CLOSE WINDOW

GT1404: 'phags pa 'jam dpal gyi mthan yang dag par brjod pa'i spyang dbye pa'i cho ga zhes bya ba
Wyliee-texts produced with BDRC’s OCR application

སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་སུ་བཛྲཱ་དང་། བོད་ཀྱི་ལོ་ཙ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུ་ར་བ་རྫོགས།། ། རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་ས་གཱི་ཏི་ཙཀྵུ་བི་དྷི་ནཱ་མ། བོང ་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྤྱན་དབྱེ་བའི་ཆོ་ག་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། འཁོར་བའི་རྒྱ་མཚོ་རྒལ་དཀའ་ནས།། མྱ་ངན་འདས་པའི་སྐེམ་སར་བྱོན།། སངྱས ་སྐུ་ལྔའི་བདག་ཉིད་ཅན།། འཇམ་དཔལ་དབྱངས་ལ་ཕྱག་འཚལོ།། གཞན་ལ་ཕན་པའི་བློ་མཆོག་གིས།། དཀོན་མཆོག་གསུམ་གྱི་གཟུགས་བརྙན་རྣམས།། རབ་ཏུ་གནས་པའི་ཆོ་ག་ནི།། བཟང་ཞིང་དགེ་བ་བཤད་པར་བྱ།། དེ་ནས་རྡོ་རྗེ ་སློབ་དཔོན་བློ་གྲོས་དང་ལྡན་པས།། གཙུག་ལག་ཁང་ངམ་སྐུ་གཟུགས་ལ་སོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སོགས་པའི་གཟུགས་བརྙན་ནི་གླེགས་བམ་དང་མཆོད་རྟེན་ལ་སོགས་པ་རབ་ཏུ་གནས་པར་བྱ་བར ་འདོད་པས། རི་བོ་འམ་ནགས་ཚལ་ལ་སོགས་པའི་གནསུ་བསྙེན་པ་རྒྱས་པར་བྱས་ལ། འབད་པ་ཐམས་ཅད་ཀྱིས་བསྒོམ་བཟླས་བྱའོ།། དེ་ལ་འདིར་གང་རབ་ཏུ་གནས་པ་བྱ་བར་འདོད་པ་དེ་རྣམས་སྟ་གོན་དུ་བྱ་སྟེ། བདག་ཏུ་བཟུང་བའི་བགེགས ་ཐམས་ཅད་བསྒྲ་།། གུ་གུལ་གྱིས་བདུག་ཅིང་བགེགས་བསྐྲད་བའི་ཆོ་ག་ཤས་ཆེར་བྱའོ།། བདེ་བར་གཤེགས་པ་རྣམས་ལ་འདི་སྐད་ཅེས་སྙན་གསན་དབབ་པར་བྱ་སྟེ། ཇི་ལྟར་དགའ་ལྡན་གནས་མཆོག་ན།། བདེ་བར་གཤེགས་པ་ཞུགས ་བ་དེ།། སྒྱུ་འཕྲུལ་ལྷ་མོའི་ལྷུམས་ཞུགས་ལྟར།། དེང་ནུབ་བདེ་གཤེགས་ཐམས་ཅད་ནི།། དེ་བཞིན་གཟུགས་བརྙན་འདི་ལ་ནི།། འཇུག་པ་ཤིན་ཏུ་མཛད་དུ་གསོལ།། འདི་ལ་སངས་རྒྱས་རྟག་ཏུ་བཞུགས།། བྱང་ཆུབ་སེམས་ནི་བསྐྱེད་པ་དང་།། ་ཡོན་བདག་རྣམས་ཀྱི་དོན་བྱིའི་ཕྱིར།། བདག་གིས་སྦྱོར་བ་འདི་བགྱིས་ན།། ཅི་འབྱོར་པ་ཡི་མཆོད་པ་རྣམས།། མེ་ཏོག་ལ་སོགས་པ་བཞི་སུ་གསོལ།། བདག་དང་ཡོན་བདག་བཅས་པ་ལ།། ཐུགས་བརྩེ་བར་ནི་དགོངས་བཅས་ནས།། ཀུན་གྱིས་འདི། ་དེང་བྱིན་རློབ་ཅིང་།། འདི་ཉིད་དུ་ནི་བཞུགས་པར་རིགས།། ཞེས་བརྗོད་ལ། སྐུ་གཟུགས་ལ་སོགས་པ་རབ་ཏུ་གནས་པ་གང་བྱེད་པ་དེ་གཤིན་རྗེ་གཤད་ཀྱིས་བསྲུང་ཞིང་། ཨཱཿཧཱུཾ་ཨོཾ་ཧྲཱིཿ་ཞེས་བྱ་བས་རྒྱས་བཏབ་ལ་གཞག། དེ་ནས ་བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་རིགས་བསྡུས་པ་ཞེས་བྱ་བ་བྲིས་ལ། དེར་བུམ་པ་ཐམས་ཅད་བཅུག་ལ་དཀྱིལ་འཁོར་དེའི་བྱང་ངོས་སུ་ཁྲུས་ཀྱི་ཁང་པར་ཤིན་ཏུ་མཛེས་པ་ཡིད་འོང་བ། གསར་གྱི་ཀ་བ་བཞི་དང་མེ ་ཏོག་གི་ཆུན་འཕྱང་འཕྱང་བ། དྲི་ཞིམ་པོ་ཙན་དན་ལ་སོགས་པ་སྲོག་ཆགས་ལས་མ་བྱུང་བའི་དྲིས་ཆག་ཆག་བཏབ་ལ། རིན་པོ་ཆེས་སྤྲས་ཤིང་གཅལ་དུ་བཀྲམ་པ་བྱས་ལ། ཁྲུས་ཀྱི་ཁང་པ་གང་ཡིན་པ་དེ་ཉིད་རབ་ཏུ་གནས་པར་འདོད ་པའི་ལྷ་རྣམས་གང་ཡིན་པ་སྤྱན་དྲངས་ལ་ཚུལ་དང་མཐུན་པར་བཞག་ལ་སྐུ་ཁྲུས་གསོལ་བ་ནི་ཚིག་སུ་བཅད་པ་དང་རོལ་མོའི་སྒྲ་སྣ་ཚོགས་དང་ལྡན་པས་ཁྲུས་བྱས་ཏེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི།། ལྷ་རྣམས་ཀྱིས་ནི་ཁྲུས་གསོལ ་ལྟར། དེ་བཞིན་བདག་གིས་ལྷ་ཡི་ཆུ།། དག་པ་ཡི་ནི་སྐུ་ཁྲུས་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ལུགས་མ་ཡིན་ན་དངོ་སུ་ཁྲུས་བྱ། དེ་ལས་གཞན་པ་གང་ཡིན་ནཱ་ཡང་མེ་ལོང་གི་ངོས་ལ་སྲན་ཕྱེ་དང་། ་བག་ཕྱེ་དང་། འབྲས་ཡོས་དང་། ཡུངས་ཀར་དང་ཏིལ་མར་དང་། འོ་མ་དང་། ཙན་དན་དང་ག་པུར་བཏབ་ལ། མེ་ཏོག་དང་བཅས་ཏཾ་ཀུ་ཤའི་པིར་གྱིས་བཀྲུ་བོར་བྱའོ།། དེ་ཡང་འདི་སྐད་དུ། ཇི་ལྟར་དམ་པ་ཏོག་ཀར་དགའ་ལྗོན་ནས ་ལྷ་མཛེས་ལྷུམས་བཞུགས་བལྟམས་ལ་ཁྲུས་གསོལ་ལྟར། སྐུ་གདུང་རིང་བསྲེལ་དྲི་མ་མེད་པར་བྱས།། སྦྲུལ་སྐུ་ཡིད་འོང་རྣམས་ལ་སྐུ་ཁྲུས་གསོལ།། ཕྱོགས་བཅུ་བདུད་རྩི་དམ་པའི་ཆར་འབེབས་པ།། རྒྱལ་བ་དམ་ཆོས་རྣམས་ལ་སྐུ ་ཁྲུས་གསོལ།། ཨོཾ་སརྦ་ཝཱ་གཱ་རྨཱནྟ་དྲཱ་བ་ཀྲོ་དྷཱུ་ཡ་སྱཱ་ནུས་བྱ་བ་དང་། དེ་ནས་སྦྱར་བསྟན་པ་བྱས་པའི་བུམྦྷ་པ་ལྱཱའི་ཆུས་བཀང་ལ་སྒྲུབ་དཔོན་གྱིས་བཟུང་ནས་མེ་ལྕོང་ལ་དྲིའི་ཐིག་ལ་ལྔ་དང་། མེ་ཏོག་གི་ཆམ ་བུ་ལྔ་དང་བཅས་པ་ལ་འདི་སྐད་བརྗོད་དེ་སྐུ་ཁྲུས་གསོལ་བ་ནི། གཟུགས་ཀྱི་ཕུང་པོ་རྣམ་དམ་པ།། གཏི་མུག་དྲི་མ་སྦྱོང་བྱེད་པའི།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས།། དཔལ་ལྡན་སྐུའི་སྐུ་ཁྲུས་གསོལ།། ཚོར་བའི་ཕུང་པོའི་རྣམ ་དག་པའི།། ང་རྒྱལ་དྲི་མ་སྦྱོང་བྱེད་པའི།། མཉམ་པ་ཉིད་ཀྱིས་ཡེ་ཤེས་ཀྱིས།། དཔལ་ལྡན་ཡོན་ཏན་སྐུ་ཁྲུས་གསོལ།། འདུ་ཤེས་ཕུང་པོ་རྣམ་དག་པའི།། འདོད་ཆགས་དྲི་མ་སྦྱོང་བྱེད་པའོ།། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས།། དཔལ ་ལྡན་གསུང་གི་སྐུ་ཁྲུས་གསོལ།། འདུ་བྱེད་ཕུང་པོ་རྣམ་དག་པའི།། ཕྲག་དོག་དྲི་མ་སྦྱོང་མཛད་པའི།། བྱ་བ་ནན་ཏན་ཡེ་ཤེས་ཀྱིས།། དཔལ་ལྡན་ཕྲིན་ལས་སྐུ་ཁྲུས་གསོལ།། རྣམ་ཤེས་ཕུང་པོ་རྣམ་དག་པའི།། ཞེ་སྡང་དྲི་མ་སྦྱོང ་མཛད་པའི།། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས།། དཔལ་ལྡན་ཐུགས་ཀྱི་སྒྱུ་ཁྲུས་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏཾ་བུདྡྷ་བཛྲ་རཏྣ་པདྨ་ཀཱརྨྨ་ཨཱ་བྷི་ཥི་ཀ་ཏ་ས་མ་ཡ་བྲྀ་ཡ~ཾ་ཧཱུཾ། དེའི་རྗེས་ལ་རས་། ཙང་མ་དྲིས་བསླུས་པས་སྐུ་བྱིས ་རྒྱལ་བའི་སྐུ་ནི་མཁའ་ལ་པཟླ་བཞིན་གསལ།། སངས་རྒྱས་སྐུ་ལ་དྲི་མ་མི་མངའ་ཡང་།། འགྲོ་བའི་བག་ཆགས་མ་ལུས་བསིལ་བའི་ཕྱིར།། ཁ་ཚར་མ་ཉམས་རས་ཀྱིས་སྐུ་ཕྱིས་པས།། སེམས་ཅན་བག་ཆགས་མ་ལུས་བྱང་གྱུར ་ཅིག་ནིར་མ་ཀཱ་ལ་ཤུདྡྷོ&་ཧཾ་ཞེས་པས་སྐུ་ཕྱིས་ལ། རིགས་དང་མཐུན་པའི་ན་བཟའ་རྣམས་ཀྱང་དབུལ་ཞིང་བཀྲ་ཤིས་ཀྱང་བརྗོད་དོ།། ཨོཾ་དཱི་པ་ན་པ་ཡ་སྭཱ་ཧཱ། དྲིས་བསྒྲུབ།། ཨོཾ་གནྡྷ་ཡ་སྭཱ་ཧཱ། ཞེས་པས་ན་བཟའ་དབུལ། ཨོཾ་ཨ་བྷཱ་ར་ནི་བིདྡྷ། ་ན་ཥ་ཡ་སྭཱ་ཧཱ། ཞེས་བྱ་བས་བྱང་ཆུབ་སེམས་དཔའ་རྣམས་ལ་རྒྱུན་དབུལ་ཏེ། འགྲོ་ཀུན་ཡུན་དུ་བསྐྱུང་བའི་ཕྱིར།། ལྷ་ཡིན་བཟའ་དམ་པ་ནི།། བདེ་བར་གཤེགས་པ་རྣམས་ལ་དབུ་ལཾ།། ཅི་བདེ་བར་ནི་བཞེསུ་གསོལ།། ཞེས་པ་ད ་བྱང་ཆུབ་ཡན་ལག་རྒྱུན་གྱུར་ཅིང་།། འགྲོ་བས་བསོད་ནམས་ཐོབ་བྱའི་ཕྱིར།། བདེ་ག་ཤེགས་སྲས་ལོ་རྒྱན་མཆོག་དབུལ།། ཅི་བདེ་བར་ནི་བཞེསུ་གསོལ།། ཞེས་པས་རྒྱན་གདག་སོ།། དེ་ནས་དཀྱིལ་འཁོར་སྤྱན་དྲངས་ལ་བདག་ཉིད་དཀྱིལ ་འཁོར་སྒྲུབ་སྟེ། བདག་ཉིད་ཀྱི་འཁོར་ལོ་ལ་མཆོད་པ་རྫོགས་པའི་རྗེས་ལོ་རབ་གནས་ཀྱི་ལྷ་ཤིན་ཏུ་གསལ་བར་བྱས་ཏེ། ཡེ་ཤེས་ཀྱི་འཁོར་ལོ་བར་སྣང་ལ་བསྡུས་ཏེ། སྤྱན་དྲངས་ལ་གཉི་སུ་མེད་པར་བསྟིམས་ཏེ་དབང་བསྐུར་རྒྱས་བཏབ ་ལ། མ་ཆོད་པ་ཤིན་ཏུ་རྒྱས་པར་དབུལ་བ་ནི་དངོས་སུ་འབྱོར་པའི་མཆོད་པ་ལྔ་དང་། ཡིད་ཀྱིས་སྤྲུལ་པའི་མཆོད་པ་བརྒྱད་ཀྱིས་ཡང་དག་པར་མཆོད་པར་བྱའོ།། གཞན་ཡང་སྒྲ་དང་རོལ་མོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་ཀྱང་ཡང་དག ་པར་མཆོད་པར་བྱའོ།། དེ་གྱུར་ལེགས་པར་མཆི་ཅིང་སྦྱིན་སྲེག་གི་ལས་ཀྱང་བ་རྩམ་པར་བྱའོ།། དེའི་རྗེས་ལ་གཏེར་མ་རྒྱ་ཆེན་པོ་ཡང་བ་ཤམས་ལ་གཙུགོ་གོ། དེ་ལྟར་ཡེ་ཤེས་སེམས་དཔའ་བཅུག་ལ་ནང་པར་ཉི་མོ་ཤར་ཀར་སྤྱན་དབྱེ ་བར་བྱ་སྟེ། བདག་ཉིད་རྣམ་སྣང་ཆེན་པོའི་ཏིང་འཛིན་ལ་གནས་པས་དེར་གསེར་ལས་བྱས་པའི་ཐུར་མ་ཐོགས་ལ། རྒྱལ་བ་མཁའ་ལ་བྱོན་པའི་ཐུགས་རྗེ་ཅན།། སངས་རྒྱས་སྤྱན་ལ་འགག་པ་མི་མངའ་ཡང་།། སེམས་ཅན། ་རྣམས་ཀྱི་བག་ཆགས་སྦྱང་སླ་དུ།། བདེར་ག་རིཤེགས་རྣམས་ཀྱི་སྤྱན་ནི་དབྱེ་བར་བགྱིས།། སེམས་ཅན་ལྡོངས་པ་ཐམས་ཅད་གསལ་གྱུར་ཅིག། ཨོཾ་ནིར་མོ་ཀཱ་ཡ་བཛྲ་ཙཀྵུ་པྲ་བྷེ་ཤ་བི་ཤོ་དྷ་ནཱ་སྭཱ་ཧཱུ~ཾ།། གསེར་གྱི་སྙན་བྲུད་པ་ཐོགས་ལ།། རྒྱལ ་བའི་སྙན་ལ་འགག་པ་མི་མངའ་ཡང་།། སེམས་ཅན་ཐོས་པས་ཡོངསུ་ཕངས་གྱུར་ཏེ།། རྒྱལ་བ་ཆོས་ཀྱི་རྗེ་བརྡུངས་ལྟར།། དེ་བཞིན་སེམས་ཅན་ཀུན་དོན་ཕྱིར།། བཻ་དཱུར་གཤེགས་སྙན་ནི་དབྱེ་བར་བགྱི།། ཆོས་ཀྱི་སྒྲ་རྣམས་ཐོས་གྱུར ་ཅིག། ཨོཾ་ནིརྨ་ཀཱ་ཡ་རི་བྱ་ཀཪྵ་ཡེ་སྭ་བྷ་པ་ཤུདྡྷོ&ཧཾ། གསེར་གྱི་ཚེར་གཟུངས་ཐོགས་ལ། རྒྱལ་བའི་ཤངས་ལ་འགག་པ་མི་མངའ་ཡང་།། འགྲོ་བའི་སེམས་ཅན་དོན་གྱི་ཕྱིར།། ཟག་བཅས་ཕུང་པོའི་དྲི་མ་སྤངས་ནས་ནི།། རྣམ ་པབར་དག་པ་དྲི་མེད་སྐྱེད་བྱེད་ལྟར།། རྒྱ་ལ་བིའི་རིཤངས་ནི་བདག་གིས་དབྱེ་བར་བགྱི།། ཟག་མེད་དྲི་མེད་དམ་པ་ཚོར་གྱུར་ཅིག། ཨོཾ་ནིར་མ་ཀཱ་ཡ་དྷ་བྱ་ནཱ་ས་ཡེ་སྭཱ་ཧཱ། རིན་པོ་ཚའི་ཐུར་མར་མངའ་གསོལ་ལ།། འགྲོ་བ་ཆོས་ཀྱིས་ཕོངས ་པ་ལ།། དམ་ཆོས་བསྒྲོག་པར་བྱ་བའི་ཕྱིར།། ཆོས་ཀྱི་རོ་ལྡན་དག་པ་ཡིས།། འགྲོ་བ་ཐམས་ཅད་ཚིམ་མཛད་ལྟར།། རོ་མཆོག་བརྒྱ་ལྡན་ཞལ་ཟས་རྣམས།། དབུལ་ཕྱིར་ཞལ་ནི་དབྱེ་བར་བགྱི།། ཨོཾ་ནིར་མ་ཀཱ་ཡ་ཨིང་ནི་བྱ་མུ་ཁ་ཡེ ་སྭཱ་ཧཱ།། དེ་ནས་རབ་བྱུང་གི་གཟུགས་ཡིན་ན་སྤུ་གྲི་ཐོགས་ལ།། ཇི་ལྟར་རང་བྱུང་མཆོད་རྟེན་དུ།། སྟོན་པས་ཁྱིམ་པའི་རྟགས་སྤང་ལྟར།། འགྲོ་བའི་སེམས་ཅན་དོན་གྱི་ཕྱིར།། ཁྱིམ་པའི་རྟགས་རྣམས་སྤང་བར་བགྱི།། སྣུམ ་སྦྱར་དང་བླ་གོས་གསོལ་ནས།། ཇི་ལྟར་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས།། རྒྱལ་བའི་སྐུ་ལ་ན་བཟའ་གསོལ་བ་ལྟར།། དེ་བཞིན་འགྲོ་བ་རྣམས་ལ་སྨན་པའི་ཕྱིར།། ངོ་ཚ་ཁྲེལ་ཡོད་གོས་མཆོག་གསོལ་བར་བགྱི།། ཨོཾ་ནིརམ ་ཀཱ་ཡ་ཏོ་ཕྱོལ་ཏྲ་པྲ་ན་ཡེ་སྭཱ་ཧཱ།། ཞེས་པར་བྱ་ཞིང་དབུལོ།། ཨོཾ་ཨུ་པ་སུ་ཀཱ་ས་པ་རི་ས་བེ་ར་ཎི་ཡེ་སྭཱ་ཧཱ།། ཞེས་པས་ཆུ་ཚགས་དང་ལྷུང་བཟེད་ལ་སོགས་པ་དབུའོ།། དེ་ནས་ཐུགས་ཀར་རྡོ་རྗེ་དྲིས་བསྒོས་པ་བཟུང་ལ།། མཚན་དང ་དཔེ་བྱད་ལ་སོགས་པ་བསྐྱེད་དེ།། དུང་དཔལ་བེའུ་གཡུང་དྲུང་འཁྱིལ་པ་འདི།། བཀྲ་ཤིས་རྫས་བརྒྱད་དག་གི་རྣམ་བརྒྱན་པ།། རྒྱལ་བའི་ཐུགས་ལ་རྣམ་པར་བརྒྱལ་གྱུར་ཅིག། ཨོཾ་ནི་ར་མ་ཀཱ་ཡ་ཧྲི་ད་ཤད་མ་ཧཱ་པུ་རུ་ཥ་ལཀྵ་ཨག ་ཤོདྡྷོ་ཨ་ནུ་བྱཉྫ་ནེཿསྭཱ་ཧཱ།། བདེ་བར་གཤེགས་པའི་གཟུགས་བརྙན་དེ་འཁོར་ལོས་སྒྱུར་བའི་ཆ་བྱད་ཡིན་ན་དེ་ལྟར་མ་ཡིན་ཏེ། དུད་དང་སོ་མངས་དང་རལ་གྲི་ལ་སོགས་པ་དབུའོ།། དཔལ་བེའུ་ལེ་སོགས་པས་བརྒྱན་པ་ནི་ཤེས་པར ་བྱའོ།། གླེགོས་བམ་ལ་རབ་ཏུ་གནས་པ་བྱེད་པ་ཡིན་ན། རྡོ་རྗེ་ཆོས་ཀྱི་ངོ་བོ་སངས་རྒྱས་སྣང་བ་མཐའ་ཡས་ངེས་པར་ཨ་ལས་བསྐྱེད་ལ་ཡེ་ཤེས་སེམས་དཔའ་བཅུག་སྟེ་དབང་བསྐུར་རྒྱས་བཏབ་ནས་གླེགས་བམ་དུ་བྱའོ།། དེ་ལ་ན ་བཟའ་དབུལ་བ་ནི། བྱང་ཆུབ་ཡན་ལག་རྣམ་དག་པའི།། དམ་ཆོས་གསུང་གི་འོད་ཟེར་གྱིས།། ན་བཟའ་དྲི་མ་མེད་པ་འདི།། དམ་པའི་ཆོས་ལ་དབུལ་བར་བགྱི།། ཨོཾ་དྷརྨ་དྷེ་བྷཱུ་པྲ་ཏ་སྭཱ་ཧཱ།། ཞེས་བྱ་བས་དབུལ། དེའི ་རྗེས་ལ་རྡོ་རྗེ་ཐག་པ་གང་ཡིན་པ་དེས་བསྡམས་ཏེ། མཚལ་ལམ་སིན་དྷུ་རའི་རྒྱ་མཚོ་རིམ་པ་བདུན་དུ་བཏབ་ལ། ཨོཾ་བཛྲ་མུ་དྲ་བནྡྷ་ཡ་ཨ་དྷི་ཏི་ཏིཥྛ་སྭཱ་ཧཱ།། ཞེས་བརྗོད་དོ།། རབ་ཏུ་གནས་པ་དེ་མཆོད་རྟེན་ཡོན་ན་བདེ་བར་གཤེགས་པ་རིགས ་ལྔའི་སངས་རྒྱསུ་རྫོགས་པར་བྱས་ལ་ཡེ་ཤེས་སེམས་དཔའ་ཡང་ངེས་པར་བཅུག་ནས་དབང་བསྐུར་རྒྱས་བཏབ་ནས་མཆོད་དེ་བཀྲ་ཤིས་བརྗོད་ལ་དེ་རྣམས་འབྱུང་བའི་བྱང་ཆུབ་སེམས་དཔའ་ཆེན་པོའི་མཆོད་རྟེན་དུ་དམིགས་ལ། ཨོཾ་ཨ་ར ་ཛཾ་བཻ་ར་ཛེ་སྭཱ་ཧཱ།། ཞེས་པས་ས་དཀར་ཕྱུག། ཨོཾ་ཨ་ར་མེ་ཡེ་སྭཱ་ཧཱ། ཞེས་པས་བྲེ་གཟུགས། ཨོཾ་ཙཀྲ་བར་ཏ་ན་ཡེ་སྭཱཧཱ། ཞེས་པས་འཁོར་ལོ་གཟུགས།། ཨོཾ་ཙྪི་ཏྲ་ཡེ་སྭཱ་ཧཱ། ཞེས་པས་གདུགས་དབུའོ།། ཨོཾ་ཀྶཾ་བི་ར་དྷྭ་ཛ་ཡེ་སྭཱ་ཧཱ། ཞེས་པས ་རྒྱལ་མཚན་གཟུགས།། ཨོཾ་པྲཱ་ཏ་ཀ་ཡ~ཾ་སྭཱ་ཧཱ། ཞེས་པས་བ་དན་གདགས། ཨོཾ་པ་ཊུ་དཱ་མ་ལཾ་པ་ཡེ་སྭཱཧཱ། ཞེས་པས་དར་དཔྱངས་གདགས། ཨོཾ་པུཥྤ་མཱ་ལ་ཡེ་སྭཱ་ཧཱ། ཞེས་པས་མེ་ཏོག་གི་ཕྲེང་བ་གདག་སོ།། བྱང་ཆུབ་སེམས་དཔའ ་ཡིན་ན་ཁབ་དང་བསྙུང་བུ་དང་སོ་མངས་དབུལ།། འགྲོ་བ་སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། རིག་པའི་གནས་ལྔ་དག་ལ་བསླབ་བྱ་ཞེས།། ཇི་ལྟར་ཐུགས་དམ་རྒྱ་ཆེན་བཞེས་པ་བཞིན།། མཁོ་བའི་ཡོ་བྱད་རྣམས་ཀྱང་དབུལ་བར་བགྱི།། ་ཨོཾ་ཨོ་ས་སུ་ཀ་ལ་ས་པ་རི་ཀ་རི་ཡེ་སྭཱ་ཧཱ།། དེ་ནས་ཐམས་ཅད་ཐུན་མོང་དུ་ཡང་མཆོད་པ་རྒྱ་ཆེན་པོས་མཆོད་ལ། གདུགས་གསེར་གྱི་ཡུ་བ་ཅན་ལ་སོགས་པས་མཆོ་དེ། འབྱོར་པ་དང་ལྡན་ན་སྦྱིན་སྲེག་ཀྱང་རྒྱས་པར་བྱའོ།། མ་འབྱོན་ན ་ཙཱ་རུ་དབུལ་བར་བྱའོ།། དེ་ནས་རང་གི་དཀྱིལ་འཁོར་གྱི་ལྷ་རྣམས་གཤེག་སུ་གསོལ་ཏེ། རྫོགས་སངས་རྒྱས་དང་དེ་ཡི་སྲས།། བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཀུན།། རིགས་བསྡུས་དཀྱིལ་འཁོར་འཁོར་ད་བཅས།། གང ་ངག་ཆོ་ག་མ་ཚང་བ།། དེ་དག་བཟོད་པར་མཛད་དུ་གསོལ།། ཀུན་ཏུ་ཞི་དང་རྒྱས་པ་ཡི།། ཡོན་དག་ཚེ་ལ་རབ་མཛད་ནས།། སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་།། སླར་ཡང་བྱོན་པར་མཛད་དུ་གསོལ།། ས་དང་ཆུ་དང་མེ་རླུང་གིས།། ཇི་སྲིད ་བསྐལ་པ་འཇིག་པར་དུ།། སངས་རྒྱས་ཀུན་གྱི་སྐུ་གཟུགས་དང་།། དེ་སྲིད་བཅོམ་ལྡན་བསྲུང་བར་མཛོད།། ཐུགས་བཟང་ཡིད་ལས་བྱུང་བ་ཡི།། སློབ་དཔོན་སློབ་མར་བཅས་པ་ལ།། བུ་དང་ཚ་བོ་བསྲུང་མཛད་ནས།། རབ་གནས་དགེ ་བ་གཤེགསུ་གསོལ།། ཨོཾ་བཛྲ་མུཿདེ་ནས་དམ་ཆོག་འཁོར་ལོ་རང་ལ་བཅུག་ནས་རབ་གནས་ཀྱི་ཡེ་ཤེས་སེམས་དཔའ་བརྟན་པར་བཞུགསུ་གསོལ་བ་ནི།། སློབ་དཔོན་དང་ཡོན་བདག་གཉིས་ཀས་གདན་ཁྲི་ལ་འཇུས་ལ་མེ་ཏོག་གི་ཕྲེང ་བ་དབུལ་ཏེ། དེ་སྲིད་མེ་དང་ཆུ་དང་ནི།། རླུང་གི་བསྐལ་པས་འཇིག་པར་དུ།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད་ཅེས་བརྗོད་ལ།། ཕྱག་ན་རྡོ་རྗེ་ལ་མཆོད་པ་དབུལ་ཞིང་།། སྦྲུལ་སྐུ་བསྲུང་བར་མཛད ་དུ་གསོལ།། ཞེས་བརྗོད་དོ།། དེ་ནས་ཆས་སྐྱོང་ག་སྲུང་མ་ཕྱོགས་སྐྱོང་ངམ། མ་ཧཱ་ཀཱ་ལ་འམ། ཡང་ན་གང་ཡང་རང་བ་ལ་གཏོར་མ་རྒྱལ་ཆེན་པོ་དབུལ་ཞིང་།། སེམས་ཅན་ཀུན་གྱི་དོན་རྫ་ཕྱིར།། སྐུ་གཟུགས་བསྲུང ་བའི་ལས་བཅོལ་བར་བྱའོ།། འགྲོ་བ་སེམས་ཅན་དོན་སླང་དུ།། བདེ་གཤེགས་རྣམས་ནི་བཞུགས་བགྱིད་པར།། བདག་དང་གཞན་གྱི་དོན་གྱི་ཕྱིར།། སྤྲུལ་སྐུ་གཟུགས་བརྙན་མཐོང་བར་མཛོད།། ཅེས་བརྗོད།། གཞན་ཡང་ཡུལ ་ཕྱོགས་དེ་ན་གནས་པའི་གནོད་སྦྱིན་ཕོ་མོ་ལ་ཡང་གཏོར་མ་གཏང་ལ་ཆེང་ཆེར་གཏངོ་།། གནས་བརྟན་དང་ཁྱིམ་པའི་གཙོ་བོ་རྣམས་ལ་ཡང་སྙིགས་མ་ལྔའི་དུས་སུ་སྤྲུལ་པའི་སྐུ་འདི་ཡིན་གྱིས། ཁྱོད་ཀྱིས་མ་ཉམས་པར་སྲུངས ་ཤིག་ཅེས་བརྗོད་ལ། སྐུ་འམ་གླེགས་བམ་མཆོད་རྟེན་གང་ཡིན་པ་དེ་ན་བཟའ་གསོལ་ཏེ་འགྲོ་བ་རྣམས་ལ་བསྟན་ཏོ།། མཐོང་བ་ཙམ་གྱིས་བསྐལ་པ་དཔག་ཏུ་མེད་པོའི་སྒྲིབ་པ་མ་ལུས་པར་བྱུང་བར་འགྱུར་རོ།། ཡོན་བདག་གང ་ཡིན་པ་དེས་གླུ་གར་བྱ་ཞིང་བཀྲ་ཤིས་བརྗོད་ལ་སྔགས་ཀྱིས་བཏབ་པའི་ཞལ་ཟས་ལྷག་མ་རྣམས་ལ་ལོངས་སྤྱོད་དོ།། རབ་གནས་བཟང་པོ་འདི་བྱས་པས།། བྱས་པ་གང་དེས་འགྲོ་བ་ཀུན།། མཐོང་བ་ཙམ་གྱིས་སྡིག་བྱང་ནས།། ་སྤྲུལ་པའི་སྐུ་ཡི་ཞལ་མཐོང་ཤོག། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རབ་ཏུ་གནས་པའི་ཆོ་ག་ཞེས་བྱ་བ།། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་སུ་བཛྲ ་དང་བོད་ཀྱི་ལོ་ཙ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའོ།། རྫོག་སོ།། རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མཱ་སཾ་གཱི་ཏི་ཙཀྲ་མ་ར་མཱ་ར་ཡ་མནྟ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ངན ་