CLOSE WINDOW

GT1390: mtshan yang dag par brjod pa'i shes pa dug gsum las bzlog pa'i man ngag
Wyliee-texts produced with BDRC’s OCR application

འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། མཚན་ཡང་དག་པར་བརྗོད་པའི་རྣལ་འབྱོར་པས་ཤེས་པ་དུག་གསུམ་ལས་བཟློག་པའི་མན་ངག་ནི། དེ་ཡང་རིག་པ་བྱང་ཆུབ་ཀྱི་སེམས་འོད་གསལ་སྟོང་པ་གཉིས་མེད་དེ་མ་རིག ་སྟེ་མ་ཤེས་པའོ།། སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པ་ལ་སངས་རྒྱས་ཀྱི་རྒྱུ་བོར་ཏེ་ངན་སོང་གི་རྒྱུ་བསགས་པ་ནི་གཏི་མུག་གོ། དེ་ལྟར་ཁམས་གསུམ་གྱི་སེམས་ཅན་འཁོར་བ་སྡུག་བསྔལ་ཡིན་པར་མ་ཤེས་པས། སྡུག་བསྔལ ་དེ་ལ་མངོན་པར་སྲེད་ཅིང་ཆགས་པ་ནི་འདོད་ཆག་སོ།། དེ་ལྟར་ཆགས་པའི་དབང་གིས་སེམས་ཅན་རྣམས་ཀྱི་ཉིང་སྲོག་ཉིང་གིས་གཙང་དེ་ཉིད་ཤ་ཉིང་གི་ཟོས་ནས་གནོད་པ་བྱས་པ་ནི་ཞེ་སྡང་ངོ་།། དེ་ལྟར་རྒྱུ་དུག་གསུམ་ལས་འབྲས་བུ་ངན ་སོང་གསུམ་དུ་སྨིན་ནོ།། དེའི་དབང་གིས་ཉོན་མོངས་པའི་ཆུ་བོ་བཞི་འཁོར་བའི་རྒྱ་མཚོར་འབབ་པ་ནི་འདི་ལྟ་སྟེ། རྟོག་པའི་ཆུ་བོ་དང་། ལས་ཀྱི་ཆུ་བོ་དང་། འཁོར་བའི་ཆུ་བོ་དང་། སྡུག་བསྔལ་གྱི་ཆུ་བོའོ།། དེ་ལ་རྟོག་པའི་ཆུ་བོ་གང་ཞེ་ན། རྟོག་པའི་ཆུ། ་སྔམ་ལ་བརྟེན་ནས་ཕྱི་མ་འབྲང་མི་འཆད་པའོ།། ལས་ཀྱི་ཆུ་བོ་གང་ཞེ་ན། རྟོག་པ་སྔ་མ་དེའི་དབང་གིས་ལས་དགེ་སྡིག་ཡོད་པས་སྡིག་པ་སྤྱད་པའི་དབང་གིས་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་ཟད་པ་མེད་པར་འབྱུང་བའོ།། འཁོར་བའི་ཆུ་བོ་གང་ཞེ་ན། ་ལས་དེ་མ་ཟད་པའི་བར་དུ་སྲེད་པ་ཡང་རྒྱུན་མ་ཆད་པར་འབྱུང་བ་སོ།། སྡུག་བསྔལ་གྱི་ཆུ་བོ་གང་ཞེ་ན། དེ་ལྟར་སྲིད་པ་གསུམ་དུ་འཁོར་བས་འབྲས་བུ་སྡུག་བསྔལ་གསུམ་དང་རྒྱུན་མི་འཆད་པར་ཉམ་སུ་མྱོང་བའོ།། དེ་བས་ན་དེ་ལྟར་སྦྱིན་པར་བྱེད་པའི་རྒྱུ ་དུག་གསུམ་ལས་བཟློག་ན་ཆུ་བོ་བཞི་ཡང་རང་ལོག་དུ་འགྱུར་རོ།། མཚན་ཡང་དག་པར་བརྗོད་པའི་ཤེས་པ་དུག་གསུམ་ལས་བཟློག་པའི་མན་ངག་སློབ་དཔོན་འཇམ་དཔལ་བ་ཤེས་གཉེན་གྱིས་མཛད་པ་རྫོག་སོ།། ། འཕགས ་པ་འཇམ་དཔལ་ལ་ཕྱག་འཆི་ལོ།། དེ་ལ་སྐྱབསུ་འགྲོ་བ་ནི་མཎྜལ་དང་མཆོད་པ་བཤམས་ལ། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་རང་གི་མདུན་དུ་དམིགས་ལ་འདི་སྐད་བརྗོད་དོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ ་ཐམས་ཅད་ལ་ཕྱག་འཚལོ།། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དམ་པའི་ཆོས་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ ་ཐམས་ཅད་ལ་ཕྱག་འཚལོ།། མཆོད་པའི་ལས་བྱ་བའི་ཕྱིར་ཡོན་ཆབ་དང་། མེ་ཏོག་དང་། བདུག་སྤྲོས་དང་། མར་མ་དང་། དྲི་ཆབ་དང་། བཤོས་གཙང་དང་། སིལ་སྙན་ལ་སོགས་པ་དངོསུ་འབྱོར་པ་དང་། ཡིད་ཀྱིས་སྤྲུལ་ཏེ་དབུལ་བར་བགྱིའོ།། དེ་ནས ་འདི་སྐད་བརྗོད་དོ།། བདག་མིང་འདི་ཞེས་བགྱི་བོ་སངས་རྒྱས་ཀུན་གྱི་གདུང་རྒྱུན་མི་འཆད་པར་བགྱི་བའི་སླད་དུ་དུས་འདི་ནས་གཟུང་ནས་སྙིང་པོ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡང་དག་པར་རྫོགས་པོའི་སངས་རྒྱས་རྐང་གཉིས་རྣམས་ཀྱི་མཆོག་ལ་སྐྱབས ་མཆི་སྟེ། ཐུགས་རྗེ་ཆེན་པོ་དང་ལྡན་པ་ཐམས་ཅད་མཁྱེན་པ། གཟིགས་པ་སྐྱེས་བུའི་ཁྱུ་མཆོག་སྐུ་བསམ་གྱིས་མི་ཁྱབ་པ། བླ་ན་མེད་པའི་སྐུ་མངའ་བ་ལ་སྐྱབསུ་མཆིའོ།། ཆོས་འདོད་ཆགས་དང་བྲལ་བ་ལ་སྐྱབསུ་མཆི་སྟེ། བླ་ན་མེད་པ་དེ་བཞིན་གཤེགས། ་