CLOSE WINDOW

GT1398: mtshan yang dag par brjod pa'i sgo nas bdang po rab kyis de kho na nyid bsgom pa
Wyliee-texts produced with BDRC’s OCR application

བརྗོད་པའི་སྒོ་ནས་བརྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་བསྒོམ་པའི་མན་ངག་རྫོགསོ།། ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། མཚན་ཡང་དག་པར་བརྗོད་པའི་སྒོ་ནས་དབང་པོ་རབ་ཀྱིས ་དེ་ཁོ་ན་ཉིད་བསྒོམ་པ་ནི། ལྷར་བསྐྱེད་པ་སྟོང་པ་ཉིད་བཅུག་ནས་སེམས་རང་བཞིན་གྱིས་རྣམ་པར་དག་པ་འོད་གསལ་བ་རྒྱུ་གང་གིས་ཀྱང་མ་བསྐྱེད་པས། རྐྱེན་གང་གིས་ཀྱང་མི་འཇིག། ཞེས་འདོད་ཐམས་ཅད་དང་བྲལ་བའི་སྟོང་པའི་རྒྱས ་ཐེབས་པའི་ཤེས་པ་དེ་ཁོ་ན་ལ་གནས་པ་ནི་ཆོས་ཀྱི་སྐུའོ།། ཤེས་པའི་ངོ་བོ་མ་གྲུབ་ཅིང་རིག་པ་རང་གསལ་གྱི་ཉམས་མྱོང་བ་ང་བྲལ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ།། ཤེས་པ་གསལ་བ་དེ་ཉིད་སྣང་ལ་རང་བཞིན་མེད་པས་སྤྲུལ་པའི་སྐུའོ།། ། ་རྒྱུའི་གནས་སྐབསུ་སྐུ་གསུམ་དབྱེར་མེད་བསྒོམས་པས་འབྲས་བུ་སྐུ་གསུམ་ཐོབ་སྟེ། སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་ཆོས་ཀྱི་སྐུ། ས་བཅུའི་བྱང་ཆུབ་སེམས་དཔའ་ལ་མཚན་དང་དཔེ་བྱང་དུ་ལྡན་པ་ལོངས་སྤྱོད་རྫོགས་པའི ་སྐུ། རིགས་དྲུག་གི་སེམས་ཅན་གྱི་སྣང་བ་ལ་སྣང་བ་སྤྲུལ་པའི་སྐུ་ཡིན། འབྲས་བུ་སྐུ་གསུམ་ཐོབ་པའོ།། དབང་པོ་རབ་ཀྱི་དེ་ཁོ་ན་ཉིད་བསྒོམ་པ་སློབ་དཔོན་འཇམ་དཔལ་བ་ཤེས་གཉེན་གྱི་མཛད་པ་རྫོགསོ།། ་