CLOSE WINDOW

GT1370: 'phags pa 'jam dpal gyi mtshan yang dag par brjod pa'i dka' 'grel bsdus pa zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་ས་གཱི་ཏ~ཾ་པཉྩི་ཀ་སཾགྷྲ་ཧཱ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་བཀའ་འགྲེལ་བསྡུས་པ་ཞེས་བྱ་བ། འཕགས ་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། སྐུ་དང་ཡེ་ཤེས་ཀུན་གྱི་དངོས།། འཇམ་མཆོག་མགོན་ལ་ཕྱག་འཚལོ།། རྒྱུད་རྣམས་ཀུན་ལས་ངེས་པའི་དོན།། དེ་ཡི་ལུང་བསྟན་བྱི་བར་བྱ།། དེ་ལ་ལུང་བསྟ། ་པའི་ཚིག་གང་ཞེ་ན། ཟབ་ཅིང་རྒྱ་ཆེའི་མཚན་བསྟན་པ།། སྐུ་དྲང་ཡེ་ཤེས་ཀུན་གྱི་བདག། ཡན་ལག་བཅུ་ལྡན་སྒྲུབ་པ་པོས།། སངས་རྒྱས་ཐོབ་པར་ཐེ་ཚོམ་མེད།། དེ་ལྟ་བུའི་ལུང་བསྟན་པའི་ཚིག་དེ་ལ།། རྗེསུ་བསྟན་པ ་ཇི་ལྟ་བུ་ཞེ་ན།། ཟབ་པ་ཞེས་བྱ་བ་ནི། གཉིསུ་མེད་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལ་བྱ། རྒྱ་ཆེ་བ་ནི་ཡོན་ཏན་ལ་བྱེ་ལ། རྒྱ་ཚ་བ་ནི་ཡོན་ཏན་ལ་བྱཱ་ལ། མཚན་བསྟན་པ་ནི། རླུང་བཞིན་ཡོངསུ་ཤེས་ན་འཕགས་པ་འཇམ་དཔ ་གྱི་མཚན་དུ་མ་གྱུར་པ་མཱངྒ་ལྀ། རྒྱུ་ཞེས་བྱ་བ་ནི། གསུམ་མམ་ལྔ་ལ་བྱ་ལ། ཡེ་ཤཽས་ནི་ལྔ་འམ། གཅིག་གིས་བསྡུ་སོ།། ཡན་ལག་བཅུ་ལྡན་སྐྱོབ་པ་པོས་ཞེས་བྱ་བ་ནི། བྱིན་གྱིས་བརླབས་པའི་ཡན་ལག་དང་། སྐུ་དང་ཡཾས ་ཀྱི་ཡན་ལག་དང་། གཞིའི་ཡན་ལག་དང་།། ལྟ་བའི་ཡན་ལག་དང་། བསྒོམ་པའི་ཡན་ལག་དང་། ལྟ་སྟངས་ཀྱི་ཡན་ལག་དང་། བརྡའི་ཡན་ལག་དང་། བསྡུས་པའི་ཡན་ལག་དང་། སྦྱོར་བ་དྲུག་གི་ཡན་ལག་དང་། ཁར ་མ་དོའི་ཡན་ལག་སྟེ། ཡན་ལག་བཅུ་པོ་དེ་དང་ལྡན་པའི་སྒྲུབ་པ་པོས།། སངས་རྒྱས་ཐོབ་པར་ཐེ་ཚོམ་མེད་ཅེས་བྱ་སྟེ། ཏིང་འཛིན་དྲ་བའི་ལེའུ་འདི་ཉིད་ནི། གཅིག་ཏུ་བསྡུས་ན་ཚིགས་བཅད་བརྒྱ་དྲུག་ཅུ་རྩ་གཉིས་རྣམས ་དང་། ཡོན་ཏན་བརྒྱ་དང་ལྔ་བཅུའི་གཞུང་གིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་ཡོན་ཏན་གྱིས། མཚན་ཡང་དག་པར་བརྗོད་པའི་དོན་ཏོ།། དེ་ལྟར་ཡིན་མོད་ཀྱིས་ཀྱང་། དགོས་པ་མེད་པ་ནི་མི་འཇུག་པས། ཉན་པ་པོ་འཇུག་པར་བྱ་བ ་ཕྱིར། དང་པོར་བརྗོད་པར་བྱ་བ་ནི་གང་ཞིག། འབྲེལ་བ་ནི་ཅི། དགོས་པ་ནི་ཇི་ལྟ་བུ། དགོས་པའི་དགོས་པ་ནི་ཇི་ལྟ་བུ་སྙམ་དུ་རྟོག་ན། དེ་རྣམས་ཀྱི་དོན་བསྟན་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན། འཕགས་པ་འཇམ་དཔལ་གྱི་སྐུ ་དོང་། ཡེ་ཤེས་ཀྱི་ཡོན་ཏན་དང་བཅས་པ་ནི་བརྗོད་པར་བྱའོ།། དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་དང་། འབྲེལ་པ་ནི་འབྲེལ་པའོ།། དགོས་པ་ནི་སོ་སོའི་དངོས་པོའི་མངོན་པར་ཞེན་པ་བཟློག་ནས། རྣམ་པར་དག་པའི་ལམ་གྱི་རང་བཞིན། སྐུ་དང ་ཡེ་ཤེས་ཀྱི་ངོ་བོ་འཕགས་པ་འཇམ་དཔལ་གྱི་རང་བཞིན་དུ་ཤེས་པའོ།། དགོས་པའི་དགོས་པ་ནི། དེ་ཇི་ལྟར་བཱ་རཾ་རང་གི་སྟོབསུ་གྱུར་པའོ།། ཡང་ན་འདི་བརྗོད་པར་བྱ་བ་ནི། གཉིསུ་མེད་པའི་ཡེ་ཤེསེ། ཞེས་ཡོན་ཏན་ལ་དེ་སྐད་དུ་གསུང་ངོ་།། ་ཡང་ན་བརྗོད་པར་བྱ་བ་ནི། དངོས་པོ་ཐམས་ཅད་ཀྱི་རང་བཞིན་འཕགས་པ་འཇམ་དཔལ་ཏུ་རྟོགས་པར་བྱ་སྟེ། དེ་ཡང་ཅི་མངོན་ཞེ་ན། དངོས་པོ་ཀུན་གྱི་རང་བཞིན་མཆོག། དངོས་པོ་ཀུན་གྱི་རང་བཞིན་འཛིན།། སྐྱེ་མེད་ཆོས་དེ་སྣ ་ཚོགས་སྟོན།། མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། ཞེས་གསུངསོ།། དེ་ལྟ་ན་བསྟན་པ་དང་། གཡོ་བའི་དངོས་པོ་ཐམས་ཅད་འཕགས་པ་འཇམ་དཔལ་གྱི་རང་བཞིན་དུ་ཤེས་པ་ཡང་དགོས་འབྲེལ་གྱི་ཡན་ལག་ཏུ་ཤེས་པར་བྱའོ།། ། ་དེ་ལྟར་ན་དགོས་པའི་དོན་དང་བསྡུས་པའི་དོན་བརྗོད་ནས། ད་ནི་ཚིག་གི་མཚམས་སྦྱར་བའི་ཕྱིར། བཀྲ་ཤིས་པ་ལ་སོགས་པ་མང་དུ་འཇུག་མོད་ཀྱི། སྡུད་པ་པོའི་ཆོག་ཏུ་བསྟན་པར་བྱའོ།། དཔལ་ལྡན་རྡོ་རྗེ་འཆང་བྱ་བ་ནས་བརྩེས ་ཏེ་རང་གི་ལག་གི་གསོར་བྱེད་ཅེས་བྱ་བའི་བར་གྱིས་ཞུ་བ་པོའི་མཚན་ཉིད་བསྟ་ན་ཏོ།། ཁྲོ་གཉེར་རིམ་པར་ལྡན་ལ་སོགས་ཞེས་བྱ་བ་ནས་བརྩམས་ཏེ། རང་གིས་ལག་གིས་གསོར་བྱེད་པ་ཞེས་པའི་བར་གྱིས། ཞུ་བ་པོ་འཁོར ་གྱི་མཚན་ཉིད་བསྟན་ཏོ།། སྙིང་རྗེ་ཆེ་དང་ཞེས་བྱ་བ་ནས་བརྩམས་ཏེ། ལུས་བཏུང་རྣམས་དང་ལྷན་ཅིག་ཏུ་ཞེས་པའི་བར་གྱིས། གཉི་གའི་མཚན་ཉིད་བསྟན་ཏོ།། དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། ་སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། ཞེས་བྱ་བའི་བར་གྱིས་ཞུས་པའི་ཚུལ་བསྟན་པའོ།། ཁྱབ་བདག་ཅེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་ཅི་ནས་བདག་ཐོབ་མཛོད་ཅེས་པའི་བར་གྱིས། བདག་དོན་དུ་ཞུགས་པའོ།། ཉོན་མ ་བོས་ནི་སེམས་དཀྲུགས་ཤིང་བྱ་བ་ནས། སེམས་ཅན་རྣམས་ལ་བཤད་པར་འཚལ་བྱ་བའི་ཚིག་ཡ་རོ་དྲངས་ཏེ། ཚིགས་བཙང་གཉིས་ཀྱིས་གཞན་དོན་དུ་ཞུས་པའོ།། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས ་བྱ་བ་ནས། དབང་པོ་བསམ་པ་མཁྱེན་མཆོགས་ཤེས་པའི་ཁྱད་པར་གྱིས། སྟོན་པའི་ཁྱད་པར་བསྟན་པའོ།། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ་བྱ་བ་ནས། ཐོག་མ་བར་དང་མཐར་དགེ་བ། ཞེས་བྱ་བའི་བར ་གྱིས། དམ་པའི་ཆོས་ཀྱི་ཁྱད་པར་བསྟན་པའོ།། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས་བྱ་བ་ནས། ཡང་ནས་ཡང་དུ་གསུངས་པ་གང་ཞེས་བྱ་བའི་བར་གྱིས། དུས་ཀྱི་ཁྱད་པར་བསྟན་ཏོ།། རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ ་ལས་ཞེས་བྱ་བའི་བར་གྱིས། དཔག་ཏུ་མེད་མའི་རྡོ་རྗེ་འཆ་བས་སྔགས་ཀྱི་དོན་བཟུང་ངོ་།། ཞེས་བྱ་བའི་དོན་ཏོ།། གས་པ་དབང་ལག་ན་རྡོ་རྗེ་ཞེས་བྱ་བ་ནས་བརྩམས་ཏེ། ལུས་བཏུད་ནས་ནི་སྤྱན་སྔར་འདུ་ག་ཅེས་བྱ་བ ་བར་གྱིས། གུས་པས་འཁོད་པའི་དོན་ཏོ།། དེ་ནི་ཞུ་བ་བསྟན་པའོ།། ད་ནི་ལན་བསྟན་པ་ལ། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། ཅེས་བྱ་བ་ནས་བརྩམས་ཏེ། འཇིག་རྟེན་གསུམ་པོ་ཀུན་བཀང་ནས་ཞེས་བྱ་བའི་བར་གྱིསོ།། ཆོས ་གསུངས་པའི་སྔ་ལྟསོ།། དེ་ནས་ཚིག་རྐང་གཉིས་ཀྱིས་ནི། མཚམས་སྦྱར་བསྟན་ཏོ།། སྙིང་རྗེ་ཆེ་དང་ལྡན་པར་གྱུར་ནས་ཞེས་བྱ་བོ་ནས་བརྩམས་ཏེ། ལག་ན་རྡོ་རྗེ་ཁྱོད་ལེགསོ་ཞེས་བྱ་བའི་བར་གྱིས། དོན་ཆེན་པོ་འདི་ལྟ ་བུས་ཞུས་པ་ལེགས་པར་སྦྱིན་པའོ།། གསང་བའི་བདག་པོ་ཞེས་བྱ་བ་ནས་བརྩམས་ཏེ། ཉོན་ཞེས་པའི་བར་གྱིས་གདམས་པ་ལ་སོགས་པར་བསྟན་པའོ།། དེ་ནས་ཚིག་གཅིག་གིས་ནི། གནང་བའི་ལེགས་པ་ཕུལ ་བའོ།། དེས་ནི་གླེང་གཞི་གུས་པའི་ཚུལོ།། ད་ནི་དམ་པའི་ཆོས་ཀྱིས་དངོས་པོ་བསྟན་པའི་ཕྱིར། དེས་ནས་བཅོམ་ལྡན་ཤཱཀྱ་ཐུབ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འོག་མིན་དུ་སངས་རྒྱས་པ་དེར། རིགས་ཐམས་ཅད ་ཀྱི་ངོ་བོ་འཕགས་པ་འཇམ་དཔལ་དུ་བསྟན་པའི་ཕྱིར། གསང་སྔགས་རིགས་ཆེན་ཐམས་ཅད་དང་ཞེས་བྱ་བ་ནས་བརྩམས་ཏེ། རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས་ཞེས་བྱ་བའི་བར་གྱིས། རིགས་ཀྱི ་བྱེ་བྲག་བསྟན་ཏོ།། ད་ནི་ཅུང་ཞིག་དོན་དགྲོལ་ན། གསང་སྔགས་རིགས་ཆེན་ཐམས་ཅད་དང་ཞེས་བྱ་བ་ནི། དོན་དམ་པ་བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་ལ་བྱ་ལ། རིག་སྔགས་འཆང་ཞེས་བྱ་བ་ནི། རིག་པའི་ཤེས་རབ ་ཀྱི་མི་དོར་བར་འཛིན་པའོ།། རིག་པའི་ཤེས་རབ་དེས་སྐུ་གསུང་ཐུགས་ཀྱི་དེ་ཁོ་ན་ཉིད་ལ་གཟུགས་པའོ།། དེའི་ཁྱད་པ་རཾ་ནི་ཚོགས་ཀྱི་ཁྱད་པཪྵ་ནས་བཟུང་སྟེ། ཅུང་ཟད་དྲོད་ཐོབ་པའི་གནས་སྐབས་ཀྱི་བར་རོ།། འདས་པའི ་རིགས་ཞེས་བྱ་བ་ནི། མཐོང་བའི་ལམ་ནས་བརྩམས་པའོ།། འཇིག་རྟེན་སྣང་བྱེད་རིགས་ཆེན་དང་ཞེས་བྱ་བ་ནི་ཁྱད་པར་རོ།། ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རིགས་ལས་མ ་འདས་པའོ།། རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས་ཞེས་བྱ་བ་ནི། འདོད་པ་ཐམས་ཅད་སྐོང་བའི་དོན་ཏོ།། ཆེ་ག་བདག་པོས་ཚིགསུ་བཅད་ཅེས་བྱ་བ་ནི། རྗེ་བཙུན་གསུང་གི་དབང་ཕྱུག་སྟེ། དེ་ཉིད་འཕགས ་པ་འཇམ་དཔྲལ་ལོ།། གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་ཞེས་བྱ་བ་ནི། བཛྲ་ཏཱིཀྵྞ་ཡ་ཏེ་ན་མཿའི་བར་གྱིསོ།། དེའི་བདག་པོ་ནི་འཕགས་པ་འཇམ་དཔལ་ཉིད།། གཉིསུ་མེད་པར་འབྱུང་བ་དང་ཞེས་བྱ་བ ་ནས་སྨོས་ཏེ། གཉིས་ནི་གཟུང་འཛིན་ལ་སོགས་པའོ།། དེ་མེད་པ་དེ་གླད་དེ་གཉིསུ་མེད་པའོ།། དེ་ལས་དབྱུང་བ་ནི་གཟུང་འཛིན་ལ་མ་བལྟོས་པ་སྐྱེ་བའོ།། དེ་བས་ན། མི་སྐྱེ་ཆོས་ཅན་འདི་གསུངས་ཏེ། ཆོས་ཀྱི་དབྱིངས་ཀྵིཾ་རང ་བཞིན་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་དོན་དམ་པའི་ཡི་གེ་མ། ས་བཅུ་གཉིས་དང་སྦྱར་ཏེ་གསུངས་པ་ཡིན་ནོ།། དེ་ཡང་གང་ཞེ་ནུ། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། དེ་བཞིན་གཤེགས་པའི་ས་ནི་བཅུ ་གཉིསུ་གསུངས་ཏེ། ཀུན་ཏུ་འོད་ཀྱི་ས་ཆེན་པོ།། དེ་ནི་ཉི་མའི་དཀྱིལ་འཁོར་འདྲ།། བདུད་རྩི་འོད་ནི་གཉིས་པ་སྟེ།། ཤིན་ཏུ་འོད་གསལ་ཟླ་བ་འདྲ།། ན་མཁའ་འོད་ནི་གསུམ་པ་སྟེ།། ན་མཁའ་བཞིན་དུ་རྣམ་པར་གནས།། རྡོ་རྗེ་འོད་ནི་བཞི་པ་སྟེ།། ། ་ས་དེ་ཉིད་ནི་ཡང་དག་གོ། བསམ་གཏན་ནང་གི་རྟགས་སྦྱོར་བས།། རྡོ་རྗེ་ཞེས་ནི་ཡོངསུ་བརྟགས།། ལྔ་པ་རིན་ཆེན་འོད་ཅེས་བྱ།། དབང་བསྐུར་བ་ལ་རབ་ཏུ་གནས།། པདྨའི་འོད་ཅེས་དྲུག་པ་སྟེ།། པདྨ་བཞིན་དུ་རབ་ཏུ་བསྐྱེད།། རང་བཞིན ་དག་པས་ཆོས་ཉིད་ཕྱིར།། དྲི་མ་མེད་པ་ཡོངསུ་བཟུང་།། བདུན་པ་ལས་ནི་འོད་ཅེས་པ།། སངས་རྒྱས་ཕྲིན་ལས་བྱེད་པར་འདོད།། བརྒྱད་པ་དཔེ་མེད་བྱ་བ་ཡིན།། དཔེ་དང་ལྡན་པ་དགུ་པ་སྟེ།། ཐམས་ཅད་དེ་པོ་ནི་སོ་སོར ་འབིགས།། བཅུ་པ་ཤེས་རབ་འོད་ཅེས་པ།། སངས་རྒྱས་ས་ནི་བླ་ན་མེད།། བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད།། ས་ཆེན་རབ་ཏུ་འོད་གསལ་བ།། བཅུ་གཉིས་སོར་རང་རིག་པ།། རྣལ་འབྱོར་ཡེ་ཤེས་རབ་ཏུ་རྫོགས།། ་དེ་ལྟར་ས་ནི་བཅུ་གཉིས་དང་།། ཨ་བཅུ་གཉིས་དང་སྦྱར་བར་ཤེས་པར་བྱའོ།། དེ་ཉིད་ཀྱི་སྐ་བསུ། དེ་ཉིད་རྣམ་པ་བཅུ་དྲུག་རིགས། རྣམ་པ་ཉི་ཤུ་བྱང་ཆུབ་འཆང་། ཞེས་བྱ་བའི་ཚིག་གིས་བླ་མ་དམ་པའི་གདམ ་ངག་གིས་སྦྱར་བར་བྱའོ།། སྠི་ཏོ་ཧྲྀ་དེ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས། འཕགས་པ་འཇམ་དཔལ་ཡེ་ཤེས་ཀྱི་སྤྱི་གཙུག་གི་རང་བཞིན་སངས་རྒྱས ་ཀྱི་ཆགས་པོའི་གནསུ་བསྟན་ཏོ།། དེ་ནས་ཡོན་ཏན་ལུས་དེ་བཞིན་གཤེགས་པཱ་ཐམས་ཅད་ཀྱི་སྐུ་ཐམས་ཅད་ཀྱི་མཁྱེན་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་བླ་ན་མེད་པའི་ཐུགསུ་ཆུད་པའོ།། ཞེས་གསུངས་པས་ན། དེའི ་བདག་ཉིད་ཀྱིས་རྗེ་བཙུན་གསུང་གི་དབང་ཕྱུག། དང་པོའི་སངས་རྒྱས་ཀྱི་ངོ་བོ་དེའི་རྗེ་སུ་འཛིན་པའི་བྱང་ཆུབ་སེམས་དཔོའི་གདམས་ངག་གིས། ངེས་པའི་དོན་གྱི་རྒྱུད་འདི་བཤད་ན། རྣམ་པ་གཉིསུ་ཤེས་པར་བྱ་སྟེ། ་དེ་ཡང་བྱང་ཆུབ་སེམས་དཔའ་དགྲ་ལས་རྣམ་པར་རྒྱལ་བའི་ཞལ་སྔ་ནས། བྱང་ཆུབ་སེམས་དཔའི་མཛད་སྤྱོད་ནི། མདོར་བསྡུས་རྣམ་པ་གཉིསུ་ཤེས། རྗེ་སུ་བཟུང་དང་ཚར་བཅད་པའོ།། དེ་ལ་རྗེསུ་གཟུང་བ་ནི། སྔོན་གྱི་དུས ་ན་འཕགས་པ་འཇམ་དཔལ་དེས་བཤད་པའི་སྒོ་ནས་རྗེསུ་བཟུང་བ་དང་། བསྒོམ་པའི་སྒོ་ནས་རྗེསུ་བཟུང་བའོ།། དེ་ལ་བསྒོམ་པའི་སྒོ་ནས་རྗེ་སུ་གཟུང་བ་ནི། འདོད་ཆགས་ཅན་གྱི་གང་ཟག་བདེ་བ ་ལམ་དུ་ཁྱེར་བ་སྟེ། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན་བྱ་བའི་ཚིགས། རྣལ་འབྱོར་མའི་རྒྱུད་དང་རྗེ་སུ་བསྟུན་ཏེ་བསྟན་པའོ།། རྣམ་པར་རྟོག་པ་ཅན་རྗེ་སུ་གཟུང་བའི་ཕྱིར། རླུང་ལ་བསླབ་པ་སྟེ། ཁོང་ནས་འབྱུང་བ་སྐྱེ་བ ་མེད་ཅེས་བྱ་སྟེ། རླུང་ཇི་སྐད་ཅིག་ཡོད་ཀྱང་། རྩ་བའི་རླུང་རྣམ་པ་ལྔར་འདུས་ཏེ། རྣལ་འབྱོར་པའི་རྒྱུད་དང་བསྟུན་ཏེ་བསྒྲུབ་པའོ།། ཐ་མལ་རྟོག་པ་ཅན་རྗེ་སུ་གཟུང་བའི་ཕྱིར། དམིགས་པ་དང་བཅས་པའི་བསྒྱིད་པའི་རིམ ་པ་ལ་བསློབ་ཅེས་བྱ་སྟེ། རིགས་གསུམ་ལ་ནི་རྣམ་པར་གཟིགས་ཞེས་བྱ་བའི་ཚིགིསོ།། རྣལ་འབྱོར་གྱིས་རྒྱུད་ལ་སོགས་པ་དང་རྗེ་སུ་བསྟན་ཏེ་བསླབ་པ་དང་། གང་ཟག་ཤེས་རབ་ཅན་རྗེ་སུ་གཟུང་བར་བསླབ་པ་ནི། སྐུ ་དང་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལ་བསླབ་པ་སྟེ། དེ་ཡང་ཡན་ལག་བཅུ་ལྡན་སྒྲུབ་པའོ།། ཞེས་བྱ་བའི་ཚིག་གིསོ།། དེ་ནི་བསྒོམ་པའི་རྗེ་སུ་གཟུང་བའོ།། ད་ནི་བཤད་པའི་རྗེ་སུ་གཟུང་བ་ནི། འཇམ་དཔལ་དེ་ཉིད་གདུལ་བྱའི ་བག་དང་སྦྱར་ཏེ། འདོད་ཆགས་ཅན་འདུལ་བ་ལ་དབང་ཕྱུག་ཆེན་པོའི་གཟུག་སོ།། གཏི་མུག་ཅན་ལ་ཚངས་པའི་གཟུགསོ།། ཞེ་སྡང་ཅན་ལ་འཇིགས་བྱེད་ཀྱི་གཟུགསོ།། དེ་ལྟ་བུ་ལ་སོགས་པ་ནི་གདུལ་བྱ་ནི་བུའི་བུ་ར་མ་ལྕེ ་རིགས་པའི་དཔེསོ།། དེ་བྱེ་བྲག་ཅུང་ཞིག་སྨྲས་པ་ནི། མུ་ཏིག་ཀྱི་གདུལ་བྱའི་རལ་པ་ཅན། གཙུག་ཕུད་པུད་བུ་ལྷུང་ལོ་ཅན་ཞེས་བྱ་བའི་ཚིག་གཉིས།། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་གདུལ་བའི་དོན་དུ། གདོང་ལྔ་གཙུ ་ཕུད་ལྔ་དང་ལྡན་ཞེས་བྱ་བའི་ཚིགསོ།། ཉན་ཐོས་གདུལ་བའི་དོན་དུ་འཕགས་པ་འཇམ་དཔལ་དེ་ནི། བྱང་ཆུབ་སེམས་དཔའི་རྒྱུད་དུ་རྟོགས་ཀྱང་། ཉན་ཐོས་ཀྱི་ཚུལ་དུ་བཟུང་ནས། མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་པ ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས། བདེན་པ་བཞིའི་སྒོ་ནས་ཆོས་སྟོན་ཏོ།། རང་སངས་རྒྱས་གདུལ་བའི་དོན་དུ་འདྲེན་པ་རང་རྒྱལ་བསེ་རུའི་ཚུལ་ཞེས་བྱ་སྟེ། རྟེན་ཅིང་འབྲེལ་པ་བཅུ་གཉིས་ཀྱིས་སྟོན།། རྣམ་རིག ་སྣ་ཚོགས་གཟུགས་དོན་ཅན་ཞེས་བྱ་བའི་ཚིག་དང་། སྙིང་རྗེ་ཆེ་དང་ཤེས་རབ་ཐབས་ཞེས་བྱ་བའི་ཚིག་དང་། བདེན་པ་གཉིས་ཀྱི་ཚུལ་ལ་གནས་ཞེས་བྱ་བའི་ཚིག་དང་། ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ་ཞེས་པའི ་ཚིག་གིས། བྱང་ཆུབ་སེམས་དཔའི་ཐེག་པ་བསྟན། དེ་ཡང་ཅིས་མངོན་ཞེ་ན། ཐེག་པ་གསུམ་གྱི་རྗེས་འབྱུང་ལ་ཞེས་བྱ་བ་ལ་སོགས་པའི་ཚིག་གི་སྷོ།། གཞན་ཡང་སུམ་ཅུ་རྩ་གསུམ་ལྷ་འདུལ་བ། ལྷའི་དབང ་པོ་ལྷའི་ལྷ་ཞེས་བྱ་བ་སྟེ། བརྒྱ་བྱིན་གྱིས་སོ།། ལྷའི་དབང་པོ་ལྷ་མིན་བདག་ཅེས་པས་ཐག་བཟང་རིས་ཀྱི་ས་གཟུགས་ཀྱིསོ།། འཆི་མེད་དབང་པོ་ལྷ་ཡི་བླ་ཞེས་བྱ་སྟེ། ཕུར་པོའི་གཟུགས་ཀྱིས།། འཇོམས་བྱེད ་འཇོམས་བྱེད་དབང་ཕྱུགས་པོ་ཞེས་བྱ་བ་སྟེ། ཁྱབ་འཇུག་གི་གཟུགསོ།། །། ད་ནི་གཟུགས་མེད་པ་གདུལ་བའི་དོན་དུ་གཟུགས་མེད་ཅེས་བྱ་བའི་ཚིག་དང་། ཚངས་པའི་ཡུལ་ས་རྩེ་ནས་གནོན ་ཞེས་བྱ་བའི་ཚིག་གིསོ།། ད་ནི་ཐུན་མོང་མ་ཡིན་པའི་གསང་སྔགས་ཀྱི་ཐེག་པ་བཤད་པའི་སྒོ་ནས་རྗེ་སུ་བཟུང་སྟེ། ནོར་པ་ཐམས་ཅད་རྣམ་པར་སྤངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ནོར་པ་ནི་རྣམ་པ་ལྔ་སྟེ། འཇུ ་བའི་ནོར་པ་དང་། ལྟ་བ་ནོར་པ། བསྒོམ་པ་ནོར་པ། ཐབས་ནོར་པ། སྤྱོད་པ་ནོར་བ། དེ་ལས་ཟློག་པ་ཤེས་པའོ་ཁྱད་པར་རོ།། དེ་ལ་འཇུག་པའི་ཁྱད་པར་ཇི་ལྟ་བུ་ཅ་ན། དོན་གསུམ་ཐེ་ཚོམ་མེད་པའི་བློས།། ཐེག་པ་སྣ་ཚོགས་ཐེབས ་ཚུལ་གྱིས།། སྙིང་རྗེ་ཆེ་དང་ཤེས་རབ་ཐབས།། རྡོ་རྗེ་རྒྱལ་པོ་བདེ་བོ་ཆེ། ཞེས་བྱ་བས་གསང་སྔགས་ཀྱི་ལམ་བསྟན་ནོ།། གཞན་ཡང་བདག་རིགས་གཞན་རིག་ཐམས་ཅད་པ་ཞེས་བྱ་བ་ནས་བརྩམས་ཏེ། ཕྱག་རྒྱ་བཞི་པའི་དོན ་སྟོན་པ་ཞེས་བྱ་བ་ལ་སོགས་པ་དང་། རྒྱུད་ཀུན་གྱིས་ནི་བདག་པོའི་མཆོག་ཅེས་བྱ་བ་ལ་སོགས་པའི་ཚིག་གིསོ།། རྒྱུད་ཐམས་ཅད་ཀྱི་བདག་པོ་ཡིལྔ་བསྟན་ཏོ།། གཞན་ཡང་འདི་ཉིད་ཀྱི་བརྟག་པ་གཞན་དུ། ལ་ལ་ནི་ཕྱི་རོལ་གྱི ་ཚུལོ།། ལ་ལོ་ནི་ཉན་ཐོས་ཀྱི་ཚུལོ།། ལ་ལ་ནི་རང་སངས་རྒྱས་ཀྱི་ཚུལོ། ལ་ལ་ནི་བྱང་ཆུབ་སེམས་དཔའོ།། གཞན་དུ་གསང་སྔགས་ཀྱི་རིག་པ་འཛིན་པའི་རྒྱུད་དཔག་ཏུ་མེད་པ་ཅིག་བསྟན་ཀྱང་། ཐིག་ལ་ཆེན་པོའི་ངོར་མ་ཤར ་ནི། དེ་ཐམས་ཅད་རྗེསུ་བཟུང་བའི་ཡིན་གྱི། ཡང་དག་པའི་དོན་དེ་ཉིད་ཐོབ་པར་མི་འགྱུར། ཅིའི་ཕྱིར་ཞེ་ན། རྗེསུ་བཟུང་པ་ཙམ་ཡིན་གྱི། ཡང་དག་པའི་དོན་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། མུ་རྟོགས་དང་ལོག་པར་རྟོགས་པའི་ཕྱིརརོ།། ལ་ལ་ནི ་རྒྱུ་འབྲས་རྗེ་སུ་མི་མཐུན་པའི་ཕྱིརརོ།། ལ་ལ་ནི་བཅེས་མ་ལ་སྤྱོད་པའི་ཕྱི་རོ།། གཏན་ཚིགས་དེ་བོས་ན། འབྲས་བུ་དེ་དེ་ཙམ་དུ་བསྔགས་པས་རྗེ་སུ་བཟུང་བའོ།། ཇི་ལྟ་བུའི་ཡང་དག་པའི་ཡིན་ཞེ་ན། རྣམ་པར་དག་པ་བདག་མེ་ཆོས།། རྡོ་རྗེ ་རྒྱལ་པོ་བདེ་བ་ཆེ།། འོདི་ནི་རྣམ་དོག་ལེགས་པའི་ལམ།། ཡང་དག་མཐའ་སྟེ་ཡི་གེ་མེད།། དེ་ནས་ཐིག་ལེ་ཆེན་པོའི་ངང་དུ་སངས་རྒྱས་པར་རིག་པར་བྱའོ།། དེ་ཡང་ཅིས་མངོན་ཞེ་ན། ཐིག་ལ་ཆེན་པོ་ཡི་གེ་མེད་ཅེས་པ་ལ་སོགས་པའི ་ཚིགས་བཅད་གཅིག་གིས་ལྟ་བ་བསྟན། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན་ཞེས་བྱ་བའི་མན་ངག་གིས་གནས་བསྟན་ཏོ།། བསམ་གཏན་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་བལྟ་བ་བསྟན་ཏོ།། ཏིང་འཛིན་རིག་དང་ཞེས་བྱ་བ་ལ་སོགས་པའི ་ཚིག་གིས་མཐོང་ལམ་བསྟན་ཏོ།། ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ་ཞེས་བྱ་བ་ལ་སོགས་པས་འབྲས་བུ་བསྟན་ཏོ།། དེ་ཉིད་དྲན་པ་ཆེན་པོ་འཆང་བྱ་བ་ནས་བརྩམས་ཏེ། དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། ཞེས་བྱ་བ་ལྔ ་སོགས་པས་འབྲས་བུའི་ཡོན་ཏན་བསྟན་ཏོ།། ཡིད་བཞིན་ནོར་བུ་ཆེན་པོ་འཚང་ཞེས་པ་ནས། འཇིགས་པ་མ་ལུས་སེལ་བ་པོ་ཞེས་བྱ་བ་ལ་སོགས་པས། སེམས་ཅན་གྱི་དོན་བྱེད་པའི་ཁྱད་པའོ།། དེ་ཡང་སྐུ་དང་ཡེ་ཤེས་ཀྱི་ཁྱད ་པ་ནི། དེ་ཡང་སྐུ་གསུམ་དང་། སྐུ་ལྔ་དང་། ཡེ་ཤེས་ལྔ་དང་ཡེ་ཤེས་གཅིག། དེ་ཡང་ཅིས་མངོན་ཞེ་ན། མཆོག་གི་དམ་པ་སྐུ་གསུམ་འཆང་།། སངས་རྒྱས་སྐུ་ལྷའི་བདག་ཉིད་ཅན།། ཁྱབ་བདག་ཡེ་ཤེས་ལྔ་ཡི་བ ་སངས་རྒྱས་ལྔ་བདག་ཅོད་པན་ཙན་ཞེས་བྱ་བས་སོ།། དེའི་རྣམ་པར་བཞག་པ་ནི། དེ་ལ་སྐུ་གསུམ་ནི། དང་པོར་ཆོས་ཀྱི་སྐུ་བཤད་མི་སྐྱེ་ཆོས་འོད་གསུངས་པ། ཨ་ཡིག་བཅུ་གཉིས་དང་། རྫོགས་པའི་ཨ་ལས་བྱུང་ཞེས་བྱ་བ་དང་། དོན ་ཆེན་ཡི་གེ་དམ་པ་ཡིན། ཞེས་བྱ་བ་ལ་སོགས་པ་དང་། ཐོག་མ་མེད་པ་སྤྲོས་མེད་བདག་ཅེས་བྱ་བ་ལ་སོགས་པ་དང་། དོན་གཅིག་གཉིས་མེད་ཆོས་ཀྱི་དོན་ཞེས་བྱ་བ་ལ་སོགས་པ་དང་། དང་པོའི་སངས་རྒྱས་རྒྱུ་མེད་པ་ཞེས་བྱ་བ་ལ ་སོགས་པ་དང་། མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། ཞེས་བྱ་བ་ལ་སོགས་པས་ཆོས་ཀྱི་སྐུ་བསྟོན་ཏོ།། ད་ནི་ལོངས་སྤྱོད་རྫོགས་པའི་སྐུ་བསྡུ་བ། སངས་རྒྱས་རྣམ་པར་སྣང་མཛད་ཆེ་ཞེས་བྱ་བ་ལ་སོགས་པའི་ཚིགསུ་བཅད་པ་གཅིག ་དང་། ལོངས་སྤྱོད་རྫོགས་སྐུ་སྐུ་ཡི་རྒྱལ་ཞེས་བྱ་བའི་ཚིག་རྐང་གཅིག་དང་། གནས་བསྟན་རྒན་པོ་སྐྱེ་དགུའི་བདག། སུམ་ཅུ་རྩ་གཉིས་མཚན་འཆང་བ།། སྡུག་གུ་འཇིག་རྟེན་གསུམ་ན་མཛེས། ཞེས་བྱ་བ་ལ་སོགས་པས། ལོང་སྤྱོད ་རྫོགས་པའི་སྐུ་བསྟན། ད་ནི་སྤྲུལ་པའི་སྐུ་བསྡུ་བ། སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག་ཅེས་བྱ་བའི་ཚིག་དང་། ཕན་འདོགས་སེམས་ཅན་མཉེས་གཤིན་པ་ཞེས་བྱ་བའི་ཚིག་དང་། གཟུགས་རྣམ་པ་སྣ་ཚོགས་ཀུན་ཏུ་སྟོན་ཞེས་བྱ་བའི ་ཚིག་དང་། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་སྤྲུལ་པའི་སྐུ་བསྟན། དེ་གསུམ་ལས་ངོ་བོ་ཆོས་ཀྱི་སྐུ་བསྟན་ཏེ། རྣམ་པར་དག་པ་བདག་མེད་ཆོས་ཞེས་བྱ་བ་དང་། དེ་བཞིན་ཉིད་དག་དག་པའི་བདག ་ཅེས་བྱ་བ་དང་། གཞིན་ཡང་དེ་ཉིད་ཀྱི་ལུང་གི་སྦྲང་པོའོ།། དེ་ལ་ཆོས་གང་རྣམ་པ་ཐ་དད་དུ། རྣམ་དག་ཟག་པ་མེད་རྙེད་པ། ཐུབ་པའི་ངོ་བོ་ཉིད་སྐུ་སྟེ། དེ་ཡི་རང་གི་མཚན་ཉིད་དོ།། ཞེས་གསུངས་པོས་ན། ངོ་བོ་ཉིད་ཀྱི་སྐུ། ཡེ་ཤེས་ཀྱི་སྐུ་ལ ་གཉིས་གཉིས་ཏེ། ཇི་ལྟ་བ་དང་དེའི་རྒྱུ་མཐུ་ནོ།། ཇི་ལྟ་བ་ནི་ཡེ་ཤེས་ལྡན་པ་ཡོད་མེད་ཤེས་ཞེས་པསོ།། དེའི་རྒྱུ་མཐུན་པ་ནི་ཤེས་པ་འབའ་ཞེས་ངེས་གསལ་ཞེས་བྱ་བ། ཡེ་ཤེས་ལྔ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའོ།། ། ་ཡང་ཡེ་ཤེས་མིག་གཅིག་དྲི་མ་མེད་ཅེས་པསོ།། དེ་ལྟར་ན་མཚན་ཡང་དག་པར་བརྗོད་པ་འདི་ནི། ཟབ་པ་དང་རྒྱ་ཆེ་བ་སྐུ་དང་ཡེ་ཤེས་ཀྱིས་བསྡུ་བ་གཞན་དང་མཚུངས་པ་མེད་པ། ཕན་ཡོན་ཆེ་བ་ཡོན་ཏན་ཐམས་ཅད་ཀྱི་མཧཱ ་བདག་ཏུ་གྱུར་པ་ཕན་ཡོན་ནས་བྱུང་བ་བཞིན་དུ་ཤེས་པར་བྱའོ།། དེ་ཡང་ཅིས་མངོན་ཞེ་ན། དོན་ཟ་བ་དོན་ནི་རྒྱ་ཆེ་ཞིང་།། དོན་ཆེན་མཚུངས་མེད་རབ་ཞི་བ།། ཐོག་མ་པར་དང་མཐར་དགེ་བ་ཞེས་གསུངས་པ་སྟེ། དེ་དེ་བཞིན་ག་ཀྱི ་པ་ཐམས་ཅད་ཀྱི་སྐྱེ་གནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྟེན། སངས་རྒྱས་ཐམས་ཅད་ཀྱི་ཡུལ་དང་། དགེ་བའི་བཤེས་གཉེན་ལ་སོགས་པའི་རིག་པར་བྱའོ།། དེས་ན་དོན་ཟབ་ཅེས་བྱ་བ་ནི། ཆོས་ཀྱི་སྐུ་ལ ་བྱའོ།། རྒྱུ་ཆུ་བ་ནི་གཟུགས་སྐུ་གཉིས་ལ་བྱའོ།། ཡང་ན་དོན་ཟབ་ཅེས་པ་ནི་སེམས་ཀྱི་སེམས་ཉིད་ལ་བྱཱ་ལ། རྒྱ་ཆེ་བ་ནི་སྣང་བརྟེན་ཅིང་འབྲེལ་པར་འབྱུང་བ་ལ་བྱ་ལ། ཡང་ན་དོན་ཟབ་ཅེས་བྱ་བ ་ནིསྒྲས་མ་བརྟགས་པའི་དེ་བཞིན་ཉིད་ལ་བཱ་ལ། རྒྱ་ཆེ་ཞེས་བྱ་བ་ནི་ཆོས་སྐུས་ཁྱབ་པ་ལ་བྱའོ།། ཡང་ན་དྲོན་ཟབ་ཅེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོང་པ་ཉིད་ལ་བྱ་ལ།། རྒྱ་ཆེ་ནི་ན་མཁའ་ལྟར་ཡངས ་པ་ལ་བྱའོ།། ཡང་ན་དོན་ཟབ་ཅེས་བྱ་བ་ནི། ཤེས་བྱ་ཇི་ལྟ་བ་ཐུགསུ་ཆུད་པ་ལི། རྒྱ་ཆེ་ཞེས་བྱ་བ་ནི་ཤེས་བྱ་ཇི་སྙེད་པ་མཁྱེན་པ་ལ་བྱའོ།། ཡང་ན་མཉམ་གཞག་དང་རྗེས་ཐོབ་བྱལ། ཡང་ན་བདེ་བ་ཆེན་པོ་དང་མི་རྟོག་པ ་ལ་བྱའོ།། ཡང་ན་དོན་ཟབ་ཅེས་བྱ་བ་ནི། སྐུ་དང་ཡཽས་ལ་བྱ་ལ། ཎྱ་ཚྭ་ཞེས་བྱ་བ་ནི་སངྱས་རྣམས་ཀྱི་ཡོན་ཏན་ལ་བྱའོ།། དེ་ལྟ་བུའི་ཚུལ་བླ་མ་དམ་པའི་གདམས་ངག་གིས་ཡང་གཞན་དུ་ཡང་སྦྱ་རོ།། ཙཱའི་ཕྱིར་ཟབ་པ་ལ་སོགས ་པ་བཤད་ཅེ་ན། ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པོའི་ཕྱིརརོ།། འདི་ནི་བློ་ཟབ་པ་དང་རྒྱ་ཆེ་བ་རྣམས་ལ་རབ་ཏུ་བསྔགས་པས་ནི། དེས་ན་ཟབ་པ་རྒྱ་ཆེ་བ་ཞེས་བྱའོ།། དེ་ལྟར་ན་རྗེ་སུ་བཟུང་བ་དང་ཟབ ་པ་དང་རྒྱ་ཚ་བ་བཤད་ནས། ད་ནི་ཚར་བཅད་པོའི་དོན་བཤད་པར་བྱ་སྟེ། ལོག་པར་ལྟ་བར་ཚར་བཅད་པ་ནི་ཡང་གསུངས་པ། བདག་མེད་སེང་གེའི་སྒྲ་དང་ལྡན།། མུ་སྟེགས་རི་དྭགས་ངན་འཇིགས་བྱེད། ཅེས་བྱ་བའི ་ཚིག་དང་། ཚིག་ལ་དབང་བ་ཚིག་མཐའ་ཡས་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གཅིག་དང་། ཚིག་གི་དབང་ཕྱུག་སྨྲ་བ་ཆེ་ཞེས་བྱ་བ་ནས་བརྩམས་ཏེ། སྨྲ་བ་སེང་གེ་ཚུགས་པ་མེད་ཅེས་བྱ་བའི་བར་གྱིས།། གཞན ་གྱི་ལོག་པར་ལྟ་བ་ཚར་བཅད་ནས། རང་གི་བསྟན་པ་ལ་རྗེ་སུ་གཟུང་བའོ།། མངོན་སྤྱོད་ཀྱི་སྒོ་ནས་མནན་པ་བྱ་བ་ནི། ཡ་ཏེ་ན་མ་ལ་སོགས་པའི་སྔགས་ལ། གདོམས་ངག་གིས་ཞི་ཁྲོའི་རྣལ་འབྱོར་དུ་ཞུགས་ལ། རྡོ་རྗེ་འཇིགས ་བྱེད་འཇིགས་པར་བྱེད་ཅེས་བྱ་བ་ནས། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག་ཅེས་བྱ་བའི་བར་གྱིས་བླ་མ་དམ་པའི་གདམས་ངག་བཞིན་དུ། སྒྲུབ་པ་སྔོན་དུ་བཏང་ནས། འཁྲུལ་འཁོར་གྱི་སྔགསོ་བཏུ་བའི་མན་ངག་ནི་འདི ་ཡིན་ཏེ། དྲུག་པའི་དང་པོ་ཡཽ། ལྔ་པའི་ཐ་མ་མ། དྲུག་པའི་གཉིས་པཱ་ར། གཉིས་པའི་གསུམ་པ་ཛཾ། བདུན་པའི་གསུམ་པ་ས། བཞི་པའོ་གསུམ་པ་དེ། ལྔ་པའི་ཐ་མ་མ། དྲུག་པའི་དང་པོ་ཡ། ཡང་དྲུག་པའི་དང་པོ་ཡ། ལྔ། ་པའི་ཐ་མ་མ?