CLOSE WINDOW

GT1384: mtshan yang dag par brjod pa'i bskor ba bya ba'i thabs
Wyliee-texts produced with BDRC’s OCR application

འཕགས་པ་འཇམ་དཔལ་ལ་ཕྱག་འཚལོ།། སྒྲུབ་པ་པོ་དད་པ་དང་ལྡན་པའི་གང་ཟག་གིས་མཚན་ཡང་དག་པར་བརྗོད་པའི་སྒོ་ནས་བསྐོར་བར་བྱེད་པར་འདོད་པས། བདག་ཉིད་འཇམ་དཔལ་གྱི་ང་རྒྱལ་དང་ལྡན་པས་ས་ཕྱོགས་དེ་སྐྱང་ནུལ་བྱས་ཏེ་དྲི ་ཞིམ་པོས་ཆག་ཆག་བཏབ་ལ། སྐུ་གཟུགས་ལ་སོགས་པ་མིག་གི་རྟེན་མངོན་པར་བཞག་སྟེ། ས་ཕྱོགས་དེ་ཉིད་དུ་ཡི་གེ་ཧྲི་ལས་ངེས་པར་བྱུང་བའི་པདྨ་དཀར་པོ་འདབ་མ་སྣ་ཚོགས་པ་ཡལ་ག་དང་བཅས་པ་བསམས་ལ། དབུས་སུ ་སེངྒེའི་ཁྲི་ལ་ཟླ་བའི་སྟེང་དུ་སྤྲུལ་པའི་སྐུ་རྣམ་པར་སྣང་མཛད་ཤཱཀྱ་ཐུབ་པ་ཆོས་འཆང་པའི་ཕྱག་རྒྱ་ཅན་གསེར་གྱི་ཁ་དོག་ཅན་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་བལྟས་ལ། དེའི་གཡས་ན་འཇམ་དཔལ་ཁ་དོག་ཁ་བ་ལ་གུར་ཀུམ་གཏོར་བ་ལྟ་བུ་མཆོག ་སྦྱིན་པའི་ཚུལ་གྱིས་གནས་པ། གཡོན་ན་སྤྱན་རས་གཟིགས་དབང་ཕྱུག་གངས་ལ་ཉི་མ་ཤར་བ་ལྟ་བུ། ངག་གི་དབང་ཕྱུག་འགྱིང་བའི་ཚུལ་དུ་གནས་ཏེ་སེམས་ཅན་ལ་བདུད་རྩི་སྦྱིན་པར་མཛད་པ་དང་། མདུན་དུ་ཕྱག་ན་རྡོ་རྗེ་བཻ་ཌཱུརྱའི་མདོག་ཅན ་གཡས་རྡོ་རྗེ་ཐུགས་ཀར་བསྟོད་དེ། གཡོན་པ་ཞི་བའི་ཕྱག་རྒྱ་ཅན། དེའི་ཕྱི་རོལ་ན་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ། དེའི་ཕྱི་རོལ་ན་བྱང་ཆུབ་སེམས་དཔའ་སྟོང་དུ་བཞིས་མ་ཚང་བས་བསྐོར་བ། དེ་ལ་ཕྱི་རིམ་ན་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས ་བསྐོར་བ་བལྟས་ཏེ། དེ་ལ་དད་པ་བསྐྱེད་ཅིང་ཕྱག་འཚལ་ནས་བསྐོར་བ་བྱ་བ་ནི་མཚན་གདོན་པའམ་ཡེ་ཤེས་སེམས་དཔའི་སྐུའི་ཕྲེང་སྔགས་བརྗོད་པར་བྱའོ།། དེ་ལྟ་བུའི་བསྐོར་བ་ཇི་སྲིད་ནུས་པ་དེ་སྲིད་དུ་བྱས་ཏེ། བདེ་བར་གཤེགས་པ་དེ་རྣམས་ཀྱི ་དྲུང་དུ་འདུག་ལ། སངས་རྒྱས་རྗེསུ་དྲན་པོ་དང་། ཆོས་རྗེསུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པར་བྱས་ལ། སྙིང་ག་ནས་སྤྲུལ་པའི་མཆོད་པས་མཆོད་དེ། འདུད་ཉི་ཤུས་ཡང་དག་པར་བསྟོད་ལ། སྡིག་པ་གཤེགས་པ་དང་རྗེ་སུ་ཡི་རང་བ་ལ ་སོགས་པའི་དགེ་བའི་རྩ་བ་ཆེར་བསྐྱེད།། དེ་ནས་དེ་རྣམས་ཀྱི་ཐུགས་ཀ་ནས་འོད་བྱུང་ནས་བདག་ལ་གལ་སུ་བསྐོར་ཏེ། བདག་གི་སྙིང་གར་ཐིམ་པར་བསམས་པའི་བྱིན་རླབས་ཀྱིས་ལས་དང་ཉོན་མོངས་པའི་སྒྲིབ་པ་དག་ནས་ལུས་ཀྱང་ཆུ་ཟླ་ལྟ་བུར་བསམ ་མོ།། དེ་ལྟར་དགེ་བ་བྱས་པའི་བསོད་ནམས་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོས་ལ་དེ་རྣམས་ཀྱང་མི་སྣང་བར་བསྒོམ་མོ།། མཚན་ཡང་དག་པར་བརྗོད་པའི་བསྐོར་བ་བྱ་བའི་ཐབས་སློབ་དཔོན་འཇམ་དཔལ་བ་ཤེས་གཉེན་གྱི་མཛད་པ་རྫོགས ་སོ།། །། འཕགས་པ་འཇམ་དཔལ་ལ་ཕྱག་འཚལོ།། མཚན་ཡང་དག་པར་བརྗོད་པའི་ཡན་ལག་བདུན་པས་ཚོགས་བསགས་པའི་ཐབས་ལ། འཇམ་དཔལ་རྡོ་རྗེ་ལ་སོགས་པ།། རྒྱལ་བ་སྲས་དང་བཅས་པ་ལ།། ལུས་ངག་ཡིད་གསུམ ་