CLOSE WINDOW

GT1386: 'jam dpal gyi mtshan brjod gdon pa'i man ngad
Wyliee-texts produced with BDRC’s OCR application

དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ནི།། དང་པོ་བདག་ཉིད ་ཀྱིས་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་ཞེས་བསམ། དེ་ནས་ཨ་ཨཱ་ཨི་ཨཱི་ཨུ་ཨཱ་ཨེ་ཨཻ་ཨོ་ཨཻ་ཨཾ་ཨ། ཞེས་པས་སྟོང་པའི་རང་བཞིན་ལས་རང་གི་སེམས་ཀྱི་སྣང་བའི་ཨཱ་ལི་ཀཱ་ལིར་བསམས་པའི་འོད་ཟེར་གྱིས་ཅན་གྱི་དཀྱིལ ་འཁོར་མངོན་པར་བསྒྲུབ་པར་བྱའོ།། དེའི་དབུས་སུ་སེངྒེའི་ཁྲི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བསམ་པ་ནི། སྠི་ཧོ་ཧཱུཾ་དི་ཛྙཱ་ན་མུ་དྷི་ར་ཧཾ་བུདྡྷོ་བུདྡྷ་ནཱཾ། ཏྱ་དྷ་བརྟི་ནཱཾ་ཞེས་བརྗོད་པས་རྣམ་སྲུང་ཆེན་པོ་ཀུན་ཏུ་ཞལ་བས་མོ།། དེའི་ཐུགས་ཀར་དང་པོའི ་སངས་རྒྱས་བསམ། དེའི་ཐུགས་ཀར་ཤེས་རབ་འཁོར་ལོ་བསྒོམས་ཏེ།། ཨོཾ་བཛྲ་ཏཱིཀྵ་ཡ་ཏེ་ན་མཿོཾ་དུཿཁཙྪེ་དཱ་ཡ་ཏཾ་ན་མ། ཨོཾ་པྲྀཛྙཱ་ཛྙཱ་ན་མཱུརྟྟ་ཡ་ཏེ་ན་མ། ཨོཾ་ཛྙཱ་ན་ཀཱ་ཡ་ཏེ་ན་མཿོཾ་བཱ་གཱི་ཤྭ་རཱ་ཡ་ཏེ་ན་མཿོཾ་ཨ་ར་པ་ཙ་ནཱ ་ལ་ཏེ་ན་མཿཞེས་བརྗོད་པས་ཤེས་རབ་འཁོར་ལོ་རྩིབས་དྲུག་བསྒོམ། དེའི་སྟེང་དུ་ཡེ་ཤེས་སེམས་དཔའ་ཟླ་བ་དང་ཨ་བསྒོམ་པར་བྱའོ།། ཨའི་འོད་ཟེར་གྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་དྲུག་བདག་ལ་ཞུགས་པར་བས་མོ།། དེ་ལ་མཚན་བརྗོད་པར ་བྱའོ།། དེ་ལ་དང་པོར་བྱང་སེམས་རྡོ་རྗེའི་དཀྱིལ་འཁོར་གྱི་མཚན་བརྗོད་པར་བྱ་སྟེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཞེས་པ་ནས་ཐེག་པ་ཆེན་པོའི་ཚུལ་གྱིས་མཆོག་ཅེས་བྱ་བའི་བར་དུ་ཚིགས་བཅད་བཅུ་བཞི་བརྗོད་པས། ཡེ་ཤེས་སེམས ་དཔའི་ཡི་གེ་ཨ་ལས་མཚན་དོན་བྱུང་སྟེ། དེ་དག་གིས་བཅོམ་ལྡན་འདས་བྱང་སེམས་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷ་ཚེགས་སུ་གྱུར་ཏེ། སྤྲོས་ནས་འགྲོ་བའི་སེམས་ཅན་གྱི་དོན་བྱས་ནས་སླར་འདུས་ཏེ། རྣམ་སྣང་ཆེན་པོའི་ཕྱི་རིམ་དུ་གནས་པར་བས་མོ།། ་དེ་ནས་སངས་རྒྱས་རྣམ་པར་སྣང་མཛད་ཆེ་ཞེས་པ་ནས་ཚིགས་བཅད་ཉི་ཤུ་རྩ་ལྔར་རྐང་པ་གཅིག་གིས་མ་ཚང་བ་བརྗོད་པས། ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཨ་ལས་མཚན་དོན་གྱི་ཡི་གེ་བརྒྱ་བརྒྱད་ཅུ་རྩ་གཅིག ་འཕྲོས་ཏེ། དེ་དག་ཀྱང་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགསུ་གྱུར་ཏེ། འགྲོ་བའི་དོན་བྱས་ནས་རྣམ་པར་སྣང་མཛད་ཆེན་པོ་ལ་བསྐོར་བར་བསམ་མོ།། དེ་ནས་རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་པ་ནས། སྒྲ་དང་ལྡན་པ་རྣམས ་ཀྱི་མཆོག་ཅེས་པའི་བར་དུ་ཚིགས་བཅད་བཅུར་རྐང་པ་གཅིག་གིས་ལྷག་པ་བརྗོད་པས། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཨ་ལས་མཚན་གྱི་ཡི་གེ་རྣམས་སྤྲོས་པས་འཇིག་རྟེན་གྱི་གདུག་པ་ཅན་རྣམས་བཏུལ་ནས་དཀྱིལ་འཁོར་ཆེན་པོའི།། ་ཤར་ཕྱོགསུ་འཁོར་བར་བཞུགས་པར་བས་མོ།། དེ་ནས་ཡང་དག་བདག་མེད་དེ་བཞིན་ཉིད་ནས་ཡེ་ཤེས་མེ་ལྕེ་འོད་རབ་གསལ་ཞེས་པའི་བར་ཚིགས་བཅད་བཞི་བཅུ་རྩ་གཉིས་བརྗོད་པས། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཡི་གེ ་ཨ་ལས་མཚན་གྱི་དོན་ཡི་གེ་ཉིས་བརྒྱ་སུམ་ཅུ་རྩ་ལྔ་བྱུང་སྟེ་སྤྲོས་པས། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་འབྱུང་བས་འགྲོ་དོན་བྱས་ནས་དཀྱིལ་འཁོར་ཆེན་པོའི་ནུབ་ཕྱོགསུ་བཞུགས་པར་བས་མོ།། དེ་ནས་འདོད་པའི་དོན ་གྲུབ་དམ་པ་སྟེ་ཞེས་པ་ནས་ནོར་བུ་ཆེན་པོ་རིན་ཆེན་ཏོག་ཅེས་པའི་བར་གྱིས་ཚིགསུ་བཅད་པ་ཉི་ཤུ་རྩ་བཞི་བརྗོད་པས། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཨ་ལས་མཚན་དོན་ཡི་གེ་བརྒྱ་ཉི་ཤུ་རྩ་བཞི་སྤྲོ་སྟེ། སངས་རྒྱས་རིན་ཆེན་འབྱུང ་ལྡན་གྱི་དཀྱིལ་འཁོར་ཀྱང་སྤྲུལ་པས་འགྲོ་བའི་དོན་བྱས་ནས་དཀྱིལ་འཁོར་ཆེན་པོའི་ལྷོ་ཕྱོག་སུ་བཞུགས་པར་བྱས་མོ།། དེ་ནས་སངས་རྒྱུས་ཀུན་གྱིས་རྟོགས་བྱ་བ་ཞེས་པ་ནས་འཇམ་དཔལ་དཔལ་དང་ལྡན་པའི་མཆོག་ཅེས་པའི་བར་དུ་ཚིགས ་བཅད་པ་བཱཅཝོ་ལྔ་བརྗོད་པས། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཨ་ལས་མཚན་དོན་དགུ་བཅུ་རྩ་དགུ་སྤྲོས་ཏེ། སངས་རྒྱས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་གྱི་སྤྲུལ་པས་སེམས་ཅན་གྱི་བསམ་པ་ཡོངས་སུ་གྲུབ་པར་བྱས་ནས་སླར་འདུས་ཏེ ་དཀྱིལ་འཁོར་ཆེན་པོའི་བྱང་ཕྱོགསུ་བཞུགས་པར་བསྒོམ་མོ།། དེ་ལྟར་དཀྱིལ་འཁོར་ཆེན་པོ་དྲུག་པོ་དེ་ལས་འདི་ལྟར་སངས་རྒྱས་བཅོམ་ལྡན་ནས་འཇམ་དཔལ་དཔལ་དང་ལྡན་པའི་མཆོག་ཅེས་པ་ལ་སོགས་པས་བསྟོད་ཅིང་མཆོད་པར་བསམས། ་ལ་གདོན་ཏོ།། དེ་ལྟར་དཀྱིལ་འཁོར་ཆེན་པོ་དེ་ལ་སྤྱིར་འདུད་ཉིས་ཤེས་ཡང་དག་པར་བསྟོད་དོ།། དཱི་ནས་འདོད་པའི་དོན་གསོལ་བ་གདབ་སྟེ། དགེ་བའི་དྷཱུ་བཾ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ཏེ། ཨོཾ་སྭ་བྷཱ་བའི་སྔགས་ཀྱིས་ཆོས་ཐམས ་ཅད་རང་བཞིན་གྱིས་རྣམ་པར་དག་ཅིང་སྤྲོས་པ་དང་བྲལ་བར་འཇམ་པའི་དབྱངས་ཀྱི་ངོ་བོ་ན་མཁའི་ལྟར་དྲི་མ་མེད་པར་ཡོང་སུ་དག་པར་བསྒོམས་ཏེ་སྤྱོད་ལམ་གྱི་བྱ་བ་གཞན་བྱའོ།། དེ་ལྟར་རིགས་བསྡུས་པའི་དབང་དུ་བྱས་ནས་མཚན་བརྗོད་ཅིང ་བསྡུས་པ་ལ་ཚིགས་བཅད་ཉིས་བརྒྱ་དྲུག་ཅུ་རྩ་གཉིས་ཀྱིས་བསྟན་ཏོ།། དེའི་ཡོན་ཏན་གྱི་གཞུང་ཚིགས་བཅང་བརྒྱ་ལྔ་བཅུའོ།། དེ་ལྟར་ན་སངས་རྒྱས་ཀྱི་མཚན་བརྗོད་པ་ཡོན་ཏན་དང་བཅས་པའོ།། འཇམ་དཔལ་གྱི་མཚན་གདོན་པའི ་མན་དག་སློབ་དཔོན་འཇམ་དཔལ་བ་ཤེས་གཉེན་གྱིས་མཛད་པ་རྫོགས་སོ།། ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལོ།། འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དགེ་བའི་རྩ་བ་བསྔོ་བ། མཁས་པ ་