CLOSE WINDOW

GT1392: sems bskyed pa'i cho ga
Wyliee-texts produced with BDRC’s OCR application

སྐྱབས་སུ་མཆིའོ་ཞེས་ལན་གསུམ་བརྗོད་དོ།། སྐྱབསུ་འགྲོ་བའི་ཆོ་ག་རྫོག་སོ།། ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལོ།། དེ་ལྟར་སྐྱབས་འགྲོ་ཁྱད་པར་ཅན་བྱས་ནས་སེམས་བསྐྱེད་པ་ནི། ཐལ་མོ་སྦྱར་ལ་ཕྱག་འཚལ་བ་དང་མཆོད ་པོའི་ལས་བྱས་ལ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་འདི་སྐད་བརྗོད་དོ།། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ ་སེམས་དཔའ་རྣམས་ཀྱིས་ཐུགས་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་རིན་པོ་ཆེར་བསྐྱེད་པ་ལྟར་བདག་མིང་འདི་ཞེས་བགྱི་བས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྦྱིན་པ་རིན་པོ་ཆར་གཟུང་དུ་གསོལ་ཞེས་ལན་གསུམ་དུ་གསོལ་བ་གདབ་པོ།། དེ་ནས་འདི་སྐད་བརྗོད ་དོ།། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཐོག་མ་དང་། སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ་སྦྱིན་པ་ལས་བྱུང་བ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམས ་པ་ལས་བྱུང་བའི་དགེ་བའི་རྩ་བ་བགྱིས་པ་དང་། བགྱིད་དུ་སྩལ་པ་དང་། བགྱིད་པ་ལ་རྗེ་སུ་ཡི་རང་བའི་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། ས་ཆེན་པོ་ལ ་ང་ཆུབ་ས་ས་ས་རྒྱགས་རྒྱུན་མེ་སྒྲུབ་ན་བརྒྱར་བས་བསྐྱེད་པ་བཛིན་དུ། བདན་མ་འདུགས་པ་གྲུས་ཀྱང་སམས་ཅན་མ་སྨིན་པ་རྣམས་སྦྱིན་པར་བྱ་བ་དང་། མ་གྲོལ་བ་རྣམས་གྲོམ་བ་། ་བགྱི་བ་དང་། དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བྱ་བའི་ཕྱིར་དང་། ཡོངས་སུ་མྱ་ངན་ལས་མ་འོངས་པ་རྣམས་ཡོངསུ་མྱ་ངན་ལས་འདའ་བའི་ཕྱིར། དུས་འདི་ནས་བཟུང་ནས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ།། ཞེས་གསོལ་བ་གདབ་བོ།། དེ་ནས་འདི་སྐད་བརྗོད་དོ།། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད།། ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ།། རྒ་ནད་འཆི་བའི་རྦ ་ཀློང་འཁྲུགས་པ་ཡི།། སྲིད་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག། དགེ་བ་འདི་ཡིས་སྐྱ་བོ་ཀུན།། བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ།། བསོད་ནམས་ཡེ་ཤེས་ལས་བྱུང་བའི།། དམ་པ་གཉིས་ནི་ཐོབ་པར་ཤོག། ས་འམ་ཆུ་འམ་མེ་འམ ་རླུང་། དགོན་པ་ཤིང་གི་སྨན་ལྟ་བུར།། བདག་ཉིད་སེམས་ཅན་ཐམས་ཅད་ཀྱི།། ནད་དེ་ཅོག་གི་གསོས་སུ་ཤོག། མཐོང་བ་དང་ནི་ཐོས་པ་དང་།། དྲན་པ་དང་ནི་རེག་པས་ཀྱང་།། བདག་ནི་སེམས་ཅན་ཐམས་ཅད་ཀྱི།། གྲུ་དང་ཟམ་པ་ལྟ་བུར ་ཤིག། བྱང་ཆུབ་སེམས་དཔའ་སུ་དག་གང་བཞུགས་པའི།། དེ་དག་ཀུན་གྱི་སྨོན་ལམ་གྲུབ་གྱུར་ནས།། སེམས་ཅན་ཐམས་ཅད་གཏན་དུ་བདེ་བ་དང་།། ངན་སོང་རྣམས་ནི་རྟག་ཏུ་སྦྱོངས་པར་ཤོག། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག ་རྣམས་ལ།། བྱང་ཆུབ་བར་དུ་བདག་ནི་སྐྱབསུ་མཆི།། བདག་གིས་སྦྱིན་སོགས་བགྱིས་པ་འདི་དགི། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ཅེས་དགེ་བའི་རྩ་བ་སེན་ཐ~ཾད་ཀྱི་དོན་དུ་བསྔོའོ།། སེམས་བསྐྱེད་པའི་ཆོ་ག། སློབ་དཔོན་འཇམ་དཔལ ་བཤེས་གཉེན་གྱིས་མཛར་པ་རྫོགས་སོ།། ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། མཚན་ཡང་དག་པར་བརྗོད་པའི་རྣལ་འབྱོར་པས་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི་རང་གི་ཡི་དམ་གང་ཡིན་པར་བསམས་ལ། ་