CLOSE WINDOW

GT1389: mtshan yang dag par brjod pa'i mi rtag pa 'khor ba las yid dbyung ba
Wyliee-texts produced with BDRC’s OCR application

མན་དག་སློབ་དཔོན་འཇམ་དཔལ་བ་ཤེས་གཉེན་གྱིས་མཛད་པ་རྫོགས་སོ།། ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལོ།། འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དགེ་བའི་རྩ་བ་བསྔོ་བ། མཁས་པ ་རང་གི་བསྔོ་བ་དང་། མི་མཁས་པ་གཞན་གྱི་བསྔོ་བའོ།། དེ་ལ་མཁས་པ་རང་གི་བསྔོ་བ་ནི་མི་དམིགས་པ་གསུམ་གྱིས་ཟིན་པས་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བའོ།། མི་མཁས་པ་གཞན་གྱི་བསྔོ་བ་ནི་དུས་གསུམ་གྱི་དེ་བཞིན ་གཤེགས་པ་ཇི་ལྟར་བསྔོ་བ་ལྟར་བདག་གིས་ཀྱང་བསྔོ་བའོ།། མཚན་ཡང་དག་པར་བརྗོད་པའི་དགེ་བའི་རྩ་བ་བསྔོ་བ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོག་སོ།། །། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག ་འཚལོ།། མཚན་ཡང་དག་པར་བརྗོད་པའི་རྣལ་འབྱོར་པས་མི་རྟག་པ་ལ་སོགས་པ་བསྒོམ་པ་སྟེ། ཀྱེ་མ་འདི་ལྟར་སྣང་བའི་ཕྱིར་སྣོད་ཀྱི་འཇིག་རྟེན་འབྱུང་བ་ཆེན་པོ་བཞིས་འདུས་བྱས་པ་འདི་རྡུལ་ཕྲ་མོ་འདུས་པ་ལས་གྲུབ་པས། རྡུལ་ཕྲ་མོ་དེ ་ཡང་རང་བཞིན་མེད་པ་མི་རྟག་པ། ཐེར་ཟུག་པ་དང་། གློ་བུར་དང་། ཡིད་བརྟན་དུ་མི་རུང་བ་དང་། ཡང་དག་པའི་དོན་བྱེད་མི་ནུས་པས་བརྟགས་ན་དབེན་པ་སླུ་བའི་ཆོས་ཅན། འགྱུར་བའི་རྣམ་པའོ།། ངེས་པ་མེད་པ་བདག་གི་བ་མེད་པ། ་འཇིག་པའི་ཆོས་ཅན། སྒྱུ་མ་ལྟ་བུ། སྨིག་རྒྱུ་ལྟ་བྲི། སྤྲུལ་པ་ལྟ་བུ། དྲི་ཟའི་གྲོང་ཁྱེར་ལྷ་ཐཱ། མུ་ཟླ་སྟྲ་བུ། གཟུགས་བརྙན་ལྟ་བུ། ན་ཕུན་ལྟ་བུ། འཛ་བ་ཚོན་ལྟ་བུ་སྡུག་བསྔལ་བ་བདག་མེད་པ། སྟོང་པའོ།། དེ་ལྟར་ན་བྱི་གཟུང་བ ་ཡུལ་ལ་བདག་མེད་པའོ།། མཚན་ཡང་དག་པར་བརྗོད་པའི་མི་རྟག་པ་བསྒོམ་པ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས།། འཕགས་པ་འཇམ་དཔལ་ལ་ཕྱག་འཚ་ལོ།། འཁོར་བ་ལས་ཡིད་དབྱུང་བ་ནི་དེ་བཞིན ་དུ་ནང་བཅུད་ཀྱི་སེམས་ཅན་དང་། བདག་གི་གཟུགས་ཀྱི་ཕུང་པོ་ཡང་སྤྱི་བོ་ནས་རྐང་པའི་མཐིལ་ཡན་ཆད་དུ་བརྟགས་པས་མི་གཙང་བའི་ངོ་བོ་ཡིན་ཏེ། ཆུ་སེར་དང་། བད་ཀན་དང་། གླད་པ་དང་། བཤང་གཅི་དང་། རྣག་ཁྲག་དང་། སྣབས་ལུད་དང་། ་ཀེང་རུས་ལ་སོགས་པས་ཡོངས་སུ་གང་བ། དེ་ཡང་འགྱུར་བའི་ཆོས་ཅན། དེ་ཡང་ཡིད་བརྟན་དུ་མི་རུང་བ། སྡུག་བསྔལ་དང་། མི་རྟག་པ་བདག་མེད་པ། སྟོང་པའོ།། དེ་ལྟ་བུར་ཤེས་པར་བྱས་ནས་གཟུང་འཛིན་གཉིས་ལས་ལག་སྟེ། སེམས ་ཀྱི་མཚན་ཉིད་ཀྱང་གཟུགས་མེད་པ། ཁ་དོག་མེད་པ་ངོ་བོ་མེད་པ། རྣམ་པ་མེད་པ་བལྟར་མེད་པ། གཟུང་དུ་མེད་པ་རྟོག་པ་མེད་པ། སྤྲོས་པ་མེད་པ། ཀུན་ནས་ཉོན་མོངས་པ་མེད་པ། རང་རིག་པ་རང་གསལ་བ་ཙམ་དུ་ཡང་མ་གྲུབ་པ་ཡིན་ཏེ། ་ལྟར་ན་འཁོར་བ་ན་འདོད་པའི་ཡོན་ཏན་ལྔ་ལ་ཆགས་པ་ནི་སླུ་བའི་ཆོས་ཅན་ཡིན་ནོ།། འཁོར་བ་ལས་ཡིད་དབྱུང་བ་འདི་ཡང་རང་བཟོ་མ་ཡིན་ཏེ། ལུས་མང་ལུས་ཏེ་ལུས་ཀྱི་མཆོག། ལུས་ཀྱི་མཐའ་ནི་རྟོགས་པ་པོ་ཞེས་པ་དང་། འཁོར་བའི་ཕ་རོལ ་མཐར་སོན་པ།། བྱ་བ་བྱས་པ་སྐམ་སར་གནས།། ཞེས་པའི་བཀའ་རྒྱུད་ལ་བརྟེན་ནས་བྱསོ།། མཚན་ཡང་དག་པར་བརྗོད་པའི་མི་རྟག་པ་འཁོར་བ་ལས་ཡིད་དབྱུང་བ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོག་སོ།། ་