CLOSE WINDOW

GT1408: ngan song sbyong ba 'gro ba rigs drug gi cho ga
Wyliee-texts produced with BDRC’s OCR application

འཇམ་དཔལ་བ་ཤེས་གཉེན་གྱིས་མཛད་པའི་འཇམ་དཔལ་གྱི་རོ་མ་སྲེག་གི་ཆོ་ག། རྒྱ་གར་གྱི་མཁན་པོ་སུ་བཛྲ་དང་། བོད་ཀྱི་ལོ་ཙ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའོ།། རྫོགས་སོ།། འཕགས་པ ་འཇམ་དཔལ་ལ་ཕྱག་འཚལ་ལོ།། ངན་སོང་སྦྱོང་བ་འགྲོ་བ་རིགས་དྲུག་གི་ཆོ་ག། ངན་སོང་ཐམས་ཅད་རྣམ་སྟོང་བ།། ཚེ་འདས་ལས་སུ་བྱ་བ་ནི།། འགྲོ་དྲུག་སོ་སོ་འི་མཎྜ་བྲི།། དྲི་མ་མཎྜལ་སྟེང་དུ་བཞག། ལན་ཆགས ་གཏོར་མ་ཆ་གཅིག་བཤམ།། དཀྱིལ་འཁོར་ཆོ་ག་ཀུན་ཟིན་ནས།། གཏོར་མ་ཆ་གསུམ་བཏང་བར་བྱ།། དེ་ནས་ཚེ་ལས་འདས་པ་ཡང་།། འགྲོ་བ་རིགས་དྲུག་དག་ནས་དགུག། དྲི་མ་དག་ལ་བསྟིམ་པར་བྱ།། ཧཱུཾ་བལྟོས ་བལྟོས་ཤིག་རིགས་ཀྱི་བུ།། ལས་ཀྱི་དབང་གིས་ཚེ་འདས་ཏེ།། འགྲོ་དྲུག་ཀུན་ཏུ་འཁྱམས་པ་ལ།། ལས་དང་ཐུགས་རྗེའི་དམ་ཚིག་གིས།། ཡེ་ཤེས་ལྕགས་ཀྱུས་དྲང་ཞིང་དགུག། ཨ་ནེ་སུ་དུ་པྲེ་ཛ ་ཨ་གྷ་ཤ་ཛཿཛཿཞེས་བརྗོད་པས། ཚེ་ལས་འདས་པའི་ཤེས་པ་དེ་འགྲོ་བ་རིགས་དྲུག་གང་ན་གནས་ཀྱང་ལྕགས་ཀྱུའི་ཕྱག་རྒྱས་རབ་ཏུ་བཀུག་ལ་དྲི་མ་དང་མཚན་ལ་བསྟིམས་ལ་དངོས་སུ་གནས་པར་བསམ་མོ།། དེ་ནས ་སྡིག་སྒྲིབ་ཐམས་ཅད་དྲལ་ཏེ།། ཧཱུཾ་སྟོང་གསུམ་མུན་གནག་འཁྱམས་པ་ལ།། འཇམ་དཔལ་ཤེས་རབ་རྣོན་པོ་ཡིས།། ལོག་རྟོག་རྒྱུན་གཅོད་རལ་གྲི་འདིས།། ཏིང་འཛིན་ཤུགས་ལྡན་ཕྱག་རྒྱ་དྲལ།། ཨོཾ་མཉྫུ་ཤྲཱི ་མུ་ཀ་ཐཱ་ཏ་ཀ་ཏྲ་ཐ་ཕཊ་ཅེས་པས་སྡིག་པ་ཐམས་ཅད་བཅད་པར་བས་མོ།། དེ་ནས་ལས་དང་ཉོན་མོངས་པའི་བག་ཆགས་ཐམས་ཅད་བཀྲུ་སྟེ། ཧཱུཾ་གསུམ་རིགས་གཙང་མ་དག་པ་སྟེ།། འཛོམ་དཔལ་ཡེ་ཤེས་ཆུ་རྒྱུན ་གྱིས།། ཚེ་འདས་ཁྱོད་ལ་ཁྲུས་བྱས་པས།། ཉོན་མོངས་བག་ཆགས་དག་གྱུར་ཅིག། ཅེས་ཕྲེང་སྔགས་ཀྱིས་ཁྲུས་བྱའོ།། དེ་ནས་བར་འདིར་བཅུ་གཅིག་རྣམ་པར་དག་པས་ཚོགས་བསགས་པར་བྱའོ།། དེ ་ནས་མེ་ཏོག་དོར་བ་ནི།། འོདི་ནི་རྡོ་རྗེའི་དོམ་ཚིག་སྟེ།། འཇམ་དཔལ་རྡོ་རྗེ་ཡིན་པར་གྲགས།། རྡོ་རྗེ་ཡེ་ཤེས་བླ་མེད་འདི།། དེ་རིང་ཉིད་དུ་འབབ་པར་ཤོག། ཨོཾ་བཛྲ་པྲ་ཏཱིཙྪ་ཧོ། ཞེས་མེ་ཏོག་དོར་བར་བྱའོ།། དེ་ནས ་མིག་དབྱེ་བ་ནི།། འཇམ་དཔལ་རྡོ་རྗེ་དང་ཁྱོད་ཀྱིས།། མིག་དབྱེ་བར་ནི་བརྩོན་པར་མཛོད།། རྡོ་རྗེའི་མིག་ནི་བླ་ན་མེད།། ང་ལྟ་ཉིད་དུ་ཕྱེད་པར་ཤོག། ཧེ་བཛྲ་པ་ཤྱ་ཧཱུཾ་ཞེས་དབྱེའོ།། དེ་ནས་དཀྱིལ་འཁོར་ལ་བསྐོར་བ ་བྱསྱཱ་ལ། ཕྱག་འཚལ་ལོ།། དེ་ནས་རིགས་པའི་དབང་ལྔ་བསྐུར་ཏེ། ཧཱུཾ་རྣམ་ཤེས་ཕུང་པོ་རྣམ་དག་པའི།། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས།། ཞེ་སྡང་རྣམ་དག་མི་བསྐྱོང་བའོ།། བུམ་པའི་ཆུ་ཡིས་དབང་བསྐུར་རོ།། ་ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ།། ཚོར་བའི་ཕུང་པོ་རྣམ་དག་པའི།། མཉམ་པ་ཉིད་ཀྱཻ་ཡེ་ཤེས་ཀྱིས།། ང་རྒྱལ་རིན་ཆེན་འབྱུང་ལྡན་གྱིས།། དབུ་བརྒྱ་ནི་ཅོད་པན་དབང་བསྐུརོ།། ཨོཾ་བཛྲ་མུ་ཀུ་ཊ་རཏྣ་ཏྲཾ། འདུ་བྱེད ་ཕུང་པོ་རྣམ་དག་པའི།། བྱ་བ་ནན་ཏན་ཡེ་ཤེས་ཀྱིས།། ཕྲག་དོག་དོན་ཡོད་གྲུབ་པ་ཡི།། རྡོ་རྗེ་ཡི་ནཾ་དབང་བསྐུར་རོ།། ཨོཾ་བཛྲ་ཀརྨྨ་བོ་ཚ་ན་བཛྲ་བཛྲ་ཧཱུཾ། འདུ་ཤིས་ཕུང་པོ་རྣམ་དག་པའི།། སོ་སོར་རྟོགས་པའི ་ཡེ་ཤེས་ཀྱིས།། འདོད་ཆགས་སྣང་བ་མཐའ་ཡས་ཀྱིས།། ཤེས་རབ་དྲིལ་བུས་དབང་བསྐུར་རོ།། ཨོཾ་བཛྲ་ཨ་ཧཱུཾ་ཨཿགཟུགས་ཀྱི་ཕུང་པོ་རྣམ་དག་པའི།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས།། གཏི་མུག་རྣམ ་པར་སྣང་མཛད་ཀྱིས།། དཔལ་ལྡན་མིག་གི་དབང་བསྐུར་རོ།། ཨོཾ་བཛྲ་ཨ་བྷི་ཥེ་ཀ་ཧཱུཾ། དེ་ནས་ལན་ཆགས་ཀྱིས་གཏོར་མ་བཏང་ལ་ལམ་བསྟན་ཅིང་སྨོན་ལམ་གདབ་པ་ནི། ཧེ་རིགས་ཀྱི་བུ་རྡོ་རྗེ་ཆེ་གེ་མོ་ཁྱོད།། སྐྱེ་བ ་གར་སྐྱེས་གར་གནས་ཀྱང་།། ཅིས་ཀྱང་འཕོ་བ་མེད་པ་ཡིས།། འདོད་པའི་ཡོན་ཏན་རྣམ་ལྔ་ལ།། ལོངས་སྤྱོད་པ་ཡི་སྐལ་ལྡན་ནས།། རྡོ་རྗེ་འཆང་གྲལ་འཁོར་གྱུར་ཅིག། སྐྱེས་གནས་གཞན་གྱིས་བྱུང་། ་དུ་མ་ཆོད་པར།། གསང་སྔགས་རྡོ་རྗེའི་ཐེག་པ་སྟོན་པ་ཡིས།། དགེ་བའི་བཤེས་གཉེན་དམ་པ་དང་ཕྲད་ནས།། དེས་བསྟེན་པ་ཡི་གསང་སྔགས་མ་ནོར་བར།། རྟོགས་ནས་ཡང་དག་པར་ནི་སངས་རྒྱས་ཏེ།། སེམས་ཅན་ཐམས་ཅད་འཁོར ་བའི་རྒྱ་མཚོ་ལས།། སྒྲོལ་བའི་དེད་དཔོན་ཆེན་པོ་བྱེད་གྱུར་ཅིག་ཅེས་བརྗོད་ལ། ལམ་བསྟེན་ཅིང་སྨོན་ལམ་གང་བ་པར་བྱའོ།། ཚེ་ལས་འདས་པའི་སྒྲིབ་པ་སྟོང་པའི་ཆོ་ག། འགྲོ་བ་རིགས་དྲུག་ནས་གདོན་པ་དང་། ་དཀྱིལ་འཁོར་དྲུག་ཏུ་གཞུག་ཅིང་དབང་བསྐུར་བ་དང་། ལམ་བསྟན་ཅིང་སྨོན་ལམ་གདབ་པ། སློབ་དཔོན་འཇམ་དཔལ་བ་ཤེས་གཉེན་གྱིས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི ་མཁན་པོ་བད་མཆིས་ཀྱི་ཤེས་མམ་ཐོས་བགྱིར་ཅིང་ས་ཏེ། གཏན་པ་བས་ཤིག། དགག། སརྦ་མ་རྣལ ་