བའི ་སྐབས་འདིར་དེ་ལྟར་བརྟག་པར་བྱས་ཏེ། དཔེར་ན་ཆུ་གཤེར་བའི་མཚན་ཉིད་པའི་ནི། ཆུའི་རང་གི་མཚན་ཉིད་ཀྱི་ལོ་རྒྱུས་ཀྱིས་སྟོན་ཏེ། ལུང་ལས་ཀྱང་རྟོག་པའི་བློ་དང་ལྡན་རྣམས་ལ། དངོས་པོ་རྣམས་ཀྱི་ཆོས་སྟོན་ཏེ། ཞེས་འབྱུང་བ་དང ་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དངོས་པོ་རྣམས་ཇི་ལྟ་བ་བཞིན་དུ་རིག་ཅིང་རྟོགས་པ་ཉིད་མ་ནོར་བའི་ལམ་ཡིན་པས། དངོས་པོའི་ལོ་རྒྱུས་བརྟགས་པའི་སྒོ་ནུས་ལམ་བཙལ་བར་བྱ་དགས།། སྐྱེ་བ་ཀུན ་གྱི་སེམས་ལ་མངོན་སྣང་ཕྱི་ནཧ་གྲགས་པའི་ཆོས་འདི་ནི། སེམས་ཅན་རྣམས་ཀྱི་སེམས་ཀྱི་རིག་ཅིང་ཡུལ་སྣང་བའི་ནང་གི་དབང་པོ་དྲུག་དང་། ཕྱིའི་ཡུལ་དྲུག་ཡོད་པར་གྲགས་པའི་ཆོས་འདི་ནི། འཛིན་པ་དྲུག་གིས་ཇི་ལྟར་མཐོང་ཞིང ་བརྟགས་པ་དེ་ལྟར་མ་ཡིན་འཁྲུལ། འཇུག་པའི་རྣམ་པར་ཤེས་པ་དྲུག་གིས་མཐོང་ཞིང་ཐོས་པ་ལ་སོགས་པ་དམིགས་པའི་ཡུལ་དུ་བརྟག་པ་སྟེ། ཅིར་སྣང་བ་རྣམས་དེ་བཞིན་ཡོད་པ་མ་ཡིན་ཏེ། འཁྲུལ་པའི་ཕྱིར།། རང་གི་རྟོགས་པ ་མྱོས་པའི་དེ་བཞིན་བཟུང་བ་བདེན་འགྱུར་ན། མ་རིག་པའི་རྟོག་པས་མྱོས་པའི་ལོག་པར་མཐོང་བ་རྣམས། དེ་བཞིན་བདེན་པར་གྱུར་ན་ནི། དེ་དག་དངོས་པོ་མི་རྟོག་དགྲ་བཅོམ་འདྲ་བར་གྲོལ་བར་འགྱུར་བའི་རིགས།། སྐྱེ་བོ་དེ་དང་དགྲ ་བཅོམ་གཉིས་ཀས་ཀྱང་། བདེན་པ་མཐོང་བར་བྱེ་བྲག་མེད་པས། གཉི་གས་ཀྱང་འདྲ་བར་རྣམ་པར་གྲོལ་བའི་འབྲས་བུ་ཐོབ་པར་འགྱུར་པའི་རིགས་ན། དེ་དག་དུས་དགྲས་འཇོམས་ཤིང་སྡུག་བསྔལ་ཉེན་ལས་དེ་འཁྲུལ་མངོན ་པར་འགྱུར། སེམས་ཅན་དེ་དག་ནི་ན་བ་དང་འཚོ་བ་ལ་སོགས་པའི་དུས་ཀྱི་དགྲས་འཇོམས་ཤིང་སྡུག་བསྔལ་གསུམ་དང་བརྒྱད་ཀྱིས་ཉིན་པ་ངེདེས་ན། སེམས་ཅན་གྱིས་མཐོང་བ་རྣམས་ནི་འཁྲུལ་པ་ཡིན་པར་མངོན་ནོ།། གཞན་དུ ་སྐྱེས་མཆེད་སྒོ་ནས་རིག་པ་དེ་དག་ཚད་མར་གྱུར་ན་ནི། འཁྲུལ་བས་ལས་གཞན་དུ་འགལ་ཏེ། གལ་ཏེ་མ་འཁྲུལ་ཏེ། སེམས་ཅན་གྱི་སྐྱེ་མཆེད་བཅུ་གཉིས་ཀྱི་སྒོ་ནས་རིག་པ་དེ་དག་ཚད་མ་ཡིན་ན་ནི། དེ་ཉིད་ཚང་མར་གྱུར་པར ་འཕགས་པའི་ལམ་དེ་སུ་ལ་དགོས་མི་འགྱུར། སེམས་ཅན་རྣམས་ལ་འཕགས་པའི་ལམ་རང་ཆ་སུ་ཡོད་པའི་ཕྱིར་རོ།། ལམ་དེ་རྣམ་གྲོལ་ལམ་དུ་བསྟན་ཅིང་དབང་པོའི་ཤེས་པས་མི་ཐར་ཏེ། སེམས་ཅན་འཁྲུལ་པས་མཐོང་བ་རྣམ ་པར་གྲོལ་བའི་ལམ་དུ་འདོད་པ། དབང་པོ་བེམས་པོ་ལ་བརྟེན་པའི་ཤེས་པས། འཁོར་བའི་སྡུག་བསྔལ་ལོས་མི་ཐར་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་མཚན་མ་སྣ་ཚོགསུ་མཐོང་བའི་ཤེས་པས་ནི། སྡུག་བསྔལ་འགའ ་ཡང་མི་འཇི་ལ་རྣམ་རིག་ཤེས་ཏེ་ཉོན་མོངས་སྐྱེ་བའི་གནས། སྡུག་བསྔལ་སློང་བའི་ལྷ་ག་ལ་ཡོད་ཀྱི་སྡུག་བསྔལ་སྐྱེ་བའི་གནས་ཡིན་པས། དེའི་ཕྱིར་སྐྱེས་པོས་མཐོང་བ་དེ་དག་འཁྲུལ་བར་མངོན་ཞིང་རྒྱལ་བས་གསུངས། དེ་ལྟར་སེམས ་ཅན་གྱི་མཐོང་བ་རྣམས་ནི་རིག་པས་ཀྱང་འཁྲུལ་པར་མངོན་ཞིང་། སངས་རྒྱས་ཀྱི་ལུང་ལས་ཀྱང་འཁྲུལ་པ་ཡིན་པར་གསུངསོ།། ཀུན་ནས་ཉོན་མོངས་པ་བཅས་པ་ལ་ཡང་རྣམ་པ་གཉིསུ་ཕྱེ་བ་ལས། གཉིས་པ་འཁྲུལ་པ་སྣང་བ ་ཞེས་བྱ་བ་ཡང་རྣམ་པ་དགུས་བསྟན་ཏེ། གང་སྣང་བ་དང་ཅི་ཕྱིར་སྣང་བ་དང་། སྣང་བའི་ཉེས་པ་དང་སྣང་བའི་གཞི་རྣམ་པར་ཤེས་པའི་མཚན་ཉིད་ཡིན་པ་བསྟན་པ་དང་། ཚུལ་ཇི་ལྷོར་སྣང་བ་དང་། སྣང་བའི་སེམས་ཀྱི་ནང་དུ ་ཐམས་ཅད་འདུས་པས་ཐོབ་པར་བྱ་བ་མེད་པ་དང་། ཐམས་ཅད་སེམས་ཀྱི་མཚན་ཉིད་ཡིན་ན་རྒྱུ་རྐྱེན་གཞན་ལས་ཅིའི་ཕྱིར་སྐྱེ་བར་སྣང་བར་འགྱུར། ཞེས་དྲིས་པའི་ལྡན་དང་། སྣང་བའི་དངོས་པོ་མ་གྲུབ་པ་དང་། ་སྣང་བའི་གཞི་སེམས་ཉིད་ཀྱང་མ་གྲུབ་པར་བསྟན་པ་རྣམསོ།། དེ་ལ་གང་སྣང་ཞེ་ན། འཁྲུལ་པའི་དབང་གིས་སེམས་ཉིད་རྣམ་པ་སྣ་ཚོགསུ་སྣང་བར་སྟོན་ཏེ། དེ་ན་དེ་ལ་འཁྲུལ་པའི་དབང་གིས་འདི་དག་ཇི་ལྟར་སྣང་བར་འགྱུར། ་འཁྲུལ་པ་ཡིན་པར་མངོན་པ་དེས་ན། སེམས་ཅན་དེ་དག་ལ་འཁྲུལ་པའི་དབང་གིས་འདི་དག་ཅི་ལྟར་སྣང་བར་འགྱུར་ཞེ་ན། ཀུན་ཏུ་རྟོག་ཅན་ཡང་དག་མ་ཡིན་ཀུན་ཏུ་རྟོག་པས་རྩོམ་མེད་ཉམས། སེམས་ཅན་གྱི་སེམས་ནི་རང ་བཞིན་གྱིས་ཀུན་ཏུ་རྟོག་པ་ཅན་ཡིན་ལ། གང་དུ་རྟོག་ཅེས་ན་ཡང་བ་མ་ཡིན་པའི་ལོག་པའི་རྣམ་པར་ཀུན་ཏུ་རྟོག་པས། ཐོག་མའི་རྩོལ་བ་མེད་པ་ནས་བདེན་པ་མཐོང་བ་ལས་ཉམས་ཤིང་། བློ་གྲོས་ཕྱིན་ཅི་ལོག་ཏུ་གྱུར་ཅིང་མ ་རིག་རྐྱེན་གྱིས་དབང་སོང་བས། ཡང་དག་པའི་དོན་མ་མཐོང་བས། བློ་གྲོས་ཕྱིན་ཅི་ལོག་ཏུ་གྱུར་ཅིང་། བདེན་པ་མཐོང་བའི་སྟོབས་དང་མི་ལྡན་པས།། མ་རིག་པའི་དབང་དུ་སོང་བའི་ཕྱིར། སེམས་དང་སེམས་ལས་བྱུང་བ་དེ ་ཉིད་ལུས་གསུམ་ངོན་དུ་སྣང་བ་ཡིན། སེམས་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་ལས། སེམས་ལས་བྱུང་བ་ནི་འདུ་བྱེད་ལྔ་བཅུ་རྩ་གཅིག་ཡིན་ཏེ། རང་གི་སེམས་ངག་ཉིད་འོག་ནས་འབྱུང་བའི་ལུས་གསུམ་གྱི་དོན་ལྟར ་སྣང་བ་ཡིན་ནོ།། འདུ་བྱེད་སྣ་ཚོགས་དག་གིས་བག་ཆགས་བསགས་ལས་གང་གོམས་མཐུ་ལྟས་ཚེ། དགེ་སྡིག་གི་ལས་ཀྱི་འདུ་བྱེད་སྣ་ཚོགས་ཀྱི་བག་ཆགས་བསགས་པ་གོམས་པས། སྔ་མའི་བག་ཆགས་སྨིན་ཅིང་རྟས་ཏེ། ་འབྲས་བུ་འབྱིན་པའི་མཐུ་དང་ལྡན་པའི་ཚེ།། སེམས་ཉིད་ཡུལ་དང་ལུས་འདྲར་སྣང་བ་རུས་པས་གང་བ་བཞིན་དུ་སྣང་། རང་གི་སེམས་ཉིད་ཕྱིའི་ཡུལ་དང་། ནང་གི་ལུས་འདྲ་བར་སྣང་བ་ནི། དཔེར་ན་མི་གཙང་བ་བསྒོམས་པས། ་ས་ཡུལ་ཐམས་ཅད་རུས་པས་གང་བར་བསྒོམ་པ་ཡུན་རིང་དུ་བསྒོམས་ཏེ། མཐུ་རྙིས་པའི་ཚེ། ས་ཡུལ་ཐམས་ཅད་རུས་པས་གང་བ་བཞིན་དུ། རང་གི་སེམས་ཉིད་རུས་པར་སྣང་སྟེ། ལུས་གསུམ་ལས་དེ་ཡན་ཆད་དང་པོ་བསྟན་ཏོ།། ་གཉིས་པ་ནི་བག་ཆགས་བསགས་པའི་རྒྱུན་ལ་དམིགས་སྐྱེས་ཡིད་ལ་བརྟགས་པའི་བདག་མེད་ཀུན་བཞི་བག་ཆགས་དང་བཅས་པའི་སྐད་ཅིག་མའི་རྒྱུན་ལ་བདག་ཡིནོ་སྙམ་པའི་དམིགས་པ་སྐྱེས་པ་ཡིད་ལས་མ་གཏོགས་པར་བདག ་སྙམ་པའི་ནན་གྱིས་བཏགས་པའི་བདག་ནི་མེད་དེ། དཔེར་ན་ཐག་པ་ཁྲ་བོ་ལ་སྤྲུལོ་སྙམ་པའི་རྟོག་པ་སྐྱེས་ཀྱང་། སྦྲུལོ་སྙམ་པའི་རྟོག་པ་ཙམ་ལས་མི་གཏོགས་པར་སྦྲུལ་གྱི་མཚན་ཉིད་ཐག་པ་ལ་མེད་པ་དང་འདྲ། ལུས་གསུམ་པ་ནི། ་འདུ་བྱེད་མཐུ་ཡིས་སྒྲིབས་ཤིང་ཕྲ་བ་མ་མཐོང་དེ་ལས་མ་རིག་སྐྱེ། འདུས་བྱས་ཀྱི་ཆོས་རགས་པར་སྣང་བས། ཀུན་གཞི་ཕྲ་བ་སྒྲིབས་ཏེ། མ་མཐོང་བ་དེ་ལས་ཤེས་པ་དང་རིག་པ་སྐྱེ་བས་འདྲ་བར་སྣང་སྟེ། དཔེར་ན་སྨིག་རྒྱུ་ཡིན ་བར་མ་ཤེས་པ་ལས། ཆུའི་རྟོག་པ་སྐྱེ་བ་དང་འདྲ་དགུར་ཕྱེ་བ་ལས་གཉིས་པ་ཅིའི་ཕྱིར་སྣང་ཞེ་ན། ཀུན་གཞི་མཚན་ཉིད་མ་མཐོང་བའི་ཕྱིར་ཏེ། དཔེ་ཐག་པའི་རང་བཞིན་ཇི་ལྟ་བ་བཞིན་དུ་མ་མཐོང་བ་ལས། སྤྲུལ ་དུ་འཁྲུལ་པ་འབྱུང་བ་དང་འདྲ་བར། རྒྱུན་དང་བཅས་པའི་སེམས་ཀྱི་མཐུ་ནི་མ་རྟོགས་རྟོག་པའི་རྗེས་འབྲངས་ནས། ཀུན་བཞི་བག་ཆགས་དང་བཅས་པའི་མཐུ་ལས་རྣམ་པ་སྣ་ཚོགསུ་སྣང་བར་ནི་མ་རྟོགས་པས། སྣང་བ་ཐམས་ཅད ་རང་གི་ངོ་བོར་ཡོད་པས་ཕྱིན་ཅི་ལོག་ཏུ་རྟོག་པའི་རྗེ་སུ་འབྲངས་ནས། དེ་ལས་ཟག་བཅས་རང་བཞིན་རྟོག་པས་བདག་དང་ཆོས་རྣམས་རྒྱས་པར་བྱེད། ལོག་པའི་རྗེ་སུ་འབངས་པ་དེ་ལས་ཁམས་གསུམ་དུ་ཟག་ཅིང་འཁོར་བའི་རྒྱུར་གྱུར ་པའི་རྟོག་པས་བླ་ཐབ་སུ་བརྟགས་པའི་བདག་དང་། ཕྱི་ནང་གི་ཆོ་སུ་ལོག་པའི་རྟོག་པས་རྒྱས་པར་བྱེད། ལྡན་པར་འབྱུང་བ་ཤིན་ཏུ་ཕྲ་བ་རྒྱུ་བ་དེ་ནི་མཐོང་ལས། བདག་ཏུ་ལྟ་བ་ལ་སོགས་མུ་སྟེགས་ལྟ་བ་སྣ་ཚོགས་སྐྱེ་ཞིང་ཐར ་པར་རྟོགས། ཀུན་གཞིའི་ཕྲེང་བ་མ་མཐོང་བ་ལས་མུ་སྟོགས་ཀྱི་ལྟ་བ་སྣ་ཚོགས་མང་པོ་འབྱུང་བར་ཡང་སྟོན་ཏེ། ཅིའི་ཕྱིར་འབྱུང་ཞེ་ན། སེམས་འདི་ལས་རྣམ་པ་མཐའ་ལས་གནས་གྱུར་བག་ཆགས་མཐའ་མེད་ངེས་པ་མེད། སེམས ་ཞེས་བྱ་བ་ཀུན་གཞི་ནི་དགེ་སྡིག་གི་ལས་ཀྱི་བག་ཆགས་མཐའ་ཡས་པའི་གནསུ་གྱུར་པས། ཀུན་གཞི་ལ་བག་ཆགས་གནས་པ་ཡང་མེད་པས། བག་ཆགས་འདི་དག་མི་གནས་ཞེས་ངེས་པར་གཟུང་ངུ་ནི་མེད་།། བག་ཆགས ་རྟས་ཤིང་སད་པར་བྱེད་པའི་རྐྱེན་ཡང་རྣམ་པ་སྣ་ཚོགས་ཏེ། ཀུན་གཞི་བག་ཆགས་གནས་པ། དགེ་བའི་རྐྱེན་གྱིས་ནི་མཐོ་རི་སུ་སྐྱེ་བའི་བག་ཆགས་སད་པར་བྱེད་ལ། ཉོན་མོངས་ཤིང་མི་དགེ་བའི་རྐྱེན་གྱིས་ནི། ངན་སོང་དུ་སྐྱེ་བའི ་བག་ཆགས་སད་པར་བྱེད་པའི་རྐྱེན་ལ་སོགས་པའི་ཡང་སྣ་ཚོགས་ཏེ། རྐྱེན་འགའ་བག་ཆགས་འགའ་ཞིག་སྨིན་ནས་མིའི་རྒྱུད་ཀྱི་ལུས་སྣང་ལ། ཚེ་སྔ་མོ་ལ་མིར་སྐྱེ་བར་འགྱུར་བའི་རྐྱེན་འགས་མིར་སྐྱེ་བར་འགྱུར་བའི་བག་ཚོགས ་ཀུན་གཞི་ལ་སྔ་ནས་གནས་པ་སད་ཅིང་སྨིན་པར་བྱས་ནས། ཚེ་འདི་ལ་མིའི་རྒྱུད་ཀྱི་ལུས་ཐོབ་ཅིང་སྣང་ལ། རྐྱེན་གཞན་དག་གིས་བག་ཆགས་གཞན་སད་བྱས་ཚེ་འགྱུར་བའི་མཐུ་མཐོང་ནས། མི་ལས་གཞན་པ་ལྷར་སྐྱེ་བར་འགྱུར ་བའི་རྐྱེན་དག་གིས། མི་ལས་གཞན་པའི་ལྷར་སྐྱེ་བའི་རྒྱུ་བག་ཆགས་ཀུན་གཞི་ལ་སྔ་མ་ནས་གནས་པ་སད་ཅིང་སྨིན་པར་བྱས་པའི་ཚེ། མི་ལས་ལྷར་འགྱུར་བ་མཐོང་ནས། དབང་ཕྱུག་ལ་སོགས་བྱེད་པར་འདོད་དེ་ལམ་དེ་མི་ཞི་གྲོལ་མོ ་འགྱུར། མི་ལཱ་ས་ལྷར་འགྱུར་བ་ནི། འཇིག་རྟེན་གྱི་མངོན་ཤེས་ཀྱིས་མཐོང་ལ།། རྒྱུ་རྐྱེན་གང་ཁོ་ནས་དེ་ལྟར་སྐྱེས་པ་ནི་མ་རྟོགས་པའི་སྒོ་ནས་དབང་ཕྱུག་ལ་སོགས་པ་བྱེད་པ་པོ། ཞིག་གིས་བྱ་བར་སེམས་ཏེ། བྱེད་པ་པོ་ལ་བརྟེན ་པའི་ཉིད་ཐར་པའི་ལམ་དུ་འདོད་པ་ཉིད། སྡུག་བསྔལ་མ་ཞིའི་ཁམས་གསུམ་གྱི་སྐྱོན་ལས་ཀྱང་གྲོལ་བར་མི་འགྱུར་རོ།། རྣལ་འབྱོར་ལམ་སླད་ཐེ་ཚོམ་རྒྱུ་ཡང་རྒྱུན་འདི་ཕྲ་བ་མ་རྟོགས་སྐྱེས། ཡང་དག་པའི་དོན་རྣལ་འབྱོར་པའི་ལམ ་ལས་ལོག་པར་གྱུར་ཏེ། སྨད་པ་དང་ཡང་གཉིས་ཟ་བའི་རྒྱུ་ཡང་ཀུན་གཞི་ཕྲ་རབ་རྒྱུ་བ་དེ་མ་གཏོགས་པ་ལས་འབྱུང་ཞིང་སྐྱེ་སྟེ། དཔེར་ན་ཐག་པ་ཇི་ལྟ་བ་བཞིན་དུ་མ་གཏོགས་པ་ལས་སྦྲུལ་དུ་འཛིན་པ་འམ། སྦྲུལ་ཡིན་ནམ ་མ་ཡིན་སྙམ་དུ་ཐེ་ཚོམ་ཟླ་བ་དང་འདྲའོ།། དེ་ལྟར་འཁྲུལ་པས་རྣམ་པ་སྣ་ཚོག་སུ་སྣང་ན་ཡང་ཉེས་པ་ཅི་ཡོད་ཅ་ན། དགུར་ཕྱེ་བའི་གསུམ་པོ་སྣང་བའི་ཉེས་པ་སྟོན་ཏེ། བདག་ཏུ་བརྟགས་པས་བསྒྲིབས་ཏེ།། འཕགས་པའི་རིགས་དང་རྣམ་པར ་བྲལ།། འཕགས་པའི་རིགསུ་གཏོགས་པ་རྣམས་ནི།། བདག་ཏུ་རྟོག་པ་མི་མངའི་བས་བདག་མེད་པ་ལ་བདག་ཏུ་བརྟགས་པས། འཕགས་པའི་རིགས་དང་བྲལ་ཞིང་འབྲས་བུ་མི་ཐོབ་པའི་ཉེས་པ་ཡོད་དོ།། ཆོ་སུ་བརྟགས་པས་སྡུག་བསྔལ་སྣ ་ཚོགས་འབྱུང་ཞིང་ངན་སོང་སྲིད་པར་འགྱུར། ཆོས་སྣ་ཚོགས་བརྟག་པས་ལས་སྣ་ཚོགསུ་སྤྱད། ལས་སྣ་ཚོགས་ལས་སྡུག་བསྔལ་སྣ་ཚོགས་ཀྱང་མྱོང་བར་འགྱུར་ལ། མི་དགེ་བའི་ལས་ཀྱི་ངན་སོང་གསུམ་ཡང་སྲིད་པར་འགྱུརརོ།། དགུར ་ཕྱེ་བའི་ལས་བཞི་པ་སྣང་བ་ཐམས་ཅད་ཀྱི་གཞི་རྣམ་པར་ཤེས་པའི་མཚན་ཉིད་ཇི་ལྟ་བུ་ཞིག་ཡིན་ཅེ་ན། རྣམ་ཤེས་དེ་དང་འདུ་བྱེད་རྒྱུན་ལ་མཚན་མ་ཐ་དད་འཛིན་པས་ནི་གཟུགས་དང་སྒྲ་ལ་སོགས་པ་འདུ་བྱེད་ཀྱི་མཚན་ཉིད་ཐ་དད་པའི་རྣམ ་པར་ཤེས་པའི་འཛིན་པས་ནི། ལས་ཀྱི་ཁྱད་པར་དག་གིས་བརྒྱད་དུ་སྣང་གི་རིགས་ལ་དུ་མ་མེད། གཟུགས་མཐོང་བར་བྱེད། སྒྲ་ཐོས་པར་བྱེད་པ་ལ་སོགས་པ་འདུ་བྱེད་ཀྱི་མཚན་མ་རྣམ་པར་ཤེས་པར་བྱ་བ་བརྒྱད་ཡོད་པས་ཤེས ་ཡང་བརྒྱད་དུ་གཞག་གོ། ཤེས་ཤིང་རིག་སུ་གཅིག་པས་རིགས་ལ་དུ་མ་མེད། དགུར་ཕྱེ་བ་ལས་ལྔ་པ་དེ་ལྟར་སྣ་ཚོགས་སྣང་བ་དེ་དག་ཀུན་གཞི་ལ་ཚུལ་ཇི་ལྟར་ཞེ་ན། དེའི་ཕྱིར་སེམས་ཀྱི་སྐད་ཅིག་དང་པོ་དེ་ལ་ལུས་དང་ཆོས་ཀུན ་གནས། གོང་དུ་བསྟན་པ་དེ་ལྟར་སེམས་ལ་ཐ་དད་དུ་མ་མེད་པ་དེའི་ཕྱིར། ཀུན་གཞིའི་སེམས་ཀྱི་སྐད་ཅིག་མ་ཁོ་ན་ལ་དབང་པོ་དང་བཅས་པའི་ལུས་དང་། མ་ལུས་པའི་ཆོས་ཀུན་གནས་པ་ཡིན།། སེམས་ཀྱི་སྐད་ཅིག་མ་རྣམས་ལ་ཡང ་སྔ་མ་དང་། མཐུན་པར་ཅིའི་ཕྱིར་སྣང་ཞེ་ན། དེ་ལ་བསམ་པ་ཞེ་ན་ཕྱིར་ཕྱི་མ་དེ་ལ་དེ་འབྱུང་དེ་ལ་སྣང་། དངོས་པོར་ཆགས་ཤིང་ཞེན་པའི་དབང་གིས་སྣང་བ་ཡིན་པར་བསྟན་པས། སྔ་མ་དེ་དག་ལ་བསམ་པ་ཇི་ལྟ་ཇི་ལྟར་ཞེན་པ་ལྟར། ་ཕྱི་མ་ལ་ཡང་དེ་ལྟར་མཐུན་པར་སྣང་བར་འབྱུང་ངོ་།། དགུར་ཕྱེ་བ་ལས་དྲུག་པ་སྣང་བའི་གཞི་སེམས་ཀྱི་ནང་དུ་ཐམས་ཅད་འདུས་པས་ཐོབ་པར་བྱ་བ་མེད་པར་སྟོན་ཏེ། རང་སེམས་རྒྱུན་ལས་འཕགས་པའི་སྐྱེ་བོའི་ཆོས་ནི་གཞན་ན་ཡོད ་མ་ཡིན། གོང་དུ་བསྟན་པ་དེ་ལྟར་སེམས་ཀྱི་སྐད་ཅིག་མ་གཅིག་ལས་མ་ལུས་པའི་ཆོས་ཐམས་ཅད་གནས་པའི་ཕྱིར་རོ།། རྒྱུན་དྲུག་རིགས་ལྀའང་སྣ་ཚོགས་དེ་དག་རུང་གི་ཏི་ངེ་འཛིན་ཏོ།། ལྷ་དང་མི་ལ་སོགས་པ་སེམས་ཅན་གྱི་རྒྱུད ་ཀྱི་རིགས་དྲུག་ཡོད་ལ། རིགས་གཅིག་ལ་ཡང་སྣ་ཚོགསུ་གནས་པ་དེ་དག་ཀྱང་། ཐོག་མ་མེད་པའི་དུས་ནས་འདྲིས་ཤིང་གོམས་པའི་ཏིངངེ་འཛིན་གྱི་ཐུས་སྣང་བ་ཡིནོ།། ཅིའི་ཕྱིར་ཐམས་ཅད་ཀྱི་མཚན་ཉིད་བདག་ཡིན་པས་ཐ་དང་དུ ་དབྱེར་མེད་ཅེ་ན། སེམས་རྒྱུན་དེ་ནི་ཕྱོགས་ཀྱང་ཅུང་ཟད་མེད་པས་གཅིག་ལ་རྟེན་མེང་དེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅང་ནི་རང་གི་སེམས་ཡིན་ལ། སེམས་སྐད་ཅིག་མའི་རྒྱུན་དེ་ནི ་ཡོད་པ་དང་མེད་པ་དང་། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་ཅེས་བྱ་བ་ལ་སོགས་པའི་ཕྱོགས་དང་ཤར་ནུབ་དང་། བླ་འོག་ལ་སོགས་པའི་ཕྱོགས་ལ་འདི་འདྲ་བ་འདི་ལྟ་བུ་ཞིག་ཅེས་གཅིག་ཏུ་བསྟན་དུ་མེད་པས། གཅིག་ལ་རྟེན་པ་ཡང ་མེད་དེ། དེ་ལ་ཕྱོགས་མེད་ཕྱིར་ན་མཐའ་ཡས་ཤིང་རྣམས་བདག་གི་ལུས། ཕྱོགས་གཅིག་ཡོད་ན་ནི་གཅིག་གི་མཚན་ཉིད་དུ་བསྟན་དུ་མི་རུང་སྟེ། དངོས་པོ་ལྟ་ཅི་སྨོས། དངོས་པོ་མེད་པ་ན་མཁའ་ལྟ་བུ་ཞིག་ཡིནོ།། ཞེ་ན་ཡང་ན་མཁའ ་སྟོང་པའི་ཤར་དང་། ནུབ་ལ་སོགས་པའི་ཕྱོགས་དང་དབུས་དང་། མཐའི་བྱེ་བྲག་གིས་ཐ་དད་པས་གཅིག་ཏུ་འདུས་པར་མི་རུང་།། སེམས་ཀྱི་རྒྱུན་ནི་ཡང་དག་པར་ན་ཅི་ལྟ་བུའི་ཕྱོགས་ཀྱང་མ་ཡིན་པས། ཐ་དད་དུ་དབྱེར་མེད་པའི ་ཕྱིར་རོ།། དམིགསུ་མེད་པ་གཅིག་པས་དག་པ་དང་མ་དག་པའི་ཞིང་རྣམས་ཀྱི་རང་བཞིན་ཡིན་ནོ།། བདག་གི་ལུས་འདི་མཐའ་ཡས་ཞིང་དང་སྐྱེ་བོའི་ལུས་སུ་རབ་སྣང་ཡང་སེམས་དང་བག་ཆགས་པ་དང་མ་ཡིན་གཅིག་མི་ན་རྟག ་པར་རབ་ཏུ་དཀའ། དེ་ལྟར་ཐམས་ཅད་ཀྱང་བདག་ཡིན། བདག་ཀྱང་བདག་ཡིན། བདག་ཀྱང་ཐམས་ཅད་ཡིན་པས། གདོད་མ་ཐོབ་པ་ཐོབ་པར་བྱ་བའི་ཆོས་ནི་མེདདོ།། སེམས་དང་བག་ཆགས་ཀྱང་གཅིག་ཅེའམ ་ཐ་དད་པ་ཡིན་ཞེས་རྟག་པར་རབ་ཏུ་དཀའ་སྟེ། གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་ནོ།། དཔེར་ན་ཁ་དོག་དང་དབྱིབས་གཉིས་གཅིག་ཅེས་བྱ་བར་ཡང་མི་རུང་། ཐ་དད་ཅེས་བྱ་བར་ཡང་མི་རུང་བ་དང་འདྲའོ།། དགུར་ཕྱེ་བས་ལས ་ན་པ་ཐམས་ཅད་སེམས་ཀྱི་མཚན་ཉིད་ཡིན་ན། རྒྱུ་རྐྱེན་གཞན་ལས་ཅིའི་ཕྱིར་སྐྱེ་བར་སྣང་ཞེས་དྲིས་པ་དང་། འདི་ཀུན་རྟེན་འབྲེལ་འབྱུང་ཚུལ་ཏེ་སྐྱེ་དང་འགག་པར་འགྱུར་ཞེས་པ་ཚིག་པའི་ས་བོན་བཞིན་ཏེ། མེད་ལས་མེད་པ་མི་འབྱུང ་རྒྱུ་འབྲས་མེད།། ཆོས་འདི་ཀུན་རྒྱུ་ལས་བརྟེན་ཏེ་འབྲས་བུ་སྐྱེ་ལ་གནས་པའི་རྟེན་མེད་ན་འགག་པར་འགྱུརརོ།། ཞེས་པ་ཟེར་བ་ནི་དཔེར་ན་ཚིག་པས་ས་བོན་ལས་འབྲས་བུ་མི་སྐྱེ་བ་དང་འདྲ་བར། ཆོས་ཐམས་ཅད་རང་བཞིན་གྱིས ་མ་གྲུབ་པར། རྒྱུ་མེད་པ་ལས་འབྲས་བུ་མེད་པ་མི་འབྱུང་བས། འདི་ནི་རྒྱུ་འདི་ནི་འབྲས་བུ་ཞེས་གཞག་ཏུ་ཡང་མེད་དོ།། འོ་ན་ཅིའི་ཕྱིར་རྒྱུ་ལས་བརྟེན་ཏེ་འབྲས་བུ་འབྱུང་བར་འདྲ་བར་སེམས་ཅན་ཀུན་ལ་སྣང་། ཞེ་ན། དངོས་པོར་ཞེན ་ཅིང་རྒྱུ་དང་འབྲས་བུར་རྟོག་པའི་སེམས་ཉིད་ནི། རྒྱུ་དང་རྐྱེན་དུ་སྣང་བ་སྟེ། ཐོག་མ་མེད་པའི་དུས་ནས་དངོས་པོ་རྣམས་རྒྱུ་དང་འབྲས་བུའི་ངོ་བོར་ཞེན་ཅིང་རྟོག་པའི་སེམས་ཉིད། རྒྱུ་དང་འབྲས་བུར་འདྲ་བར་སྣང་བར་ཟད་།། རྒྱུ་དང ་འབྲས་བུ་མེད་པ་ལས་སེམས་ཉིད་དེ་ལྟར་སྣང་བར་ཅི་ལྟར་སྣང་བར་ཅི་ལྟར་བཏུབ་ཅེ་ན། རྨི་ལམ་ན་ཆང་འཐུངས་པའི་རྒྱུ་ལས་ར་རོ་བའི་འབྲས་བུ་སྣང་བ་དང་། ཞིང་རྨོས་པ་ལས་ལོ་ཏོག་སྐྱེ་བར་རྨིས་པ་རྣམས་ཀྱང་། རྒྱུ་འབྲས་ཀྱི་དངོས་པོ ་པོ་མེད་བཞིན་དུ་ཐོག་མ་མེད་པའི་དུས་ནས་རྒྱུ་འབྲས་བུ་རྟོག་པའི་དབང་གིས་རྨི་ལམ་ན་སྣང་བ་དང་འདྲའོ།། དགུར་བྱ་བ་ལས་བརྒྱད་པ། སྣང་བའི་དངོས་པོ་མ་གྲུབ་པར་སྟོན་པ་ནི། དེ་གཉིས་མེད་ཕྱིར་སྐྱོ་དང་འཇིག་པ ་མེད།། རྒྱུ་དང་འབྲས་བུ་དེ་གཉིས་མེད་པའི་ཕྱིར།། རྒྱུ་ལ་བརྟེན་ཏེ་འབྲས་བུ་སྐྱེ་བ་མེད།། མ་སྐྱེས་ན་ཅི་ཞིག་རྟེན་ཏེ།། འཇིགས་པ་ཡང་མདོ།། སྐྱེ་འཇིག་མེད་ཕྱིར་བདག་གཞན་མེད་འཆི་འཕོ་མེད་ཕྱིར་རྟག་ཆད་མེད། སྐྱེ་བ་མེད་དང་འཇིགས་པ ་མེད་ན་གང་ལ་བདག་ཅེས་བྱ།། གང་ལ་ནི་གཞན་ཞེས་བྱ། བདག་དང་གཞན་མེད་ན་སུ་ཞིག་འཚོ་སུ་ཞིག་ནི་འཕོ།། དེ་ལྟར་འཆི་བ་མེད་པས་ཆད་པ་མེད།། འཕོ་བ་མེད་པས་རྟག་པ་མེད། དེས་ནི་འཁྲུལ་འཁོར་མེད་ཅིང་མྱ་ངན་ལས་འདས་པ་མེད ་པ་ཉིད་དུ་མངོན་ནོ།། སྐྱེ་འཆི་དང་རྟག་ཆད་ལ་སོགས་པ་མེད་པ་དེས་ན། གཅིག་ནས་གཅིག་ཏུ་འཁྲུལ་ཅིང་འཁོར་བ་ཡང་མེད་པས། འཁོར་བ་ལ་བརྟེན་པའི་མྱ་ངན་ལས་འདས་པ་ཡང་མེད་པར་མངོན་ནོ།། དགུར་ཕྱེ་བ་ལས་ཐ་མ་སྣང་བའི ་གཞི་སེམས་ཉིད་ཀྱང་མ་གྲུབ་པར་སྟོན་ཏེ། གནས་ཀྱི་སྐད་ཅིག་ནས་ཡང་མི་འབྲལ་ཏེ་དེ་ཚེ་མཉམ་གྱུར་དེ་མེད་མེད།། བག་ཆགས་ཀྱི་གནས་ཀུན་གཞི་སྐད་ཅིག་མ་དང་། བག་ཆགས་གཉིས་ནི་ནམ་ཡང་མི་འབྲལ་ཏེ། ཀུན་གཞི་མེད་བག ་ཆགས་ཡོད་པར་མི་རུང་། བག་ཆགས་མེད་པར་ཀུན་གཞི་ཡོད་པར་མི་རུང་སྟེ། དཔེར་ན་ཁ་དོག་མེད་པ་དང་དབྱིབས་ཡོད་པར་ཡང་། དབྱིབས་མེད་པར་ཁ་དོག་ཡོད་པར་ཡང་མི་རུང་བས། ཡོད་ན་ཡང་གཉིས་ཀ་ཡོང་མེད་ན་ཡང ་གཉིས་ཀ་མེད་པར་མཉམ་པར་འགྱུར། བག་ཆགས་མེད་པར་ཀུན་གཞི་ཡང་མདོ།། ཅིའི་ཕྱིར་ཞེ་ན། ཡང་དག་མ་ཡིན་རྟོག་པས་བསྐྱེད་ཕྱིར་བག་ཆགས་ཡོད་པ་མ་ཡིན་དང་། ཕྱིན་ཅི་ལོག་གི་རྟོག་པས་བསྐྱེད་པའི་ཕྱིར།། བག་ཆགས་ཡོད་ཅེས་བྱ་བར ་རུངངོ་།། བག་ཆགས་དེ་མེད་ན། སྤྱོད་ཡུལ་མེད་ཕྱིར་ཀུན་གཞི་མེད་ཅིང་རྣམ་རིག་དེ་ཡང་མེད་པ་ཡིན། ཀུན་གཞིའི་སྤྱོད་ཡུལ་ནི་བགོ་ཆགས་ཡིན་ན། བག་ཆགས་མེད་པའི་ཕྱིར་སྤྱོད་ཡུལ་མེད་དེ། ཡུལ་མེད་ན་ཤེས་པ་མི་འབྱུང་བས། སྤྱོང ་ཡུལ་ལ་བརྟེན་པའི་ཀུན་གཞི་ཡང་མེད་ཅིང་རྣམ་པར་རིག་པའི་ཐམས་ཅད་ཀྱང་མེད་པ་ཁོ་ན་ཡིན་ནོ།། ཕྱོགས་རྣམས་མོད་ཕྱིར་དམིགས་དང་གནས་མེད་རྣམ་ཤེས་རིག་པ་ཅི་ལྟར་སྐྱེ། གོང་དུ་གང་གི་ཕྱོགས་ལྟར་ཡང་མ་གྲུབ་པར་བསྟན་པའི་ཕྱིར། ་དམིགས་པའི་བག་ཆགས་དང་། གནས་པའི་ཀུན་གཞི་གཉི་ག་མེད་ན། དེ་ལ་བརྟེན་པའི་རྣམ་པར་རིག་པ་རྣམས་ཇི་ལྟར་སྐྱེ། དེའི་ཕྱིར་སེམས་འདི་ཡོད་མེད་མཐའ་ལས་འདས་ཤིང་གཅིག་དང་དུ་མར་བྲལ། སེམས་དང་སེམས་ལས་བྱུང་པོ་རྣམས ་ནི་ཅི་ལྟ་བུར་ཡང་མ་ཡིན་པ་དེའི་ཕྱིར་ཡོད་པ་དང་མེད་པ་ལས་འདས་པ་ལ་ནི་གཅིག་ཅེས་བྱར་མི་རུང་། དུ་མ་ཞེས་བྱར་ཡང་མི་རུང་ངོ་།། རྣམ་པར་བྱུང་བ་ཅི་ལྟ་བུ་ཡིན་པ་བརྟགས་པ་ལ་ཡང་གཉིས་ཏེ། རྣམ་པར་བྱང་བ་འཁྲུལ་པ་ཉིད་ལ་སྣང ་བར་བསྟན་པ་དང་། སྣང་བ་དེ་ཉིད་ཀྱང་མ་གྲུབ་པར་བསྟན་པའོ།། དེ་ལ་འཁྲུལ་པ་ལ་རྣམ་པར་བྱང་བ་སྣང་བ་གང་གིས་བསྟན་ཅེ་ན། བདེར་གཤེགས་བྱང་ཆུབ་མེད་ཕྱིར་དེའི་རྫུ་འཕྲུལ་སྒྱུ་འདྲ་འཁྲུལ་ལ་སྣང་། ཞེས་བྱ་བས་བསྟན་ཏེ། ་བདེ་བར་གཤེགས་པའི་སངས་རྒྱས་ཉིད་ཀྱང་། ཡང་དག་པར་མ་གྲུབ་པས། དེའི་རྫུ་འཕྲུལ་སྒྱུ་མ་དང་འདྲ་བ་དེར་འཁྲུལ་པ་རྣམས་ལ་སྣང་བར་མངོན་ནོ།། དེ་ལྟ་བས་ན་རྡོ་རྗེ་གཅོད་པ་ལས་ཀྱང་། གང་གིས་ང ་ལ་གཟུགསུ་མཐོང་།། གང་གིས་ང་ལ་སྒྲར་ཤེས་པ།། ལོག་པར་སྤོང་ལ་ཞུགས་པ་སྟེ། སྐྱེ་བོ་དེ་ཡིས་ང་མི་མཐོང་།། འདྲེན་པ་དག་ནི་ཆོས་ཀྱི་སྐུ།། ཆོས་ཉིད་དུ་ནི་སང་ས་རྒྱས་བལྟའོ།། ཞེས་འབྱུང་བ་ལྟ་བུའོ།། རྣམ་པར་བྱང་བ ་སྣང་བ་མ་གྲུབ་པར་སྟོན་པ་ཡང་རྣམ་པ་གཉིས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་མ་གྲུབ་པར་བསྟན་པ་དང་། དག་པ་འཇིག་རྟེན་པའི་ཡེ་ཤེས་མ་གྲུབ་པར་བསྟན་པའོ།། དེ་ལྟར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཇི་ལྟར་མ་གྲུབ ་ཅེ་ན། དེ་བཞིན་དག་པའི་ཡེ་ཤེས་དེ་དག་ཤིན་ཏུ་དགེ་བའི་རྒྱུན་ཉིད་དང་། ཆོས་ཀྱི་དབྱིངས་ཉིད་ལ་ནི་དེ་དག་དམིགས་ཤིང་། དེ་དག་སྐྱེ་བར་བརྟགས་པ་ཡང་། སེམས་ཇི་ལྟར་མ་གྲུབ་དེ་བཞིན་དུ་ཡེ་ཤེས་ཀྱང་མ་གྲུབ་སྟེ། ་ཅི་ལྟ་ཞེ་ན། སངས་རྒྱས་ཀྱིས་སྤྲོས་པའི་མཚན་མ་ཐམས་ཅད་ཡང་དག་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་དག་ནི། དགེ་བའི་རྩ་བ་ཚད་མེད་པའི་རྒྱུན་དང་། ཆོས་ཀྱི་དབྱིངས་མ་ནོར་བ་ལ་དམིགས་ཤིང་རྟོག་པ་ལས་སྐྱེ་བར ་སེམས་ཤིང་བརྟགས་པ་ཡང་། རྡོ་རྗེ་གནས་མེད་པའི་ཕྱིར་ན་མཉམ་གནས་རང་བཞིན་འདྲར་འགྱུར་དང་། རྡོ་རྗེ་ཞེས་བྱ་བ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྒྱུའམ་གནས་ནི་སེམས་ཅན་གྱི་སེམས་ཡིན་ན། གོང་དུ་སེམས ་ཉིད་མ་གྲུབ་ཅིང་མེད་པར་བསྟན་པའི་ཕྱིར་རྒྱུ་མེད་པ་དང་འབྲས་བུ་ཡང་མི་འབྱུང་བས་གཉི་ག་ཡང་མ་གྲུབ་པས་ཚུལ་དུ་མཉམ་པར་གནས་པས། སེམས་མ་གྲུབ་པའི་ཚུལ་དུ་མཉམ་པར་གནས་པས། སེམས་མ་གྲུབ་པ་དང་འདྲ་བས་ཡེ ་ཤེས་ཀྱང་མ་གྲུབ་པར་གྱུར་པ་ཡིན་ནོ།། རྣམ་པར་ཤེས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐད་ཅིག་མ་དོན་དམ་པར་ཡོད་དོ།། ཟེར་བ་ཡང་མི་འགྲུབ་སྟེ་ཅིའི་ཕྱིར་ཞེ་ན། ཆོས་དབྱིངས་རྡོ་རྗེ་རྩེ་མོ་དེ་དག་ཕྱོགས་ཉིད་མེད་པས་སྐད ་ཅིག་མིན།། ཆོས་དབྱིངས་རྟོག་པའི་རྣམ་པར་རྡོ་རྗེ་དང་འདྲ་བ་མཆོག་གམ། མི་རྟོག་པའི་ཡེ་ཤེས་རྡོ་རྗེ་དང་འདྲ་བ་མཆོག་གམ། རྩེ་མོར་གྱུར་པ་དེ་དག་ནི། ཅི་ལྟ་བུའི་ཕྱོགས་ཉིད་དུ་ཡང་དམིགསུ་མེད་པ་ལ་སྐད་ཅིག་མ་ཞེས་ཇི་སྐད་བྱ།། ་དག་པ་འཇིག་རྟེན་པོའི་ཡེ་ཤེས་ཅིའི་ཕྱིར་མ་གྲུབ་ཅེ་ན། དག་པའི་དགེ་བའི་རྩ་གཟུགས་བརྙན་མེད་པ་འཇིག་རྟེན་ཡེ་ཤེས་ཡོད་མི་འགྱུར། འཁོར་གསུམ་ཡོང་སུ་དག་པའི་དགེ་བའི་རྩ་བ་ནི། གཟུགས་བརྙན་དང་འདྲ་སྟེ་མེད་པས། དེ་ལོ་བརྟེན ་པའི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཡང་ཡོད་པར་ག་ལ་འགྱུར། སྤྱི་དོན་བཅུ་གཉིས་ཀྱིས་བསྟན་པ་ལས། དྲུག་པ་སོ་སོར་བརྟགས་ནས་ངེས་པའི་དོན་བསྟན་པ་ཡང་རྣམ་པ་གསུམ་སྟེ། བསམ་པ་མཉམ་པ་དང་། སྤྱོད་པ་མཉམ ་བ་དང་། དོན་སྟོན་ཏེ་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་དུ་བསྟན་པའོ།། དེ་བསམ་པ་མཉམ་པ་ལ་ཡང་རྣམ་པ་གསུམ་སྟེ། བླང་དོར་མེད་ཅིང་བདེན་པ་གཉི་སུ་མི་རྟོག་པས་མཉམ་པ་དང་མཐུན་པའི་ཆོས་ལ་སྲེད་པ་མེད་པ་དང་མི་མཐུན ་པའི་ཆོས་ལ་ཞེ་སྡང་མེད་པས་བདེན་བརྫུན་མཉམ་པ་དང་། མཐའ་བཞི་དང་བྲལ་བས་དམིགས་པ་མེད་པས་མཉམ་པའོ།། དེ་ལ་བླང་དོར་མེད་ཅིང་བདེན་པ་གཉི་སུ་མི་རྟོག་པས་མཉམ་པ་ནི། མཐུན་པའི་ཆོས་ལ་སྲེད་པ་མེད་པ ་དང་མི་མཐུན་པའི་ཆོས་ལ་ཞེ་སྡང་མེད་པས་བདེན་བརྫུན་མཉམ་པ་དང་། མཐའ་བཞི་དང་བྲལ་བས་དམིགས་པ་མེད་པས་མཉམ་པའོ།། དེ་ལ་བླང་དོར་མེད་ཅིང་བདེན་པ་གཉི་སུ་མི་རྟོག་པས་མཉམ་པ་ནི། དེའི་ཕྱིར་བྱང་ཆུབ་མ་ཆུབ་མཚན་ཉིད ་མེད་པར་གཅིག་པས་བླང་དོར་མེད། ཅེས་བྱ་བ་ལ་སོགས་པས་སྟོན་ཏེ། གོང་དུ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་གཉི་ག་མ་གྲུབ་པར་བསྟེན་པ་དེའི་ཕྱིར། བྱང་ཆུབ་སྟེ་སངས་རྒྱས་པ་དང་བྱད་མ་ཆུབ་པ་སྟེ། སེམས་ཅན ་གཉི་ག་མཚན་ཉིད་མེད་པར་གཅིག་པས། སངས་རྒྱས་བླང་དུ་མདོ།། སེམས་ཅན་དོར་དུ་མདོ།། དོན་དམ་པ་ཞེས་བྱ་བ་ཉིད་ཀྱང་མེད་ན། དོན་དམ་པ་འདི་ལྟ་བུ་ཡིན་ཞེས་བསྟན་པའི་ཚིག་རྣམས་ལྟ་ག་ལ་ཡོད་དེ། དོན་དེ་ཚུལ་གྱིས་དོན་དམ ་རྣམ་གྲངས་སྐྱེ་འགག་མེང་དང་མཉམ་ཉིད་དང་། གཉིས་མེད་བསམ་འདས་སྟོང་ཉིད་ཆོས་དབྱིངས་བརྗོད་དང་ཐ་སྙད་བྲལ་ལ་སོགས། བསྟན་པ་དེ་ཀུན་ཐ་སྙད་ཡིན་ཏེ་དོན་དམ་མེད་ཅི་ཀུན་སྒྲིབ་མེད། དོན་དམ་པ་ཞེས་བྱ་བ་ཉིད་ཀྱང་མེད་ན། ་དོན་དམ་པ་འདི་ལྟ་བུ་ཡིན་ཞེས་བསྟན་པའི་ཚིག་རྣམས་ལྟ་ག་ལ་ཡོད། དོན་དེའི་ཚུལ་གོང་དུ་དོན་ཅི་སྐད་བསྟན་པའི་ཚུལ་གྱིས། དོན་དམ་པའི་རྣམ་གྲངས་བྱ་བ་ལ། སྐྱེ་འགག་མེད་བྱ་བ་དང་། མཉམ་པ་ཉིད་ཅེས་བྱ་བ་དང་། གཉི་སུ་མེད་པ་དང་། ་བསམ་པ་ལས་འདས་པ་དང་། སྟོང་པ་ཉིད་དང་། ཆོས་ཀྱི་དབྱིངས་དང་། བརྗོད་པ་དང་། ཐ་སྙད་དང་བྲལ་བ་ལ་སོགས་པར་བསྟན་པ་དེ་དག་ཀུན་དཀྲི་བའི་ཐ་སྙད་ཡིན་ཏེ། ཡང་དག་པར་ངེས་པའི་དོན་ལ་ནི། དོན་དམ་པ་ཞེས་བྱ་བ་ཡང་མེད་ཅིང་། ་ཀུན་སྒྲིབ་ཅེས་བྱ་བ་ཡང་མེད་དོ།། དོན་དམ་པ་ཚུལ་གྱིས་ལམ་ཉིད་འདི་འདྲ་ཞེས་པ་དེ་ཉིད་ཀུན་སྒྲིབ་ཡིན། དོན་དམ་པ་ཞེས་བྱ་བ་འམ། ཀུན་སྒྲིབ་ཅེས་བྱ་བ་དང་། ཀུན་རྫོབ་དུ་སྒྲིབ་པའི་ཐ་སྙད་ཡིན་ཏེ། ཡང་དག་པར་ན་གཉི་སུ་མེད་པའི་ངང ་ལ་བདེན་པ་གཉི་སུ་དབྱེར་ག་ལ་ཡོད། མཐུན་པའི་ཆོས་ལ་སྲེད་པ་མྱེད་པ་དང་། མི་མཐུན་པའི་ཆོས་ལ་ཞེ་སྡང་མེད་པས་བདེན་བརྫུན་མཉམ་པར་སྟོན་པ་ནི། ཐེ་ཚོམ་ཡོད་མེད་ནི་གང་ལ་སྤོང་ཞིང་གནས་པར་མི་བྱེད་དོ།། བངོན་པའི་དོན་མ ་མཐོང་སྟེ་ཐེ་ཚོམ་ཡོད་པ་དང་། བདེན་པ་མཐོང་སྟེ་ཐེ་ཚོམ་མེད་པའི་ཆོས་ནི་གང་ལ་ཡང་བདེན་རྫུན་གཉིས་མིང་པས། བརྫུན་པ་སྤོང་ཞིང་བདེན་པ་ལ་གནས་པར་བྱེད་པ་ཡང་མདོ།། ཅིའི་ཕྱིར་ཞེ་ན། སྒོམ་པ་དང་ནི་ཆོས་དབྱིངས་མེད་ཕྱིར ་སོམ་ཉི་མིང་ལ་དམ་པར་ལྟ་བའང་མེད། རྟོག་པར་བྱེད་པའི་སྒོམ་པ་པོ།། རྟོགས་པར་བྱ་བའི་ཆོས་ཀྱི་དབྱིངས་གཉི་ག་ཡང་དག་པའི་དོན་དུ་མི་གནས་གང་གིས་ཅི་ཞིག་རྟོགས་ཏེ། སོམ་ཉི་མེད། དེ་བས་སོམ་ཉི་མེད་པ་ལ་ཡང་དག་པོར་ལྟ ་བ་མེད་པ་དེ། ལུང་ལས་ཀྱང་མཐུན་པའི་ཆོས་ལ་སྲིད་པ་སྤོང་ངོ་ཞེས་བསྟན་པ་དང་མཐུན་ནོ།། མཐའ་བཞི་དང་བྲལ་ཞིང་མི་དམིགས་པར་མཉམ་པ་ནི། དེ་ལྟར་དངོས་པོའི་མཐའ་རྣམས་བརྟགས་པ་དང་རང་བཞིན་སྒྱུ་མ་འམ་མེད་འགྱུར་ཕྱིར། ་གོང་དུ་བསྟན་པ་ལྟར། དངོས་པོ་རྣམས་ཀྱི་མཐའ་བརྟགས་ན། རང་བཞིན་སྒྱུ་མ་ཙམ་དུ་མ་གྲུབ་པའི་ཕྱིར། ཡོད་ལ་ལྟོས་པའི་མེད་པའང་མེད་དེ་མེད་པ་ལའང་མེད་པ་མེད། དེ་ལྟར་ཡོད་པ་མ་གྲུབ་ན་མེད་པ་ཞིག་ཡིན་ནམ་ཐེ ་ཡོད་པ་ཉིད་མ་གྲུབ་ན། མེད་པ་དེ་སུའི་མེད་པ་ཡིན། དེ་བས་ན་ཡོད་པ་ཉིད་མ་གྲུབ་ན་ཡོད་པ་ཉིད་མ་གྲུབ་ན་ཡོད་པ་གཉིས་ལ་ལྟོས་ནས་མེད་པར་གངགས་པར་ཡང་མི་རུང་ངོ་།། འོ་ན་རང་བཞིན་གྱིས་མ་སྐྱེས་ཤིང་ཡོང་གིས་མེད་པ་དེ་ལ ་མེད་ཅེས་བྱར་རུང་ངམ་ཞེ་ན། མི་རུང་སྟེ། མཐོང་བ་དང་། ཐོས་པ་ཡང་མེད། གང་གིས་ངོ་བོར་ཡང་མི་གནས་པ་དེ་ལ་སུ་ཡང་མེད་ཅེས་མི་སེམས་མི་བརྗོད་པའི་ཕྱིར། མེད་པ་ལའང་མེད་པ་མེདདོ།། མཐའ་རྣམས་མེད་ཕྱིར་དབུས་མེད ་དབུས་ལའང་གནས་པར་མི་བྱེད་དོ།། གོང་དུ་ཡོང་མེད་ལ་སོགས་པའི་མཐའ་རྣམས་མེད་པར་བསྟན་པས་ན། མཐའ་མེད་ན་སུའི་དབུས་ཏེ། དབུས་ཀྱང་མེད་དོ་དབུས་མེད་པས་དབུས་ལ་ཡང་གནས་པར་མི་བྱེད་དོ།། སྤྱོད་པ་མཉམ་པ་ནི།། ་གང་ལའང་འཇིག་རྟེན་དབང་ཕྱུག་པདྨོ་ཀུན་ཀྱང་མི་སྤོང་འདྲར་མཉམ་གནས། ཆོས་གང་ཡང་རུང་སྟེ། འཇིག་རྟེན་གྱི་འདོད་པའི་ཡོན་ཏན་དུ་བྱ་བ་རྣམས་བདོག་པ་ལ་ནི་དབང་ཞེས་བྱ། བདོག་ཅིང་ཡོད་པ་དེ་སྤྱོད་ཀྱང་ནུས་ཏེ། སེར་སྣ་མེད་པ ་ནི་ཕྱུག་ཅེས་བྱ་སྟེ། དངོས་སུ་འདོད་པའི་ཡོན་ཏན་རྣམས་ཀྱིས་ལོངས་སྤྱོད་པ་ལ་བྱ་སྟེ། ཇི་ལྟར་པདྨོ་དམར་པོ་ཚོན་གྱི་བསྒོས་པ་ལྟར་སྣང་ན་ཡང་། ཚོན་དམར་པོས་བྲིས་ཤིང་བསྒོས་པ་ནི་མ་ཡིནོ།། དེ་དང་འདྲ་བར་འཇིག་རྟེན་གྱིས ་འདོད་པའི་ཡོན་ཏན་ལྔ་སྤྱོད་པ་ཡང་ཉེས་པས་གོས་པ་འདྲ་བར་སྣང་ན་ཡང་། པདྨོ་ལ་ཚོན་གྱིས་མ་གོས་པ་བཞིན་དུ་ཉེས་པས་མ་གོས་པའི་ཕྱིར་དབང་ཕྱུག་པདྨོ་ཞེས་བྱའོ།། ཡང་ན་ཇི་ལྟར་པདྨོ་ལ་ཆུ་ལ་སོགས་པའི་ཉེས་པས་མི་གོས ་པ་ལྟར། གོང་དུ་བསྟེན་པའི་དོན་རྟོགས་ན་ཉེས་པས་མི་གོས་པས་དབང་ཕྱུག་པདྨོ་ཞེས་བྱ་སྟེ། པདྨོ་ལྟར་མི་གོས་ན་གདོང་འདོད་པ་ལྔ་ལ་སྤྱོད་ཅིང་མི་སྤོང་ངོ་།། ཞེས་བྱ་བའི་དོན་ཡང་ཡིནོ།། འདྲར་མཉམ་གནས་ཞེས་བྱ་བ་ནི་ཡོན་ཏན ་དུ་བྱ་བ་དང་སྐྱོན་དུ་བྱ་བའི་རྣམས། ཡང་དག་པའི་དོན་དུ་ཁྱད་པར་མེད་དེ་འདྲ་བའི་ཕྱིར། མི་འབྱེད་ཅིང་མཉམ་པས་མི་སློང་སྟེ་གནས་པར་བྱེདདོ།། ཆོས་ལ་འཁྲུལ་པར་མཐོང་བ་དེ་ཉིད་འཁྲུལ་པ་ཡིན་པར་རྟོགས་ཏེ། སེམས་ཅན ་ཉིད་ཀྱང་མ་གྲུབ་ན་སུ་ཞིག་འཁྲུལ་བར་འགྱུར་ཏེ། འཁྲུལ་པ་མེད་པར་འཁྲུལ་པར་མཐོང་བ་དེ་ཉིད་འཁྲུལ་པ་ཡིན་པར་རབ་རྟོགས་ཏེ། དེ་བས་ན་དྲུག་གིས་བསྟན་པ་བདུད་ཀྱི་ལས་ཀྱང་མི་འདོར་ངན་དུ་མི་རྟོག་གོ།། མུ་སྟེགས་ཀྱི ་སྟོན་པ་དྲུག་གིས་བསྟན་པ་དང་། དགེ་བའི་སྲོག་གི་བར་དུ་གཅོད་པའི་ཉོན་མོངས་པ་དང་། བདུད་ཀྱི་ལ་སོགས་པ་ཡང་མི་དམིགས་པའི་ཕྱིར་འདོར་ཞིང་ནང་དུ་མི་རྟོག་གོ།། ཤེས་རབ་ཐབས་ཀྱི་སྤྱོད་པ་ཡང་མི་གནས་ཕྱིར་ན་བདུད་ཀྱི ་འདྲ་བར་སྤྱོད། ཤེས་རབ་དང་ཐབས་ཀྱི་སྤྱོད་པའང་ཅི་ལྟ་བུའི་མཚན་ཉི་དུའང་མ་གྲུབ་པར་གནས་པར་བྱ་བའི་གཞི་མེད་དེ། བདུད་ཀྱི་སྤྱོད་པ་དང་། གཉི་ག་ཡང་མ་སྐྱེས་པར་མཉམ་པོའི་ཕྱིར་འདྲ་བར་སྤྱོད་དོ།། རང་གི ་ཤེས་པ་དམ་པར་བྱས་ཤིང་ཀུན་ལས་རྒྱལ་ཏེ་དེ་བསྙེམས་ནས། ཆགས་དང་ཞེ་སྡང་སྐྱེས་ནས་རྩོད་འབྱུང་གཏི་མུག་ཡིན་ཏེ་དོན་ནི་མཐོང་ལྟ་བ་ཐམས་ཅད་དང་བྲལ་བ་ནི་ཡང་དག་པའི་དོན་ལ་ལྟ་བའོ།། ཞེས་འབྱུང ་བ་ལས། ལྟ་བའི་འཛིན་པ་ནི་སྐྱོན་ཏོ། ཡང་དག་པར་ན་བདེན་བརྫུན་གཉི་ག་ཡང་མ་གྲུབ་ན། རང་གི་ཤེས་རབ་ཀྱིས་བདེན་པ་རྟོགསོ་སྙམ་དུ་ང་རྒྱལ་གྱིས་ལྟ་བ་བསྙེམས་ནས་རང་གི་ཕྱོགས་ལ་ནི་ཆགས་གཞན་གྱི་ཕྱོགས་ལ་ནི་ཞི ་སྣང་སྐྱེས་ནས། བདེན་པ་ཞེས་བྱ་བ་མེད་པ་ལ། རང་གི་ལྟ་བ་ནི་བདེན་པ་ཞེས་ཟེར། བརྫུན་པ་མེད་པ་ལ་གཞན་གྱི་ལྟ་བ་ནི་བརྫུན་ཏེ། ནོར་ཞེས་རྩོད་པ་མེད་པར་བྱེད་པ་ནི། གཏི་མུག་ཡིན་ཏེ། བདེན་བརྫུན་གཉི་ག་མི་དམིགས་པའི ་དོན་མོ་མཐོང་ངོ་།། དོན་བསྡུས་ནས་བྱང་ཆུབ་སེམས་ཀྱི་མཚན་ཉིད་དུ་བསྟན་པ་ནི། ཇི་སྲིད་ཡིད་ཀྱི་འཇིག་རྟེན་གཡོ་བ་དེ་སྲིད་བདུད་ཀྱི་ཡུལ་ཏེ་ཕྲ་བའི་ལམ། གཡོ་དང་མི་གཡོ་ཐ་སྙད་མི་གནས་གནས་ལའང་གནས་པ་མེད། སྣང་མེད ་དབུ་མའི་ལམ་དེ་བྱང་ཆུབ་སེམས་ཤེས་བདེ་གཤེགས་གསུང་། རྟོག་པ་དང་མཚན་མ་གཡོ་ཞེ་འམ་མི་གཡོ་ཞེས་ཐ་སྙད་གང་ལྟར་ཡང་གངགསུ་མེད་པའི་གནས་ལ་ཡང་གནས་པར་མི་བྱེད་དེ། དེ་ཉམ་སུ་ཚོར་བ་དང་། ཚོར་བ ་འགག་པའི་སྣང་པོ་དང་། འདི་ལྟ་བུ་ཡིན་ཞེས་འདུ་ཤེས་ཀྱིས་གཟུང་བའི་སྣང་བ་མེད་པ་ནི་དབུ་མའི་ལམ་ཡིན་ཏེ། དོན་དེ་ལ་དེ་ལྟ་བུའི་ཚུལ་དུ་སེམས་པས། བླ་ན་མེད་པའི་བྱང་ཆུབ་ཏུ་འགྲུབ་པས་བྱང་ཆུབ་ཀྱི་སེམས་ཞེས་བདེ ་བར་གཤེགས་པས་གསུངས།། བཅུ་གཉི་སུ་བསྟན་པ་ལས། དོན་བདུན་པ་ངེས་པའི་དོན་ལ་བསྒོམ་པ་ཡང་རྣམ་པ་གཉིས་ཏེ། བསྒོམ་པའི་མི་མཐུན་པའི་ཕྱོགས་བསྟན་པ་དང་། བསྒོམ་པའི་དོན་མ་ནོར་བར་བསྟན་པའོ།། དེ་ལ་བསྒོམ ་བའི་མི་མཐུན་པ་ནི། གཟུགས་དང་མཚན་མ་སྨོན་པར་འཛིན་པ་རབ་ཏུ་སྤངས་ནསུ།། རྣམ་ཐར་གསུམ་པོ་བསྒོམས་པའང་བདུད་ཀྱི་ལས་ཏེ་གཟུགས་ནི་སྟོང་པའོ།། རྣམ་པར་མི་རྟོག་པ་བསྒོམ་པ་ནི་བླང་དོར་མེད་པ་ཡིན་ན། གཟུགས ་ལ་སོགས་པ་མི་མཐུན་པའི་ཕྱོགས་གསུམ་སྤོང་ཞིང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་གསུམ་ལ་གནས་ཤིང་སྒོམ་ན། བླང་དོར་གྱི་མཐར་ལྟུང་བས་བདུད་ཀྱི་ལས་ཡིན་ཏེ། གཟུགས་ཉིད ་སྟོང་པ་ཡིན་ལ། མཚན་མོ་ཉིད་མཚན་མ་མེད་པ། སྨོན་པ་ཉིད་སྨོན་པ་ཡིན་པས་སྤང་དུ་མེད་པའི་ཕྱིར་རོ།། འཁོར་བའི་ལམ་གསུམ་སྤོང་ཞིང་མྱ་ངན་འདས་ལམ་བསྒོམ་པའང་འདུད་ཀྱིས་ལས་ཉིད།། དེ་ཉིད་རང་བཞིན་མ་ཞི་རང་བཞིན ་བཙལ་སྤངས་གར་མི་གནས།། འཁོར་བ་འགྲུབ་པར་བྱེད་པ་ནི་འཁོར་བའི་ལམ་ཞེས་བྱ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་སྤོང་ཞིང་མྱ་ངན་ལས་འདས་པའི་ལམ་ཚོལ་ཞིང་བསྒོམ་པར་བྱེད་པ་ཡང་བདུད་ཀྱི་ལས་ཉིད་དེ། དེ་ལྟར ་སྤྱོད་པ་ནི་དེ་ཉིད་ཆོས་ཐམས་ཅད་རང་བཞིན་ཞི་བའི་མཚན་ཉིད་མ་རྟོགས་པ་སྟེ། མྱ་ངན་ལས་འདས་པའི་ལེམྲ་བཙལ་བ་དང་། འཁོར་བའི་ལམ་སྤོང་བར་བྱེད་པ་གཉི་ག་ཡང་མ་གྲུབ་ཙོང་མི་གནས་པའི་ཕྱིར་རོ།། འཕགས་པ ་ཀུན་གྱི་ཡུལ་དང་གནས་ཀྱང་འདས་སོགས་ལམ་ཉིད་གཞན་ན་མེད། འཕགས་པ་ཀུན་གྱིས་གཟིགས་པའི་ཡུལ་དང་། གྲུབ་པའི་གནས་ཀྱང་མི་མཐུན་པའི་སྐྱོན་མ་གོས་ནུས་སྨོས་པ་རྣམས་ཀྱང་སྤངས་ནས། མྱ ་བན་ལས་འདས་པ་ལ་སོགས་པ་སྟེ། ཡོན་ཏན་གྱི་ཁྱད་པར་འཐོབ་པའི་ལམ་འདིར་ཅི་སྐད་དུ་བསྟན་པ་ལས་གུང་ན་སངས་རྒྱས་སུ་འགྲུབ་པའི་ལམ་གཞན་མེདོ།། བསྒོམ་པའི་དོན་མ་ནོར་བར་བསྟན་པ་ལ་ཡང་རྣམ་པ་བན་གྱི ་བསྒོམ་པའི་དོན་མདོར་བསྟན་པ་དང་། དེ་ལྟར་ཅིའི་ཕྱིར་བསྒོམ་པའི་གཏན་ཚིགས་ཀྱིས་བཤད་པ་དང་། གཏན་ཚིགས་ཀྱིས་གྲུབ་པས་དེ་ལྟར་བསྒོམ་མོ་ཞེས་བྱ་བར་བསྟན་པ་དང་། ཚུལ་བཞིན་དུ་བསྒོམ་པའི་རྟགས ་བསྟན་པའོ།། དེ་ལ་བསྒོམ་པའི་དོན་མདོར་བསྟན་པ་ནི། ལྗང་དང་མི་ལྟུང་ཆེད་དུ་མི་སྤྱོད་སེམས་རྟེན་མི་འཆབ་མངོན་དུ་མིན། མཚན་མ་དང་རྟོགས་པ་དང་ལྡན་པ་སྔོན་ཆེད་དུ་མི་སྤྱོད། མི་ལྟུང་བ་ལ་སེམས་ཀྱི་རྟོན་མི ་འཆའ།། འབྲས་བུའི་བར་རམ་བདེན་པའི་དོན་མངོན་དུ་མི་བྱེད་དོ།། གོང་མ་སྦྱར་ཅིའི་ཕྱིར་བསྒོམ་ན་ན། འཇམ་དཔཔྲལ་མ་ཡོན་རྡུལ་ཙམ་གཡོ་བ་དེ་ཉིད་དེ་ཡིན་དང་མོ་གནས།། འྀ་ཕྱི་མྱི་སྲིང་མི་གནས་ཤེ་ནཱ། འཇམ ་དཔལ་ནི་ཆོས་ཉིད་ལ་བྱ་སྟེ། ཆོས་ཉིད་ནི་ཟུག་རྔུ་མེད་པས་འཇམ་ལ། དེ་རྟོགས་ན་དཔལ་དུ་འགྱུར་བས་འཇམ་དཔལ་ཏེ། ཆོས་ཉིད་དམ་འཇམ་དཔལ་མ་ཡིན་པ་མཚན་མའི་རྟོག་པའི་སྐྱོན་རྡུལ་ཙམ་ཞིག་གཡོ་བ་འམ། ་ཡོད་པར་མཐོང་ན་ཡང་དེ་ཉིད་ཆོས་ཀྱང་ཡིན་ལ། འཕགས་པ་འཇམ་དཔལ་གྱི་རང་བཞིན་ཉིད་ཀྱང་དེ་ལས་མི་གཞན་པ་ས་སྤང་དུ་མེད།། བློ་ན་ཆོས་ཉིད་དེ་ཅི་ལྟ་བུ་ཞིག་ཡིན་ཞེ་ན། ཅི་ལྟ་བུ་ཡང་མ་ཡིན་པས་ཆོས་ཉིད་དམ ་འཇམ་དཔལ་གྱི་རང་བཞིན་ལ་ཡང་གནས་པར་བྱ་བའི་གཞི་མེད་པས། དེར་མི་གནས་ཞེས་སྨོས་པ་ཡིན་ནོ།། བསྒོམ་པའི་ས་མི་རྙེད་ཕྱིར་བསྒོམ་པས་རྙེད་པར་མི་འགྱུར་ཏེ། སེམས་ཀྱི་སྤྱོད་ཡུལ་ཤེས་པ་དེ་ལ་དེ་དག ་ཆོས་རྣམས་ཀྱི་ནི་ཆོས་ཉིད་ཡིན་ཏེ། ཅིའི་ཕྱིར་མངོན་དུ་མི་བྱ་ཞེ་ན། བསྒོམ་པར་བྱ་བའི་ཆོས་ཉིད་དང་། སྒོམ་པར་བྱེད་པའི་སེམས་གོཉི་ག་མ་གྲུབ་པས། བསྒོམ་པར་བྱ་བའི་སའམ་གཞི་མི་རྙེད་དེ་མེད་པའི་ཕྱིར། སུ ་ཞིག་གིས་གང་ཞིག་ལ་བསྒོམས་པས་འབྲས་བུ་ཞིག་འཐོབ་པར་འགྱུར་ཏེ། དེ་བོས་ན་མངོན་དུ་བྱར་མང་ངོ་།། སེམས་ཀྱི་སྤྱོད་ཡུལ་དེ་ལ་དེ་དག་ཆོས་རྣམས་ཀྱི་ཆོས་ཉིད་ཡིན། ཡུལ་གྱི་རྣམ་པ་གང་སྣང་། སེམས ་ཀྱི་རྟོག་པ་ཅི་སྐྱེ་ཡང་ཆོས་ཉིད་ལས་མི་གཞན་པས། སྐྱོན་མེད་པར་སྟོན་པའི་ཕྱིར་སེམས་ཀྱི་སྤྱོད་ཡུལ་དེ་ལ་དམིགས་པའི་ཡུལ་གང་སྣང་བ་དེ་དག་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར། དམིགས་པའི ་ཡུལ་གང་ཡང་སྣང་ཡང་སྐྱོན་མེད་དོ།། སྐྱོན་མེད་ནས་སེམས་ཅན་རྣམས་ཅིའི་ཕྱིར་འཁོར་ཞེ་ན། མཚན་མ་རྣམ་པ་སྣ་ཚོགས་ལ་འཛིན་པའི་ཕྱིར་ཏེ། མཚན་མའི་རྣམ་པ་དང་བྲལ་པོའི་མི་འཁོར་བར་བསྟན་པའི ་ཕྱིར། རྣམ་བྲལ་གང་ལའམ་མཆོག་དང་ཐ་མའང་མེད་པར་ལམ་མཆོག་འདི་བསྐུམ།། རྣམ་པ་ཉིད་ཇི་ལྟ་བུ་ཞེ་ན། ཡུལ་འགགས་ན་ཡང་དེའི་རྣམ་པ་ཡིད་ལ་བཀྲ་བ་ལ་བྱ་སྟེ། ཡུལ་མངོན་སུམ་ན་ཡང་དེ་ལྟ་བུའི ་རྣམ་པ་འབྱུང་བ་ལ་འཛིན་ཅིང་ཤེས་པ་སྐྱེས་པས་རྣམ་པའི་ཤེས་པ་ཡིན་པས་རྣམ་པར་ཤེས་པ་ལ་བྱ་སྟེ། ཡང་དག་པའི་དོན་བསྒོམ་པ་ནི་ཇི་ལྟ་བུའི་རྣམ་པ་ལ་ཡང་མི་འཛིན་པའི་ཕྱིར་རྣམ་བྲལ་ཞེས་བྱའོ།། དེ་ལྟར་རྣམ་པ ་ཅི་ལྟ་བུར་ཡང་མི་འཛིན་པ་ལ་ནི། མཆོག་དང་ཐ་མར་ཡང་མི་དམིགས་པས་དེ་ལྟར་བསྒོམས་པ་ནི་ལམ་གྱི་མཆོག་ཡིན་ནོ།། སེམས་ཀྱི་རྟོག་པ་ཅི་སྒྱུ་ཡང་སྐྱོན་མེད་པ་ནི། འདུ་བྱེད་མ་སྐྱེས་ཆོས་ཀུན་འབྱུང་མེད་ཤིན་ཏུ་ཆོས་རྣམས ་མྱ་ངན་འདས། དངོས་མེད་དེ་ཚེ་ཀུན་ཀྱང་ཆོས་ཀྱི་དབྱིངས་ཞེས་དགྲ་བཅོམ་རབ་འབྱོར་ཡིན་ཞེས་བྱ་བ་ཡིན་ཏེ། འདུ་བྱེད་ཀྱི་ཆོས་ཐམས་ཅད་ནི་རང་བཞིན་གྱི་ངོ་བོས་ཀྱང་མ་སྐྱེས། རྒྱུ་རྐྱེན་གཞན་གྱིས་ཀྱང་མི་འབྱུང་བས་མྱ་ངན ་ལས་འདས་པའི་མཚན་ཉིད་ཡིན་ནོ།། དེ་ལྟར་རིག་ཅིང་རྟོགས་པའི་ཚེ་ཤེས་པ་འམ་རྟོག་པ་ཇི་སྟོད་སྐྱེ་བ་ཀུན་ཀྱང་སྐྱོན་མེད་དེ། ཆོས་ཀྱི་དབྱིངས་རྟོགས་ཤིང་ཤེས་པ་ལ། དགྲ་བཅོམ་རབ་འབྱོར་གྱི་ཡིན་ཞེས་བྱའོ།། ཡང་ན་མི ་ཤེས་པའི་རབ་རིབ་ཀྱི་དགྲ་བཅོམ་པ་ཡིན་པས། དགྲ་བཅོམ་རབ་འབྱོར་ཡིན་ཞེས་བྱའོ།། ནམ་མཁའ་མི་དམིགས་མོང་ཙམ་ངག་དང་མི་དགེར་དབྱེར་མང་སྐྱེ་བ་མེད། གོང་དུ་བསྟན་པ་རྣམས་ཀྱི་དོན་དཔེར་ན་ནམ་མཁའ་དང་འདྲ་སྟེ། ན་མཁའ ་ཞེས་མིང་དུ་བརྗོད་པ་ཙམ་དུ་ཟད་ཀྱི་མིང་གིས་མཚོན་པའི་དོན་ནི་ཅི་ལྟ་བུའི་མཚན་ཉི་དུ་ཡང་མི་དམིགས་པས། དགེ་དང་མི་དགེ་ལ་སོགས་ཏེ་གཉི་སུ་མི་འབྱེད་པ་ནི་སྐྱེ་བ་མེད་པའི་ཕྱིར་རོ།། གོང་དུ་བསྟན་པ་ལྟར་གཏན་ཚིགས་ཀྱིས་གྲུབ་པས ་དེ་ལྟར་བསྒོམ་མོ་ཞེས་རྒྱས་པར་བསྟན་པ་ནི། རྩོལ་བར་ཡིད་ལ་མི་བྱེད་གང་ལའང་སེམས་མེད་ཤེས་དང་། མི་ཤེས་བྲལ། སྤོང་བ་འམ་བསྒྲུབ་པར་བྱ་བའི་རྩོལ་བ་ཡང་ཡིད་ལ་མི་བྱེད། དམིགས་པའི་ཡུལ་གང་ལ་ཡང་སེམས་པ ་མེད། སེམས་ཉིད་ཀྱང་མ་གྲུབ་པས་ཤེས་པ་དང་མི་ཤེས་པར་མི་རྟོགས་པས་ཤེས་དང་མི་ཤེས་བྲལ་ཞེས་བྱའོ།། དྲན་དང་འབྱེད་མེད་སློང་ལེན་གང་ལའང་དགའ་དང་མཚུངས་མེད་མི་དམིགས་ཤིང་། ཡང་དག་པའི་དོན་དུ ་མཐུན་པ་དང་། གཉེན་པོ་དབྱེར་མེད་པས། གཉེན་པོ་དྲན་པར་བྱ་བ་མེད་ཅིང་། སྤོང་ལ་དགའ་བའམ། ལེན་པ་ལ་དགའ་བ་ཡང་གང་ཟག་དེ་ལ་མེད་དོ།། མི་མཐུན་པ་དང་གཉེན་པོ་གཉི་ག་མཉམ་ཞིང་མཚུངས་པར་གཞག་པའང ་དེ། ཅིར་ཡང་མི་དམིགས་ཤིང་། མཉམ་ན་གཉིསུ་བརྟགས་མེད་བརྗོད་བྲལ་བྱ་དང་མི་བྱ་མེད་དེ་སོགས་འབྲི་མེད། འདོད་པ་མེད་མི་འདོད་པ་མེད་པས་མཉམ་པར་གནས་ལ། ཐ་དད་དུ་མི་འབྱེད་པས་གཉིསུ་བརྟགས་པ་ཡང་མེད། ་འདི་ལྟ་བུ་ཡིན་ཞེས་འཛིན་པ་མེད་པས་ཅིར་ཡང་མི་བརྗོད་པའི་ཕྱིར་བརྗོད་པ་དང་བྲལ། དོན་དུ་གཉེར་བ་མེད་པས་བྱ་བ་མེང།། སྒོ་གསུམ་གྱི་ལས་ལ་སྐྱོན་དུ་མི་ལྟ་བས་མི་བྱ་བ་ཡང་མེད་དེ།། ཚོགས་རྣམས་གཉིས་རྫོགས་པར་བྱ་བ་ཡང ་མེད་དེ། ཆོས་ཉིད་ལ་བྲི་བ་འམ་འཕེལ་བ་མེད་ཅེས་འབྱུང་བ་ལྟ་བུའོ།། ཚུལ་བཞིན་དུ་བསྒོམས་པའི་རྟགས་ཇི་ལྟ་བུ་དག་འབྱུང་ཞེ་ན། ཆེད་དུ་རྩོལ་བྲལ་ཡིད་ལ་མི་བྱེད་ཅེས་ཀྱང་མི་འཁྲུགས་མཉམ་ཤེས་དང་། ་དེ་ལྟར་གོང་དུ་བསྟན་པ་བཞིན་དུ་མ་ནོར་བར་བསྒོམས་ཏེ། མཉམ་པར་ཤེས་པ་དང་། རྟགས་འདི་ལྟ་བུ་དག་འབྱུང་བ་སྟེ། གང་ལ་ཆགས་དང་ཡུལ་གྱིས་མྱོས་སྐྲག་མེད་དེ་མི་འབྲེལ་མི་གནས་ཤིང་། དངོས་པོ་གང་ལ ་ཡང་ཆགས་ཤིང་འདོད།། ཡུལ་གྱི་དངོས་པོ་རྣམས་ཇི་ལྟ་བ་བཞིན་དུ་རིག་པས་མྱོས་ཤིང་གཏི་མུག་པ་ཡང་མེད། རང་གི་ངོ་བོ་ཉིད་ཀྱང་མ་ཡིན་པས་ག་ལ་ཡང་མི་འདོད་པ་འམ་སྐྲག་པ་མེང་། དེའི་ཕྱིར་གང་དང་ཡང ་བྲལ་མི་བྱེད་པ་དང་། གང་ལ་ཡང་དགའ་ཞིང་ཆགས་པ་མེད་པས་ཆོས་གང་ལ་ཡང་གནས་པར་མི་བྱེད་དོ།། མི་འཕྲོགས་མཉམ་ཤེས་བཞི་པོ་ཕྱོགས་དང་ཕ་རོལ་ཕྱིན་རྣམས་དེར་ཤེས་ཏེ།། མི་མཐུན་པའི་ཕྱོགས་ཀྱིས་མི ་འཕྲོགས་པའི་ཆོས་ཉིད་ཀྱི་དོན་མཉམ་པའི་ཤེས་པའི་ཡེ་ཤེས་བཞི་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་ཏེ། རྣམ་པར་དཀར་བའི་ཕྱོགས་དང་། འབྲས་བུ་ཆེ་བའི་ཡོན ་ཏན་ཅི་སྙེད་ཡོད་པ་མ་ལུས་པ་ཐམས་ཅད་ནི། བསྒོམ་པའི་དོན་ཇི་སྐད་དུ་བསྟན་དེར་འདུས་ཤིང་འབ་པར་རང་གི་རིག་པས་ཤེས་ཏེ། སེམས་ཀྱི་དབྱིངསུ་བསྒོམས་པས་ལམ་གྱི་གཞན་དུ་བསྒོམས་པས་འོད་གསལ་མི་འགྱུརརོ།། ་ཆོས་ཐམས་ཅད་ནི་སེམས་ཀྱི་ངང་དུ་འདུས་པས། སེམས་ཉིད་ལ་གོང་དུ་ཇི་སྐད་བསྟན་པའི་དོན་ལྟར་བསྒོམས་པས་མ་ནོར་བའི་ལམ་དུ་འགྱུར་གྱི་གཞན་ཞིག་ཏུ་བསྒོམས་ན། གང་ལྟར་བསྒོམས་ཀྱང་ཡང་དག་པའི་དོན་ལ་གསལ ་ཞིང་རིག་པར་མི་འགྱུརརོ།། བཅུ་གཉིས་ལས་བརྒྱད་པ། བརྒྱུད་པའི་ཐབས་ཀྱིས་ངེས་པའི་དོན་རྟོགས་པར་བྱ་བའི་ཐབས་ཇི་ལྟ་བུ་ཞེ་ན། བརྡ་ཅན་ཡང་དག་ལེན་པའང་བྱང་ཆུབ་ཡིན་ཞེས་སྟོན་པས་རབ་གསུངས་ཕྱིར། ཞེས ་བྱ་བ་ཡིན་ཏེ། དཔེར་ན་ལག་པ་གཡས་པའི་ལག་བརྡས་ཚུར་འོང་བའི་བརྡ་མཚོན་པའི་དོན་སྟོན་ཅིང་ལེན་པ་ལྷོར། སེམས་རྩེ་གཅིག་པའི་བྱ་བས་བྱ་བ་མེད་པའི་དོན་ཇི་ལྟ་བ་བཞིན་དུ། རྟོགས་པ་དེ་ཡང་བྱང་ཆུབ་ཏུ་སྒྲུབ ་པར་བྱེད་པ་ཡིན་པས། བྱང་ཆུབ་ཡིན་ཞེས་སྟོན་པ་སངས་རྒྱས་གསུང་བའི་ཕྱིར། དེ་ལ་འདི་ནི་བྱང་ཆུབ་སེམས་ཉིད་བསྐྱེད་ཅིང་བསྒོམ་པའི་གནས་ཡིན་ཏེ། འོག་ནས་འབྱུང་བའི་ཏིང་འཛིན་དང་ཕྱག་རྒྱ་ནི། དོན་དམ་པའི་བྱང ་ཆུབ་ཀྱི་སེམས་བསྐྱེད་ཅིང་བསྒོམ་པའི་རྒྱུ་འམ་གནས་ཏེ། ཏིང་འཛིན་གསུམ་པོ་བརྟན་པར་བྱས་ཤིང་རྟགས་ཀྱི་ཕྱག་རྒྱ་གསུམ་བཅིངས་ནས།། བྱ་བ་མེད་པའི་དོན་ཉིད་ལ་མ་བབ་ཅིང་། རྩེ་གཅིག་ཏུ་རྣམ་པར་མི་རྟོག་པས ་བསྒོམ་པ་དང་། ཀུན་ཏུ་སྣང་བ་ནམ་ཁོ་འ་ལྟར་བསྒོམ་པ་དང་། རྒྱུའི་ཏིང་ངེ་འཛིན་ཨ་འམ་ཨོཾ་ལ་སོགས་པ་བསྒོམ་པ་ལ་ཏིང་འཛིན་གསུམ་ཞེས་བྱ། བརྟན་པ་ནི་ཏིང་འཛིན་ཏེ་གསུམ་གྱི་མཚན་ཉིད་གང་ཡིན་པ་ལྟར། མི ་མཐུན་པའི་རྐྱེན་གྱི་དབང་དུ་མི་འགྲོ་བ་ལ་བྱ། རྟགས་ཞེས་བྱ་བ་ནི་དཔེར་ན་རྒྱལ་པོའི་རྟགས་ནི་ཕྱག་རྒྱ་ཡིན་པས། རྒྱལ་པོའི་ལས་ཐམས་ཅད་ནི་ཕྱག་རྒྱས་བྱེད་པ་དང་འདྲ་བར་སངས་རྒྱས་ཀྱི་རྟགས་ཀྱི་ཕྱག་རྒྱས་ནི། ་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་བྱེད་དེ། སྐུའི་རྟགས་ཀྱི་ཕྱག་རྒྱ་ཆེན་པོའོ།། ཐུགས་ཀྱི་རྟགས་ཀྱི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱའོ།། ཕྲིན་ལས་ཀྱི་རྟགས་ཀྱི་ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱ་སྟེ། རྟགས་ཀྱི་ཕྱག་རྒྱ་དེ་གསུམ་བཅིངས ་ཤིང་བསྒོམས་ནས། སངས་རྒྱས་ཀྱི་གསུང་གི། རྟགས་ཀྱི་ཕྱག་རྒྱ་ནི། ཆོས་ཀྱི་ཕྱག་རྒྱ་ཆེན་པོར་སེམས་ཉིད་བསྐྱེད་དོ་དེའི་སྙིང་པོ་བརྗོད་ཅིང་བསྒོམ་ཞེས་བྱ་བས་སྟོན་ཏེ། ཏིང་འཛིན་དང་ཕྱག་རྒྱ་རྣམས་ཆོས་ཉིད་ཡིན་ཏེ། ་ཐ་མི་ངང་པར་སེམས་བསྐྱེད་ཅིང་ལྷ་གང་བསྒོམ་པའི་སྙིང་པོ་བརྗོད་ཅིང་བསྒོམ་པ་ཡང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྐྱེ་བོར་འགྱུར་ཏེ། ཇི་ལྟར་སྐྱེ་བར་འགྱུར་ཞེ་ན། གོང་མ་ལྟར་ཡུན་རིང་དུ་བསྒོམས་ཏེ། ཇི་ལྟར་བསྒོམས་པ་བཞིན ་དུ་སྔོན་དུ་སྣང་བའི་ཚེ། ཆོས་ཐམས་ཅད་ཀྱང་རང་གི་སེམས་ཁོ་ན་སྣང་བ་ལ་མ་གཏོགས་པ་གཞན་མེད་པ་ལྟ་ཞིག་ཅེས་རང་གི་རིག་པ་འབྱུང་ཞིང་། དོན་རྟོགས་པར་འགྱུར་བ་དང་། གོང་མ་ལྟར་བསྒོམས་པ་དང་། སྒྲིབ་པ ་འབྱང་ཚོགས་སྐྱེ་བའི་སྒོ་ནས་ཀྱང་རྟོགས་པ་འབྱུང་ངོ་།། དོན་དགུ་པ་བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་ན། རྣམ་པར་གྲོལ་བ་མི་ཐོབ་ཅིང་དགེ་བ་ཆུང་ཟ་བར་བསྟན་པ་ནི། རྡོ་རྗེ་སེམས་དཔའ་བསྒོམས་པས་ལམ་ཀུན་མ་ནོར་བསྒོམས་པ་ཡིན། ་གོང་དུ་བསྟན་པ་དང་འདྲ་སྟེ། སེམས་ཀྱི་རང་བཞིན་ནི་ཆོས་ཉིད་ཡིན་པས་རྡོ་རྗེའོ།། དེ་ལ་མ་ནོར་བར་སེམས་དཔའ་རྡོ་རྗེ་སེམས་དཔའ་སྟེ། ལོག་པར་མཐོང་བའི་སེམས་ཉིད་ནི་ཀུན་ནས་ཉོན་མོངས་པ་རྣམསུ་སྣང་ལ། ཇི་ལྟ་བ་བཞིན་དུ་མཐོང ་བའི་སེམས་ཉིད་ནི་རྣམ་པར་གྲོལ་བ་རྣམསུ་ཡང་སྣང་བའི་ཕྱིར། ལམ་ཀུན་མ་ནོར་བསྒོམས་པ་ཡིན་ཞེས་བསྟན་པ་ཡིནོ།། ཀུན་ཏུ་བཟང་པོའི་སྤྱོད་པས་མ་ཟིན་དགེ་བའི་ཆོས་ནི་གང་ཡང་རུང་།། གོང་དུ་ཇི་སྐད་བསྟན་པ་བཞིན་དུ་རིག་ཅིང་རྟོགས་ན། ་སྤྱོད་དོ་ཅོག་ཀུན་ཏུ་བཟང་བའི་ཕྱིར་ཀུན་ཏུ་བཟང་བ་དང་། ཅི་ལྟར་མ་ལས་བུ་འབྱུང་བ་བཞིན་དུ་ཡོན་ཏན་མ་ལུས་པ་ཐམས་ཅད་འབྱུང་བའི་གནས་ཡིན་པའི་ཕྱིར་མོ་སྟེ། གོང་མའི་བ་ཉིད་ལྷ་མོར་བྱིན་གྱིས་བརླབས་ཏེ། ཀུན་ཏུ་བཟང་པོ་ཞེས་བྱ ་བར་ཡང་འདོགས་པ་ཡང་ཡོད་དེ།། དངོས་སུ་ཤེས་རབ་ཀྱི་བདག་ཉིད་ལ་བྱས་ཏེ། ཤེས་རབ་ཀྱིས་མ་ཟིན་ན། ཀུན་ཏུ་བཟང་པོའི་སྤྱོད་པའང་བདུད་ཀྱི་ལས་དེ་ཟད་ཅིང་མཐར་ཐུག་འགྱུར།། ཐེག་པ་ཆེན་པོའི་ཐབས་ཀྱི་སྤྱོད་པ་ནི།། བདོག ་དང་གཞན་ཀུན་ལ་བཟང་བའི་ཕྱིར།། ཀུན་ཏུ་བཟང་པོའི་ཞེས་བགྱི། ཡང་ན་གོང་མ་ལྟ་བུ་ཤེས་རབ་ཀྱིས་ཟིན་པའི་སྒོ་གསུམ་གྱི་སྤྱོད་པ་ཀུན་ཀྱང་བཟང་བས།། ཀུན་ཏུ་བཟང་པོ་ཞེས་བྱ་བ་ཡིན་ན། གོང་མ་ལྟ་བུ་ཤེས་རབ་ཀྱིས་མ་ཟིན།། ་ན། སྤྱོད་པ་ཐམས་ཅད་ཀྱང་ཀུན་ཏུ་བཟང་བར་མི་འགྱུར་བ་དང་། བདག་དང་གཞན་གྱི་དོན་ཐབས་ཀྱི་སྤྱོད་པ་ཀུན་ཀྱང་། འཇིག་རྟེན་གྱི་འདོད་པའི་འབྲས་བུ་ཙམ་དུ་གྲུབ་པས་ཟད་ཅིང་མཐར་མེད་པར་འགྱུརརོ།། དེ་དང་ལྡན ་པའི་ལམ་ནི་བདུད་ཀྱི་ལས་ཀྱང་བྱང་ཆུབ་སྤྱོད་པར་གསུངས། ཕྱི་ནང་གི་དངོས་པོ་དང་སྒོ་གསུམ་གྱི་སྤྱོད་པ་ལ་གཅིག་ཏུ་ཆད་ཅིང་ངེས་པ་མེད་དེ། ཤེས་པ་དང་མི་ཤེས་པ་ཁོ་ན་ལས། ཀུན་ནས་ཉོན་མོངས་པ་དང་། རྣམ་པར ་བྱུང་བའི་རྒྱུར་འགྱུར་བའི་ཕྱིརརོ།། དོན་བཅུ་པ་མོས་པོ་ཙམ་སྐྱེས་པས་ཀྱང་། ཡོན་ཏན་མང་པོ་ཐོབ་པར་བསྟན་པ་ནི། དོན་འདིར་མོས་པ་དེ་ཡང་བྱང་ཆུབ་ཆེན་པོ་ཡིན་ཞེས་རྒྱལ་བས་རབ་ཏུ་བསྔགས། གོང་དུ་ཇི་སྐད་བསྟན་པའི་དོན་འདིར་མོས ་ཤིང་ཡིད་ཆེས་པ་དེ་ཡང་བྱང་ཆུབ་ཆེན་པོ་ཡིན་པ་ལ། ཡིན་པ་ཁོ་ནར་ཤེས་ཤིང་མོས་པ་དེ་ཉིད་བྱང་ཆུབ་ཆེན་པོ་ཡིན་ཞེས་བཅོམ་ལྡན་འདས་ཀྱིས་བསྔགས་པ་མཛད་དོ།། གནས་འདིར་བསྐྱེད་པ་ཙམ་གྱིས་འཇིག་རྟེན་གསུམ་པོ་བླ་མར ་བཅས་པའི།། མཆོད་གནས་ཉན་ཐོས་བདུད་ཀྱི་སྡེ་རྣམས་ཟིལ་གྱིས་གནོན་ཞེས་སངས་རྒྱས་གསུང་། ཡོན་ཏན་ཐམས་ཅད་སྐྱེ་བའི་གནས་བྱང་ཆུབ་ཀྱི་སེམས་འདི་བསྐྱེད་པ་ཙམ་གྱིས་འཇིག་རྟེན་གསུམ་གྱི་སེམས་ཅན་ཇི་སྙེད་པའི ་གཙོ་བོ་འམ། བླ་མ་བརྒྱ་བྱིན་ཚངས་པར་སྤྱད་པའི་མཆོད་གནས་ནི་ཉན་ཐོས་རྣམས་ཡིན་པས། དེ་ལྟར་ཆོས་གནསུ་གྱུར་པའི་ཉན་ཐོས་རྣམས་དང་། བདུད་ཀྱི་སྡེ་རྣམས་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུརརོ།། ཞེས་གསུངས ་སོ།། ཐབས་ཆེན་བྱང་ཆུབ་སེམས་དཔའ་གསང་བའི་སྤྱོད་པའང་འདི་ཉིད་དེ། བླ་ན་མེད་པའི་བྱང་ཆུབ་ཏུ་འགྲུབ་པའི་ཐབས་ཆེན་པོ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རིག་ཅིང་སྤྱོད་ཀྱི། ཉན་ཐོས་ལ་སོགས་པས་རིག་པ་མ ་ཡིན་པའི་ཕྱིར། རང་བཞིན་གྱིས་གསང་བའི་དོན་ཡང་འདི་ཉིད་དོ།། འདི་མེད་རྒྱལ་བས་རྣམ་པར་སྣང་མཛད་ཐེག་པ་གསུམ་སྟོན་མི་སྲིད་དོ།། གོང་དུ་བསྟན་པའི་བྱང་ཆུབ་ཀྱི་སེམས་འདི་མ་གཏོགས་ཤིང་མེད་ན་སངས་རྒྱུ་སུ་མི་འགྲུབ།། ་སངས་རྒྱས་མེད་ན་གཞན་གང་གིས་ཀྱང་ཐེག་པ་གསུམ་སྟོན་མི་སྲིད་དོ།། སྐད་ཅིག་ཙམ་དུ་དད་པའི་ཤུགས་ཀྱིས་དེ་ཡང་མྱུར་དུ་འཇམ་དཔལ་གཞོན་ནུར་འགྱུར། འཇམ་དཔལ་གྱི་རང་བཞིན་ཡང་དེ་ཡིན་ལ། འདི་རྟོགས་པས་ཀྱང ་འགྲུབ་པ་ཡིན་པའི་ཕྱིརརོ།། དཀྱིལ་འཁོར་གསང་བར་ཞུགས་ཤིང་ཐེག་ཆེན་དམ་ཚིག་མཆོག་ཀྱང་བསྲུངས་པ་ཡིན།། ཚུལ་ཁྲིམས་སྡོམ་པ་ཀུན་ཀྱང་བསྲུངས་ཤིང་སྦྱིན་གནས་དམ་པར་རབ་ཏུ་བསྔགས། གོང་དུ་བསྟན་པ་ཡིན་ཏེ་ལེགས ་པའི་ཡོན་ཏན་མ་ལུས་པ་རྣམས་བྱང་ཆུབ་ཀྱི་སེམས་ཀྱི་ནང་དུ་མ་འདུས་པ་མེད་པར་བསྟན་པའི་ཕྱིརརོ།། དེ་ལྟར་བྱང་ཆུབ་ཀྱི་སེམས་ལས་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་ཐོབ་སྟེ། ཅི་ལྟ་ཞེ་ན། དེ་ཅིའི་ཕྱིར་བྱང་ཆུབ་སེམས ་ཀྱི་བསོད་ནམས་དེ་ལ་གལ་ཏེ་གཟུགས་ཡོད་ན། ནམ་མཁའི་བར་སྣང་དེ་ཡང་སྣོང་དུ་ཚུངས་ཞེས་རྒྱལ་བས་མཚུངས་པར་གསུངས་ཞེས་བྱ་བ་ལྟ་བུའོ།། དོན་བཅུ་གཅིག་པ་ལོག་པར་ཞུགས་པ་རྣམས་སྙིང་རྗེའི་གནསུ་བསྟན་པ་ནི། སྐྱེ ་པོ་སྐྱེ་བ་སྣ་ཚོགས་ངག་སྐྱེ་ཞིང་སྐྱེ་དང་སྐྱེ་འགྱུར་སྐྱེ་བའི་རྒྱུན་གྱིས་དབང་སོང་བ། ལས་ཀྱི་དབང་གིས་སོ་སོར་སྐྱེ་བས་སོ་སོའི་སྐྱེ་བོ་སྟེ། རྒྱུད་དྲུག་གི་སྐྱེ་བ་སྣ་ཚོགས་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་སྔོན་ཡང་སྐྱེས། ད་ཡང་སྐྱེ ་ཕྱིས་ཀྱང་སྐྱེ་བར་འགྱུར་ཏེ། སྐྱེ་བའི་རྒྱུན་མི་འཆད་པས་སྐྱེ་བའི་དབང་དུ་སོང་བའོ།། རྟོགས་མཐའ་མི་ཤེས་རྟོག་པས་བསླུས་ཤིང་རྟོག་པའི་རྒྱུན་འབྲངས་འཁྲུལ་པའི་རྟོག་ལས་ཕྱིར་ལྡོག་མེད་གྱུར་པ།། སེམས་ཀྱི ་རྟོག་པ་འདི་ཉིད་ཀྱི་ཡང་དག་པའི་མཐའ་མི་ཤེས་པས་ལོག་པའི་རྟོག་པས་རང་ཉིད་ཀྱིས་རང་བསླུས་ཏེ། ལོག་པའི་རྟོག་པ་རྒྱུན་མི་འཆད་པས། འཁྲུལ་པའི་རྟོག་པ་ལས་ལྡོག་ཅིང་ཡང་དག་པའི་དོན་ཤེས་པའི་དུས་མེད་པར་འགྱུར ་བ་ནི། དཔེར་ན་སྒྱུ་མས་བསླུས་པའི་ལྷུང་མོ་པ་དང་། རྨི་ལམ་གྱིས་བསླུས་པའི་རྨི་ལམ་དང་འདྲ་བའི་ཕྱིར། སྒྱུ་མའི་སྒྱུ་ཤིས་ངག་གིས་སྒྱུ་མའི་གླང་པོ་འདྲ་བར་སྒྱུ་མས་རྨོངས་པའི་སྒྱུ་མ་རྣམས།། རྨི་ལམ་གྱིས་བསླུས་གཞིན་རྨི་བའི ་བདེ་བ་ཉམས་ཤི་ང་རྨི་ལམ་དབང་དུ་སོང་བར་རྨི་ལམ་འདྲ་ཞེས་སྨོས་པ་ཡིན་ནོ།། ལམ་འདི་སྤོང་ཞིང་ལམོ་གཞན་དུ་བལྟས་པས་མ་ནོར་ལམ་ཞེས་སྟོན་པ་དེ།། ངོ་ངག་རྡོ་ལ་གསེར་བཞིན་ཐུགས་རྗེའི་ཐུགས་རྗེས་ཀྱེ་མའོ།། འཕྲོགས་པ ་ཡིན། གོང་དུ་ཇི་སྐད་བསྟན་པའི་ལམ་འདི་སྤོང་ཞིང་ཐེག་པ་ཆེན་པོའི་ལམ་ཅི་ལྟ་བ་བཞིན་མ་ལྕོགས་ཏེ།། མཐར་ལྟུང་བའི་སྐྱོན་དང་ལྡན་པ་དང་། ཐེག་པ་ཆེན་པོའི་ལམ་ལས་གཞན་དུ་འགྱུར་བ་ལྟ་བ་སྣ་ཚོགས་ཀྱིས་ལམ་དུ་བལྟས་པས་མ་ནོར ་བའི་ཞེས་སྟོན་པ་དེ་ནི། དཔེར་ན་རྡོ་ལས་གསེར་ཞེས་ཟེར་བ་དང་འདྲ་སྟེ། ཐུགས་རྗེར་རུང་ཞིང་འཕགས་པ་ཐུགས་རྗེ་མངའ་བ་རྣམས་ཀྱི་ཐུགས་རྗེས་རང་དབང་མེད་པར་གདུང་བ་སྐྱེ་བ་ཡིན་ཞེས་བྱ་བའི་དོན་ཏེ། དཔེར་ན་ཡིང་དུ་འོང་བའི ་ཡུལ་ལ་སེམས་ཡེངས་ཏེ། འཇུག་པ་ལ་རང་དབང་མེད་པ་ལ། ཡུལ་གྱིས་ཡིད་འཕྲོགས་ཤེས་སམ། སེམས་འཕྲོགས་ཞེས་བརྗོད་པ་དང་འདྲ་བར་ཐུགས་རྗེ་མངའ་བ་རྣམས་ཐུགས་རྗེས་སེམས་འཕྲོགས་ཏེ། རང་དབང་མེད་པར་གདུང་བ ་སྐྱེ་བ་ལ་ཐུགས་རྗེས་འཕྲོགས་པ་ཞེས་བྱའོ།། ཤིན་ཏུ་མ་སྦྱངས་པའི་དུས་ཀྱིས་མནར་བའི་སྐྱེ་བོ་ལྔ་བརྒྱ་ཐ་མ་ལ། གསུང་རབ་དྲི་མ་མེད་རྟོགས་དཀའ་ངག་ལ་སྒྲ་བཞིན་དཔྱོད་དང་ཚུལ་བཞིན་མེད།། ཤེས་རབ་ཀྱི་བློ་མ་སྦྱངས་པས་དུས ་ཀྱིས་མནར་ཏེ་ལྔ་བརྒྱ་ཐ་མ་ལ།། ཆོས་ཀྱི་དཔྱོད་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་གསུང་རབ་མ་ནོར་བ་དྲི་མ་མེད་པར་བསྟན་པའི་དོན་རྟོགས་པར་བཀའ་བའི་རྣམས་ལ་ཅི་སྐད་བསྟན་པའི་སྒྲ་བཞིན་དུ་དཔྱོད་ཅིང་འཛིན་གྱི།། དོན་གྱི་ཚུལ ་ཇི་ལྟ་བ་བཞིན་དུཔྱོད་པར་མི་བྱེད་དེ། དོན་ནི་མུན་ཁུང་ནས་གསེར་འདུག་པ་དང་འདྲ།། ཚིག་ནི་སྒྲོན་མ་དང་མཚུངས་ཏེ། ཚིག་ནི་སྒྲོན་མས་དོན་གྱི་གསེར་བཙལ་བ་ཡིན་གྱིས་ཀྱང་།། ཇི་ལྟར་སྒྲོན་མ་དེ་གསོར་མ་ཡིན་པ་བཞིན་དུ་ཚིག་ནི ་དོན་མ་ཡིན་པར་ཤེས་ཏེ།། ཚིག་ལ་དོན་གྱི་ངོ་བོར་བཟུང་བ་དང་། རང་གི་བློ་སྟོབས་བཞིན་འཇུག་པ་ལ་སོགས་པ་ལྟ་བ་སྣ་ཚོགས་དག། མི་ཤེས་ཆུ་བོས་གཡེངས་ཤིང་གསུང་གི་ཉིད་སྐུ་བདུད་རྩི་རྣལ་འབྱོར་བྲལ།། རང་གི་འཁྲུལ་པའི ་བློ་གྲོས་ཀྱི་སྟོབས་ཀྱི་རང་དོན་དཔྱོད་པ་ལ་འཇུག་པ་རྣམས་ཀྱིས་ཕྱིན་ཅི་ལོག་གི་ལྟ་བ་སྣ་ཚོགས་བཟུང་བ་ནི་མི་ཤེས་པའི་ལྕི་བའི་ཆུ་བོས་གཡེངས་ཏེ་ཁྱེར་བས་དེ་བཞིན་གཤེགས་པས་ངེས་པའི་དོན་དུ་གསུངས་པའི་གསུང་རབ་བདུད་རྩི་དང ་འདྲ་བ་ལ་མ་ནོར་བར་རྣལ་འབྱོར་དུ་སྦྱོར་ཞིང་བསྒོམ་པ་དང་བྲལ་བ་ཡིནོ།། དོན་བཅུ་གཉིས་པ། དགེ་བའི་རྩ་བ་བསྔོ་བ་ནི། དེའི་ཕྱིར་རྒྱལ་བས་གསུངས་པའི་ལམ་མཆོག་ཐུགས་ཀྱི་གསང་བ་དམ་པ་འདི།། ཀུན་ཏུ ་རྒྱལ་བ་རྣམས་ཀྱི་སྤྱོད་ཡུལ་ཐུན་མོང་མ་ཡིན་ཡང་།། སངས་རྒྱས་རྣམས་ཀྱིས་ཅི་ལྟར་མཁྱེན་པ་ལྟར།། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་ཀྱང་ཤེས་པ་མ་ཡིན་པས་ཐུན་མོང་མ་ཡིན་ཡང་། གོམས་པའི་མཐུ་ཡིས ་མི་འགལ་ཚུལ་དུ་ཚོད་མ་དག་ལྷ་རབ་བསྒྲུབས་ཏེ།། སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་གསབ་པ་ཡང་དག་པའི་དོན་ལ་སློབ་དཔོན་ཉིད་ཀྱི་ཡུན་རིང་དུ་གོམས་པར་བྱ་སྟེ། བསྒོམས་པའི་མཐུ་དང་ལུང་དང་མན་ངག་གི་ཚད་མ་དག་གིས་གཏན ་ལ་ཕབ་སྟེ།། འགྲོ་བའི་དོན་དུ་མི་གཉིས་ལམ་མཆོག་འདི་ནི་རབ་བགྱིས་པས།། སྐྱེ་བོས་སྐྱེ་གནས་ཐམས་ཅད་དུ་ཡང་སྐད་ཅིག་ཏུ།། མི་མཐུན་ཕྱོགས་ཀྱིས་མི་ཉམས་རྒྱལ་བ་ཀུན་གྱི་ཐུགས་འདིར་རབ་རྒྱས་ཤོག། འགྲོ་བའི་དོན་དུ ་གཉིསུ་མེད་པ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་གཤེགས་པ་ཤུལ། ལམ་གྱི་མཆོག་འདི་མདོར་བསྟན་ཅིང་བགྱིས་པས། སེམས་ཅན་ཐམས་ཅད་ཀྱིས་དུས་དང་གནས་སྐབས་ཐམས་ཅད་དུ་མི་མཐུན་པའི་ཕྱོགས་ཐམས་ཅད ་ཀྱིས་ཡང་དག་པའི་བསམ་པ་མི་ཉམས་ཤིང་། སངས་རྒྱས་ཐམས་ཅད་ཀྱི་ཐུག་སུ་ཆུང་བའི་དོན་གྱི་སྙིང་པོ་འདི། སེམས་ཅན་ཐམས་ཅད་ཀྱིས་རྟོགས་ཤིང་རྒྱས་པར་ཤོག་ཅིག་ཅེས་བསྔོ་བ་ཡིན་ནོ།། བྱམས་པའི ་ཞལ་བཟངས་མངོན་དུ་མ་ནམོང་ཡང་།། གས་རྗེ་མན་ངག་བརྒྱུད་པའི་བསེར་བུ་ཡིས།། འཁྲུལ་གདོང་གཏིང་ནས་བདག་བློ་ཟེར་བསྐྱོད་པ།། འཇམ་དཔལ་འཇམ་དཔལ་བཤེས་གཉེན་བཅས་ལ་འདུད།། ལོང་བ་ལ་ཡང ་དམིགསུ་ཚོལ།། མི་མཐོང་བཞིན་དུའང་མཚོན་པར་སྩོལ།། མཐུ་ཆུང་ནན་ལ་བཏབ་པ་བཞིན།། རང་དབང་མེད་པར་བརྩལ་བྱས་པ།། གང་ཡང་འདི་ལ་བརྟེན་པར་མི་བྱེད་དེས་ན་སྒྲིབ་པ་ཉིད་དུའང་མི་འགྱུར་གྲང་འོན་ཀྱང་རྒྱུ ་མེད་ཕན་པའི་སེམས་ཀྱིས་མི་ཤེས་སྐྱོན་ཡང་དང་ཡང་དུ་བླངས་ནས་སུ།། ལེགས་འདོད་ཕན་སེམས་ཙམ་གྱིས་སྩོལ་བའི་དོན་ངོར་བྱས་པ་ལྟར་ཡང་བརྩམས་པ་ཡིན།། འགྲོ་བ་ཀུན་ཀྱང་གཞན་དོན་སེམས་ཤིང་དོན་ཡོད་མྱུར་དུ ་མཐུ་དང་ལྡན་པར་ཤོག། བྱང་ཆུབ་ཀྱི་སེམས་བསྒོམས་པ་དོན་བཅུ་གཉིས་བསྟན་པ་ལུང་གི་རྗེསུ་འབྲངས་པའི་སིདྡྷ་གླིང་གཽ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་ཚིགས་བཅད་བནི་བཅུ་པ ་རྫོགས་སོ།། ། བཀྲ་ཤིས།། ་