CLOSE WINDOW

GT1371: mtshan yang dag par brjod pa'i dkyil 'khor cho ga nam mak'i dri med ces bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ནཱ་མ་སངྒཱི་མཎྜ་ལ་བི་དྷཾ་ཨ ་ཤ་བི་ར་ལ་ནཱ་མ། བོང་སྣང་དུ། མཚ་ཡང་དག་པར་བརྗིད ་པའི་དཀྱིལ་འཁོར་ཆོ་ག་ན་མཁའི་དྲི་མེད་ཅེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། དུས ་གསུམ་བདེ་གཤེགས་ཤེས་རབ་ངོ་བོ་ཅན།། མ་རིག་མུན་ནང་སེམས་ཅན་ཉམ་ཐག་ལ།། ཡེ་ཤེས་ཉི་ཟེར་སྦྱིན་མཛད་ཐུགས་རྗེའི ་བདག། འཇམ་དཔལ་དེ་ལ་བཏུད་དེ་ཕྱག་འཚལ་ནས།། སྒྱུ་འཕྲུལ་རྒྱ་ཆེན་ན་མཁའ་ལྟ་བུ་ནས།། དབུགས་དབྱུང་དྲུག་བསྡུས་ཟབ ་པ་ཡང་དག་ནི།། དཀྱིལ་འཁོར་ཆོ་ག་དགེ་བ་འདི་ཕྱོགས་ཙམ།། བསྡུས་ལ་མོས་པའི་དོན་དུ་བཤད་པར་བྱ།། དེ་ལ་འདིར་རྡོ་རྗེ་སློབ་དཔོན་སྡོམ་པ་དང་ལྡན་ཞིང་དབང་ཐོབ་པ་གཞན་ལ ་ཕན་པའི་བློ་ཅན་ཞིག་གིས།། ཉོན་མོངས་པ་རགས་པའི་གང་ཟག་ལ་མ་སྨིན་པའི་སྨིན་པར་བྱ་བ་འམ། སེམས་ཅན་ཐད་བདེ་བ་ལ་དགོད་པར་བྱ་བའི་ཕྱིར། སངས་རྒྱས་ཐ~ཾད་མཉེས་པར་བྱ ་སྟེ། གཟའ་དང་ཉི་མ་དང་སྐར་མ་བཟང་པོ་ལ།། མཁོ་བིའི་ཡོ་བྱད་ཅི་འབྱོར་པ་བསོགས་ལ།། ནགས་ཚལ་ལམ། རི་བོ་འམ། ཆུ་ཀླུང་ངམ། ཆེང་ཚོང་ལ་སོགས་པ་ཉམས་དགའ་བིའི ་གནསུ་གནས་པར་བྱས་ལ། སྟན་བདེ་བ་ལ་འདུག་སྟེ། རང་གི་སྒོ་དག་པར་བྱས་ནས་མོས་པའི་སློབ་མ་མ་རུངས་པ། འདུལ་བའི་རྒྱལ་པོར་གནས་པར་བྱ་སྟེ། ་ཧཱུཾ་གི་མཚན་མ་ལས་བྱུང་བའི་ཁྲོ་བོའི་གཤིན་རྗེ་གཤེད་དུ་སྐད་ཅིག་གིས་བདག་ཉིད་གྱུར་ཏེ། སྐུ་མདོག་མཐིང་ནག་ཧལ་པ། ཞལ་བརྒྱ་ལྗགས་འདྲིལ་ཞིང་ཧ་ཧ་ཧི་ཧིའི་གད་རྒྱངས་ཕྱོགས་བཅུར་སྒྲོག་པ། སྤྱན་མིག་དམར་པོ ་རྡོ་རྗེའི་མིག་ཅན། ལག་པ་བརྒྱ་པོ་ཀུན་བསྐྱོད་མཚོན་ཆ་སྣ་ཚོགས་བསྣམས་པ། གོམ་པའི་སྟབས་ཀྱིས་གདུག་པ་མནན་པ། ཐོད་པ་དང་སྦྲུལ་དང་སྟག་ལྤགས་ཀྱིས་བརྒྱན་པ། ཞིང་ཆེན་དང་གླང་ཆེན་གྱི་ཀོ་རློན་གྱོན་པ། གཤིན་རྗེ་གཤེད་པོ ་བགེགས་ཐམས་ཅད་ཀྱི་རྒྱལ་པོར་བསྐྱེད་ལ། མིག་ཏུ་མ་དང་ཊ་བཀོད་དེ། ཉི་མ་དང་ཟླ་བའི་དཀྱིལ་གྱི་རྡོ་རྗེ་སྔོན་པོ་མིག་འབྲས་སུ་བསམས་ལ། ཁྲོ་བོའི་སྡང་མིག་གཡོན་ནས་སྐོར་བས་བགེགས་ཐམས་ཅད་སྐྲག་པར་བྱའོ།། གཡས་ནས་སྐོར་བས་རྡོ་རྗེ ་རབའོ།། འོག་ཏུ་བལྟས་པས་རྡོ་རྗེའི་ས་གཞིའོ།། སྟེང་དུ་བལྟས་པས་རྡོ་རྗེའི་གུར་དུ་བྱའོ།། དེའི་རྗེས་ལ་གནས་དེར་ཕྱག་དར་དང་སྐྱང་ནུལ་བྱ་ཞིང་། ཨ་ཀ་རུ་ནག་པོས་ཀྱང་ཕྱོགས་བཅུར་བདུགས་ལ་ས་གཞི་ཙན་དན་ལ་སོགས་པའི་དྲིས་བྱུགས་ཏེ ་དེའི་དབུས་སུ་མཎྜལ་ཁྲུ་གང་བ་གསུམ་བྱ་སྟེ། ས་དེ་ལ་རིན་པོ་ཆེ་བརྡར་ཞིང་འཐས་པར་བྱས་ལ། རྡོ་རྒྱུས་ཀྱིས་དཀར་པོར་བྱ་ཞིང་འོ་མ་དང་ཙན་དན་དང་གུརྱ་ཀུམ་ལ་སོགས་པ་སྲོག་ཆགས་ལ་གནོད་པ་མ་བྱས་པ་ལས་བྱུང་བའི་དྲིས་བྱུགས་ལ། ཡི་གེ་སྭ ་ལས་བྱུང་བའི་རིན་པོ་ཆེ་བཀྲམ་པ་ནི། བླ་མའི་མཎྜལ་རི་རབ་གླིང་བཞིས་བརྒྱན་པ་བཀོད་ལ། རང་ཉིད་དཀོན་མཆོག་གསུམ་ལ་རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་ཚོམ་བུ་དགོད་པ་དང་། ཡིད་དམ་ལྷའི་མོཏྤལ་གྱི་དཀྱིལ་འཁོར་ལོ་གྲངས་དང་མཉམྲ ་པའི་མེ་ཏོག་གི་ཚོམ་བུ་བཀོད་ལ། རང་ཉིད་ཡི་དམ་ལྷའི་ང་རྒྱལ་གྱི་སྙིང་ཁ་ནས་ས་བོན་གྱི་འོད་ཟེར་གྱིས་གཙུག་ཏོར་འཁོར་ལོས་བསྒྱུར་བ་བཀུག་ལ་མཎྜལ་ལ་བཅུག་སྟེ། བཞུགས་པའི་རྟེན་དང་། མཁོ་བའི་ཡོན་དུ་བྱིན་གྱིས་བརླབ་པོ།། དེའི་རྗེས་ལ ་མཆོད་པ་ལྔ་དང་། ཡན་ལག་གིས་མཆོད་པ་གཡས་དང་གཡོན་དུ་བཀྲམ་ལ། གཙང་ཞིང་དག་པར་བཤམས་ཏེ། ཚུལ་བཞིན་དུ་བྱིན་གྱིས་བརླབས་ལ་གཞག་པར་བྱའོ།། དེ་ནས་ཚོགས་བསག་པའི་ཡུལ་དཀྱིལ་འཁོར་གྱི་འཁོར་ལོ་མདུན་དུ་མངོན་པར ་སྤྲུལ་ཏེ་མཎྜལ་ཕུལ་ལ་མཆོད་པར་བྱའོ།། འཇམ་དཔལ་རྡོ་རྗེ་ལ་སོགས་པ། རྒྱལ་བ་སྲས་དང་བཅས་པ་ལ།། ལུས་དང་ངག་ཡིད་གུས་ལྡན་ནས།། ཀུན་ནས་བཏུང་དེ་ཕྱག་འཚལ་ལོ།། སངས་རྒྱས་ཞིང་དུ་གང་བསྔགས་དང་།། འཇིག་རྟེན་དག་པ་མཆོག་གྱུར ་པའི་དུདུ་རིན་ཆེན་མེ་ཏོག་བདུག་སྤྲོས་སོགས།། ཀུན་ནས་སྤྲུལ་ཏེ་མཆོད་པར་བགྱི།། བདག་གིས་སྔོན་ཆད་བྱས་པའི་སྡིག། ཀུན་ནས་བསགས་པར་གང་གྱུར་ལ།། རང་བཞིན་མེད་དང་ཡང་ཚུལ་གྱིས།། རྒྱལ་བ་ཀུན་གྱིས་སྤྱན་སྔར་བཤགས།། འགྲོ་བ་གང ་གིས་བསོད་ནམས་གང་།། དམན་པའི་དགེ་བ་ཐམས་ཅད་ལ།། དེ་བཞིན་མཐུན་པའི་ལྷག་སེམས་ཀྱིས།། དད་པས་རྗེས་སུ་ཡི་རང་ངོ་།། བདེ་གཤེགས་བྱང་ཆུབ་མཆོག་བསྐྱེད་ནས།། འགྲོ་བ་ཐུགས་རྗེས་གདུལ་སླདདུ།། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ།། ་ཚངས་པ་བཞིན་དུ་གསོལ་བ་འདེབས།། ཡོངས་སུ་མྱ་ངན་འདའ་བཞེད་ལ།། འགྲོ་ཀུན་ཡུན་དུ་བདེ་བའི་ཕྱིར།། ཇི་སྲིད་འཚོ་བ་དེ་སྲིད་དུ།། མྱ་ངན་མི་འདའ་བཞུགས་སུ་གསོལ།། ཇི་སྲིད་འཁོར་བ་གནས་པར་དུ།། བདག་གི་དགེ་བ་དེ་བཞིན་དུ།། ཀུན་ནས ་ཟང་པར་མ་གྱུར་པར།། སེམས་ཅན་ཡོངས་སུ་སྨིན་པར་ཤོག། དཀོན་མཆོག་གསུམ་ལ་སྐྱབསུ་མཆི།། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག ་ཇི་ལྟར་དུས་གསུམ་མགོན་པོ་རྣམས།། བྱང་ཆུབ་ཏུ་ནི་ངེས་མཛད་པའི།། བྱང་ཆུབ་སེམས་ནི་བླ་ན་མེད།། དམ་པ་བདག་གིས་བསྐྱེད་པར་བགྱི།། སངས་རྒྱས་རྣལ་འབྱོར་སྡོམ་པ་ལ།། སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་།། དགེ་བའི་ཆོས་ནི་སྡུད་པ་དང་།། ་སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ།། བདག་གིས་བརྟན་པོར་བཟུང་བར་བགྱི།། སངས་རྒྱས་རྣལ་འབྱོར་སྡོམ་པ་ལ།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། བླ་ན་མེད་པའི་དཀོན་མཆོག་གསུམ།། དིང་ནས་བརྩམས་ཏེ་བཟུང་བར་བགྱི།། རྡོ་རྗེ ་རིགས་མཆོག་ཆེན་པོ་ལ།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དང་།། རྡོ་རྗེ་སློབ་དཔོན་དམ་པ་དག། ཡང་དག་ཉིད་དུ་གཟུང་བར་བགྱི།། རིན་ཆེན་རིགས་མཆོག་ཆེན་པོ་ཡི།། དམ་ཚིག་ཡིད་དུ་འོང་བྱ་ལ།། ཉིན་རེ་བཞིན་དུ་དུས་དྲུག་དུ།། སྦྱིན་པ་རྣམས་ནི་རབ་ཏུ་སྦྱིན།། ་པདྨའི་རིགས་མཆོག་ཆེན་པོ་ལ།། སངས་རྒྱས་ཞལ་ནས་གསུངས་པ་ཡི།། ཕྱི་ནང་གསང་བའི་ཐེག་པ་གསུམ།། དམ་པའི་ཆོས་ཀྱང་ཅི་ནུས་བཟུང་།། ལས་ཀྱི་རིགས་མཆོག་ཆེན་པོ་ལ།། མཆོད་པའི་ལས་རྣམས་བྱ་བ་དང་།། སྡོམ་པ་རྒྱ་མཚོ་མ ་ལུས་པ།། ཤིན་ཏུ་དམ་པ་བདག་གིས་བཟུང་།། དེ་ལྟར་སྡོམ་པ་མ་ལུས་པོ།། དམ་པ་བདག་གིས་བཟུང་བགྱིས་ནས།། བྱང་ཆུབ་མཆོག་སེམས་བསྐྱེད་བགྱིས་ནས།། སེམས་ཅན་མ་རིག་ལྡོངས་པ་རྣམས།། བདག་གིས་ཡང་དག་དགེ་ལ་གཟ། སེམས ་ཅན་ཉོན་མོངས་བཅིངས་པ་ཡི།། མ་གྲོལ་བ་རྣམས་གྲོལ་བར་བགྱི།། སེམས་ཅན་འཁོར་བའི་རྒྱ་མཚོ་ལས།། མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི།། སྡུག་བསྔལ་ཆེན་པོའི་ནང་སེམས་ཅན།། དབུགས་མ་ཕྱུང་བ་དབུགས་དབྱུང་ཞིང་།། འཁོར་བ ་དག་ན་གནས་པ་ཡི།། སེམས་ཅན་མྱ་ངན་འདས་ལ་དགོད།། དུས་འདི་ནས་ནི་བཟུང་ནས་སུ།། བྱང་ཆུབ་སྙིང་པོ་མཆིས་ཀྱི་བར།། འཇམ་མགོན་འབངས་སུ་བདག་འབུལ་ལགས།། ཐུགས་རྗེས་ཡོངས་སུ་བཟུང་བར་མཛོད།། དུས་ནི་ནས་ནི ་བཟུང་ནས་སུ།། བདེར་གཤེགས་ཁྱེད་ཀྱི་བཀའ་བཞིན་དུ།། སེམས་ཅན་དོན་དུ་བསྒྲུབ་ལགས་ཀྱིས།། བྱིན་གྱིས་བརླབས་པ་མཛད་དུ་གསོལ།། དེ་ལྟར་བསོད་ནམས་ཀྱི་ཚོགས་བསགས་པས། བྱམས་པ་ཆེན་པོ་དང་། སྙིང་རྗེ་དང་དགའ་བ་དང་།། ་བཏང་སྙོམས་ཚད་མེད་པ་བཞི་རྗེས་སུ་དྲན་ནས། ད་ནི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་དག་པའི་ཏིང་ངེ་འཛིན་བསྒོམ་པ་སྟོང་པ་ཉིད་ལ་བློ་གཏང་ལ།། དེ་སྒྲུབ་པར་བྱེད་པའི་ཚིག་བརྗོད་དེ་སྒྲའི་དོན་ལ་མོས་པར་བྱའོ།། རྣམ་པར་མི་རྟོག་དབྱིངས་མི་ཟད།། ་ཡང་དག་བདག་མེད་དེ་བཞིན་ཉིད་།། ཡང་དག་མཐའ་ལཱྀ་ཡི་གེ་མེད།། ཆོས་དབྷྲི་ས་དམ་པ་བང་མི་ཤེས།། ཨོཾ་སྭཱཧྣ་ཙུནྱ་ཧཱ་ཛྙཱ་ནཱ་བཛྲ་ས་བྷཱ་བ་ཨཱཏྨ་ཀོ་ཧི།། ཞེས་བརྗོད་པས་ཕྱི་ནང་གི་བསྡུས་པའི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་གྱུར་ཏེ་ཡེ ་སཀྱི་ས་རྒྱ་ནི། ས་ལངས་ཅད་མས་པའིད་ཀྱིལ་ས་སུ་སེཾམ་ཀྱི་སྣང་བ་གར་མམས་ཨཱ་ཡི་དང་། སོའི་ཕྲེང་བབས་པའི། ཆིལས་དེ་འདྲག་། མལས་ཆོས་ཀྱི་རྒྱ་གནས་དན་ཡས ་པ། དེའི་ཐ་མ་འོད་ཟེར་གྱི་ཕྲེང་བ་ལྔས་བསྐོར་བའི་ནང་དུ། འོད་ཟེར་གྱི་ཕྲེང་བ་ལྔ་འཕྲོས་ཤིང་འདུས་པ་ལས། འོད་ལྗང་གུ་ལས་རླུང་གི་དཀྱིལ་འཁོར་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ། འོད་དམར་པོ་ལས་མེའི་དཀྱིལ་འཁོར་པདྨ་དམར ་པོས་མཚན་པ། འོད་དཀར་པོ་ལས་ཆུའི་དཀྱིལ་འཁོར་རིན་པོ་ཆེས་མཚན་པ། འོད་སེར་པོ་ལས་གསེར་གྱི་ས་བཞི་འཁོར་ལོས་མཚན་པ། འོད་སྔོན་པོ་ལས་རི་རབ་རྡོ་རྗེས་མཚན་པ། དེ་ཡང་ཤར་ཤེལ། ལྷོ་བཻ་ཌཱུརྱ། ནུབ་པདྨ་རཱ་ག། བྱང་གསེར་རྔོ ་རྗེས་མཚན་པའོ།། དེའི་སྟེང་དུ་འོད་ཟེར་གྱི་ཕྲེང་བ་ལྔ་ག་རིལ་གྱིས་འདུས་པ་ལས། ལྷའི་གཞལ་ཡས་ཁང་གྲུ་བཞི་པ་ལ་སྒོ་བཞི་པ་སྒོ་ཁྱུད་རིན་པོ་ཆེའི་བ་ཟས་མཛེས་པར་བརྒྱན་པ། ཕྱི་རོལ་ན་མུ་ཏིག་གི་ཟར་ཚགས་དང་དྲིལ་བུ་གཡར་ཁ་གྲཝ་བཞི་ནས ་འཕྱང་བ། རིན་པོ་ཆེ་སྣ་ཚོགས་ཀྱི་ཆུན་འཕྱང་ཀྱང་རྟ་བབས་ཀྱི་ཀ་བ་ལ་འཕྱང་བ། རྟ་བབས་ཀྱང་ཏཱ་ར་ཎ་ལ་སོགས་པས་བརྒྱན་ཅིང་། རི་དགས་དང་ཆོས་ཀྱི་འཁོར་ལོ་དང་། འཕན་དང་རྒྱལ་མཚན་དང་། གདུགས་དང་རིན་པོ་ཆེ་འོད་དུ་འབར་བའི་ཏོག ་གིས་མཛེས་པར་བྱས་ཏེ། གཞལ་ཡས་ཁང་གི་ནང་དུ། སེངྒེ་དང་གླང་པོ་ཆེ་དང་། རྟ་མཆོག་དང་། རྨ་བྱ་དང་། ནམ་མཁའ་ལྡིང་གི་སྟེང་དུ་པདྨ་དང་། ཉི་མའི་གདན་མཛེས་པར་བཀྲམ་པ་དང་། འཁོར་རྣམས་ཀྱང་གོ་རིམས་སུ་པདྨ་དང་། ཟླ་བའི་གདན་བཀྲམ ་པར་བསམས་ལ་དཀྱིལ་འཁོར་གྱི་དབུས་ཀྱི་གདན་ཐོག་དུ་རང་གི་སེམས་ཀྱི་ཆོ་འཕྲུལ་ལས་ཨཱ་ལི་ཀཱ་ལིའི་ཕྲེང་བ་བྱུང་བ་ལས། དེའི་སྤྲོ་བསྡུའི་བྱིན་རླབས་ལས་ཟླ་བ་དང་ཉི་མ་ལ་དེ་དང་དེས་མཚན་པར་གྱུར། དེའི་ནང་དུ་ཨ་ལས་བྱུང་བའི་རྡོ་རྗེ་དཀར་པོ ་ཨས་མཚན་པར་གྱུར། དེ་རྣམས་སྤྲོ་ཞིང་བསྡུས་ནས་འོད་འབར་བ་ལས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ཞལ་བཞི་པ་ཞལ་དང་པོ་ཤར་དུ་གཟིགས་པ། གཉིས་པ་ལྷོ། གསུམ་པ་ནུབ། བཞི་པ་བྱང་ངོ་།། ཕྱོགས་བཞི་ག་ན་ཕྱག་གཉིས ་གཉིས་པ། བྱང་ཆུབ་མཆོག་གི་ཕྱག་རྒྱའི་སྟེང་ན་རྡོ་རྗེ་དཀར་པོ་རྩ་ལྔ་པ་སྐྱེས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་ཐུགས་ཀར་ཡི་གེ་དྷཱིཿལས། དང་པོའི་སངས་རྒྱས་ཞལ་ལྔ་པ། ཕྱག་བརྒྱད་པ། གཡས་བཞི་ན་ཤེས་རབ་ཀྱི་རལ་གྲི། གཡོན་བཞི་ན ་ས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་ཡོད་པ། ཞལ་བཞི་ཕྱོགས་དང་མཐུན་པ། དབུས་དམར་སེར་རོ།། དེའི་ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་རྩིབས་དྲུག་པ་ལ། གསང་སྔགས་རྒྱལ་པོ་དྲུག་གིས་མཚན་པ། དེའི་དཀྱིལ་དུ་འཇམ་དཔལ་ཡེ་ཤེས་སེམས ་དཔའ་ཞལ་དྲུག་ཕྱག་གཉིས་པ། གཡས་རལ་གྲི་གཡོན་པོ་ཏི་འཛིན་པ། དེའི་སྟེང་དུ་ཟླ་བ་དང་། ཨ་བསྒོམ་པར་བྱའོ།། དེ་ལྟར་ན་ད་ནི་སྦྱོར་བ་དང་པོའི་ཏིང་འཛིན་ནོ།། ། དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་དྲུག་བསྐྱེད་པར་འདོད་པས། དེ་བཞིན ་གཤེགས་པ་ཐམས་ཅད་སྒྲུབ་པར་བྱེད་པའི་སྔགས་ཀྱི་ཕྲེང་བ་འདི་ཨ་ལས་སྤྲོ་བར་བྱའོ།། ཨ་ཨཱ་ཨི་ཨཱཾ་ཨུ་ཨཱུ་ཨེ་ཨཱཾ་ཨོཾ་ཨོ་ཨཻ་ཨཱ~ཾ། སྠི་ཏོ་ཧྲི་དི་ཛྙཱ་ན་མཱུརྟི་ར་ཧཾ། བུདྡྷོ་བུདྡྷཱ་ནཱཾ། ཏྱཱ་དྷཱ་བར་ཏཱི་ཏཱཾ། ཨོཾ་བཛྲ་ཏཱིཀྵཱ་ཡ་ཏ~ཾ་ན་མཿོཾ་དུཿཁཙྪེ་ང་ཡ ་ནམཿོཾ་པྲཛྙཱ་ཛྙཱ་ན་མུ་ར་ཏ་ཡ~ཾ་ཡ་ཏེ་ན་མཿ། ཨོཾ་ཛྙཱ་ན་ཀཱ་ཡཱ་ཡ་ཏེ་ན་མ། ཨོཾ་བཱ་གཱི་ཤྭ་རཱ་ཡ་ཏེ་ན་མ་ཨོཾ་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ། ཨོཾ་སརྦ་དྷརྨྨ་བྷཱ་བ། སྭ་བྷཱ་བ་བི་ཤུདྡྷ། ཙུཀྵ་བཛྲ། ཨ་ཨཱ་ཨཾ་ཨ། པ་ཀྲྀ་ཏི། པ་རི་ཤུ་དྷ། སརྦ་དྷརྨྨ་ཡ་དུ་ཏ། སརྦ་ཏ་ཐཱ་ག ་ཏ་ཛྙཱ་ན་ཀཱ་ལ། མཉྩ་ཤྲཱི། བཱ་རི་ཤྲཱདྦྷ་ཏྲཱི། མ་པཱ་དཱ་ལེ་ཏཱཾ། ཨོཾ་ཨ་ཨཱ། སརྦ་དྷ་ཐཱ་ག་ཏཱདྷྭཾ་དྲཱ་ཡཱ། ཧཱ་ར་ཧ་ར། ཨཽ་ཧཱུ~ཾ་དྷཱིཿབྷ་ག་བཱན། ཛཱ་ནཱ་ནྟ་རྱཱཏྟི། བྲཱགྷྣཱཾ་ཤྩ་རཱ། མ་ཧཱ་བ་ཙ། སརྦ་དྷརྨྨ་ག་གཱ་ན། ཨ་མཱ་ལྱཱ་སྨཱ་བ་རི་ཤུདྡྷ། ་དྷརྦྦ་དྷ་ན་རྗོད་པས་མང་འདི་རྣམས་འདུ་བར་དང་ས་ནམ་རྗེག་མས་པ་པ་བྲིས་པས། མ་སེགས་པ་། ས་མ། ར ་རྗི་རྗེ་སྐིན་ཚུར་འདུས་པ་ལྷས། གདུན་རྣམས་ཀྱི་སྙིང་དུ་ཡི་གེ་ཨ་འབའ་ཞིག་ཏུ་གྱུར་པ་དེ་གནས་པ་ལས། དེ་རྣམས་ལས་བྱུང་བའི་སངས་རྒྱས་འདི་ལྟ་སྟེ། ཤཱར་ཕྱོགས་ཀྱི་གླིང་གི་ཉི་མ་ལས་སངས་རྒྱས་མི་བསྐྱོད་པ་སྔོན་པོ་ཞལ་གཅིག ་ཕྱུག་གཉིས་པ། ས་གནོན་གྱི་རྡོ་རྗེ་རྩེ་ལྔ་པ་འཛིན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ།། མདུན་དུ་རྡོ་རྗེ་སེམས་དཔའ་དཀར་པོ་གཡས་རྡོ་རྗེ་ཐུགས་ཀར་བསྟོང་པ། གཡོན་དྲིལ་བུ་དཀྱུ་ལ་གཏང་བའོ།། གཡས་ངོས་སུ་རྡོ་རྗེ་རྒྱལ་པོ་མདོག་སེར་ཟ ་ཐོ་བ་ཐོགས་པའོ།། རྒྱབ་ཏུ་རྡོ་རྗེ་ཆགས་པ་དམར་པོ་མངའ་འགེངས་པའོ།། གཡོན་དུ་རྡོ་རྗེ་ལེགས་པ་ལྗང་གུ་རྡོ་རྗེ་འཛིན་པ། སེ་གོལ་གྱི་ལེགས་པ་སྟེར་བྱའོ།། ལྷོ་ཕྱོགས་ཀྱི་གླིང་གི་ཉི་མ་ལ། སངས་རྒྱས་རིན་ཆེན་འབྱུང་ལྡན་སེར་པོ་ཞལ་གཅིག ་ཕྱག་གཉིས་པ། མཆོད་སྦྱིན་རིན་པོ་ཆེ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ།། མདུན་དུ་རྡོ་རྗེ་རིན་ཆེན་སེར་པོ་གཡས་རིན་པོ་ཆེ་རྡོ་རྗེ་དཔྲ་ལ་བར་བསྟོད་པ་གཡོན་དྲིལ་བུ་དཀུར་བརྟེན་པའོ།། གཡས་སུ་རྡོ་རྗེ་ཉི་མ་སྔོན་པོ་ཉི་མ་འཛིན་པའོ།། རྒྱབ་ཏུ ་རྡོ་རྗེ་དབང་པོ་དམར་པོ་རྒྱལ་མཚན་བསྣམས་པའོ།། གཡོན་དུ་རྡོ་རྗེ་བཞད་པ་དཀར་པོ་ས་ཤིང་གི་ཕྲེང་བ་ཐོགས་པའོ།། ནུབ་ཕྱོགས་ཀྱི་གླིང་གི་ཉི་མ་ལ་སངས་རྒྱས་སྣང་བ་མཐའ་ཡས་དམར་པོ་ཞལ་གཅིག་ཕྱག་གཉིས་པ། མཉམ་གཞག་གི་ཐོག་ན་པདྨ་དམར་པོ ་འཛིན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ།། མདུན་དུ་རྡོ་རྗེ་ཆོས་དམར་པོ་པདྨའི་སྡོང་བུ་སྙིང་གར་ཁ་ཕྱེ་བ་འཛིན་པའོ།། གཡོས་སུ་རྡོ་རྗེ་རྣོན་པོ་སྔོན་པོ་རལ་གྲི་ཐོགས་པའོ།། རྒྱབ་ཏུ་རྡོ་རྗེ་རྒྱུ་སེར་པོ་འཁོར་ལོ་ཅན་ནོ།། གཡོན་དུ་རྡོ་རྗེ་སྨྲ་བ་སྔོན་པོ་ལྕེ་ཐོགས་པའོ།། ་བྱང་ཕྱོགས་ཀྱི་གླིང་གི་ཉི་མ་ལ་སངས་རྒྱས་དོན་ཡོད་གྲུབ་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ་སྐྱབས་སྦྱིན་མཛད་ཅིང་རྒྱ་གྲམ་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ།། མདུན་དུ་རྡོ་རྗེ་ལས་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་ཐོགས་པའོ།། གཡས་སུ་རྡོ་རྗེ་སྲུང་བ་སེར་པོ ་རྡོ་རྗེ་ཁྲབ་ཐོགས་པའོ།། རྒྱབ་ཏུ་རྡོ་རྗེ་གནོད་སྦྱིན་ནག་པོ་ཆེ་བ་ཐོགས་པའོ།། གཡོན་དུ་རྡོ་རྗེ་ཁུ་ཚུར་སེར་པོ་རྡོ་རྗེ་ཐོགས་པའོ།། དེ་ནས་གཙོ་བོའི་དཀྱིལ་འཁོར་གྱི་མཚམས་བཞི་ནས་རྡོ་རྗེ་སེམས་དཔའ་དང་། རིན་ཆེན་སེམས་དཔའ་དང་། པདྨ་སེམས ་དཔའ་དང་། ལས་ཀྱི་སེམས་དཔའ་དང་། རིགས་བཞིའི་སེམས་དཔའ་བསྒོམ་མོ།། དེའི་ཕྱི་རོལ་མཚམས་བཞིན་སྒེག་མོ་དཀར་མོ་རྡོ་རྗེ་ཉི་མ་འཛིན་པ་དང་། ཕྲེང་བ་མ་སེར་མོ། རིན་པོ་ཆེའི་ཕྲེང་བ་འཛིན་པ་དང་། གླུ་མ་སྔོན་མོ་པི་བང་འཛིན་པ་དང ་གར་མ་ལྗང་གུ་རྡོ་རྗེ་རྩེ་གསུམ་འཛིན་པ་དང་། དེ་རྣམས་ཤར་ལྷོ་ནས་བརྩམས་ཏེ་བསྒོམ་མོ།། གྲུ་མང་བཞི་ལ་སྤོས་མེ་མ་དཀར་མོ་སྤོས་ཕོར་ཐོགས་པ་དང་། མེ་ཏོག་མ་མཐིང་ག་མེ་ཏོག་འཛིན་པ་དང་། མར་མེ་མ་དམར་མོ་མར་མེ་ཐོགས་པ་དང་། དྲི་ཆབ་མ ་ཥྚ་9་བུ་ཐུགས་པ་དང་། དརྣམས་བླང་ག། བཅོམམམས་ནས་དྲིམ་བཞིན་ནོ།། ད་གྱུརོས་ཀྱི་ཁྱམ་ནམ་བྱམས་པ་དང་། མཐོང་བ་དོན་ཡོ་དང་། ངནྱ་སྟོང་ཀུན་འཛིན་དང་། མྱ་ངན་ཀུན་འམས་རྣམས་ནི ་མདོག་དཀར་པོ་རྡོ་རྗེ་ཐོགས་པ་རྣམས་ནི་ཤཱར་དུའོ།། སྤོས་ཀྱི་བློ་གྲོས་དང་། དཔའ་བར་འགྲོ་བ་དང་། ནམ་པའི་མཛོད་དང་། ཡེ་ཤེས་རྙོག་དང་། དེ་རྣམས་ནི་མངོན་སེར་པོ་རིན་པོ་ཆེའི་སྙེ་མ་ཐོགས་པ་རྣམས་ནི་ལྷོ་རུའོ།། འོད་དཔག་མེད་དང་ཟླ ་འོད་དང་། བཟང་སྐྱོང་དང་། དྲ་བ་ཅན་གྱི་འོད་རྣམས་ནི་མདོག་དམར་པོ་པདྨའི་སྡོང་བུ་ཐོགས་པ་རྣམས་ནི་ནུབ་དུའོ།། རྡོ་རྗེ་སྙིང་པོ་དང་བློ་གྲོས་མི་ཟད་པ་དང་། སྤོབས་པ་བརྩེགས་པ་དང་། ཀུན་ཏུ་བཟང་པོ་རྣམས་ནི་མདོག་ལྗང་གུ་རྒྱ་གྲམ་ཐོགས ་པ་བྱང་དུའོ།། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱང་ཞལ་གཅིག་ཕྱག་གཉིས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ།། ཤར་གྱི་སྒོར་ནི་རྡོ་རྗེ་ལྕགས་ཀྱུ་སྔོན་པོ་ལྕགས་ཀྱུ་ཐོགས་པའོ།། ལྷོའི་སྒོར་ན་རྡོ་རྗེ་ཞགས་པ་སེར་པོ་ཞགས་པ་ཐོགས་པའོ།། ནུབ ་ཀྱི་སྒོར་ལྕགས་སྒྲོག་དམར་པོ་ལྕགས་སྒྲོག་ཐོགས་པའོ།། བྱང་གི་སྒོར་རྡོ་རྗེ་འབེབས་པ་ལྗང་ནག་དྲིལ་བུ་ཐོགས་པའོ།། སྒོ་བ་དེ་རྣམས་ཀྱང་ཅུང་ཟད་ཁྲོ་བ། ཞལ་མཆེ་བ་ལྷག་ག་བརྒྱན་ཐམས་ཅད་ཀྱིས་བརྒྱན་པའོ།། དེ་ལྟར་དཀྱིལ་འཁོར་དྲུག ་པར་ཀུན་ཏུ་བསྒོམས་པ་ལ་མཆོད་པའི་ལྷ་མོ་དང་བསྐལ་བཟང་ཆེ་མཐུན་པའི་འཁོར་ལ་དབུས་ཀྱི་རྣམ་སྣང་ཆེན་པོ་དཀྱིལ་མ་རྣམ་རྙེ་དང་བྱང་ཆུ་ང་རྗེནས་པ་གརྣས་པའི་རྣམ།། དེ་ལྟར་དཀྱིལ་འཁོར་བསྐྱེད་ལ་ཡེ་ཤེས་ཀྱི་འཁོར་གྱི་ལྷ་ཚོགས་པར་སྣང་ལ ་བསྡུས་པ་སྤྱན་དྲང་བྱ་བ་སྟེ། ཨོཾ་ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཧ་ར་ཧཱ་ར། ཨོཾ་ཧཱུཾ་ཧྲིཿ། བྷ་ག་བཱན་ཛྙཱ་ན་མཱུར་ཏི་པཱུ་གཱི་ཤྭ་ར། མ་ཧཱ་པ་ཙ་སརྦ་དྷརྨྨ། ག་ག་ན་ཨ་མ་ལ་སུ་པ་ནཱི་ཤུདྡྷ། དྷརྨྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱ། ལ། བཛྲ་ས་མ་ཡ་ཛཿཞེས ་ལན་གསུམ་བརྗོད་ཅིང་། སྔགས་མཇུག་བཛྲ་དྲི་ཤྱ་ཞེས་བྱ་བས་ཡེ་ཤེ་སྤྱི་དཀྱིལ་འཁོར་ལེགས་པར་བལྟ་བར་བྱའོ།། དེའི་རྗེས་ལ་ཕྱག་བཙལ་ཏེ། སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་མཆོད་།། ཡི་ཀྱི་སྒོ་ཕྱེ་ལ། ཛཿཧཱུཾ་བཾ་ཧོ།། ཞེས་བརྗོད་ཅིང ་བཞི་ནས་ཚུར་སྤྱན་དྲང་ལ། བགེགས་བསླང་ལ་ཡིད་ཀྱི་སྒོ་བཅང་ལ། རྡོ་རྗེའི་གོ་ཆས་གསུངས་ལ་ལྷ་སོ་སོ་ལ་བསྟིམ་ལ་དབང་བསྐུར་ཐོབ་པར་བྱ་བའི་ཕྱིར། རིགས་ཀྱི་ཡུམ་བཞིན་ན་མཁའ་ལ་བསྡུ་བར་བྱའོ།། ཡེ་ཤེས་ཀྱིས་བདུད་རྩིས་དབང་བསྐུར ་ཏེ་དབང་རྟགས་སྤྱི་བོར་མཚན་པ་བསྒོམ་པར་བྱའོ།། དེ་ནས་ཕྱག་རྒྱ་བཞིས་རྒྱས་གདབ་པ་ནི་ཤར་དུ་བསྟན་པར་བསྒོམས་ལ་བདག་ཉིད་ལུས་གཉིས་ཀྱི་ཚུལ་དུ་གཟུང་སྟེ། ལྷ་སྣམ་ལ་གནས་ཏེ་རྫས་ཀྱི་མཆོད་པ་ལྔ་ཕུལ་ལ་སྒེག་མོ་ལ་སོགས་པ ་བརྒྱད་ཀྱིས་མཆོད་དེ། རྡོ་རྗེ་སེམས་པས་བསྡུས་པས་ན། རྡོ་རྗེ་རིན་ཆེན་བླ་ན་མེད།། རྡོ་རྗེ་ཆོས་ཀྱི་གླུ་བླངས་པ།། རྡོ་རྗེ་ལས་ཀུན་མཛད་པའོ།། ཨོཾ་བཛྲ་སཏྭ་སུ་སཾ་གྷ་ཧ་ཞེས་བྱ་བ་ལ་སྩོགས་པའི་སྔགས་དང་གྲཝར་དང་གླུ་དང་བཅས་པས་དབུལ་ལོ།། ་བྱང་ཆུབ་ཡན་ལག་མེ་ཏོག་སྤོས།། མར་མེ་སྣང་བ་བྱུག་པ་དྲི།། བདེ་བར་གཤེགས་པ་རྣམས་ལ་དབུལ།། ཅི་བདེ་བར་ནི་བཞེས་སུ་གསོལ།། ཨོཾ་བཛྲ་དྷཱུ་པེ་དྷུ། ཨོཾ་བཛྲ་པུཥྤེ་པུ། ཨོཾ་བཛྲ་ཨ་ལོ་ཀེ་ཧྲཱིཿ། ཨོཾ་བཛྲ་གནྡྷེ་གན་ཞེས་པས་མཆོད་།། ་གཞན་ཡང་གསང་བའི་ཡུམ་བཞིས་མཆོད་དེ། མཆོད་པ་ཆེན་པོ་འདོད་ཆགས་ཆེ།། སེམས་ཅན་ཐམས་ཅད་དགའ་བར་བྱེད།། མཆོད་པ་ཆེན་པོ་ཞེ་སྡང་ཆེ།། ཉོན་མོངས་ཀུན་གྱི་དགྲ་ཆེ་བ།། མཆོད་པ་ཆེན་པོ་ཁྲོ་བ་ཆེ།། ཁྲོ་བ་ཆེན ་པོ་དགྲ་ཆེ་བ།། མཆོད་པ་ཆེན་པོ་ཆགས་པ་ཆེ།། ཆགས་པ་ཐམས་ཅད་སེལ་བར་བྱེད།། འདོད་པ་ཆེན་པོ་བདེ་བ་ཆེ།། དགའ་བ་ཆེན་པོ་མགུ་བ་ཆེ།། སཏྭ་བཛྲ་ཧཱུཾ། རཏྣ་བཛྲ་ཧཱུཾ། དྷརྨྨ་བཛྲ་ཧཱུ~ཾ། ཞེས་མཆོད་ལ་བསྟོད། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད་ཅེས ་པ་ནས།། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད།། ཅེས་པའི་བར་གྱིས་བསྟོད་པའི་རྒྱལ་པོ་དེས་བསྟོད་ལ། ཤེས་རབ་ཀྱི་འཁོར་ལོ་ལོ་སེམས་གཏད་པའི་ཡིད་ཀྱིས་གསང་སྔགས་རྒྱལ་པོ་འདི་དྲུག་བཟླས་པར་བྱའོ།། ཨོཾ་བཛྲ་ཏཱིཀྵ་དུཿབཙྪེ་ད་པྲཱ་ཛྙཱ་ཛྙཱ་ན་མཱུརྟ་ཡེ། ་ཛྙཱ་ན་ཀཱ་ཡ། བཱ་གཱི་ཤྭ་ར་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿཞེས་བཟླས་པར་བྱའོ།། དེ་ལྟར་ལྷ་བསྐྱེད་ཅིང་གསོལ་བ་བཏབ་ལ་གནས་པ་དེ་དཀྱིལ་འཁོར་རྒྱ་ལྔ་བ་མཆོག་ཅེས་བྱ་བའི་ཏིངེ་འཛིན་ཏོ།། ། ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན ་ཡང་དག་པར་བརྗོད་པ་གདོན་པར་བྱ་སྟེ། དཀྱིལ་འཁོར་གྱི་ལྷ་ལ་བསྟོད་ལ་འགྲོ་བའི་དོན་དུ་ཕྲིན་ལས་ལ་སྦྱར་ཏེ། དཀྱིལ་འཁོར་ཆེན་པོ་དྲུག་འཇིག་རྟེན་དུ་སྤྲོ་སྟེ་ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་བསྐྱེ་ནས་ཉོན་མོངས་པ་དྲུག་སྦྱངས་འགྲོ་བ་དྲུག་དབུགས་ཕྱུང ་དཀྱིལ་འཁོར་དྲུག་གྲི་འགྲོ་བའི་དོན་མཛོད་ན་སླར་སྔ་མ་ཉིད་ལ་བསྡུ་ཞིང་སྤྲོས་ནས་འགྲོ་བའི་དོན་བྱའོ།། དེ་ཙམ་གྱིས་ནི་ལས་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་འཛིན་ཏོ།། དེ་ལྟ་བུའི་ཆོ་ག་རྫོགས་ནས་མཆོད་ཅིང་བསྟོད་དེ་ལྷག་པ་དང་མ་ཚང་བ་བཤགས་ནས་དམ་ཚིག ་གི་འཁོར་ལོ་བསྡུ་ཞིང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྒྱས་གདབ་ཅིང་བདེ་བའི་སྤྱོད་པ་བྱའོ།། དེ་ལྟ་བུའི་སྦྱོར་བས་མཚན་མ་བརྟན་པོ་བྱུང་བ་དེ་སྲིད་ཀྱི་བར་དུ་བྱ་སྟེ། དེ་ཡང་སེམས་རྩེ་གཅིག་ཏུ་བསྒོམ་ཞིང་ཟློས་པ་དེ་ལ་ནི་དུས་གསུམ་གྱི་སངས་རྒྱས་དང་། ་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་ཏེ་གཤེགས་ནས་ཆོས་ཀྱི་སྒོ་ཐམས་ཅད་སྟོན་པར་མཛད་སྐུ་ཡང་སྟོན་ཏོ་ཞེས་གསུངས་པས། ཞལ་མཐོང་བའམ་རྨི་ལམ་དུ་ལུང་བསྟན་པ་ལ་སོགས་པ་མ་བྱུང་གི་བར་དུ་བདེ་བར་གཤེགས་པ་རྣམས་བསྙེན་པ་ནི་བསྙེན་པའི ་ཆོ་གའོ།། དེ་ལྟར་བསྙེན་པའི་སྒོ་ནས་དཀྱིལ་འཁོར་གྱི་ལྷ་ལ་གནང་བ་ཐོབ་ནས་གཞན་གྱི་དོན་དུ་དཀྱིལ་འཁོར་ཆེན་པོའི་ཆོ་ག་བྱེད་པར་འདོད་པས། རི་དང་ཆུ་ཀླུང་དང་ནགས་ཚལ་ལ་སོགས་པའི་གནས་སུ་སློབ་དཔོན་ལ་སློབ་མས་དཀྱིལ་འཁོར་འདྲི་བའི་དོན་དུ ་གསོལ་བ་གདབ་པར་བྱའོ།། དེ་ནས་དཀྱིལ་འཁོར་བྱ་བའི་གོ་སྐབས་ཕྱེ་སྟེ། དང་པོ་སའི་ཆོ་གར་ཡང་དེ་བཞིན་དུ་མཉམ་པ་ཡིན་ན་དབུས་མཐོ་བྱང་ཤར་གཞོལ་ཏེ་དམའ་བ། ས་བཞི་འཇམ་པ་ཉམས་དགའ་བའི་གནསུ་ངམ་གྲོག་དང་བྱ་སྐྱིབས་དང་། བོང་བུ་ལ ་སོགས་པ་མེད་པ་འཇམ་ཞིང་ལྷན་སྟུག་པ་དེར་དཀྱིལ་འཁོར་བརྩིག་པ་འམ་བྲི་བའི་དོན་དུ་སའི་བདག་པོ་ལ་གནང་བ་ཐོབ་པར་བྱས་ལ། སོའི་ལྷ་མོ་ལ་གཏོར་མ་ཕུལ་ལ། དངོས་གྲུབ་རབ་འབྲིང་ཐོབ་པས་བརྐོས་ནས་ལྷས་རྟགས་ལ་མི་ཤིས་པ་ཡིན་ན་བར ་ཆང་འབྱུང་བས་དོར་བར་བྱའོ།། ཤིས་པ་ཡིན་ན་དེའི་ཕྱོགས་ཐམས་ཅད་བྱི་དོར་བྱ་སྟེ་སྤོས་ཆུས་ཆག་ཆག་བཏབ་ལ་ཤིན་ཏུ་བ་ལང་གི་ལྕི་བས་བྱུག་ལ་འཐས་པར་བཅགས་ཏེ་མཉམ་པ་མེ་ལོང་གི་ངོས་ལྟར་བྱས་ལ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་ས་ལ་གཏུག ་ཏེ། ཨོཾ་བཛྲ་མེ་དི་ནི་བཛྲི་བྷ་བ་མ་ཧཱ་བཛྲ་དྷཱུ། ཞེས་པས་རྡོ་རྗེའི་ས་གཞིར་བྱིན་གྱིས་བརླབ་པོ།། དེའི་ཕྱོགས་ཀུན་ཀྱང་ཨ་ཀ་རུ་ནག་པོས་བཏུལ་ཞིང་ངུ་བས་འདུག་གོ། དེ་ལྟར་ན་ལྷག་པར་གནས་པའི་ཡན་ལག་སའི་ཆོ་ག་བསྟན་ཏོ།། ་དེ་ནས་དཀྱིལ་འཁོར་བརྩིགས་ལ། སྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བས་ཚོགས་བསགས་ལ། ཏིང་འཛིན་གྱིས་རྣམ་པར་བསྒོམ་སྟེ། མཆོད་པ་རྒྱས་པར་ཕུལ་ནས་བཟླས་པ་བྱ་སྟེ། མཆོད་པ་འམ་བསྟོད་པའི་རྒྱལ་པོས་བསྟོད་ལ། དེ་ནས་མདུན་དུ ་མཎྜལ་བྱ་སྟེ། མེ་ཏོག་བཀྲམ་ནས་སོའི་ལྷ་མོ་ལ་མཆོད་ཡོན་སྔོན་དུ་འགྲོ་བའི་མཆོད་པ་བཤམས་ཏེ་གཏོར་མ་ཡང་བཤམས་ནས་དམ་ཚིག་གི་ཕྱག་རྒྱ་བསྟན་ཏེ། འདི་སྐད་བསྒོའོ།། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི།། སྤྱོད་པའི་ཚུལ་དང་ཁྱད་པར ་བགྱི།། ས་དང་ཕ་རོལ་ཕྱིན་པ་ལ།། ལྷ་མོ་ཁྱོད་ནི་དབང་དུ་གྱུར།། ཇི་ལྟར་ཤཱཀྱ་སེངྒེ་ཡིས།། བདུད་ཀྱི་སྡེ་རྣམས་བཅོམ་པ་ལྟར།། དེ་བཞིན་བདག་གིས་བདུད་ཀྱི་སྡེ།། ཕམ་པར་བྱས་ཏེ་དཀྱིལ་འཁོར་འབྲི་ཅེས་བརྗོད།། མཆོད་ཡོན་སྔོན་དུ་འགྲོ་བའི་མཆོད ་པ་ལྔ་དང་གཏོར་མུ་ཕུལ་ལ་ཡེ་ཤེས་པ་གཤེགསུ་གསོལ་ལོ།། དེ་ནས་སྒྲུབ་པའི་གྲོགས་པོས་བསྟོད་པའི་རྒྱལ་པོས་བསྟོད་ལ། སློབ་དཔོན་གྱིས་ཕུར་བུ་བཅུ་གཤིན་རྗེ་གཤེད་དུ་བསྐྱེད་ལ། དར་གྱི་ཅོད་པན་དབང་བསྐུར་ལ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ ་ཡ་ཧཱུ~ཾ་ཕཊ་ཅེས་གཟི་བརྗིད་བསྐྱེད་ལ་བཞགོ།། དེའི་རྗེས་ལ་དཀྱིལ་འཁོར་གྱི་ལྷོ་རྣམས་རང་གི་སྙིང་གར་བཅུག་ལ་ལངས་ཏེ། རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ལ། འདི་སྐད་ཅེས་བསྒོའོ།། ཧཱུཾ་ཡེ་ཤས་ཞི་བའི་ངང་ལས་མ་གཡོས་ཀྱང་།། སྐུའི་ཆ་བྱང་ཟ་བྱེད་ཆུས ་པའི་སྟབས།། གསུང་ནི་ང་རོ་འབྲུག་སྟོང་ལྡིར་བ་ཡིས།། བགེགས་གསུམ་དབང་དུ་སྡུང་ལ་ཕྱག་འཚལོ།། ཧཱུཾ་བསྐལ་པའི་མེ་ལྟར་འབར་བའི་དཀྱིལ་འཁོར་ནས།། ཁྲོ་བོའི་རྒྱལ་པོ་བསྐྱང་བསྐུམ་ཚུལ་དུ་བཞུགས།། ཉི་ཟླ་འབར་བའི་སྡང་མིག་གིས།། ་བགེགས་ཀུན་བསྲེག་པར་མཛད་ལ་ཕྱག་འཚལ་བསྟོད།། ཧཱུཾ་རང་བཞིན་རྣམ་དག་དབྱིངས་ལས་ཐུགས་རྗེ་ཆེན་པོར་སྤྲུལ།། སྐྱེ་མེད་དང་ལས་འཇིགས་བྱེད་ཆེན་པོའི་སྐུ་བསྟན་ཏེ།། གདུག་པོ་འདུལ་ཕྱིར་ཐུགས་དམ་མི་འགྱུར་ཞིང་།། ཁྲོ་རྒྱལ་གཤིན་རྗེ ་གཤེད་ལ་ཕྱག་འཚལ་བསྟོད།། ཧཱུཾ་དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི།། ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག། གནས་འདིར་བདེ་གཤེགས་དཀྱིལ་འཁོར་ཕོ་བྲང་འབྲི།། བགེགས་ཀྱི་རིགས་ཚོགས་གང་ཡིན་བྱེར་བར་གྱིས།། ་གལ་ཏེ་ངའི་བསྒོ་བ་ལས་འདས་ནས།། ཡེ་ཤེས་ཅན་གྱི་རྡོ་རྗེ་རབ་འབར་བས།། མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང་།། རྣམ་པར་འཇིག་པར་འགྱུར་བར་གདོན་མི་ཟ།། ཧེ་ས་ཕྱོགས་བགེག་གནས་ཆེ་གེ་མོ་འདི་རུ།། བདག་རྡོ་རྗེ་སློབ་དཔོན་ཆེ་གེ་མོ་ཞྭ་བྱས ་སློབ་མ་ཆེ་གེ་མོ་ཞེས་བྱ་བས་རྔོ་ཌ་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་དང་། སེམས་ཅན་ཐཾད་བདེ་བ་ལ་དགོད་པར་བྱ་བའི་ཕྱིར་ན་མཁའ་དྲི་མ་མེད་པའི་དཀྱིལ་འཁོར་ཆེན་པོའི་རིགས་ཐམས་ཅད་བསྡུས་པ་ཞིག་འདྲི་བས། དུས་དི་རིང་བགེགས་ཀྱི་ཚོགསུ་གྱུར་པ ་ལྷའི་གདོན་དང་ཀླུའི་གདོན་དང་། ལྷ་མ་ཡིན་གྱི་གདོན་དང་གནོད་སྦྱིན་དང་། ནམཔར་བརྫིང་རྒན་པོ་དང་རྒན་མོ་ལ་སོགས་པ་ཐམས་ཅད་དེངས་ཤིག། བྱེར་ཞིག་སོང་ཞིག། གང་མི་འགྲོ་བ་དེ་ནི་རྡོ་རྗེ་ཡེ་ཤེས་རབ་ཏུ་འབར་བ་འདིས། མགོ་བོ་ཚལ་བ་བརྒྱར་འགས་པར་གྱུར ་རེ། \ུ0f7fརྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་པ་དང་། ཧྲཱིཿཥྚིཿབི་ཀྲྀ་ཏཱ་ན་ན་སརྦ་བིགྷྣཱ་ན་ཨུཙྪུ་ཊ་ཡ་ཧཱུཾ་ཕཊ་ཅེས་བགེགས་བསྐྲང་ངོ་།། སྤྱན་མིག་བསྐལ་པའི་མེ་ལྟར་འབར་བའི་འོད་ཟེར་གྱིས་ཀྱང་བསྲེག་པར་བྱའོ།། ཁྲོ་བོའི་སྟང་སྟབས་གོམ་པའི ་སྟབས་ཀྱིས་གར་བྱེད་པས་ཀྱང་བགོགས་བསྐྲང་པར་བྱའོ།། དེ་བཞིན་རྡོ་རྗེ་འགྲོས་ཀྱི་དཀྱིལ་འཁོར་གྱི་ཐ་མ་ལན་གསུམ་བསྐོར་བར་བྱའོ།། དེ་ནས་རྡོ་རྗེའི་ས་གཞི་དང་། རབ་དང་གུར་དང་། དྲ་བ་རྣམས་བྱས་ལ་ཕུར་བུས་བཏབ་ལ་བཞག་གོ།། དེ་ནས ་ཙན་ངན་དང་པའི་རྣམ་ལྔས་དཀྱིལ་འཁོར་བྱུགས་ལ། ལྷ་རྣམས་ཀྱི་རྟེན་དྲིའི་ཐིག་ལེ་དང་། མེ་ཏོག་གི་ཚོམ་བུ་རྣམས་བཀོད་ལ། རྣམ་སྣང་གི་ང་རྒྱལ་དང་ལྡན་པའི་སྙིང་ག་ནས་དཀྱིལ་འཁོར་བཏོན་ལ་མདུན་དུ་དགོད་པར་བྱའོ།། དེ་རྣམས་ལ་ཡེ ་ཤེས་སེམས་དཔའ་སྤྱན་དྲངས་ལ་མཆོད་པ་དང་། སྒེག་མོ་ལ་སོགས་པ་བརྒྱད་ཀྱི་མཆོད་ལ་གཞུག་པར་བྱའོ།། དེ་ནས་དབང་བསྐུར་བའི་ཕྱིར་ལྷ་མོ་བཞིས་བསྡུས་ལ་དབང་བསྐུར་ཏེ། རྒྱས་བཏབ་ལ་མཆོད་པ་བྱས་ཏེ། བསྒོམ་བཟླས་བརྩམ་མོ།། ་དེ་ལྟར་རྫོགས་པ་དང་མཆོད་པ་དང་བསྟོད་པ་རྒྱས་པར་བྱས་ལ། སྙུན་གསན་དབབ་པ་ནི། རྣམ་པར་སྣང་མཛད་བཅོམ་ལྡན་འདས། རིག་སྔགས་རྒྱལ་ལ་ཕྱག་འི་ཚ་ལོ།། སློབ་མི་རྣམས་ལ་རྩེ་བ་དང་། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར།། རྡོ་རྗེ་ཅན ་ངག་འདི་ཞེས་པས།། ནང་པར་དཀྱིལ་འཁོར་བཟང་པོའི་མཚན།། འདི་ཞེས་བྱ་བ་འབྲི་ལགས་ན།། རྗེསུ་བརྩེ་བ་ཉེར་དགོངས་ནས།། ཀུན་གྱིས་བྱིན་གྱིས་བརླབ་ཏུ་གསོལ།། ལྷ་ལྷག་པར་གནས་པའོ།། དེ་ནས་བུམ་པ་བཟང་པོ་ནག་ནོག་མེད་པའི་ཚུལ་དང ་མཐུན་པ་ལྷ་གྲངས་དང་མཉམ་པའམ། ཡང་ན་བུམ་པ་བདུན་གུ་གུལ་གྱིས་བདུག་ཅིང་། བགེགས་བསྐྲད་ཅིང་བསངས་ཏེ། དྲིའི་ཐིག་ལེ་དང་མཚན་མ་བཀོད་ལ། རིན་པོ་ཆེ་ལྔ་དང་། སྨན་ལྔ་དང་། འབྲུ་ལྔ་དང་། སྙིང་པོ་ལྔ་དང་། སྤོས་ལྔ་དང་། ་དམར་སེར་གྱི་འོ་མ་དང་། སྲོག་ཆགས་མེད་པའི་ཆུས་བཀང་ལ། རས་ཁ་ཚར་མ་ཉམས་པས་མགུལ་བཅིངས་ཏེ། འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན་ལ་བཞག་སྟེ། ནང་དུ་ལྷ་ཐམས་ཅད་བསྐྱེད་པ་དང་། ལས་ཐམས་ཅད་པར་གཤིན་རྗེ ་གཤེད་པོ་བསྐྱེད་ཅིང་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། མཆོད་ཅིང་དབང་བསྐུར་ལ་ཕྲེང་སྔགས་དང་གསང་སྔགས་རྒྱལ་པོ་དྲུག་བཟླས་ལ་བཞག་གོ།། བུམ་པ་ལྷག་པར་གནས་པའོ།། དེ་ནས་སྒྲུབ་པ་པོའི་གཡས་ངོས་གཞུང་དང་མཐུན་པའི ་ཐབ་ཁུང་བྱས་ལ། ལས་དང་མཐུན་པའི་ཤིང་དང་རྫས་བསགས་ཏེ། མེ་ལྷ་མངོན་དུ་མཆོད་ལ་དེའི་སྙིང་གར་དཀྱིལ་འཁོར་གྱི་ལྷ་རྣམས་སྤྱན་དྲངས་མཆོད་རྫས་ཕུལ་ལ། ཐུན་མོང་དུ་མཆོད་ནས། དཀྱིལ་འཁོར་གྱི་ལྷ་རྣམས་སྔར་གྱི་གནས་སུ ་གཤེགས་ཏེ། བརྟན་པར་བྱས་ལ། སྔར་མེ་ལྷ་ལ་རྫས་ལྷག་མས་མཆོད་། འདོད་པའི་དོན་གསོལ་བ་བཏབ་ནས་མེ་ལྷ་གཤེགསུ་གསོལ་བར་བྱའོ།། དེ་ནས་ཅི་འབྱོར་པའི་གཏོར་མས་ཆོས་སྐྱོང་རྣམས་ལ་ཚིམ་པར་བྱས་ལ། འདོད་བའི ་དོན་ལ་ཕྲིན་ལས་བཅོལ་ལ་སླར་གནསུ་བཏང་ངོ་།། གཏོར་མ་དང་སྦྱིན་སྲེག་ལྷག་པར་གནས་པའོ།། དེ་ནས་སྣོད་དུ་རུང་བའི་སློབ་མས་མཎྜལ་བྱས་ལ། མེ་ཏོག་བཀྲམ་ནས་མེ་ཏོག་གིས་སྙིང་པ་བཀང་ནས། སློབ་དཔོན་ལ་གསོལ་བ་གདབ་པར་བྱ ་སྟེ། དགའ་ཆེན་ཁྱོད་བདག་སྟོན་པ་བས།། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ།། བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ།། མགོན་པ་ཆེན་པོ་བདག་འཚལོ།། དམ་ཚིག་དེ་ནི་སྤྲུལ་དུ་གསོལ།། བྱང་ཆུབ་སེམས་ཀྱང་བདག་ལ་གསོལ།། ་སངས་རྒྱས་ཆོས་དང་དགེ་འདུན་ཏེ།། སྐྱབས་གསུམ་དག་ཀྱང་བདག་ལ་གསོལ།། ཐར་པ་ཆེ་ན་པོའི་གྲོང་ཁྱེར་དུ།། མགོན་པོ་བདག་ནི་འཇུག་པར་འཚལ་ཞེས་བརྗོད་དོ།། སློབ་དཔོན་གྱིས་དེ་ལ་འདི་སྐད་ཅེས་བསྒོ་སྟེ། འདས་པའི་སངས་རྒྱས ་དང་། དེ་བཞིན་གང་དུ་མ་བྱོན་དང་།། ད་ལྟར་བཞུགས་པའི་བདེ་གཤེགས་ཀྱིས།། དེ་དག་ཀུན་གྱི་གསང་སྔགས་ཀྱི།། ཆོ་ག་བཟང་པོ་འདི་མཁྱེན་ནས།། དཔའ་བོ་བྱང་ཆུབ་ཤིང་དྲུང་དུ།། ཐམས་ཅད་མཁྱེན་པ་ཚད་མེད་ཉིད།། གསང་སྔགས་སྤྱོད ་བ་བླ་མེད་དེ།། སྐྱོབ་པ་རྣམ་པར་སྣང་མཛད་ཀྱིས།། བདུད་སྡེ་ཤིན་ཏུ་མི་བཟང་བ།། དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ།། དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར།། བུའི་བློ་གྲོས་འདི་ཀྱིས་ཤིག་ཅེས་བརྗོད་དོ།། དེ་ནས་ཕྱག་འཚལ་བ་དང་། སྡིག་པ ་བཤགས་པ་ཀུན་བྱ་བ་དང་། སེམས་བསྐྱེད་ཅིང་སྡོམ་པོ་བསྲུང་དུ་བཅུག་ལ།། ཡི་དམ་གང་འདོད་ལྟར་བསྐྱེད་ལ་བྱིན་གྱིས་བརླབ་སྟེ། མཆོད་པ་ལྔས་མཆོད་ལ། སོ་ཤིང་དོར་བ་དང་། སྲུང་སྲུང་བཅིང་པོ་དང་། བྱམས་པའི་གོ ་བསྐོན་ལ། དབུའི་གཙུག་ཏོར་བསྐྱེད་དེ། རྨི་ལམ་བརྟག་པའི་ཕྱིར་ཀུ་ཤ་བྱིན་ལ། ཟབ་ཅིང་རྒྱ་ཚེའི་ཆོས་བཤང་ལོ།། སློབ་དཔོན་གྱི་ལས་རྣམས་རྫོགས་པར་བྱའོ།། སློབ་མ་ལྷག་པར་གནས་པའོ།། དེ་ནས་དཀྱིལ་འཁོར་བསྡུས་ཏེ། གོ་སྐོན ་བསྲུངས་ཏེ་ཅི་བདེར་གནས་པར་བྱའོ།། དེ་ནས་ནང་པར་ཉི་མ་འཆར་ཁར་རྡུལ་ཚན་གྱི་དཀྱིལ་འཁོར་བྱེད་པ་འདོད་པས། བའི་རྣམ་ལྔས་དཀྱིལ་འཁོར་བྱུགས་ཏེ། ཙན་དན་གྱི་ལྡེ་གུ་དྲི་དང་ལྡན་པར་བྱས་ལ། ཐིག་སྤྱད་སར་པ་ཉོས་འགྱུར་ཚ ་སྒོའི་ཉི་ཤུ་ཆ་ཁ་དོག་ལྔ་པ་རིན་པོ་ཆུའི་སྣོད་དུ་བཅུག་ལ། བྱིན་གྱིས་བརླབས་ལ་མཆོད་ལ།། སྣ་སློབ་མའི་ལག་ཏུ་གཏང་ལ་བསྒྲིལ་ནས།། འཇིག་རྟེན་ཁམས་འདི་མ་ལུས་པའི།། སངས་རྒྱས་ལེ་སོགསོ་འགྲོ་མགོན་གྱི།། ཁྱེད་ཀྱི་དུས་ནི་འདི ་ལགས་ཀྱིས།། བཅོམ་ལྡན་རྡོ་རྗེའི་ཐིག་གདབ་གསོལ་ཞེས་བརྗོད་ལ།། བདག་དང་སློབ་མ་གཡས་ནས་སྐོར་བས་ཐིག་གདབ་པར་བྱའོ།། ཚངས་ཐིག་དང་པོ་ཤྭར་ནས་ནུབ་དུ་གང་བ།། གཉིས་པ་བྱང་ནས་ལྷོ་རུ་གདབ།། སློབ་དཔོན་མེ་ལྷར ་གནས་སློབ་མ་དབང་ལྡན་དུ་གཱནས་ཏེ། ཤར་གྱི་ཐིག་དང་དེ་བཞིན་དུ་ལོག་གསུམ་དུ་གད་བ། དེ་རྗེས་ཚངས་ཐིག་དང་། ཟུར་ཐིག་དང་ཐིག་ཚན་དང། ཐིག་ཕྲན་གྱི་བྱེ་བྲག་གིས་མན་ངག་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་གྱི་གླིང་ངམ་ལྔར་ཐིག་གདབ ་པོ། དེ་ཡང་སྟེང་དུ་ཡེ་ཤེས་ཀྱི་ཐིག་དང་། འོག་ཏུ་དམ་ཚིག་གི་ཐིག་སྟེ། ས་ཐིག་རླན་གྱིས་སྦྱངས་ལ་ཚུལ་ཇི་ལྟ་བ་བཞིན་དུ་མཁས་པས་དཔྱད་ལ་གདབ་པར་བྱའོ།། དེའི་རྗེས་ལ་གསེར་ལས་བྱས་པའི་རིན་པོ་ཆེ་ལྔའི་ཕྱེ་མ་ཇི་ལྟར་བྱིན་གྱིས ་བརླབས་ལ། མཆོད་པ་ཕུལ་ལ་བསྟིམས་ཏེ། ཚོན་དགྱེ་བ་ནི་དཀར་པོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཧཾ། སྔོན་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ཉིད།། སེར་པོ་སོ་སོར་རྟོག་པའི་ཡེ་ཤེས་ལ།། དམར་པོ་མཉམ་པ་ཉིད་ཡེ་ཤེས་ཉིད།། ལྗང་གུ་བྱ་བ་གྲུབ ་པའི་ཡེ་ཤེསོ།། ཡེ་ཤེས་ལྔ་ལྡན་དཀྱིལ་འཁོར་འགྲུབ་ཅེས་བརྗོད་ལ།། སྔོན་ལ་སློབ་དཔོན་གྱིས་བྱང་ཤར་མཚམས་ཀྱི་རྩིག་པ་བརྩིགས་ལ། ཕྱི་ནས་སློབ་མས་སྐོར་ཕྱོགས་མ་ལོག་པའི་ཅི་བདེ་བ་ཚོན་དགྱེ་བར་བྱའོ།། དེ་ལ ་དང་པོ་གཙོ་བོའི་གནས་རྣམས་ནི།། ཉི་མའི་འོད་ལ་ཟླ་བས་བརྒྱན་པའོ།། གཞན་དག་ནི་ཕྱོགས་ཀྱི་ཁ་དོག་གོ། འདོད་ཡོན་པདྨ་ར་གའི་ས་གཞི།། རིན་ཆེན་ཕ་གུ་གསེར་ལས་བྱས་པ་ལ། རིན་པོ་ཆེའི་ཕྲེང་བ་བཀྱེ་བ་ལ། དྲ་བ་དྲ་ཕྱེད་ན་མཁའི་མདོག ་ཅན་མུ་ཏིག་གི་ཧར་འཕྱང་བ་དེའི་ཕྱི་རོལ་དུ་ན་མཁའི་མདོག་ལ་ཟླ་བས་ཀ་བ་དང་རྟ་བབས་དང་རི་དགས་དང་། ཆོས་ཀྱི་འཁོར་ལོ་དང་། གདུགས་དང་། རྒྱན་རྣམས་ཅི་མཛེས་པར་བྲི་བར་བྱའོ།། དེ་དག་ནི་རྒྱབ་ཏུ་རྡོ་རྗེ་དང་། མེ་འོད་ཀྱི་ཕྲེང་བ་བྲི་བར་བྱའོ།། ་དཀྱིལ་འཁོར་ལྔའི་བར་བར་ནི།། གསེར་གྱི་ས་གཞི་ལ་རིན་པོ་ཆེ་གཅལ་དུ་བཀྲམ་པར་བྱའོ།། དེའི་ཕྱི་རོལ་གྲུ་བཞིར་བྱས་ལ་གྲཝ་བཞི་ལ་དཔག་བསམ་གྱི་ཤིང་དང་། བུམ་པ་བཟང་པོ་མཛེས་པ་བྲི་བར་བྱའོ།། དེ་ལྟར་དཀྱིལ་འཁོར་ལེགས་པར་བྲིས་ཟིན་ནས། ལྷག ་བ་དང་ཆད་པ་བསྐང་བའི་ཕྱིར་དྲིལ་བུ་དཀྲོལ་ཞིང་ཡི་གེ་བརྒྱ་པ་བཟླས་ལ། ཐ་མ་ལན་གསུམ་བསྐོར་བར་བྱའོ།། དེ་ནས་དཔལ་དང་འབྱོར་པ་ཕུན་སུམ་ཚོགས་པར་བྱས་ལ། མཆོད་པའི་བྱེ་བྲག་མེ་ཏོག་གི་སྣོད་དང་། སྤོས་ཕོར་དང་དྲིའི་སྣོད་དང་མར་མེའི་ཕྲེང་བ་དང ་ཞལ་ཟས་ཀྱི་སྣོད་སྟོང་ངམ་བརྒྱ་འམ་བཅུ་ལ་སོགས་པ་ཅི་འབྱོར་པ་དང་། ན་བཟའ་དང་། གདུགས་དང་རྒྱལ་མཚན་ལ་སོགས་པ་ཅི་འབྱོར་པ་བསགས་ནས། སློབ་དཔོན་དཀྱིལ་འཁོར་གྱི་ཤར་དུ་སྟན་བདེ་བ་ལ་གནས་ཏེ། ཅོད་པན་ལ་སོགས་པའི་རྒྱན་ཐམས་ཅད ་བསོགས་ཏེ། མཆོད་པ་བྱིན་གྱིས་བརླབས་ནས། དེ་བཞིན་གཤེགས་པའི་སྐུའི་ཕྲེང་བའི་སྔགས་ཀྱིས་ལྷག་པར་གནས་པའི་དཀྱིལ་འཁོར་སྙིང་ག་ནས་སྤྲུལ་ནས། རྡུལ་ཚོན་གྱི་དཀྱིལ་འཁོར་དང་བསྲེས་ནས་ཚོགས་བསགས་པ་སྔོན་དུ་འགྲོ་བས ་སྲུང་བའི་འཁོར་ལོའི་སྐབས་སུ་ཕུར་པ་དང་། མངའ་དང་རལ་གྲི་ལ་སོགས་པའི་རེ་བས་བསྐུར་ཏེ། སྔོན་དུ་གསུངས་པའི་ཚུལ་དུ་རྒྱས་པར་བསྒོམས་ནས་མཆོ་དེ། བུམ་པ་ཡང་བཀོད་ལ་དབང་བསྐུར་ཞིང་རྒྱས་བཏབ་ལ། རྫས་ཀྱི་མཆོད་པ་ལྔ་དང་། ཕྱི་ནང་གི་མཆོད་པ ་ལྔ་དང་། གསང་བའི་ཡུམ་བཞིས་ཀྱང་ལེགས་པར་མཆོད་ལ། གཞན་ཡང་བསམ་གྱིས་མི་ཁྱབ་པའི་རོལ་མོའི་བྱེ་བྲག་ཐམས་ཅད་ཀྱང་དབུལ་བར་བྱ་སྟེ། དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ།། དགའ་ཚན་རོལ་མོ་ཆེན་པོ་སྟེ།། བཀུར་བསྟི་རིམ་གྲོ ་ཕུན་སུམ་ཚོགས།། མཆོག་ཏུ་དགའ་བ་གྲགས་པའི་དཔལ།། བདེ་བར་གཤེགས་པ་རྣམས་ལ་དབུལ།། ཅི་བདེ་བར་ནི་བཞེས་སུ་གསོལ།། དེ་བཞིན་གཤེགས་པའི་སྐུའི་ཕྲེང་སྔགས་དང་། ཨོཾ་དང་ཧཱུཾ་བཟླས་པ་འམ། ལྷ་རེ་རེ་ཞིང་རེ་རེ་དབུལ་བར་བྱའོ།། ་བསམ་གཏན་ཆེན་པོའི་ཏིང་འཛིན་གནས། ཤེས་རབ་ཆེན་པོའི་ལུས་འཆང་བ།། སྟོབས་པོ་ཆེ་ལ་ཐབས་ཆེ་བ།། སྨོན་ལམ་ཡེ་ཤེས་རྒྱ་མཚོ་འདི།། བདེ་བར་གཤེགས་པ་རྣམས་ལ་དབུལ།། བདུག་པའི་སྣོད་དུ་མ་དང་། མེ་ཏོག་གི་སྣོད་དུ་མ་དང་། ་བྱུག་པའི་སྣོད་དུ་མ་དང་། མར་མེའི་ཕྲེང་བ་བསམ་གྱིས་མི་ཁྱབ་པས་སོ་སོའི་སྔགས་དང་། གར་དང་བཅས་པ་དབུལོ།། ཡིད་བཞིན་ནོར་བུ་ཆེན་པོ་དང་།། ཁྱབ་བདག་རིན་ཆེན་ཀུན་གྱི་བདག། དཔག་བསམ་ཤིང་ཆེན་རྒྱས་པ་དང་།། བུམ་པ་བཟང་པོ་ཆེ ་བའི་མཆོག། བདེ་བར་གཤེགས་པ་རྣམས་ལ་འབུལ།། ཅི་བདེ་བར་ནཱི་བཞེས་སུ་གསོལ།། ཨོཾ་དང་ཧཱུཾ་བཟླས་ཏེ། སོ་སོའི་མིང་སྤེལ་ཏེ། ཨོཾ་རཏྣ་ཡེ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པས་རིན་པོ་ཆེ་དང་ནོར་བུའི་བྱེ་བྲག་མང་པོ་དང་། ་དཔག་བསམ་གྱི་ཤིང་ལ་སོགས་པ་མང་པོ་དང་།། བུམ་པ་བཟང་པོ་འབྲས་བུ་ཅན་གྱི་ཤིང་གིས་བརྒྱན་པ་ལ་སོགས་པ་རིན་པོ་ཚའི་བྱེ་བྲག་ཐམས་ཅད་ཀྱང་ལྷ་རེ་རེ་ཞིང་དབུའོ།། སྨན་རྣམས་མ་ལུས་ལྗོན་པའི་ཤིང་། ནང་ངོ་ཅོག་གི་དགྲ་ཆེ ་བ་། འགྲོ་བའི་སྡུག་བསྔལ་གཟིགས་པ་ཡིས།། ཟུག་རླུ་འབྱིན་པ་བླ་ན་མེད།། བདེ་བར་གཤེགས་པ་རྣམས་ལ་འབུལ།། འགྲོ་བའི་དོན་དུ་བཞེསུ་གསོལ།། ཨོཾ་ཧཱུཾ་ཞེས་ཟློས་ཤིང་འབྲས་བུ་གསུམ་དང་། ཙན་ངན་དང་། གུར་ཀུམ་དང་། ག་པུན ་དང་། ཛཱ་ཏི་ལ་སྲོག་ཆགས་ལས་མ་བྱུང་བའི་སྨན་ཇི་སྙེད་ཡོད་པ་དེ་རྣམས་ལྷ་རེ་རེ་ཞིང་སོ་སོའི་མིང་དང་སྤེལ་ལ་དབུལ་བར་བྱའོ།། ཕྱོགས་བཅུ་ན་མཁའི་མཐའ་ཐུག་པའི།། ཆོས་ཀྱི་རྒྱལ་མཚན་བཙུགས་པ་དང་།། ཁྱབ་བདག་ཚན་པོ་རིན་ཆེན་གདུམ ་སངས་རྒྱས་ཀུན་གྱི་གཟི་བརྗིད་འདི།། བདེ་བར་གཤེགས་པ་རྣམས་ལ་འདུལ།། འགྲོ་བའི་དོན་དུ་བབ་སུ་གསོལ།། ཞེས་པོརྗོད་ཅིང་།། རྒྱལ་མཚན་དང་བ་དན་དང་། འཕན་དང་། གདུགས་ལ་སོགས་པ་རས་སམ་འཕན་མི་ལྔ་ལྡི་བསམ ་གྱིས་མི་ཁྱབ་པ་ལྷ་རེ་རེ་ཞིང་དབུ་ལོ།། ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང་།། གོམ་པའི་སྟབས་ཀྱིས་གར་བྱེད་པ།། དཔལ་ལྡན་ལག་པ་བརྒྱས་གང་ལ།། ནམཁའ་ཁྱབ་པར་གར་བྱེད་པ།། བདེ་བར་གཤེགས་པ་རྣམས་ལ་འབུལ།། འགྲོ་བའི་དོན་དུ་བཞེས་སུ ་གསོལ།། ཞེས་བརྗོད་ཅིང་། གར་གྱི་རྣམ་པ་གློག་ལྟར་བསྒྱུར་ཅིང་གཟུགས་བརྒྱ་སྟོང་དུ་མ་སྙེང་དུ་སྤྲུལ་ལ། གར་བྱེད་ཅིང་དཀྱིལ་འཁོར་ལ་དབུའོ།། དེའི་རྗེས་ལ་སྦྱིན་སྲེག་གི་ཆོ་གས་མཆོད་ཅིང་།། མཆོད་པས་ཀྱང་ལྷ་ཚོགས་མཉེས་པར་བྱ་བར ་གསུང་སོ།། དེ་ནས་དཀྱིལ་འཁོར་ལ་གནང་བ་ཐོབ་པའི་སློབ་དཔོན་གྱིས་སློབ་མ་དཀྱིལ་འཁོར་དུ་གཞུག་པར་བྱ་སྟེ། སྔར་སྡོམ་པ་བླངས་པའི་སློབ་མ་ངེས་སློབ་དཔོན་ལ་གསོལ་བ་བཏབ་ནས། དེ་ནས་སློབ་མ་དེ་ལ་བགེགས་བསྒྲེང་ནས། ཨ་ག ་རུ་ནག་པོས་བདུགས་ལ།། ཨོཾ་བཛྲ་རཀྵ་ཧཱུཾ། ཞེས་པའི་དོན་བཟླས་པའི་སྟོང་གཡོགས་དང་། ཨོཾ་བཛྲ་ལཀྵ་ཧཱུཾ་ཞེས་བཟླས་པས་གདོང་བ་བཀབ་ལ། སྒོ་བཞིའི་ཕྱོགས་ནས་རིགས་ལྔ་ལ་ཕྱག་འཚལ་དུ་གཞུག་གོ།། དེའི་རྗེས་ལ་ལག་ན་མེ་ཏོག་ཐོགས ་པའི་སློབ་མས་ཕྱག་འཚལ་བ་སྔོན་དུ་འགྲོ་བས་རྒྱུན་བཤགས་པའོ།། དེ་ནས་སློབ་དཔོན་ལ་གསོལ་བ་འདི་སྐད་གདབ་པར་བྱའོ།། སངས་རྒྱས་ཀུན་གྱི་རང་བཞིན་སྐུ།། སློབ་དཔོན་ལ་ནི་བདག་ཕྱག་འཚལ།། བདེ་བར་གཤེགས་པའི་གྲོང་ཁྱེར་མཆོག། ་འཇམ་དཔལ་དཀྱིལ་འཁོར་འདི་རུ་ནི།། སློབ་དཔོནི་བདག་ནི་འཇུག་པར་འཚལ།། ཞེས་བརྗོད་པར་བྱའོ།། སློབ་དཔོན་གྱིས་འདི་སྐད་ཅེས་བྱའོ།། བདེ་བར་གཤེགས་པ་ཐམས་ཅད་ཀྱི།། གསང་བ་ཆེན་པོའི་རིགས་དག་པས།། གསང་བ་ཡོང་སུ་འཛིན་པ་ནི། ་བདག་ཉིད་ཆེན་པོ་ཁྱོད་འདོང་ངམ།། ངེས་ཀྱང་འཚལོ་ཞེས་བརྗོད་པར་བྱའོ།། དེ་ལ་སློབ་དཔོན་གྱིས་རིགས་ལྔའི་སྡོམ་པ་རིག་པའི་དབང་ལྔའི་རྟེན་དུ་རུང་བར་བྱ་བའི་ཕྱིར་ཕོག་ལེ། གཞན་ཡང་མི་དགེ་བ་བཅུ་དང་། ཉེ་བའི་ལས་ཀྱང་སྤང་བའི་སྡོམ་པ ་དེས་ཀྱང་སློང་དཔོན་གྱི་སྡམ་པ་གསུངས་པ་ལྟར།། ཁོ་བོ་ཡང་བསྲུང་ཞིང་སྡོམ་པར་བགྱིའོ་ཞེས་ཁས་བླངས་ལོང་ཅིག། དེ་དང་མཐུན་པར་སྔར་གསུངས་པ་ལྟར་ཁས་བླང་བར་བྱའོ།། དེ་ནས་དབང་བསྐུར་བའི་གསོལ་པ་སློབ་མས་གདབ་པ ་ནི་རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ།། སངས་རྒྱས་རྣམས་ནི་བདག་ལ་དགོངས།། བདག་མིང་འདི་ཞེས་བྱ་བས་ནི།། སློབ་དཔོན་དཔང་དུ་གནས་པ་ལ།། སངས་རྒྱས་རོལ་མོ་ལས་བྱུང་བ།། མི་རྟོག་འཁོར་ལོ་སྦྱིན་པར་ལྡན།། ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག། དཀྱིལ ་འཁོར་ཆེན་པོར་ཞུགས་ནས་ཀྱང་།། སངས་རྒྱས་ཀུན་གྱི་དབང་བསྐུར་ཏེ།། སྐལ་བ་ཆེན་པོ་བདག་ལ་གསོལ།། མཚན་རྣམས་ཀུན་གྱིས་རྒྱས་གདབ་ཅིང་།། དཔེ་བྱད་རྣམས་དང་ཡང་དག་ལྡན།། སངས་རྒྱས་སྐུ་ནི་ཡིད་འོང་བ།། སློབ་དཔོན་ཆེན་པོ་བདག ་ལ་གསོལ།། ཞེས་གསོལ་པ་གདབ་པའོ།། སློབ་དཔོན་གྱིས་ཀྱང་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་གདབ་པ་ནི། ཆེ་གེ་ཞེས་བྱ་འདི་ཉིད་ནི།། བྱང་ཆུབ་སེམས་ནི་ཡོངས་འཛིན་ཅིང་།། དམ་ཚིག་སྡོམ་དང་གསང་བ་ཡི།། དཀྱིལ་འཁོར་འདིར་ཡང་འཇུག་པར་འཚལ། ་ཞེས་བརྗོད་དོ།། དེ་ནས་ལྷ་ལ་གནང་བ་ཐོས་པ་དང་། སྣང་གར་རྡོ་རྗེ་བཞག་ལ། ཨོཾ་སརྦ་ལོ་ག་བོ་དྷི་ཙིཏྟ་ཨུཏྤཱ་དཱ་ཡཱ་མཱི། སུ་ར་ཏ་ས་མ་ཡ་སྟྭཾ་ཧོ་བཛྲ་སིདྡྷི་ཡ་ཐཱ་སུ་ཁཾ་ཞེས་སྙིང་གར་ཟླ་བ་རྡོ་རྗེ་བསམས་ལ། ལག་པ་ནས་ཁྲི་ཧཱུཾ། ཛཿཧཱུཾ་བཾཿཧོ་ཞེས་བྱ་བ་སྒོ་བའི་ནས ་གཞུག་གོ།། དེ་ནས་ཤར་གྱི་སྒོར་ཕྱོགས་པར་བཞག་ལ།། རྡོ་རྗེ་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱའོ།། དང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགསུ་ཐུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་ཡིན་གྱིས་དེ་བཞིན་གཤེགས་པ་ཐམས ་ཅདུ་ཡང་འགྲུབ་པ་ཐོབ་ནས་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས།། ཁྱེད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག། ངམ་ཆུག་ཉམས་པར་གྱུར་ཏ་ར་ཞེས་བརྗོད་དེ།། དེ་ནས ་སློབ་མའི་སྙིང་གར་རྡོ་རྗེ་བཞག་ལ།། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི།། སྙིང་ལ་ཡང་དག་གཞུག་པར་མཛད།། གལ་ཏེ་ཚུལ་འདི་སྨྲས་ན་ནི།། དེ་མ་དག་ཏུ་དྲལ་དུ་གཤེགས།། ཨོཾ་བཛྲོ་དཾ་ཀ་ཐ་ཧཱུཾ། འདི་དེ་ཁྱོད་ཀྱི་དམྱལ་བའི་ཆུ།། དམ་ཚིག་འདས་ན ་སྲེག་པར་བྱེད།། དམ་ཚིག་བསྲུངས་ན་དངོས་གྲུབ་ནི།། རྡོ་རྗེ་བདུད་རྩིའི་ཆུ་འདི་འགྲུབ། ཨོཾ་ཨ་མྲྀ་ཏ་ཧཱུཾ་བཛྲ་གརྦྷ་ཛ་ཐ་ཧཱུཾ། དེ་ནས་སློབ་དཔོན་གྱིས་དམ་ཚིག་བསྒྲགས་ཏེ། ངེད་ནས་བརྩོམས་ཏེ། ཁྱོད་ཀྱི་རྡོ་རྗེ་སློབ་དཔོན་ང་ཡིན་གྱིས།། ང་ཡིས ་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་བྱ་དགོས་སོ།། ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག། མི་བདེ་བ་མ་སྤངས་པར་ཁྱོད་དུས་བྱས་ནས་དམྱལ་བར་གྱུར་ཏ་རེ། དེ་ནས་ཡེ་ཤེས་སེམས་དཔའ་དབབ་པར་བྱ་སྟེ།། འདི་སྐད་བརྗོད་དུ་གཞུའོ།། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ།། འཇམ་དཔལ་ཡེ་ཤེས་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་སྨོས་ཤིག་པོའོ།། རྡོ་རྗེ་དྲིས་བསྒོས་པ་སྙིང་གར་བཞག་ལ། འདི་དེ་རྡོ་རྗེའི་ཚིག་སྟེ། འཇམ་དཔལ་རྡོ་རྗེ་ཡིན ་པར་གྲགས།། རྡོ་རྗེ་ཡེ་ཤེས་བླ་མེད་ནི།། དེང་འདིར་ཁྱོད་ལ་འབབ་པར་ཤོག། ཨོཾ་མ་ཉྫུ་ཤྲཱི་བཛྲ་ཨཱ་བེ་ཤ་ཡ་ཨ་ཨ་ཨོཾ་ཨ་ཞེས་ཉི་ཤུ་རྩ་གཅིག་བརྗོད་དོ།། རྡོ་རྗེ་དམར་པོ་མཚན་གང་བ་ཆར་ལྟར་དུ་འབེབས་པར་བས་མོ།། གལ་ཏེ་འབབ་བར་མ ་གྱུར་ན་སྡིག་པ་བྱང་བའི་ཆོ་ག་བྱས་དབབ་པར་བྱའོ།། དེ་ནས་བབས་པ་དང་ཡི་གེ་བརྒྱ་པས་བརྟན་པར་བྱའོ།། དེ་ནས་མེ་ཏོག་ཕྲེང་བ་དོར་ཏེ། པྲ་ཏཱིཙྪ་བཛྲ་ཧོ་ཞེས་པས་དཀྱིལ་འཁོར་ལ་གཏོར་ལ་གང་དུ་བབས་པའི་ལྷ་དེ ་ཡི་ངམ་དུ་དབོག་གོ། ཨོཾ་པྲི་ཏི་གྲྀཧྞ་ཏྲཾ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཞེས་བྱ་བས་ཕྲེང་བ་དེ་མགོ་ལ་བཅིང་བར་བྱའོ།། དེ་ནས་གདོང་གཡོགས་བཀྲོལ་ཏེ་མིག་ལྕགས་ཀྱུའི་ཕྱག་རྒྱས་དབྱེ་ཞིང་སྔགས་འདི་བརྗོད་དོ།། ཨོཾ་འཇམ་དཔལ་རྡོ་རྗེ་དེ་ཁྱོད་ཀྱི། ་མིག་འབྱེད་པར་ནི་བརྩོན་པར་མཛད།། མིག་ནི་ཐམས་ཅད་འབྱེད་མཛད་དེ།། རྡོ་རྗེའི་མིག་ནི་བླ་ན་མེད།། དེ་རིང་ཉིད་དུ་འབྱེད་པར་ཤོག། ཧེ་བཛྲ་པ་ཤྱེ་ཧཱུཾ་ཞེས་བརྗོད་ལ། མིག་གཡོགས་ཀྱང་བཀྲོལ་ཏེ་འདི་སྐད་བརྗོད་དོ།། ལེགས་པར ་ལྟོས་ཤིག་སེམས་དཔའ་ཆེ།། ཐར་པ་ཆེན་པོའི་དཀྱིལ་འཁོར་དུ།། མེ་ཏོག་གང་ལ་ཕོག་པ་ནི།། འདི་དེ་ཁྱོད་ཀྱི་རིགས་ཀྱི་ལྷོ།། རང་གི་ལྷ་རུ་ཤེས་པར་བགྱིས།། ཞེས་བརྗོད་ལ་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང ་མཛད་ཆེན་པོའི་བར་དུ་དཀྱིལ་འཁོར་དྲུག་བསྟན་པར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་ཤར་ངོས་སྐུ་མཎྜལ་ལཱ་པདྨ་འདྲབ་བརྒྱད་བྲིས་ལ། ཡི་དམ་ལྷའི་གཟུགསུ་བསམས་ལ་དབང་བསྒྱུར་བར་བྱ་སྟེ། དེ་ཡང་དང་པོར་རེ་ཞིག་ཆུའི་དབང་བསྐུར ་བར་བྱ་སྟེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི།། ལྷོ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར།། དེ་བཞིན་བདག་གིས་ལྷ་ཡི་ཆུ།། དག་པ་ཡིས་ནི་སྐུ་ཁྲུས་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། དཔལ་ལྡན་རྡོ་རྗེ ་ཐུགས་འཆང་བ། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ནས།། དེང་བདག་བྱིན་གྱིས་བརླབས་ནསུ།། རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀ་ཧ~ཾ། རྣམ་ཤེས་ཕུང་པོ་རྣམ་དག་པའི།། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི། ་སྡང་ཆེན་པོ་མི་བསྐྱོད་པའོ།། དཔལ་ལྡན་ཆུ་ཡི་དབང་བསྐུརོ།། ཨོཾ་སརྦ་ཏ་ཐཱ་གཱ་ཏཱ་བཛྲ་ཨ་བྷི་ཥཉྩི་ཧཱུཾ། དེ་ནས་ཅོད་པན་གྱི་དབང་བསྐུར་ཏེ།། ཕལ་པའི་ས་ནི་གཞོམ་པ་དང་།། ཡོན་ཏན་གཟི་བརྫིང་བསྐྱེད་པའི་ཕྱིར།། ང་རྒྱལ་རིན་ཆེན་འབྱུང ་ལྗིན་གྱིས།། ཙོང་པོན་མི་ནི་དབང་བསྐུའོ།། ཨོཾ་སརྦྦ་ཏ་ཐཱ་ག་ཏཱ་ཨུ་མུ་གུ་ཊ་ཨ་བྷི་ཥྚྲྀཉྩ་ཧཱུཾ། ཞེས་བརྗོད་པ་དང་། དཔལ་ལྡན་རིན་ཆེན་ཙོང་བན་དབང་།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ནས།། དང་བདག་བྱིན་གྱིས་བརླབས་ནས།། རྡོ་རྗེ་རིན་ཆེན་མཛད་དུ ་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་སྭ་བྷཱ་བ་ཨཱཏྨ་ཀྲོ་ཧཾ། ཚོར་བའི་ཕུང་པོ་རྣམ་དག་པའི།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས།། ང་རྒྱལ་རིན་ཚན་འབྱུང་ལྡན་གྱི།། ཅོད་པན་གྱི་ནི་དབང་བསྐུརོ།། དེ་ནས་རྡོ་རྗེའི་དབང་བསྐུར་ཏེ།། སདྱས་ཀུན་གྱིས་རྡོ་རྗེའི་དབང་།། ་དྲི་རིང་ཁྱོད་ལ་བསྐུར་བར་བྱ།། སངས་རྒྱས་ཀུན་གྱིས་རབ་གྲུབ་ཕྱིར།། རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་།། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲེ་ས་མ་ཡ་སྟྭཾ། ཆོས་ཀྱི་གསུང་རབ་དཔལ་དང་ལྡན།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ནས།། དེང་བདག ་བྱིན་གྱིས་བརླབས་ན་སུ།། རྡོ་རྗེ་གསུང་དུ་མཛད་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱ་ག་བཛྲ་སྭ་བྷ་བ་ཨཱཏྨ་ཀོ་ཧཾ།། འདུ་ཤེས་ཕུང་པོ་རྣམ་དག་པའི།། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས།། འདོད་ཆགས་སྣང་བ་མཐའ་ཡས་ཀྱིས།། རྡོ་རྗེ་ཡི་ནི་དབང་བསྐུརོ།། ་དེ་ནས་དྲིལ་བུའི་དབང་བསྐུར་ཏེ།། འདི་དེ་སངས་རྒྱས་ཐམས་ཅད་ཀྱི།། ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད།། ཁྱོད་ཀྱི་ཀྱང་ནི་རྟག་ཏུ་བཅང་།། རྒྱལ་བ་རྒྱ་མཚོའི་མཆོག་ཏུ་བཤད།། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨ་དྷི་པ་ཏི་སྟྭཾ ་ཨ་བྷི་ཥིཉྫ་མི་ཏིཥྛ་ས་མ་ཡ་སྟྭཾ། དཔལ་ལྡན་རྡོ་རྗེ་དྲིལ་བུ་འཆང་།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ནས།། དེང་བདག་བྱིན་གྱིས་བརླབས་ནས་སུ།། རྡོ་རྗེ་ལསུ་མཛད་དུ་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མོ་གྷ་བཛྲ་སྭ་བྷ་བ་ཨཱཏྨ་ཀོ་ཧཾ། འདུ་བྱེད་ཕུང ་པོ་རྣམ་དག་པའི།། བྱ་བ་ནན་ཏ་ན་ཡེ་ཤེས་ཀྱི།། ཕྲག་དོག་དོན་ཡོད་གྲུབ་པ་ཡི།། དྲིལ་བུ་ཡི་ནི་དབང་བསྐུརོ།། དེ་ནས་མིང་གི་དབང་བསྐུར་ཏེ།། སྲིད་པའི་བདེ་བ་ཤིན་ཏུ་ཆུང་།། སྡུག་བསྔལ་ཆེན་པོ་བསལ་བའི་ཕྱིར།། ཤིན་ཏུ་བདེ་བ་དམ་པའི ་ཐབས།། རྣམ་པར་སྣང་མཛད་རྟག་ཏུ་བསྐྱེད།། ཨོཾ་སརྦ་ཏཱ་ཐཱ་ག་ཏ་ཨ་བྷི་ཥིཉྩ་མི་ཆེ་གེ་མོ་ནཱ་མ་ཨ་བྷི་ཥེ་ཀི་ཏ་ཧཱུཾ། དཔལ་ལྡན་རྡོ་རྗེ་སྐུ་འཆང་བ།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ནས།། དེང་བདག་བྱིན་གྱིས་བརླབས་ནས་ནི།། རྡོ་རྗེ་སྐུ་ནི་མཛད་དུ ་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། གཟུགས་ཀྱི་ཕུང་པོ་རྣམ་དག་པའི།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས།། གཏི་མུག་རྣམ་པར་སྣང་མཛད་ཀྱི།། དཔལ་ལྡན་མི་བསྐྱོད་དབང་བསྐུརོ།། དེ་དང་ལྡད་ན་དེ་ལྔ་ནི་རིག་པའི་དབང ་ལྔ་སྟེ།། ཕུང་པོ་ལྔ་དག་ནས་ཉོན་མོངས་པ་ལྔ་སྤངས་ནས། ཡེ་ཤེས་ལྔ་དང་ལྡན་ཏེ། མ་རིག་པ་རིག་པས་ན་རིག་པའི་དབང་ལྔ་ཞེས་བྱའོ།། དེ་ནས་བརྟུལ་དབུགས་ཀྱི་དབང་ཞེས་བྱ་བ་ནི། འདི་དེ་སངས་རྒྱས་ཐམས་ཅད་ཀྱི།། འཇམ་དབྱངས་རྡོ་རྗེའི་ལག་ན ་འདུག། ཁྱོད་ཀྱིས་ཀྱང་མི་རྟག་ཏུ་བཅང་།། འཇམ་དཔལ་རྡོ་རྗེའི་བརྟུལ་བ་ཤུགས་བརྟན།། ཨོཾ་སརྦ་ཏ་ཐཱ་ག་ཏ་མཉྫུ་ཤྲཱི་ཙིཏྟ་བཛྲ་ས་མ་ཡ་ཏིཥྛ་ཨ་བྷི་ཥེ་ཀ་ཏ་ཡ་མོ་ཧཱུཾ་ཧ་ཧ་ཧ་ཧི་ཧཱི་ཧིཾ། དེ་ནས་ཕྲེང་བ་སྦྱིན་ཏེ། སངས་རྒྱས་ཀུན་གྱིས་མི་ཕྱེང་བའི།། ་གསང་སྔགས་བླ་ན་མེད་པ་ཡི།། སྙིང་པོ་ཡིད་བཞིན་ནོར་བུ་འདི།། སྐྱོབ་པ་སྔགས་ཀྱི་དབང་བསྐུརོ།། དེ་ནས་ཕྱིར་མི་ལྡོག་པའི་དབང་བསྐུར་བར་བྱ་བའི་ཕྱིར། ཡོན་བདག་གིས་ཡོན་གྱི་མཆོག་ཕུལ་ལ་གསོལ་བ་བཏབ་ལ། བྱང་ཆུབ་རྡོ་རྗེ་སངས་རྒྱས ་ལ། ཇི་ལྟར་མཆོད་སྩོལ་བགྱིས་པ་ལྟར།། བདག་ཀྱང་བསྲུང་བའི་དོན་གྱི་ཕྱིར།། ན་མཁའི་རྡོ་རྗེ་བདག་ལ་སྩོལ།། དེ་བཞིན་གཤེགས་པའི་དབང་བསྐུར་བ།། འགྲོ་བ་བསྐྱབ་པའི་གཟི་བརྗིད་ཅན།། ཇི་ལྟར་ཡོན་ཏན་འབྱུང་གནས་སྩོལ།། ་སློབ་དཔོན་ཆེན་པོ་མི་ལྡོག་པའི།། དབང་བསྐུར་བ་ནི་བདག་ལ་སྩོལ།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། བདག་ནི་རྟག་ཏུ་སློབ་དཔོན་གྱུར།། སློབ་དཔོན་ཆེན་པོ་བདག་ལ་སྩོལ།། ད་ལྟར་གསོལ་བ་བཏབ་རྫས་ལ་སྡོམ་པ་སྦྱིན་ཏེ། ཇི་བཞིན་དོན་ལྡན ་དམ་ཚིག་ནི།། རྩ་བ་ཡན་ལག་བཅས་པ་ཀུན།། ཕས་ཕམ་པར་ནི་རབ་ཏུ་གྲགས།། སྤང་ཞིང་དོར་བར་མི་བྱ་སྟེ།། རྩ་བའི་ལྟུང་བར་ཤེས་པར་བྱ།། སྲོག་གཅོད་རྐུ་དང་འཕྲོག་པ་དང་།། རྫུན་དང་ཆང་ནི་ཅུང་ཟད་སྤང་།། མི་དགེ་བ་བཅུ་པོ་དག། ཁྱོད ་ཀྱི་ནམ་ཡང་མ་སྤྱོད་ཅིག། ཐེག་པ་དམན་ལ་མོས་པ་དང་།། སེམས་ཅན་འཁོར་བ་མི་སྤང་ཞིང་།། མྱ་ངན་འདས་ལ་མ་ཆགས་ཤིང་།། ལྷ་དང་ལྷ་མིན་མཉམ་མི་བྱ།། དེ་བཞིན་གཤེགས་པའི་ཕྱག་རྒྱ་རྣམས།། འགམ་པར་བྱ་བ་མ་ཡིན་ཏེ།། དམ ་ཚིག་འདི་དག་ཉམས་པ་ན།། རྡོ་རྗེ་དམྱལ་བར་འཚོང་བར་བྱེད།། དེ་བས་དམ་ཚིག་བསྲུང་བར་གྱིས།། དེས་ཀྱང་སློབ་དཔོན་གྱི་བཀའ་བཞིན་བགྱིད་པར་འཚལ་ཞེས་ཁས་བླུ་།། དེ་ནས་སློབ་མ་དམ་པ་དེའི་ལུས་ལ་སྒྲ་བཀོད་ལ།། རྣམ ་རྒྱལ་བུམ་པ་ཐོགས་ཏེ།། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ།། གསོང་བ་གསུམ་གྱི་གནས་ལས་བྱུང་།། དབང་བསྐུར་བ་ནི་རྡོ་རྗེ་ཆེ།། སངས་རྒྱས་ཀུན་གྱིས་དབང་བསྐུརོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བ་བབྷི་ཛི་ཀ་ས་མ་ཡ་ཤྲི ་ཡ་ཧཱུཾ། དེ་ནས་གསེར་ལ་སོགས་པ་ལས་བྱས་པའི་མིག་ཐུར་ཐོགས་ལ། ཇི་ལྟར་མི་མཁན་རྒྱལ་པོ་ཡིས།། འཇིག་རྟེན་ལིང་ཏོག་བསལ་བ་ལྟར།། བུ་ཁྱོད་ཀྱིས་ནི་མི་ཤེས་པའི།། རབ་རབ་རྒྱལ་བ་རྣམས་ཀྱིས་བསལ།། ཨོཾ་བཛྲ་ནཻ་ཏྲ་ཨ ་པ་ཧ་ར་པ་ཊ་ལཾ་ཧྲི་ཞེས་ཉོན་མོངས་པ་སྤོང་བའི་དབངོ་།། དེ་ནས་མེ་ལོང་བསྟན་ལ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ།། དག་ཅིང་གསལ་ལ་རྙོག་མ་མེད།། གཟུང་དུ་མེད་ཅིང་བརྗོད་དུ་མེད།། རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་།། ངོ་བོ་ཉིད ་གནས་མེད་པར།། དེ་ལྟར་ཆོས་འདི་ཤེས་ནསུ།། སེམས་ཅན་དོན་ནི་མཉམ་མེད་བྱོས།། འོན་ཀྱང་སངས་རྒྱས་སྲ་སུ་སྐྱེ།། ཡེ་ཤེས་ཀྱི་དབང་ངོ་།། དེ་ནས་མངའ་གཞུ་བླངས་ལ་མིའི་དྲུང་དུ་འཕེན་དུ་བཅུག་ལ།། ཐབས་དང་ཤེས་རབ་གཉིས་མེད། ་དེ། སྐལ་བའི་ཆོ་འཕྲུལ་ཅིར་ཡང་སྟོན།། བདུད་ཀྱི་རིགས་རྣམས་ཕ་མ་བྱེད་པའོ།། ཡེ་ཤེས་ཀྱི་ནི་མངའ་འཕོངས་ཤོག་ཧོ་ཞེས་མངའ་འཇིག་རྟེན་གྱི་ཁམས་དྲུག་ཏུ་འཕེན་དུ་གཞུག། སྐུའི་དབང་ངོ་།། དེ་ནས་དྲིལ་བུ་བླངས་ལ་དཀྲོལ་ཏེ།། ཆོས ་སྒོ་རྣམས་ནམ་པའོ་མཚན་ཉིད་མེད།། མཁའ་དང་མཉམ་པར་སྦྱོར་བ་ཡིས།། སྐུ་མཆོག་མཉམ་པ་ཉིད་གསོལ།། ཨཱཿཞེས་གསུང་གི་དབང་ངོ་།། མེ་ལོང་བླངས་ལ་འཇམ་དབྱངས་རྡོ་རྗེ་མེ་ལོ་བཞིམ། ངག་ཅིང་གསལ་ལ་རྙོག་མ་མེད།། སངས་རྒྱས་ཀུན ་བདལ་རང་བཞིན་ནི།། བུ་ཁྱོད་ཀྱིས་ནི་སྙིང་ལ་ཞུགས།། མཉྫུ་ཤྲཱི་ཙིཏྟ་ཨ། ཐུགས་ཀྱི་དབང་ངོ་།། དེ་ནས་རྐང་པའི་བར་དུ་ཆོས་ཀྱི་འཁོར་ལོ་བཞག། ལག་པར་དུང་དང་ལྕེ་གཏད། མགོ་ལ་གདུག་གཏད། དེ་ནས་བརྩམས་སེམས་བསྐྱེད་པ་ཙམ་གྱིས་ཆོས་ཀྱི་འཁོར ་ལོ་བསྐོར་ཅིག། དི་རིང་ཕན་ཆད་འཇིག་རྟེན་ལ།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།། ཆོས་ཀྱི་དུང་ནི་བླ་མེད་པས།། ཀུན་ཏུ་མ་ལུས་གྲང་བར་གྱིས།། སོམ་ཉི་ཡིད་གཉིས་མི་བྱ་ཞིང་།། དོགས་པ་མྱང་བའི་སེམས་ཀྱིས་སུ།། གསང་སྔགས་སྤྱོད་པའི ་ཚུལ་གྱི་མཆོག། འཇིག་རྟེན་འདི་ལ་རབ་ཏུ་སྒྲོགས།། དེ་ལྟར་བྱས་ན་སངས་རྒྱས་ལ།། ཕན་འདོགས་དྲིན་དུ་གཟོ་ཞེས་བྱ།། རྡོ་རྗེ་འཛིན་པ་དེ་ཀུན་ཀྱང་།། ཀུན་ཏུ་ཁྱོད་ལ་སྲུང་བར་བྱེད་ཅེས་བརྗོད་དོ།། ཡང་འཇིག་རྟེན་ཀུན་ལ་ཐམས་ཅད་དུ།། སེམས་ཅན ་ཀུན་ལ་ཕན་པའི་ཕྱིར།། ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའོ།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཞེས་བརྗོད་དོ།། དེ་ནས་ཐམས་ཅད་གཟེངས་བསྟོད་དེ།། ཀུན་བདག་སངས་རྒྱས་བསྒོམ་པ་པོ།། རྡོ་རྗེའི་མིང་དབང་བསྐུར་བས་ཀྱང་།། དེ་བཞིན་གཤེགས ་བར་ལུང་བསྟན་ཉིད།། ཨོཾ་འདི་དེ་ངས་ཁྱོད་ལུང་བསྟན་ཡིན།། འཇམ་དཔལ་རྡོ་རྗེ་དེ་བཞིན་གཤེགས།། སྲིད་པ་ཀུན་ཏུ་སྒྲུབ་པའི་ཕྱིར།། སྲིད་པའི་ངན་འགྲོ་རྣམས་ལས་པ་ཉེཿ། རྩེ་བ་འདི་གཤེགས་ཆེ་གེ་མོ་ཞེས་བྱ་བ། སིདྡྷི་ས་མ་ཡ་སྱཱཾ་བྷྱཱ་ཎྱཱ་བ ་སྭཿ། དེ་ནས་གནང་བ་སྦྱིན་པ།། ངོ་བོ་ཉིད་ཀྱིས་སེམས་ཅན་རྣམས།། ཇི་ལྟ་ཇི་ལྟར་འདུལ་འགྱུར་བ།། དེ་ལྟ་དེ་ལྟར་ཆགས་ལ་སོགས།། གཙང་མས་སེམས་ཅན་དོན་བྱའོ།། དེ་ནས་དབུགས་དབྱུང་བ། གསང་བ་མཆོ་གི་དཀྱིལ ་མོ་རྙིངས་པ་འདིར།། དི་རིང་ཕན་ཆད་ཁྱད་ཞུགས་ཀྱིས།། སྡིག་པ་ཀུན་ལས་ངེས་གྲོལ་བར།། ཁྱེད་རྣམས་ངས་ནི་ལེགས་པར་གནས།། བདེ་ཆེན་ཐོབ་པ་འདི་ལས་ནི།། སླར་ཁྱོད་འཆི་བ་ཡོད་མིན་ཏེ།། མི་ཚུགས་པ་དང་མི་སྨོད་པ།། ཅིས་ཀྱང་མི་འཇིག ་དགའ་བར་གྱིས།། སྲིད་པ་ཤིན་ཏུ་དག་པའི་ཕྱིར།། སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས།། ཁྱེད་རྣམས་ཀྱིས་ནི་སངས་རྒྱས་ཉིད།། དེ་ཉིད་ཐེ་ཙོམ་མེད་པར་འཐོབ།། དེ་ནས་བདག་ཉིད་ཐར་བསམས་ལ།། ཆོས་གོས་བཟུང་སྟེ། ཨོཾ་འདི་ལྟར་ལུང་བསྟན་པར།། ་མགྲིན་གཅིག་ཏུ་ནི་རྫོགས་པའི་ཕྱིར།། བྱང་ཆུབ་ཏུ་ནི་ལུང་བསྟན་མཛད།། སངས་རྒྱས་རྡོ་རྗེ་འཛིན་བཅས་པས།། ཀུན་གྱིས་དེང་ཁྱོད་དབང་བསྐུར་བས།། ཁམས་གསུམ་གྱི་ནི་རྒྱལ་པོ་ཆེ།། རྒྱལ་བའི་བདག་པོ་སྟོན་པ་ཡིན།། དེང་ནི་བདུད་ལས་རྣམ ་རྒྱལ་ཏེ།། གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས།། ཁྱེད་རྣམས་ཀྱིས་ནི་སངས་རྒྱས་ཉིད།། དེ་ཉིད་ཐེ་ཚོམ་མེད་པར་འཐོབ།། དེ་ལྟར་གཟེངས་བསྟོད་པ་དང་། དབུགས་དབྱུང་བ་དང་། ལུང་བསྟན་པའོ།། དེ་ནས་སློབ་མ་དེ་ལ་མཆོད་པ་ལྔ་དང་། སྒེག་མོ་ལ ་སོགས་པ་བརྒྱད་ཀྱིས་ཡང་དག་པར་མཆོད་དེ། ཁྱེད་རྣམས་ཀྱིས་ཀྱང་དུས་གསུམ་བདེ་བར་གཤེགས་པ་རྣམས་ཡང་དག་པར་མཆོད་ཅིག་པར་བཀའ་བསྒོའོ།། དེ་ནས་དེ་རྣམས་ཀྱིས་ཡོ་བྱད་ཀྱིས་དཀྱིལ་འཁོར་གྱི་ལྷ་མཆོད་ལ། ལྷག་མས་དེར་ཚོགས ་ཚིམ་པར་བྱས་ལ་དཀྱིལ་འཁོར་གྱི་ལྷ་ལ་བསྟོད་དེ། སྒེག་མོ་ལ་སོགས་པ་ཡིས་མཆོད་པ་བསྟོད་དོ།། དེ་ནས་སློབ་དཔོན་ལ་ཡོན་གྱིས་མཉེས་པར་བྱས་ལ།། འདོད་པའི་དོན་གསོལ་བ་གང་གོ།། དགེ་བའི་རྩ་བ་བསྔོ་སྟེ། དཀྱིལ་འཁོར་ལ་སྐོར་འཕྱ ་ལ་ལྷ་གཤེག་སུ་གསོལ་ཏེ། དམ་ཚིག་བསྡུས་ལ་ཅི་བདེ་བའི་སྤྱོད་ལམ་བྱའོ།། སློབ་མ་རྣམས་ཀྱི་དོན་གྱི་ཕྱིར།། དཀྱིལ་འཁོར་ཆོ་ག་བྱས་པ་ལ།། དགེ་བ་བསགས་པ་གང་གྱུར་པ།། ཐམས་ཅད་རྫོགས་པའི་བྱང་ཆུབ་ཤོག། འཕགས་པ་འཇམ ་དཔལ་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཚིག་ན་མྀ་ཁ་འདྲི་མ་མེད་པ་ཞེས་བྱ་བ།། འཇམ་དང་ལོ་བ་ཤེས་གཉེན་སྔོ་ཞལ་སྔ་ནས་མཛད་བརྫོགས།། ། རྒྱ་གར་མི་མཁན་པོ་སྭ་བྷཱ་དྲ་དང་། བོད་ཀྱི་ལོ་ཙ་བ་ཆོས་ཀྱི་ཤེས་རབ་ཀྱི ་བསྒྱུར་བའོ།། རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཱ་དྷཱ་ནཾ། བོད་སྐད་དུ། འཕགས་པ་འཇམ་དཔལ་ཞེས་བྱ་བའི་སྒྲུབ་པའི་ཐབས།། འཇམ་པའི་མགོན་ལ་ཕྱག་འཚལོ།། ཐམས་ཅད་མཁྱེན་ཅིང་ཐུག་སུ་ཆུད།། སྨྲ་བའི་སྐྱེས ་