| Wylie | e-texts produced with BDRC’s OCR application |
ཀྱི་མཁན་པོ་སུ་བཛྲ་དང་། བོད་ཀྱི་ལོ་ཙ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏནཱ་ལ་ཕབ་པའོ།། རྫོག་སོ།། ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། མཚན་ཡང་དག་པར་བརྗོད ་པའི་རྣལ་འབྱོར་པས། ནམ་གྱི་ཆ་སྨད་རང་གི་རྒྱུད་ལ་རྟག་པ་ནི་རང་ཉིད་ལྷའི་ཕྱག་རྒྱ་ཆེན་པོར་གསལ་བར་བྱས་ལ་སྣང་བ་ཐམས་ཅད་དཀྱིལ་འཁོར་ལ་བསྡུས་ཏེ། དཀྱིལ་འཁོར་ཡིད་རིམ་གྱིས་འཁོར་ལོ་ལ་ཡང་གཙོ་བོ་བསྡུས་ཏེ། གཙོས ་ཡང་དང་པོའི་སངས་རྒྱས་ལ་བསྡུ། དེ་ཡང་ཡེ་ཤེས་འཁོར་ལོ་ལ་བསྡུ། དེ་ཡང་ཡེ་ཤེས་སེམས་དཔའ་ལ་བསྡུ། དེ་ཡང་ཟླ་བ་ལ་དེ་ཡང་ཨ་ལ་བསྡུ། ཨ་ལས་ན་མཁའི་ཁམསུ་འཕེལ་ཏེ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨཽ་ཨཽ་ཨཾ་ཨ ་ཧཱུཾ་ཨོཾ་ཧྲཱིཿཿདེ་རྣམསུ་གྱུར་ཏེ། སྐར་མ་ལྟ་བུར་གསལ་བ་དང་། དེ་རྣམས་ཀྱང་གཅིག་ལ་གཅིག་ཐིམ་སྟེ། སྟོང་པ་ཆེན་པོ་ཡི་གེ་ལྔར་གནས་པ་དང་། དེའི་ངང་ལས་སྟོང་པ་ཆེན་པོ་ཡི་གེ་བརྒྱར་ལངས་པ་དང་། དེའི་ངང་ལས་ཡི་གེའི ་ཕྲེང་བ་བཅུ་དྲུག་ཏུ་གྱུར་ཏེ་གནས། དེའི་ངང་ལས་བརྒྱད་དུ་གནས། དེའི་ངང་ལས་ཡི་གེ་བཞིར་གྱུར་ཏེ་གནས་པ་ལས། བདག་གི་ལུས་སྒྱུ་མ་ལྟ་བུར་ལངས་ཏེ་འཁོར་ལོ་བནི་དྲན་པར་བྱས་ལ། སྤྱི་བོར་ཨོཾ་དཀར་པོ་ཁ་ཐུར་དུ་འཕྱང་བ ་དང་མགྲིན་པར་ཧྲཱིཿདམར་པོ་ཁ་གྱེན་དུ་གདེངས་པ་དང་སྙིང་གར་ཧཱུཾ་སྔོན་པོ་མགོ་ཐུར་དུ་འཛག་པ་དང་། ལྟེ་བར་ཨ་ཀར་པོ་ཐིག་ལེ་དམར་པོ་འོད་ཟེར་གྱེན་དུ་འཕྲོ་བ་ལ་བལྟས་ལ། ཨ་དཀར་པོ་དེ་ལས་འོད་ཟེར་རྣོ་ལ་མྱུར་བ་དྲག་ལ་གྲིམས ་ལ། རིང་བ་ཅིག་ལངས་པས་ཁྲག་གིས་ཐིག་ལེ་ལ་འོད་ཟར་ཕོག་པ་དང་། ཐིག་ལེ་ལས་འོད་ཟེར་ཕྲ་ལ་རིང་བ། རྣོ་ལ་མྱུར་བ་དམར་ལ་དང་བ། གྲང་ལ་གསལ་བ། ཞིག་སྤྱི་བོའི་ཨོཾ་གྱི་ཐིག་ལེ་དཀར་པོ་ལ་རེག་པར་གསལ་བ་དང་། ཨོཾ ་དེ་ལས་ཡི་གེ་བརྒྱ་པའི་ཚུལ་དུ་བྱང་ཆུབ་ཀྱི་སེམས་བདེ་བའི་རང་བཞིན་ཐིག་ལེ་དཀར་པོའི་ཚུལ་དུ་ཁུ་འཕང་ལྟ་བུ་དཀར་ཆ་ར་ར་འབབ་པར་བསམས་ལ་རང་གི་ཁྲག་གི་ཐིག་ལེ་ལོ་ཕོག་པ་དང་ལུས་ཐམས་ཅད་བདེ་བས་རྒྱས་ཏེ་བདེ་བས་གང་བར ་གྱུར་པ་དང་། དེ་ལ་སེམས་གཏད་པ་ནི་བདེ་བའི་ཏིང་ངེ་འཛིན་ཏེ། བཅུ་དྲུག་ཕྱེད་ཕྱེངད་ཐིག་ལེ་ཅན་ཞེས་བྱའོ།། དེ་ཡང་སྟོང་པ་ཉིད་དུ་ཤེས་པར་བྱས་ནས་བདེ་སྟོང་དབྱེར་མེད་དུ་བསྒོམ་མོ།། ཡན་ལག་མེད་པའི་རྩིས་ལས་འདས་ཞེས་པ་དང་། ་ཐིག་ལེ་སྟོང་པ་ཡི་གེ་བརྒྱ་ཞེས་བྱ་སྟེ། དེ་ལྟ་བུའི་ངང་ལས་སྟོང་པ་འོད་གསལ་ཆོས་ཀྱི་སྐུར་ཐིམ་པ་ནི་མཉམ་གཞག་གི་ཚེ་རྣམ་རྟོག་གི་རྦ་རླབས་ཀྱིས་ཀྱང་བསྐྱེད་པ་མེད་པར་ན་མཁའ་ལྔ་སྤྲིན་དེངས་པ་འམ། མར་མེ་ལ་རླུང་གིས་མ་བསྐྱོད ་པའམ། རྒྱ་མཚོ་དང་པ་ལ་རླུང་གིས་མ་བསྐྱོད་པ་བཞིན་དུ་ཞི་འདོད་ཐམས་ཅད་དང་བྲལ་བ། སྟོང་པའི་རྒྱས་ཐབས་པ། འོད་གསལ་ཆོས་ཀྱི་སྐུ་ལ་ཙེ་ན་ནི་ཡེར་རེ་ཝ་རེ་ཁྱུག་གེ་ལྟེམ་མེ་མར་རེ་ཧ་རེ་ཕྱལ་ལེ། ཡིད་ལ་མི་བྱེད་ཐོ་མོ་མེ། ་ཡོར་རེ་སིམ་མེ་ཏིང་། མུགས་ཐིབས་སེ། ཡིད་ལ་མི་བྱེད་སྤྲོས་བྲལ་མི་རྟོག་པ་གང་ཡིན་པ་དེ་འདིའོ་སྙམ་པ་མེད་པ་ལྟ་བུ་མི་འགྱུར་བ་སོ་མ་རང་ཐག་ལྷུག་པ་ལྟ་བུ་ཡིན་ལ། སེམས་གསལ་ལ་རྟོག་པ་མེད་པ་འདིའོ།། སྙམ་པ་དང ་བྲལ་བའོ།། གཉིས་འཛིན་དང་གཉིས་མ་ཡིན་པའི་ཤེས་པ་གང་དང་ཡང་བྲལ་བའོ།། ཉོན་མོངས་པ་མཐའ་དག་འཇོམས་བྱ་རྡོ་རྗེ་ལྟེ་བུཥྚི་ཏིང་འཛིན་ལ་མཉམ་པར་བཞགོ། དེ་ལྟ་བུའི་ཏིང་འཛིན་ལ་སྙོམས་པར་ཞུགས་ན་ཏི་འཛིན་བརྒྱ ་ལ་སྙོམས་པར་ཞུགས་པར་འགྱུར་ཏེ། རྫོགས་པའི་སངས་རྒྱས་མངོན་སུམ་དུ་འགྱུར་རོ།། རྗེས་ཐོབ་ཀྱི་ཤེས་པ་ལ་ནི་སྟོང་པ་ཆེན་པོ་ཡི་གེ་ལྔར་གྱུར་པ་དང་། དེའི་ངང་ལས་སྟོང་པ་ཆེན་པོ་ཡི་གེ་བརྒྱར་ལངས་པ་དང་། དེའི་ངང་ལས་ཡི ་གེའི་ཕྲེང་བ་བཅུ་དྲུག་དུ་འགྱུར་ཏེ་གནས་པ་ལས་ནི་བར་སྣང་གི་ཁམསུ་ཨཱ་ལི་ཀ་ལིའི་ཕྲེང་བར་བལྟས་ལ། དེ་ལ་སྒྱུ་མ་ལྟ་བུའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲུལ་པར་བྱའོ།། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི ་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་མཉམ་པར་གཞག་པའི་རིམ་པའི་མན་ངག། རྒྱུ་གར་གྱི་མཁན་པོ་སུ་བཛྲ་དང་། བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བ་རྫོག་སོ།། ། འཕགས་པ ་