CLOSE WINDOW

GT1375: 'phags pa 'jam dpal gyi mtshan yang dag par brjod pa'i dkyil 'khor gyi cho ga zhes bya ba
Wyliee-texts produced with BDRC’s OCR application

གཉེན་གྱིས་མཛད་པ།། རྣམ་པར་སྣང་མཛད་དབུགས་དབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག་རྫོགསོ།། ། རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་མཎྜ་ལ་བི་དྷི་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན ་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། སྡུག་བསྔལ་ཚ་བས་གདུངས་པའི་སེམས་ཅན་ལོ།། ཐུགས་རྗེས་ཟླ་ལྟར་བསིལ་མཛད་འཇམ་དབྱངས་མགོན།། རྡོ་རྗེ་རལ་གྲི་འཛིན་པའི་སངས ་རྒྱས་ནི།། དེ་ལ་བཏུང་དེ་མི་བསྐྱོད་དཀྱིལ་འཁོར་བཤད།། དེ་ལ་འདིར་ཞེ་སྡང་གི་གཉེན་པོར་མི་བསྐྱོད་པའི་དཀྱིལ་འཁོར་གྱི་ཆོ་ག་བྱེད་པར་འདོད་པས། དབང་བསྐུར་ཐོབ་ཅིང་སྡོམ་པ་དང་ལྡན་པས།། ཡོ་བྱད་ཕུན་སུམ་ཚོགས་པར་བྱས་ལ། དུས་བཟང ་པོ་ལ་དགོན་པ་འམ་ནགས་འདབ་དུ་བདེ་བར་གཤེགས་པ་བསྙེན་པར་བྱ་སྟེ། ས་ཕྱོགས་དེར་མཎྜལ་སྔོན་དུ་འགྲོ་བས་མཆོད་པ་བཤམས་ལ། སྒ་དགྲ་པ་སྔོན་དུ་འགྲོ་བས་གཤིན་རྗེ་གཤེད་བར་བསྐྱེད་ལ་བགེགས་ཐམས ་ཅད་ཚར་གཅང་ལ། སྲུང་བའི་འཁོར་ལོའི་ནང་དུ་སངས་རྒྱས་མི་བསྐྱོད་པ་བྱང་ཆུབ་སེམས་དཔའ་དང་བཅོས་པ་སྤྱན་དྲང་ཞིང་མཉེས་པར་བྱས་ལ། དེའི་མདུན་དུ་སྡིག་པའི་དྲི་མ་བཀྲུ་བ་ལ་སོགས་པ་དགེ་བའི་རྩ་བ་ཆེར་བསྐྱེད།། དེ་ནས་སྡོམ་པ་མ་ལུས ་པ་བཟུང་བ་སྟོང་ཞིང་བདག་མེད་པ་ལ་མོས་ཤིང་ཁང་པ་ཡང་གཞལ་ཞིང་བརྗོད་དུ་མེད་པ་ལས་ཡེ་ཤེས་ཀྱི་ཕྲེང་བ་འཁྲུགས་པ་ལས་གྲུབ་པའི་ནང་དུ་གཞིའི་སངས་རྒྱས་མི་བསྐྱོད་པ་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྙིང་གར་རྫོགས་པའི་ཚུལ ་གྱི་སྦྱོར་བ་དང་པོ་དང་རིགས་མཐུན་པའི་སེམས་དཔའ་ཐམས་ཅད་དང་ས་ལས་བྱུང་བའི་སངས་རྒྱས་འཁོར་དུ་བལྟས་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་པོ་རྣམས་དཀྱིལ་འཁོར་རྒྱལ་མཆོག་ཅེས་བྱ་བ་དང་། དེ་དང་མཐུན་པའི་མཚན་བརྗོད ་པའི་བྱིན་བརླབས་ཀྱིས་དེའི་དཀྱིལ་འཁོར་དང་མཐུན་པའི་སངས་རྒྱས་བྱེ་བ་དཔག་ཏུ་མེད་པས་འཇིག་རྟེན་གསུམ་པོ་ཀུན་བཀང་སྟེ། རང་གི་ལས་ལ་སྦྱར་བས་ལས་རྒྱལ་མཆོག་བསྒོམ་པ་ནི་བསྙེན་པ་ཞེས་བྱའོ།། དེ་ལྟར་ལྷ་ཉེ་བར་གྱུར་ནས་དཀྱིལ ་འཁོར་བྲིས་ཏེ་ལྷ་དགོད་པ་ནི་དབུས་སུ་བཅོམ་ལྡན་འདས་མི་བསྐྱོད་པ། དེ་དང་རིགས་མཐུན་པ་སེམས་དཔའ་བཞི་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པས་བསྐོར་བར་བཀོད་ནས། དེའི་ཕྱི་རོལ་དུ་སྒེག་མོ་ལ་སོགས་པ་བཆད་དང་། ཁྱམསུ་བྱམས་པ་དང་། ་མཐོང་བ་དོན་ཡོད་དང་། ངན་སོང་ཀུན་འདྲེན་དང་། མྱ་ངན་དང་མུན་པ་ངེས་པར་འཇོམས་པའི་བློ་གྲོས་ལ་སོགས་པ་རྣམས་བྲིའོ།། སྒོ་བཞིར་ནི་སྒོ་སྲུངས་དང་ཚུལ་དང་མཐུན་པར་བཞགོ། དེ་ལྟར་ལེགས་པར་བྲིས་ལ་མཆོད་པའི་བྱེ་བྲག་གིས ་ཡང་དག་པར་མཆོད་ནས་སྐལ་པ་དང་ལྡན་པའི་སློབ་མ་གཞུག་ཅིང་དབང་ཡང་སྦྱིན་པར་བྱའོ།། དེའི་སླར་ཡང་ངེས་པར་མཆོད་ནས་རིགས་དེ་ཉིད་ཀྱི་མཚན་ནས་བརྗོད་པས་ཡང་དག་པར་བསྟོད་ལ། དཀྱིལ་འཁོར་ལ་སྐོར་བ་བྱས་ནས་ལྷ་རྣམས་ལ་བཟོད ་པར་གསོལ། ཏེ་དཀྱིལ་འཁོར་བསྡུ་བར་བྱའོ།། མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་འདིར།། ཞེ་སྡང་གཉེན་པོར་གྱུར་ནས་ཀྱང་།། འདི་ལ་གནས་པའི་འགྲོ་བ་རྣམས།། མངོན་དགའི་ཞིང་དུ་སྐྱེ་བར་ཤོག། མི་བསྐྱོད་པ་དབུགསོ་དབྱུང་བའི་དཀྱིལ་འཁོར་གྱི་ཆོ ་ག་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱི་མཛད་པ་རྫོག་སོ།། ། རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་བི་དྷི་མཎྜ་ལ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད ་