CLOSE WINDOW

GT1395: dus gsum gyi sangs rgyas la blta ba
Wyliee-texts produced with BDRC’s OCR application

རྣམས་ལ།། བྱང་ཆུབ་བར་དུ་བདག་ནི་སྐྱབསུ་མཆི།། བདག་གིས་སྦྱིན་སོགས་བགྱིས་པ་འདི་དགི། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ཅེས་དགེ་བའི་རྩ་བ་སེན་ཐ~ཾད་ཀྱི་དོན་དུ་བསྔོའོ།། སེམས་བསྐྱེད་པའི་ཆོ་ག། སློབ་དཔོན་འཇམ་དཔལ ་བཤེས་གཉེན་གྱིས་མཛར་པ་རྫོགས་སོ།། ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། མཚན་ཡང་དག་པར་བརྗོད་པའི་རྣལ་འབྱོར་པས་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི་རང་གི་ཡི་དམ་གང་ཡིན་པར་བསམས་ལ། ་དེའི་སྙིང་གར་ཟླ་བའི་དཀྱིལ་འཁོར་འཇམ་ཀླས་པ་ཞིག་བསྒོམ། དེའི་ལྟེ་བ་ལ་ཨ་དཀར་པོ་ཞིག་བསམས་ལ་དེ་ལ་དམིགས་པ་གཏང་དེ་སྤྲོས་བྲལ་དུ་བསྒོམ་མོ།། བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག། སློབ་དཔོན་འཇམ་དཔལ་བ་ཤེས ་གཉེན་གྱིས་མཛད་པ་རྫོག་སོ།། ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། མཚན་ཡང་དག་པར་བརྗོད་པའི་རྣལ་འབྱོར་པས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཚང་མེད་པ་བཞི་བསྒོམ་པ་ནི་གོང་གི་སྙིང་གའི་ཟླ་བ་དང་རྡོ་རྗེའི ་ཨ་དེ་ལས་འཇིག་རྟེན་གྱི་ཁམས་ཁེངས་པར་བྱེད་པའི་འོད་ཟེར་ཁ་དོག་དཀར་པོ་བྱུང་བ་ངེས། སེམས་ཅན་ཐམས་ཅད་ལ་རེག་པ་དང་སྡུག་བསྔལ་དང་བྲལ་ནས་བདེ་བ་དང་ལྡན་པ་དང་། བདེ་པ་ལ་ཡུན་རིང་བར་གནས་པ་དང་། ཆོས་མཉམ་པ ་ཉིད་ཀྱི་དོན་དུ་ཡུན་རིང་དུ་བསྒོམ་མོ།། འོད་ཟེར་དེའི་ཕུང་པོ་སྦྱར་སྙིང་གར་ཐིམ་པར་བྱའོ།། ཚང་མེད་པ་བནི་བསྒོམ་པའི་མན་ངག་རྫོགས།། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། མཚན་ཡང་དག་པར་བརྗོད་པའི ་ནས་དུས་གསུམ་གྱི་སངས་རྒྱས་ལ་བལྟ་བ་ནི། སྙིང་གའི་ཟླ་བའི་རྡོ་རྗེ་ལས་འོད་ཟེར་ཁ་དོག་ལྔ་འཇའ་ཚོན་ལྟ་བུ་རྣམ་པའི་མཐར་ཐུག་པ་ཐམས་ཅད་སྣང་བས་ཁྱབ་པས་གསལ་བར་བྱས་ལ་བལྟ་བ་དང་། འཇིག་རྟེན་གྱི་ཁམས་མངལ་རྒྱ་ཆེ་བའི་སངས ་རྒྱས་ཀྱི་ཞིང་ཁམས་ན་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་མཛད་པ་བཅུ་གཉིས་མཛད་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མཉམ་པར་བཞག་པ་དང་། དེ་ལས་ལངས་པ་དང་། བྱང་ཆུབ་སེམས་དཔས་བསྐོར་བ་དང་། འཁོར་རྣམ་བཞིས་བསྐོར་བ ་དང་། དེ་བཞིན་གཤེགས་པའི་མཛད་སྤྱོད་དང་། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ལ་སེམས་གཏད་ལ་བལྟ་བར་བྱའོ།། དུས་གསུམ་གྱི་སངས་རྒྱས་ལ་བལྟ་བ་རྫོགསོ།། ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག ་འཚལོ།། དབང་པོ་ཐ་མས་རྗེ་སུ་དྲན་པ་དྲུག་བསྒོམ་པ་ནི། སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེསུ་དྲན་པ་དང་། དགེ་འདུན་རྗེསུ་དྲན་པ་དང་། གཏོང་བརྗེ་སུ་དྲན་པ་དང་། ཚུལ་ཁྲིམས་རྗེསུ་དྲན་པ་དང་། ལྷ་རྗེསུ་དྲན་པའོ།། དེ་ཡང་འདི་ལྟ་སྟེ། དེ་རྣམས ་ཀྱི་ཡོན་ཏན་དྲན་པའི་སྒོ་ནས་གུས་པ་བསྐྱེད་ཅིང་བདག་གིས་ཀྱང་དེའི་སྒོ་ནས་འཇུག་པར་བྱའོ།། དེ་ཡང་སངས་རྒྱས་རྗེ་སུ་དྲན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་རིག་པ་དང་ཞབ་སུ་ལྡན་པ། འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ཡང་དག ་པའི་སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་བྱའོ།། དེ་ལྟ་བུའི་སྒྲོ་ན་ས་སངས་རྒྱས་ཀྱི་ཡོན་ཏན་རྟོགས་ཤིང་དྲན་པ་ཉིད་ནི་སངས་རྒྱས་རྗེསུ་དྲན་པའོ།། ཆོས་རྗེ་སུ་དྲན་པ་ནི་བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ་ཡང་དག་པར་མཐོང་བ། དུས་ཚོང ་