CLOSE WINDOW

GT1407: 'phags pa 'jam dpal gyi mtshan yang dag par brjod pa'i sdig pa sbyong ba'i sbyin sreg gyi cho ga zhes bya ba
Wyliee-texts produced with BDRC’s OCR application

དང་། བོད་ཀྱི་ལོ་བ་ཆོས་ཀྱི་ཤེས་རབ་ཀྱི་བསྒྱུར་བའོ་རྫོགསོ།། ། རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏིའི་དྷི་ཧོ་མ་པཱ་པཾ་ཤོ་དྷ་ཡ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྡིག་པ ་སྦྱོང་བའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། མི་ཤེས་དྲི་མ་སེལ་མཛད་ཅིང་།། ཤེས་རབ་ཡེ་ཤེས་སྤྱན་འབྱེད་པའི།། འཇམ་དབྱངས་དེ་ལ་ཕྱག་འཚལ་ནས།། སེམས་ཅན ་ངན་སོང་རྣམ་སྦྱོང་བའི།། ཆོ་ག་ཚ་འདས་ལ་ཕན་པ།། གཞན་གྱི་དོན་དུ་བཤད་པར་བྱ།། དེ་ལ་འདིར་གཟའ་དང་སྐར་མ་བཟང་པོ་བཀྲ་ཤིས་པའི་ཉི་མ་ལ་ཚུལ་དང་མཐུན་པའི་དཀྱིལ་འཁོར་དང་འབྲེལ་པ་འམ་མ་འབྲེལ་ཀྱང་རུང་སྟེ། ཕྱོགས ་དང་མཐུན་པའི་གནས་བཟང་པོར་ས་བསླང་བ་ལ་སོགས་པ་སྔོན་དུ་འགྲོ་བས་སའི་རྒྱར་ཁྲུ་བཅུ་དྲུག་པ་ལ་གྲུ་བཞིར་བྱས་ཏེ། དབུས་སུ་དེའི་ཕྱེད་ཀྱི་ཚད་ཀྱི་ཟླུམ་པོར་བསྐོར་ལ་ཁྲུ་གང་གྱེན་དུ་མཐོང་བ་དང་། དེའི་ཁ་ཁྱེར་ཡང་དེའི་ཚད་དུ་བྱས་ལ ་དེ་ནས་ནང་དུ་ཁྲུ་ཕྱེད་ཀྱི་བར་དུ་ཟབསུ་རྒྱར་ཆུད་པར་བྱས་ལ་ནང་གི་ཟབསུ་ཡང་ཁྲུ་གང་ཐབ་ཁུང་བྱའོ།། དེ་ལ་རྡོ་རྗེ་དཀར་པོ་དང་། འཁོར་ལོ་དཀར་པོ་དང་། རྡོ་རྗེ་སྔོན་པོ་དང་། རིན་པོ་ཆེ་སེར་པོ་དང་། པདྨ་དམར་པོ་དང་། རྒྱ་གྲམ་ལྡང ་གུས་བསྐོར་བར་བྱའོ།། དེ་ལ་ཙན་དན་དང་རྒྱ་ཤུགས་ལ་སོགས་པ་དུག་གིས་རྒྱུ་ལས་མ་བྱུང་མ་སྐྱེས་པའི་ཤིང་སོགས་ཏེ། དེའི་ནང་གང་ཡིན་པ་དེར་སེམས་ཅན་ཚེ་འཕོས་པ་དེའི་གཟུགས་ཀྱི་ཕུང་པོ་ཁྲུས་བྱས་ལ་དྲིས་བསྒོས་ཏེ། རྒྱན ་བཏགས་ལ་སྐྱིལ་མོ་ཀྲུང་གི་ཚུལ་དུ་ཁ་ནུབ་ཀྱི་ཕྱོགས་པར་བཞག་ལ། སྟེང་ཕྱོགས་མཚམསུ་ཀུ་ཤ་ལ་སོགས་པ་བཞག། དེ་ནས་གཡོན་དུ་བསང་ཆུ་དང་། མཆོད་ཡོན་གཞག་ལ་ཅིང་མཆོད་པ་ལྔ་བཀྲམ་ནས། མདུན་དུ་ཡམ་ཤིང་དང་། ་ཏིལ་དང་ཡུངས་ཀར་དང་། མར་དང་འོ་མ་དང་། འབྲས་ཆན་དང་། ཀུ་ཤ་དང་དུར་བ་དང་། གྲོ་དང་མ་ཤ་དང་། སོ་བ་དང་། སྲན་མ་དང་། བིལ་བ་དང་། སྟག་གེ་དང་། ཛཱ་ཏི་དང་། འབྲས་བུ་གསུམ་པ་དང་། ཨུ་དུམ་པ་ར ་ཤིང་དང་། ནགས་ཀྱི་ལྕགས་མ་རླན་དང་བཅས་པ་དང་། འབྲས་མ་གྲུགས་པ་དང་། སྤང་སྤོས་དང་། མངར་གསུམ་དང་། ཟས་ཀྱི་རྣམ་པ་སྲོག་ཆགས་ལས་མ་བྱུང་བ་དང་། མཆོག་ཏུ་དྲི་དང་བཅས་པའི་སྲེག་རྫས་རྣམས་ནི་ཀུ་ཤ ་གཅལ་དུ་བཀྲམ་པའི་སྟེང་དུ་ཤིང་ལོས་བཟང་པོ་འམ་རས་སར་པའི་སྟེང་དུ་གཞག། མདུན་དུ་དགང་གཟར་བླུགས་གཟར་བཞག། དེ་ལྟར་རྫས་རྣམས་ཚོགས་པར་བྱས་ལ། བདག་རྡོ་རྗེ་སློབ་དཔོན་གྱི་རྒྱན་རྣམས་མགོ་སྟེ། རྡོ་རྗེ ་དྲིལ་བུ་བཟུང་ལ་མ་རུངས་པ་འདུལ་བའི་རྒྱལ་པོ་གཤིན་རྗེ་གཤེད་པོ་དྲན་པའི་བྱིན་རླབས་ཀྱིས་ལོག་འདྲེན་གྱི་ཚོགས་གང་ཡིན་པ་དེ་རྣམས་ཕམ་པར་བྱས་ནས་ཅིས་ཀྱང་མི་ཚུགས་པའི་གུར་དུ་བས་མོ།། དེ་ནས་སྡིག་པ་བྱུང་ཞིང་དགེ ་པ་ལ་འདུན་པ་བཟང་པོ་བསྐྱེད་དེ། སྐལ་པ་དང་ལྡན་པར་བྱ་བའི་ཕྱིར་ངེས་པར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ།། དེའི་རྗེས་ལ་བདག་ཉིད་ཤིན་ཏུ་སྦྱངས་པ་དང་ལྡན་པ་སྒྱུ་འཕྲུལ་དྲ་བ་མངོན་པར་བྱང་ཆུབ་པའི་སྙིང་རྗེ་ཆེན་པོ་ལ ་སྙོམས་པར་ཞུགས་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་མངོན་པར་སྤྲུལ་ནས་སེམས་ཅན་ཐམས་ཅད་ཀྱི་ངན་སོང་ཡོངས་སུ་སྦྱང་བར་བྱའོ།། དེ་ནས་འབྱུང་བ་བཞི་ལས་ངེས་པར་བྱུང་བའི་དཀྱིལ་འཁོར་བརྩེག་གོ། གཟུགས་ཀྱི་ཁོག ་པ་གང་ཡིན་པ་ལས་ངེས་པར་བྱུང་བའི་མེ་ཐུབ་ཀྱི་འཁོར་ལོ།། དེའི་ནང་དུ་མེའི་དཀྱིལ་འཁོར་ཟུར་གསུམ་པ་དབུས་སུ་རཾ་གྱིས་མཚན་ཅིང་ཟུར་གསུམ་པ་ཁམས་གསུམ་གྱི་ལས་དང་ཉོན་མོངས་པ་ཞལ་དུ་གསོལ་བའི ་རྟགས་ཨོཾ་ཨཱཿཧཱུཾ་ཡིད་ཀྱི་བྲིས་ཏེ། བྲམ་ཟེ་ཤིན་ཏུ་སྦྱངས་པའི་ཁྱིམ་ནས་མེ་བླངས་ལ། བཛྲ་ཛྭ་ལ་རཾ་ཞེས་བརྗོད་ཅིང་རླུང་ཡབ་ཀྱིས་གཡབས་ཏེ། ཀུ་ཤ་ལ་མེ་སྦར་ནས་དེའི་བྱིན་རླབས་ཀྱིས་གོང་གི་ཡི་གེ་གང་ཡིན་པ་ལས་བསྐྱེད་པའི ་མ་ལྷའི་རྒྱལ་པོ་བྷ་བ་ཀ་དུང་དང་ཀུན་ད་ལྟ་བུ་བསྐྱེད་དེ། པདྨ་དང་ཟླ་བའི་གདན་ལ་ངེས་པར་རྫོགས་པ་དང་། ཞལ་གཅིག་ཕྱག་བཞི་ལ། གུན་དེ་དང་དབྱུག་པ་དང་བགྲང་ཕྲེང་དང་། མེ་ཐབས་སྣརུམས་པ་བསྒོམ།། དེ་ནས་སྔགས ་པས་མེ་ལྷ་བྷ་བ་ཀ་སྤྱན་དྲངས་ཏེ། ཨོཾ་ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ།། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག། བསྲེག་བླུགས་ཞལ་ཟས་འདི་བཞེས་ལ།། འབར་བའི་གདན་ལ་བཞུགསུ་གསོལ།། ཨོཾ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་རི ་ཥི་རཱ་ཛ་སཏྭ་མ་ཧཱ་ཀྲོ་དྷི་ཨཱཿཧཱུཾ། མ་ཧཱ་ཡཱ་མ་ན་ནཱི་ཧོ་ཏི་བྷ་བ་ཨོཾ། བྷ་བ་ཀ་ཨགྣ་ཡེ་སྭཱ་ཧཱ།། ཞེས་སྤྱན་དྲངས་ལ་མཆོད་ཡོན་དབུལ་བ་ནི།། ཨོཾ་བྷ་བ་ཀ་ཨགྣ་ཡེ་ག་ག་ན་ཡེ་སྭཱ་ཧཱ། ཞེས་བརྗོད་ལ། ཨོཾ་བྷ་བ་ཀ་ཨགྣི་ཛཿཧཱུཾ་བཾ་ཧོ ་ཞེས་བྱ་བས། དགུག་པ་དང་གཞུག་པ་དང་། བཅིང་བ་དང་དབང་དུ་བྱ་བ་དང་། དམ་ཚིག་གི་ཕྱག་རྒྱ་བསྟན་ཅིང་།། ཨོཾ་བཛྲ་ཨགྣ་ཡེ་མ་ཧཱ་བྷཱུ་ཏ་ཛྭ་ལ་སརྦ་བྷིསྨིཾ་ཀུ་རུ་སརྦ་དུཥྚིཾ་ཀྲོ་དྷ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ། ཨཱཿཧཱུཾ་ཞེས་བརྗོད་པས ་ཕྱག་རྒྱ་བཞིས་རྒྱས་བཏབ་ཅིང་། དེ་ལ་དབང་བསྐུར་སྦྱིན་ནོ།། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཨོཾ་བྷ་བ་ཀ་བཛྲ་ཨགྣ་ཡེ་བཛྲ་པུཥྤཾ་ཞེས་བྱ་བ་ལ་སོགས་པས་མཆོད་པ་ལྔ་དང་། མཆོད་ཡོན་དབུལ་བར་བྱའོ།། དེ་ནས་ཐོག་མར་མེའི་གཟི ་བརྗིད་བསྐྱེད་པའི་ཕྱིར་མར་གྱི་དགང་བླུགས་བདུན་ནམ་ལྔ་དབུལོ།། ཨོཾ་བཛྲ་པ་ན་ཡོ་མ་ཧཱ་བྷཱུ་ཏ་སརྦ་བྷསྨི་ཀུ་རུ་སརྦ་དུ་ཥྛ་ན་ཧཱུཾ་ཕཊ་ཅེས་བརྗོད་ལ་མེ་ཏོག་ལེགས་པར་བཏགས་ཏེ། དཀར་སེར་འཁྱིལ་ཞིང་འབར་བ་དང་།། མ་ཆད་མ་བྱེ་མི་འཕྲོ་དང་།། ་སྒྲ་དང་ངུ་བ་ཀུན་ཏུ་སྤངས།། འཇམ་ལ་རྣོ་ཞིང་གསལ་ལ་བཟང་།། གནག་ཅིང་རྩུབ་པ་ངན་པ་དང་།། ཆད་པའི་འུར་འུར་མེ་སྟག་འཕྲོ།། མི་གསལ་མི་འབར་དུ་བས་འཁྲིགས།། ངན་དེ་ཆད་ཆང་ཞི་བར་བྱས་ལ།། དེ་ནས་ཡམ་ཤིང་དབུལ་ཏེ། ཨོཾ་བཛྲ། ་ཨེ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་སརྦ་བྷསྨི་ཀུ་རུ་སརྦ་དུཥྚཱན། བྷ་བ་ཀ་ཨགྣ་ཡེ། བཛྲ་མ་ཏ་ཡེ་སྭཱ་ཧཱ། ཡཾ་ཤིང་གིའོ།། དེ་བཞིན་དུ་ཀུན་ལ་སྣར་བར་བྱའོ།། ཚེ་འདས་པ་ཆེ་གེ་མོ་སརྦ་པཱ་པཾ་ད་ཧ་ན་ཡ་སྭཱ་ཧཱ་ཏཱིལ་གྱིའོ།། ཚེ་ལས་འདས་པ་ཆེ་གེ་མོ་སརྦྦ་པཱ་པཾ ་ཛྭ་ལ་རཾ་སྭཱ་ཧཱ། ཡུངས་ཀར་གྱིའོ།། མར་དང་འི་མ་དང་། ཞོ་དང་ཞུ་བའི་རྫས་རྣམས་ནི་མེ་ཉིད་ཀྱི་སྔགས་ཀྱིསོ།། སརྦ་སཾ་པ་ད་སྭཱ་ཧཱ།། འབྲས་ཆན་གྱིའོ།། ཨ་ཡུཿཥེ་སྭཱ་ཧཱ། ཨོཾ་ཨ་པྲ་ཏི་ཧེ་ཏ་ཡེ་སྭཱ་ཧཱ། ཀུ་ཤ་ངུར་པ་མྱུ་གུའིའོ།། ཨོཾ་མ་ཧཱ་བེ ་ག་ཡེ་སྭཱ་ཧཱ། ནས་ཀྱིའོ།། ཨོཾ་བཛྲ་ཀརྨྨ་ཧྲི་ཡེ་སྭཱ་ཧཱ། གྲོའིའོ།། ཨོཾ་བཛྲ་བི་ཛ་ཡེ་སྭཱ་ཧཱ། སོ་བའི་འོ།། ཨོཾ་མ་ཧཱ་བ་ལ་ཡེ་སྭཱ་ཧཱ། སྲན་མའིའོ།། ཨོཾ་བཛྲ་མུ་ཏ་ཡེ་སྭཱ་ཧཱ། སྲན་མ་མ་ཤའིའོ།། ཨོཾ་སརྦ་པུཥྚ་ཡ་སྭཱ་ཧཱ། འབྲས་སོ་བའི་འོ།། ་ཨོཾ་མ་ཧཱ་ཤོ་བ་ཡེ་སྭཱ་ཧཱ། འོལ་བ་དང་། སྟར་ག་དང་། སྨན་ཐམས་ཅད་ཀྱིའོ།། ཡཾ་ཤིང་མེ་འོང་ལའོ།། མར་ཁུ་ཞལ་དུའོ།། འབྲུའི་རྣམ་པ་དང་སྨན་གྱི་རྣམ་པ་ཞལ་དུའོ།། ཀུ་ཤཱ་དང་དཱུར་བ་དབུའི་གཙུག་ཏོར་དུའོ།། མཆོད་པ ་ལྔའི་ཚུལ་ཇི་ལྟ་བ་བཞིན་དུའོ།། གནས་གང་དང་གང་ཡིན་པ་དེར་དབུལོ།། ཐ་མ་ཡང་མཆོད་པ་ལྔ་ཕུལ་ནས་བསྟོད་པས་བསྟོད་ཏེ། ཧཱུཾ་འཇིག་རྟེན་དབང་ཕྱུག་ཚངས་པ་མགོན་གྱི་སྲས།། མེ་ལྷའི་རྒྱལ་པོ་ཡོངས་ཀྱི་དབང་བསྐུར་བས།། ཤེས ་རབ་མེ་ཡིས་ཉོན་མོངས་ཐམས་ཅད་བསྲེག། འཇིགས་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད་ཅེས་བསྟོད་།། དེ་ནས་འདོད་པའི་དོན་བསྒྲུབ་པ་ནི།། ལྷའི་རྒྱལ་པོ་དྲང་སྲོང་ཁྱོད།། བྱོན་པ་ལེགས་ཀྱིས་དོན་སྒྲུབས་ཤིག། སྦྱིན་སྲེག་ལས་ཀྱི་དངོས་གྲུབ། ་སྩལ། མངོན་པར་ཕྱོགས་པ་དེ་སྲིདདུ།། ཇི་སྲིད་དགོ་དྲ་བ་མ་དོ་ནས་ཀྱང་།། ཇི་སྲིད་དགོངས་པ་མཛདུ་གསོལ།། ཞེས་བརྗོད་ལ་མེ་འབར་བའི་ནང་དུ་པདྨ་དཽང་ཉི་མའི་སྟེང་ན་ཚེ་འདས་པའི་དབང་པོ་ཤིན་ཏུ་གསལ་བ་ཉིག་ཏུ་བསམས་ཏེ། རང་གི་གནས་ལ་གནས་པའི ་རྣལ་འབྱོར་པས་སྙིང་གའི་འོད་ཟེར་གྱི་ཚེ་འདས་པའི་ཤེས་པ་བསྟིམ་ཞིང་ཛཿཧཱུཾ་བཾ་ཧོ། ཞེས་པའི་སྔགས་བརྗོད་ལ་རིགས་དྲུག་གི་གནས་ནས་རྣམ་པར་ཤེས་པ་རླུང་དང་འཁྱམས་པ་དེ་སྙིང་གའི་ཨ་ཐུང་ངུ་ལ་ངེས་པར་བཅུག་ནས། ཨོཾ་ཨ་ཨ ་སརྦ་ཏ་ཐཱ་ག་ཏ་ཞེས་པ་དང་། ཨོཾ་སརྦ་ན་ར་ག་ཏེ་ཧ་ཏུ་ཧཱུཾ་ཕཊ། ཨོཾ་སརྦ་པྲེ་ཏ་ག་ཏེ་ཧི་ཏ་ཧཱུ~ཾ་དན་མ~ཾ་ལན་ཏིང་ལ་ག་ཏི་ཧེ་དྱ་ཧཱུཾ་ཕཊ། ཨོཾ་ཕརྦ་པཱ་པཾ་ད་ཧ་ན་པ་ཙ་ག་ཏེ་ཧེ་ཏུ་ཧཱུཾ་ཕཊ་ཏྲ་ཏ་ཞེས་བརྗོད་ལ། ཚོགས་བསག་པའི་ཐབས་ལ་མོས་པ་བསྐྱེད་པར་བསམས་ལ ་སེམས་བསྐྱེད་དེ། དེའི་སྙིང་གཱར་ཟླ་བ་ལ་རྡོ་རྗེ་བསམས་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཚེ་འདས་པ་དེའི་ལས་དང་ཉོན་མོངས་པ་རྣམ་པར་སྨིན་པ་ཐམས་ཅད་བུམ་པའི་ཆུས་བཀྲུ་བར་བྱ་སྟེ། ཨོཾ་ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཞེས་བྱ་བས་འཇམ ་དཔལ་ཡེ་ཤཾས་སེམས་དཔའི་སྐུ་འཕྲེང་སྔགས་དང་། སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨ་ཧ་ཏེ་བྷྱ། སམྱཀྶཾ་བུདྡྷ་ཡ་བྷྱཿཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནཾ། སརྦ་པ་པཱཾ་བི་ཤོ་དྷ་ན། ཤུདྡྷེ་བྷི་ཤུདྡྷ། སརྦ་ཀརྨྨ་ཨཱ་བ་ར ་ཎ་བི་ཤུདྡྷེ་སྭཱ་ཧཱ། ཞེས་བྱ་བས་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་བཀྲུའོ།། དག་པར་བསམས་ལ་དེའི་གཟུགས་ཀྱི་ཕུང་པོ་དེ་ཡང་སྟོང་ཞིང་བདག་མེད་པར་བསམ་མོ།། དེའི་ཤེས་པ་ཨ་དཀར་པོར་གནས་པར་བསམས་ལ། དེ་ལ་དཀྱིལ ་འཁོར་རྣམས་སྤྲུལ་པར་བྱའོ།། དེ་ནས་ཡེ་ཤེས་འཁོར་ལོ་བར་སྣང་ལ་བསྡུས་ཏེ། ཡང་དག་པར་བལྟས་ཏེ་མཆོད་ནས་དམ་ཚིག་གི་འཁོར་ལོ་ལ་གཞུག་ཅིང་མཉེས་པར་བྱས་ནས་དབང་བསྐུར་ཞིང་མི་འདའ་བའི་རྒྱས་གདབ་པར་བྱའོ།། དེའི་དེ ་མ་ཐག་ཏུ་དགང་བླུགས་བདུན་ནམ་གསུམ་ཕུལ་ལ་ཡམ་ཤིང་སྔོན་དུ་འགྲོ་བས་ཇི་སྐད་གསུངས་པ་བཞིན་སྲེག་རྫས་རྣམས་དབུལ་བར་བྱའོ།། དེའི་རྗེས་ལ་སྔར་གྱི་ལྷ་གང་ཡིན་པ་དེའི་སྙིང་གར་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་གནས་པར ་བྱས་ལ་ཐུན་མོང་དྲི་སྲེག་རྫས་རྣམས་ཀྱིས་མཆོད་པར་བྱས་ལ། ཨོཾ་བཛྲ་ཨ་ན་ཡཾ། མ་ཧཱ་བྷ་ཏ་ཛྭ་ལ་སརྦ་བྷིསྨིཾ་ཀུ་རུ། སརྦ་དུབྷྱོན་ཧཱུ~ཾ་ཕཊ་ཨོཾ་བྷ་བ་ཀ་ཨགྣ་ཡེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཧ་ར་ཧ་ར་ཨོཾ་ཧཱུཾ་ཧྲི། བྷ་ག་བཱན་ཛྙཱ་ན་མུར ་བཱ་གྣི་ཤྭ་ར་མ་ཧཱ་བ་ཙ་སརྦ་དྷཱརྨྨ་ག་ག་ན་ཨ་མ་ལ་སུ་པ་རཱི་ཤུདྡྷེ་དྷརྨྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿཚེ་ལས་འདས་པ་ཆེ་གེ་མོའི་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ།། ཞེས་བྱ་བ་ལ་སོགས་པས་དབུལ།། མཐར་ཡང་དགང་བླུགས་ཕུལ ་ལ་ཡང་དག་པར་མཆོད་ནས་བསྟོད་པར་བྱའོ།། དེ་ནས་འདི་སྐད་ཅེས་བརྗོད། བདེ་བར་གཤེགས་པ་ཐམས་ཅད་ཀྱི།། བསྟན་པའི་གཙོ་ལ་མངའ་མཛད་པས།། འཁོར་བའི་རྒྱ་མཚོར་བྱིང་བ་ཡི།། སེམས་ཅན་ངན་སོང་སྦྱོང་མཛད་པ།། བདེ་བར ་གཤེགས་ལ་ཕྱག་འཚལ་བསྟོད།། ཅེས་བརྗོད་ལ། ཡེ་ཤེས་འཁོར་ལོ་གཤེགསུ་གསོལ་བར་བྱའོ།། དམ་ཚིག་རྣམས་གཙོ་བོ་ལ་བསྡུ་ཞིང་གཙོ་བོ་ཉིད་ཀྱང་ཨའི་མཐར་ཐུག་པ་ལ་བསྡུ་སྟེ། རང་གི་ཤེས་པ་ཨའི་རྣམ་པ་དེ་ཆོས་ཀྱི་ཟ་མ་ཏོག ་གི་ནང་དུ་བཞག་སྟེ། ཡེ་ཤེས་ཚན་པོ་བཞིའི་ཤིང་རྟའི་ཁར་བཞག་ལ་རྣམ་སྣང་ཆེན་པོའི་ཡེ་ཤེས་ཀྱི་འོད་ཟེར་རླུང་ལྟ་བུས་བསྐྱོད་དེ། འོག་མིན་གྱི་གནས་སུ་རིགས་ངེས་པའི་སངས་རྒྱ་སུ་བྱས་ལ་གཞག། དེའི་རྗེས་ལ་སྲེག་རྫས་ལྷག་མས་མེ ་ལྷ་ཉིད་མཆོད་ལ་བསྟོད་པ་བྱས་ཏེ། ཚངས་པ་འཇིག་རྟེན་མགོན་གྱི་སྲས།། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག། སྡིག་པ་ཐམས་ཅད་བསྲེག་པའི་ཕྱིར།། རིགས་ཀྱི་སྒྲུབ་པའི་དྲང་སྲོང་ཚུལ།། ཉོན་མོངས་བསྲེག་པའི་ཤེས་རབ་འདི།། ་བསྐལ་པའི་མེ་ལྟར་རབ་ཏུ་འབར།། མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན།། ཐབས་ཀྱི་སྤྲུལ་པའི་ཐེག་པ་གཅིབས།། བགྲང་ཕྲེང་འཛིན་ཅིང་རིགས་སྔགས་བསྲུང་།། བདུད་རྩི་བཅུད་ལྡན་གུན་དེ་བསྣམས།། ཆོས་ཀྱི་བདུད་རྩི་ཡོངས ་ལ་སྨིན།། མི་ཤེས་སྐྱོན་བྲལ་ཚངས་པར་སྤྱོད།། ཞི་བས་མཉེས་ཤིང་ཐུགས་རྗེ་ཆེ།། འཇིག་རྟེན་གནས་ཀྱང་མྱ་ངན་འདས།། དེ་ལ་མཉེས་ཤིང་ཕྱག་འཚལ་བསྟོད།། ཅེས་བརྗོད་ལ་གཤེགསུ་གསོལ་ཏེ།། སེམས་ཅན་ངན་སོང ་སྦྱོང་བ་ཡི།། ཕྲིན་ལོས་ཁྲིད་ཀྱིས་མཛད་ལོགས་ཀྱིས།། རང་གི་ཡུལ་དུ་གཤེགས་ནས་ཀྱང་།། སླར་ཡང་བྱོན་པར་མཛད་དུ་གསོལ།། ཨཾ་བྷ་བ་ཀྲྀ་ཨགྣ་ཡེ་ཨེ་ཧྱེ་ཧི་ས་ཙ་ད་དཾ་ཙྪ་ཎཱི་དྷརྨྨ་ཙ་ཡ་བཛྲ་མུཿཞེས་པས་ཡེ་ཤེས་པ ་གཤེགས་ལ།། དམ་ཚིག་གི་མེ་ལྷ་ཐ་མ་ལ་ལྟར་བསྡུའོ།། ཚེ་འདས་སྒྲིབ་པ་བསྲེག་པའི་ཐབས།། ཆོ་ག་བཟང་པོ་བྱས་པ་ལས།། བསགས་པའི་དགེ་ངེས་འགྲོ་བ་ཀུན།། བད་ཅན་དུ་སྐྱེ་བར་ཤོག། སློབ་དཔོན ་འཇམ་དཔལ་བ་ཤེས་གཉེན་གྱིས་མཛད་པའི་འཇམ་དཔལ་གྱི་རོ་མ་སྲེག་གི་ཆོ་ག། རྒྱ་གར་གྱི་མཁན་པོ་སུ་བཛྲ་དང་། བོད་ཀྱི་ལོ་ཙ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའོ།། རྫོགས་སོ།། འཕགས་པ ་