CLOSE WINDOW

GT1381: mtshan yang dag par brjod pa'i zas kyi rnal 'byor
Wyliee-texts produced with BDRC’s OCR application

བརྗོད་པའི་ཆུ་སྦྱིན་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགསསོ།། ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། མཚན་ཡང་དག་པར་བརྗོད་པའི་རྣལ་འབྱོར་པས་ཅི་ཟ་བའི་ཚེ ་ཟས་ཀྱི་རྣལ་འབྱོར་འདི་ལྟར་བྱའོ།། གང་ཡང་ཟས་ཀྱི་དངོས་པོ་སྟོང་པར་བསམས་ཏེ། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱདྱ་ནུད་པན་ན་ཏྭཱ་ཏ་སྭཱ་ཧཱ། ཞེས་པས་དག་པར་བསམས་ལ། ཨཱ་ཡོངསུ་གྱུར་པ་ལས་བདུད་རྩི་དཀར་པོ་དྲི་མ་མེད་པ ་དང་། ཨོཾ་ཡོངསུ་གྱུར་པ་ལས་མང་ཞིང་སྤེལ་བ་དང་། ཧཱུཾ་གིས་ཡེ་ཤེས་ཀྱི་བདུད་རྩི་དྲངས་ཏེ། ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་ཏེ། སྙིང་གར་ལྷ་ཚོགས་གསལ་བཏབ་ལ་དང་པོར་ལྷ་དཀོན་མཆོག་མཆོད། དེ་ནས་ལྷ ་ཚོགས་ཅི་རིགས་པར་མཆོད་ལ། རང་གི་ལུས་ཀྱི་ལྷ་ཚོགས་ཚིམ་པར་བྱས་ལ། ལྷག་མ་འབྱུང་པོ་ཀུན་ལ་སྦྱིན་ནོ།། མཚན་ཡང་དག་པར་བརྗོད་པའི་ཟས་ཀྱི་རྣལ་འབྱོར་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས ་སོ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ།། མཚན་ཡང་དག་པར་བརྗོད་པའི་རྣལ་འབྱོར་པས་འབྱུང་པོའི་གཏོར་མའི་དངོས་པོ་དཔག་པོསམ་གྱི་ཤིང་ཆེན་པོར་མོས་པ་བྱས་ལྔ། དེ་ལས་འཐུང་པོ་ཐམས་ཅད ་ལ་ཅི་དང་ཙི་འདོད་པའི་མཁོ་བའི་ཡོ་བྱད་དང་། ཞལ་ཟས་དེ་དང་དེ་འབྱུང་བར་བསམས་ཏེ། དགའ་སྔོན་ཆེན་པོ་བྱེད་པར་བྱས་ཏེ། འཇམ་དཔལ་སྐུའི་ཕྲེང་སྔགས་བརྗོད་དོ།། སྔགས་འདིས་སྦྱིན་ནོ།། ཨི་དཾ་ཏོ་ཏཏྟཾ་མ་ཤཾ་སནྡྷི་ཏ་པྲེ ་ཏ་སརྦ་ག་ཏཱི་མ་ག་ཏ་དེ་ཤ་མ་ནི་ནེ་ན་ཧེ་ཏུ་མ་ནཱི་ཤ་ས་དྷུ་མཱཾ་བྷ་དྷ་སྭཱ་ཧཱ་ཞེས་ལན་གསུམ་བརྗོད་པས། འབྱུང་པོ་ཐམས་ཅད་ངོམས་ཤིང་ཚིམ་པར་གྱུར་པས་སྡུག་བསྔལ་ལས་དབུགས་འབྱིན་དགའ་སྟོན་ཆེན་པོར་གྱུར་པས་དུས་མ་ཡིན་པར་འཆི་བ་བཟློག་སྟེ། ་འབྱུང་པོའི་ཚེ་བ་ལས་ཤིན་ཏུ་གྲོལ་བར་གྱུར་ཞིང་སྦྱིན་པའི་འབྲས་བུ་ཡང་མངོན་དུ་འགྱུརརོ།། མཚན་ཡང་དག་པར་བརྗོད་པའི་འབྱུང་པོའི་གཏོར་མ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས།། ། འཕགས་པ ་འཇམ་དཔལ་ལ་ཕྱག་འཚལོ།། མཚན་ཡང་དག་པར་བརྗོད་པའི་མཎྜལ་གྱི་ཆོ་གའི་རིམ་པ། ས་འཇམ་པོ་ལ་རིན་པོ་ཆེ་སྣ་ལྔ་བརྡར་ཏེ་ཙན་དན་གྱི་ཆུས་སྤྲས་པ་ལ་སྲོག་ཆགས་བསལ་ཏེ་འཐས་པར་བཅགས་ལ་ཁྲུ་ཆེན་པོ་གང་གི་ཚད་དུ་བརྐོས་ལ ་དངུལ་ལམ་རྡོ་ཧཱུཾས་ལ་སོགས་པས་བྱུགས་ཏེ། དབྱིབས་མེ་ལོང་གི་གསལ་ངོས་ལྟར་བྱས་ལ། སྭ་རཏྣ་མཎྜལ་ཡེ་ཤེས་མེ་ཏོག་གི་ཚོམ་བུ་ཡང་ཚུལ་དང་མཐུན་པར་མཛེས་པར་བཀྲམ་སྟེ། དྲི་དང་ལྡན་པར་བྱས་ནས་གང་མཁོ་བའི་ཡོ་བྱད་དང་། མེ ་ཏོག་གི་ཚོམ་བུ་དང་། པདྨའི་གདན་ལ་སོགས་པར་བྱིན་གྱིས་བརླབས་ཏེ། གདན་དང་བཅས་པར་དབུལ་བར་བྱའོ།། མཚན་ཡང་དག་པར་བརྗོད་པའི་མཎྜལ་གྱི་ཆོ་ག། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་མཛད་པ་རྫོགས་སོ།། ་འཕགས་པ་འཇམ་དཔལ་ལ་ཕྱག་འཚལོ།། སྒྲུབ་པ་པོ་དད་པ་དང་ལྡན་པའི་གང་ཟག་གིས་མཚན་ཡང་དག་པར་བརྗོད་པའི་སྒོ་ནས་བསྐོར་བར་བྱེད་པར་འདོད་པས། བདག་ཉིད་འཇམ་དཔལ་གྱི་ང་རྒྱལ་དང་ལྡན་པས་ས་ཕྱོགས་དེ་སྐྱང་ནུལ་བྱས་ཏེ་དྲི ་