CLOSE WINDOW

GT1402: dpa' bo gcig pa'i sgrub thabs
Wyliee-texts produced with BDRC’s OCR application

འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་མཉམ་པར་གཞག་པའི་རིམ་པའི་མན་ངག། རྒྱུ་གར་གྱི་མཁན་པོ་སུ་བཛྲ་དང་། བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བ་རྫོག་སོ།། ། འཕགས་པ ་འཇམ་དཔལ་ལ་ཕྱག་འཚལོ།། སྐྱེ་བ་མི་ལུས་ཐོབ་པ་རྣམས།། མི་ལུས་ཐོབ་པ་ཤིན་ཏུ་དཀའ།། དེ་བས་དམ་ཆོས་རྙེད་པར་དཀའ།། དེས་ན་སྒྲུབ་ལ་བརྩོན་པར་བྱ།། སང་ཙམ་འཆི་འམ་སུས་ཤེས་ན།། ད་ལྟ་ཉིད་དུ་བསྣུན་ཏ་བྱ།། ་ཡིད་དགའ་བའི་གནས་དག་ཏུ།། བདེ་བའི་སྟན་ལ་འདུག་ནས་ནི།། སྐད་ཅིག་ཙམ་གྱིས་ལྷ་རུ་དམིགས།། སྙིང་གི་མུཾ་ལས་བོད་ཟེར་འབྲོས།། བླ་མ་དང་ནི་ཡི་དམ་ལྷ།། མདུན་དུ་བསམ་པར་བྱས་པ་ལས།། དངོས་པོ་ཀུན་གྱིས་ཕྱག་བྱས་པས།། ་ཕྱི་དང་ནང་གི་མཆོད་པས་མཆོད།། སྡིག་པ་བཤགས་དང་རྗེས་ཡི་རང་།། སྐྱབསུ་འགྲོ་དང་སེམས་བསྐྱང་བྱ།། དགེ་བ་བསྔོ་དང་གཤེགསུ་གསོལ།། དེ་དག་ཡིད་ཀྱི་བྱ་བར་བཤད།། དེ་ནས་ཚད་མེད་བཞི་བསྒོམས་ལ།། སྟོང་པ་ཉིད་ལ་གོམས ་པར་བྱ།། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཱཏྨ་ཀོ་ཧཾ། སྟོང་ཉིད་བརྒྱན་པོར་བྱ་བའོ།། དེ་ནས་མུཾ་དོང་ཨུཏྤལ་ལས།། འཇམ་དཔལ་ཡེ་ཤེས་སེམས་དཔའ་བསམ།། སྐུ་མདོག་གསེར་མདོག་ལྡེམ་བག་ཅན།། རིན་པོ་ཆེའི་དབུ་རྒྱན་དང་།། སྙན ་ཆ་གདུ་བུ་དཔུང་བརྒྱན་དང་།། འོག་པག་དང་ནི་ཞབས་གདུབ་དང་།། རིན་ཆེན་རྣམས་ཀྱིས་མཛེས་པར་བརྒྱན།། སེམས་དཔའི་སྐྱིལ་ཀྲུང་བཞིན་དུ་བཞུགས།། གཡས་ན་ཨུཏྤལ་སྔོན་པོ་བསྣམས།། གཡོན་ནི་མཆོད་འཆང་ཕྱག་རྒྱའོ།། ་སྤྱན་དྲངས་བཞུགས་སུ་གསོལ་བ་ལ།། ཕྱི་དང་ནང་གི་མཆོད་པ་བྱ།། གཉིསུ་མེད་པར་བདག་ལ་བསྟིམ།། མི་ཕྱེད་པ་རུ་རྒྱས་པར་བསྒོམ།། དེ་ནས་བཟླས་པ་བྱ་བ་ནི།། རང་འདྲའི་ཡེ་ཤེས་སེམས་དཔའ་བསམ།། དེ་ནས་ཏིང་འཛིན་སེམས ་ད་པའ་སྟེ།། པདྨའི་གདན་ལ་རབ་བཞུགས་པ།། ཡི་གེ་དྲུག་གིས་བསྐོར་བ་སྟེ།། ཨོཾ་བཱ་གཱི་ཤྭ་རི་མུཾ། དམིགས་པ་གཏད་ལ་བཟླས་པ་བྱ།། སྐྱོ་ཞིང་གཏོང་བར་འདོད་པ་ན།། སྤྱན་དྲངས་གཤེགསུ་གསོལ་བ་དང་།། བདག་ཉིད་ལྷ་ཡི་རྣལ་འབྱོར་བྱ།། ་རྣམ་པ་ཀུན་དང་ངས་ཀུན་རུ།། ལྷ་རུ་གསལ་བས་འགྲུབ་པར་འགྱུར།། རྫོགས་པའི་རིམ་པ་བསྒོམ་པར་བྱ།། དཀར་ནག་དམར་དང་སེར་དང་ལྗང་།། གསལ་བདག་ཏུ་དམོགས་པ་ལས།། ཐུགས་ཀར་ཡི་གེ་ལྱཱ་བཀོད་།། ་འོད་ཟེར་འཕྲོས་པས་དགུག་པར་བྱ།། ཕྱི་དང་ནང་གི་མཆོད་པས་མཆོད།། མཚན་གྱི་བསྟོད་པ་དག་བྱའོ།། ཡང་ན་མདུན་དུ་དམིགས་པར་བྱ།། བསྟོད་པ་རང་བཞིན་མེད་པར་བསམ།། བསྟོད་པ་ཟིན་ནས་གཤེགསུ་གསོལ།། དེ་ནས་མཚན ་མེད་བསྒོམ་པ་ལ།། ཐ་མ་ནས་བསྡུ་དང་པོར་བསྡུ།། བདག་བསྡུ་ཡེ་ཤེས་སེམས་དཔའ་ལ།། ཡེ་ཤེས་སེམས་དཔའ་ཨ་ལ་བསྡུ།། དེ་ཡང་རང་བཞིན་དམིགས་མེད།། དེ་ལ་གཏན་པ་ཐོབ་པ་ནི།། ཆོས་སྐུ་སྐྱེ་མེད་ཐོབ་ཅེས་བྱ།། ཚིགས་བཅང་བཅུ ་དྲུག་ལྡན་པ་ནི།། ཡེ་ཤེས་ཞལ་མཐོང་གཉིས་མད་རྟོགས།། འཇམ་དགོན་སྒྲུབ་ཐབས་འདི་བརྩམས་ཏེ།། མཁས་རྣམས་གུས་པར་བླང་བར་བགྱིས།། བདག་གིས་སྒྲུབ་ཐབས་འདི་བྱས་པ།། བདག་དང་སེམས་ཅན་ཐམས་ཅད་ཀྱི།། སྣོད་བཅུད ་སྒྲིབ་པ་བྱང་ནསུ།། བླ་མེད་བྱང་ཆུབ་ཐོབ་པར་ཤོག། དཔའ་བོ་གཅིག་པའི་སྒྲུབ་ཐབས། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་སུ་བཛྲ་དང་།། བོད་ཀྱི་ལོ་ཙ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར ་བརྫོགས།། རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་ས~ཾ་གཱི་ཧི་བི་དྷི་སཱུ་ཏྲ་པི་ཏཱི་ཏྲ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚོན་ཡང་དག་པར་བརྗོད་པའི་ཆོ་ག་མདོ་དང་བསྲེས་པ། འཇམ་དཔལ་གཞོན་ནུར ་