CLOSE WINDOW

GT1379: 'phags pa 'jam dpal gyi mtshan yang dag par brjod pa'i khrus kyi cho ga
Wyliee-texts produced with BDRC’s OCR application

དང་། རྫོགས་པར་བྱུང་བའི་དང་པོའི་སྦྱོར་བ་དང་། དེ་དང་ཆ་མཐུན་པའི་དཀྱིལ་འཁོར་བསྐྱེད་པའི་དཀྱིལ་འཁོར་རྒྱལ་མཆོག་དང་། མཚན་གྱི་བྱིན་བརླབས་ལས་བྱུང་བའི་ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད་པའི་ལས་རྒྱལ ་མཆོག་བསྒོམ་པར་བྱའོ།། དེ་ནས་དཀྱིལ་འཁོར་བྱེད་པར་འདོད་པས། རྩིག་པ་འམ་བྲིས་ཏེ། ལྷ་དགོད་པ་ནི་དབུས་སུ་བཅོམ་ལྡན་འདས་དོན་ཡོད་གྲུབ་པའོ།། དེ་ལ་སེམས་དཔའ་རིགས་དང་མཐུན་པ་བཞིས་བསྐོར་བ། སྒེག་མོ་ལ་སོགས་པ ་ད་དང་། བསྐལ་པ་བཟང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང་། སྒོ་བ་རྣམས་མཛེས་པར་བྲིས་ལ། དེ་རྣམས་ལ་ཡང་དག་པར་མཆོད་དེ། ལྷའི་སྣང་བ་ཐོབ་པའི་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་སྐལ་བ་དང་ལྡན་པ་བཅུག་སྟེ་དབང ་བསྐུར་ཏེ། ཡོན་གྱི་མཆོག་བླངས་ནས་ཚུལ་དང་མཐུན་པའི་གནང་བ་སྦྱིན་ཏེ། དཀྱིལ་འཁོར་ལྷ་ལ་ཡང་དག་པར་མཆོད་ནས་གཤེགསུ་གསོལ་ཏེ། དཀྱིལ་འཁོར་བསྡུའོ།། ཕྲག་དོག་དོན་ཡོད་གྲུབ་པ་ཡི།། དཀྱིལ་འཁོར་ཆོ་ག་བྲིས་པ་ལས།། ་བསགས་པའི་དགེ་དེས་འགྲོ་བ་ཀུན།། དོན་ཡོད་གྲུབ་པ་ཉིད་འགྲུབ་ཤོག། དོན་ཡོད་གྲུབ་པ་དབུགས་དབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག། སློབ་དཔོན་འཇམ་དཔལ་བ་ཤེས་གཉེན་གྱིས་མཛད་པ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་སུ་བཛྲ་དང་། བོད་ཀྱི་ལོ་ཙ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའོ།། ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། མཚན་ཡང་དག་པར་བརྗོད་པའི་ཁྲུས་ཀྱི་ཆོ་ག་ནི་དང་པོར་བུམ་པ་བྲུཾ་ལས་ཡེ ་ཤེས་ཀྱི་གཞལ་ཡས་ཁང་དུ་བསམས་ལ། དེའི་ནང་དུ་བཾ་ལས་འོ་མ་ཅན་གྱི་རྒྱ་མཚོ་བསམས་ཏེ། དེའི་སྟེང་དུ་ཧྲཱི། ལས་པདྨ་དཀར་པོ་འདབ་མ་དང་བཅས་པར་བསམས་ལ་དེའི་སྟེང་དུ་མྱི་བསམ། དེ་འོད་དུ་གྱུར་པ་ལས་ཨུཏྤལ་དཀར་པོ་ཅིག ་བསམ། དེ་ཞུ་བ་ལས་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་སྟོན་ཀཱའི་ཟླ་བ་ཝཱར་དཀར་བ། གཡས་ན་ཨུཏྤལ་སྔོན་པོ་རལ་གྲིས་མཚན་པ། གཡོན་ན་ཨུཏྤལ་སྔོན་པོ་པ་ཏི་ས་མཚན་པ་བསྒོམ། དེའི་སྙིང་གར་ཟླ་བ་ལས་མུ་བསམ། དེའི་འོད ་ཟེར་གྱི་དེ་དང་འདྲ་བ་སྤྱན་དྲངས་ལ་བསྟིམ། སྔགས་འདི་བརྗོད་པས་ཡེ་ཤེས་ཀྱི་ཆུར་ཞུ་བར་བསམ། ཨོཾ་སརྦ་དྷརྨཱ་ཨ་བྷཱ་བ་སྭ་བྷཱ་བ་བི་ཤུདྡྷ་བཛྲ་ཙུཀྑ་ཨ་ཨཱ་ཨཾ་ཨ། ཞེས་བརྗོད་པས་ཡེ་ཤེས་ཀྱི་ཆུས་ཁྲུས་བྱས་པས་རང་གི་སྒོ་གསུམ་དག ་པར་བྱའོ།། འདུད་ཀྱི་བསྟོད་དོ།། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཁྲུས་ཀྱི་ཆོ་ག། སློབ་དཔོན་འཇམ་དཔལ་བ་ཤེས་གཉེན་གྱིས་མཛད་པ་རྫོག་སོ།། ། འཕགས་པ་འཇམ་དཔལ ་ལ་ཕྱག་འཚལོ།། མཚན་ཡང་དག་པར་བརྗོད་པའི་ཆུ་སྦྱིན་བྱ་བར་འདོད་པས། ཁྲུས་ཆུའི་ལྷག་མ་དེ་ལ་རང་གི་སྙིང་གའི་འོད་ཟེར་གྱི་སྣང་བ་དག་པར་བྱས་ཏེ། མོས་པ་བསྒྱུར་ལ་ཡེ་ཤེས་སེམས་དཔའི་སྐུའི་ཕྲེང་སྔགས་བརྗོད་ལ། དེའི་རྗེས་ལ ་འདི་སྐད་དུ་ཆུ་སྦྱིན་ནོ།། ཨོཾ་ཛ་ལ་མི་ཏཾ་སརྦ་པྲེ་ཏེ་བྷྱཿསྭཱ་ཧཱ་ཞེས་ཡི་དགས་རྣམས་ལ་སྦྱིན་པས་འཐུངས་ཏེ། ཉོན་མོངས་པ་བྱང་བར་གྱུར་ཅིག་ཅེས་བརྗོད་དོ།། དགེ་བ་སེ་མས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱའོ།། མཚན་ཡང་དག་པར ་