| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་བི་དྷི་མཎྜ་ལ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། བག ་ཆགས་སྐྱོན་གྱིས་དྲི་མའི་ཐ་བ་ལ།། ཤེས་རབ་བདུད་རྩིའི་ཆར་བ་འབེབས་མཛད་པའི།། ཨ་ར་པ་ཙ་ན་ལ་གུས་བཏུད།། བྱང་སེམས་རྡོ་རྗེའི་དཀྱིལ་འཁོར་ཆོ་ག་བཤད།། དེ་ལ་འདིར་དུག་གསུམ་ཆ་མཉམ་པ་བཅོམ་ལྡན་འདས་བྱང་སེམས་རྡོ་རྗེའི་དཀྱིལ ་འཁོར་བྱེད་པར་འདོད་པས། བླ་མ་གསང་སྔགས་ལ་མཁས་པ། ཐེག་པ་ཆེན་པོའི་ཚུལ་ལ་གནས་པས། སློབ་མ་དེ་སྐད་ཅིག་སྨྲ་བ་དེ་བཞིན་བྱེད་པ་མ་སྨིན་པ་སྨིན་པར་བྱ་བའི་ཕྱིར་རི་བོ་ལ་སོགས་པ་དགོན་པའི་གནསུ་མཎྜལ་བྱས་ཏེ། སྟན་བདེ་བ་ལ ་འདུག་ནས་མཆོད་པ་བཤམས་ནས། བདག་ཉིད་དྲུག་པོ་ཆེན་པོ་དྲུག་ཤུལ་ཆེ་བ་བདུད་ལ་སོགས་པ་འཇིགས་བྱ་ཆེན་པོ་ཡང་འཇིགས་པར་བྱེང་བར་བསམས་ལྀ། རྫུ་འཕྲུལ་ཆེན་པོའི་སྟོབས་དང་ལྡན་པས་བགེགས་ཐམས་སྟོང་བསྒྱུང་ངོ་། སྲིང་བའི ་བོའི་བགེགས་ཐམས་ཅད་བཅོམ་ལ་ཁྲེགས་ཤིང་རྡོ་རྗེ་ཆེན་པོའི་རི་བོས་བསྐོར་ཏེ། རྫུ་འཕྲུལ་ཆེན་པོའི་ལྷ་ཚོགས་སྤྲུལ་ཏེ་མཆོད་པ་ཆེན་པོ་ཕུལ་ལ་བསྣམ་གཏན་ཆེན་པོའི་ཏིང་འཛིན་ལྔ་གནས་ནས། ན་མཁའི་ཁམ་སུ་ཡི་གེའི་ཕྲེང་བ་སྣང་བ་ཆེན་པོས ་གསལ་བར་བྱས་ལ། མཁས་པ་བྱང་སེམས་རྡོ་རྗེ་ཞེས་བྱ་བའི་སངས་རྒྱས་འགྲུབ་པར་བྱ་བའི་དང་པོའི་སྦྱོར་བ་དང་། དེའི་བྱིན་བརླབས་ལས་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲུལ་པ་ཞེས་བྱ་བའི་དཀྱིལ་འཁོར་རྒྱལ་མཆོག་དང་། སྒྱུ་འཕྲུལ་ཆེན་པོའི་ལྷ་ཚོགས ་ཀྱིས་དོན་གྲུབ་པར་བྱ་བའི་ཕྱིར་ལས་རྒྱལ་མཆོག་དང་དེ་རྣམས་བསྒོམ་པར་བྱའོ།། དེ་ལྟར་ལྷ་ཉེ་བར་གྱུར་ནས་དཀྱིལ་འཁོར་བྱར་རུང་བའི་སའི་ཆོ་ག་དང་། སློབ་མ་སྣོད་དང་ལྡན་པ་ལ་སྡོམ་པ་ཕོག་ལ་དཀྱིལ་འཁོར་བྲིས་ཏེ་རྒྱན་རྣམས ་བཀྲམ་སྟེ། ལྷ་དགོད་པ་ནི་དབུས་སུ་བཅོམ་ལྡན་འདས་བྱང་སེམས་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དང་དྲིལ་བུ་ཅན། མདུན་དུ་རྡོ་རྗེ་སེམས་དཔའ། གཡ་སུ་རྡོ་རྗེ་རིན་ཆེནི། ནུབ་ཏུ་རྡོ་རྗེ་ཆོས། བྱང་དུ་རྡོ་རྗེ་ལས་རྣམས་བྲིས། སྒེག་མོ་ལ་སོགས ་པ་བརྒྱད་དང་ཁྱམསུ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་དང་། སྒོ་རྣམསུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བཞག། དཀྱིལ་འཁོར་དེ་ལ་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ་སྐལ་པ་དང་ལྡན་པའི་སློབ་མ་བཅུག་ལ་དེ་ལ་དབང་བསྐུར་བར་བྱའོ།། ། ་རིགས་ཀྱི་བུ་དེ་ལ་ཡོན་གྱི་མཆོག་བླངས་ཏེ་ལྷ་དང་སློབ་དཔོན་ལ་མཆོད་ནས་དཀྱིལ་འཁོར་ལ་བཟོད་པར་གསོལ་ནས་གཤེགས་པར་བྱའོ།། དེའི་རྗེས་ལ་དཀྱིལ་འཁོར་བསྡུས་ལ་ཅི་བདེ་བར་གནས་པར་བྱའོ།། བྱང་སེམས་རྡོ་རྗེའི་དཀྱིལ་འཁོར་གྱི།། དགེ ་པ་གང་དེས་འགྲོ་བ་ཀུན།། སྲིད་པའི་དགོན་པ་ལས་བརྒལ་ནས།། རྡོ་རྗེ་སེམས་དཔའ་ཐོབ་པར་ཤོག། བྱང་སེམས་རྡོ་རྗེ་དབུགས་དབྱུང་བའི་དཀྱིལ་འཁོར་གྱི་ཆོ་ད། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་མཛད་པ་རྫོགསསོ།། ་