། གསུམ་པའི་གསུམ་པ་ད། དྲུག་པའི་གཉིས་པ་ར། བཞི་པའི་ཐ་མ་ནཱ། དྲུག་པོའི་དང་པོ་ཡཱ། ཡང་དྲུག་པའི་དང་པོ་ཡ། གསུམ་པའི་གསུམ་པ་ང། བཞི་པའི་ཐ་མཱ་ན། དྲུག་པའི་གཉིས་པ་ར། དྲུག་པའི་དང་པོ་། ་བདུན་པའི་ཐ་མ་ཀྵ། དྲུག་པའི་དང་པོ་ཡ། ཡང་དྲུག་པའི་དང་པོ་ཡ། བདུན་པའི་ཐ་མ་ཀྵ། དྲུག་པའི་དང་པོ་ཡ། གཉིས་པའི་ཐ་མ་ཙི། བཞི་པའི་ཐ་མ་ན། དྲུག་པའི་གཉིས་པ་ར། ལྔ་པའི་ཐ་མ་མ། དྲུག་པའི་དང་པོ་ཡ ་དེ་ནི་རྩ་བའི་ཡི་གེའོ།། གདགས་ཡིག་ནི་མན་ངག་གིས་ཤེས་པར་བྱའོ།། དང་པོ་ཨ་ནཱི་སྦྱིན་པར་བྱ། ཧ་ཧ་ག་ལྔ་པའི་གསུམ་པའི་ག་བིཀྵི་ཏཱ་ནཱ་ཧཱུཾ། དང་པོ་ཨཾ་བདུན་པ་ཧ། ལྔ་པ་ཡ་དང་པོའི་ཀ། གསུམ ་བའི་དང་པོ་ཏ། བཞི་པའི་ཐ་མ་ན་གཉིས། བདུན་པའི་བཞི་པ་ཧཱུཾ་གཉིས། ཕཊ་དང་ཧ་གཉིས་ཞལ་ལས་ཤེས། འདི་ལྟར་བསྒྲུབ་པར་བྱ་བ་ནི། མཁས་པ་གྲུབ་པ་ཐོབ་པ་རྣམས་ཀྱི་སྒྲུབ་ཐབས་ལས་ཤེས་པར་བྱའོ།། བསྙེན་པ་གྲུབ ་པར་མ་གྱུར་པར། འཁོར་ལོ་བསྐོར་བར་མ་གསུངས་ཏེ། གལ་ཏེ་བསྐོར་ན་བདག་ཉིད་འཁྲུག། སྔགས་ཀྱི་བསྡུ་བ་མ་བྱས་ནི། སྔགས་ཟློས་པ་ནི་ཉམས་པར་འགྱུར།། གསང་སྔགས་བརྡ་ཡིས་མ་བོས་ནི།། སྔགས་ཀྱི་དངོས ་གྲུབ་མེད་པར་འགྱུར།། དེས་ན་ཟླ་བ་མིག་དང་ཡོན་ཏན་དང་། རིག་བྱེད་མངའ་ཞེས་བྱ་བ་ལ་སོགས་པ་བསྡིགསོ།། ལས་ཀྱི་མཐར་ཐུགས་འཁྲུལ་འཁོར་ཡིན། རྒྱུད་ཀྱི་མཐར་ཐུག་བདག་པོ་མཆོག། དཀའ་ཐུབ་མཐར ་ཐུགས་སེམས་དཔའ་ཆེ།། བསོད་ནམས་མཐར་ཐུགས་ཡན་ལག་བདུན།། མ་བྱུང་བྱུང་བར་མི་འགྱུར་རོ།། ད་ནི་འཁྲུལ་འཁོར་གྱི་སྒོ་ནས་ཚར་བཅད་པའོ།། ཏིང་འཛིན་དྲ་བའི་ལེའུ་འདི་ཚིགས་བཅད་བརྒྱ་དྲུག་ཅུ་རྩ་གཉི ་རྣམས་དང་། ཡོན་ཏན་བརྒྱ་དང་ལྔ་བཅུས་ཟབ་མོའི་བཀའ་འདི། སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ངེའི་ཡོན་ཏན་དེའི་མཛད་སྤྱོད་བསྡུས་པ་བསྟན་པར་བྱའོ།། དང་པོར་ཆོས་ཀྱི་སྐུ་བསྟན་པ་ནི། མི་སྐྱེ་ཆོས་ཅན་འདི ་གསུངས་པ་བྱ་བ་ནས། ཨ་བཅུ་གཉིས་ཚིག་དྲུག་དང་བཅས་པ་དང་། རྫོགས་པའི་སངས་རྒྱས་ཨ་ལས་འབྱུང་བྱ་བ་ནས། ཚིག་ཀུན་རབ་ཏུ་གསལ་བར་བྱེད་ཅེས་བྱ་བའི་བར་དང་། ཡང་དག་བདག་མེད་དེ་བཞིན ་ཉིད་ཅེས་བྱ་བ་ལ་སོགས་པའི་ཚིག་དང་། ཐོག་མ་མེད་པ་སྤྲོས་མེད་བདག་ཅེས་བྱ་བའི་ཚིག་དང་། ཐིག་ལ་སྟོང་པ་ཡི་གེ་མེད་ཅེས་བྱ་བ་ནས། རྣམ་པ་མེད་ཅེས་བྱ་བའི་བར་གྱིས། ཆོས་ཀྱི་སྐུ་བསྟན་ཏོ།། མཚད ་པ་ཆེན་པོ་འདོད་ཆགས་ཆེ་ཞེས་བྱ་བ་ནས། གཟུགས་ཆེན་ལུས་ཀྱང་ཆེ་བ་སྟེ། ཞེས་པའི་བར་གྱིས། ལོངས་སྐུ་བསྟན་ཏོ།། ཁ་དོག་ཆེ་ཞིང་ལུང་པོང་ཆེ་ཞེས་བྱ་བ་ནས། སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན་ཞེས་པ་ལ་སོགས ་པས་སྦྲུལ་སྐུ་བསྟན། ནམ་མཁའ་ལས་བྱུང་རང་འབྱུང་བ་ཞེས་བྱ་བ་དང་། རྣམ་པར་དག་པ་བདག་མེད་ཆོས། སྣང་བ་ཆེན་པོ་གསལ་བ་ཆེ་ཞེས་པ་ལ་སོགས་པས་ངོ་བོ་ཉིད་ཀྱི་སྐུ་བསྟན། ཁྱབ་བདག་ཡེ་ཤེས་ལྔ་ཡི ་བདག་ཅེས་བྱ་བ་དང་། ཡེ་ཤེས་ལྡནྡ་པ་ཡོད་མིང་ཤེས་བྱ་བ་ལ་སོགས་པས་ཡེ་ཤེས་ཀྱི་སྐུ་བསྟ་ནོ།། ཡེ་ཤེས་མིག་གཅིག་དྲི་མ་མེད་བྱ་བ་དང་། གཟི་བརྗིད་ཆེན་པོ་འོད་གསལ་བ་ཞེས་པས་ཡེ་ཤེས་ཀྱི་ངོ་བོ ་གཅིག་པར་བསྟན། ཡང་སྐུ་གསུམ་གྱི་བསྔགས་པར་བསྟན། གཟུགས་མེད་ཅེས་བྱ་བ་ནི་ཆོས་སྐུ། གཟུགས་བཟང་ཞེས་བྱ་བ་ནི་ལོངས་སྐུ་དམ་པ་སྟེ་ཞེས་བྱ་བ་གཉིས་ཏེ། སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས་བྱ ་བ་ནི་སྦྲུལ་སྐུ། ཡང་དེ་ཉིད་བཤད་པ། ཆོས་སྐུ་ནི་སྐྱེ་མེདྲ་ཆོས་ཏེ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས། ལོངས་སྐུ་ནི་སུམ་ཅུ་རྩ་གཉིས་མཚན་འཆུང་བ་བྱ་བ་ལ་སོགས་པའི་ཚིག་དང་། རྣམ་པ་ཀུན་ལྡན ་ཞེས་བྱ་བ་དང་། ལོང་སྤྱོད་རྫོགས་པའི་སྐུ་ཡི་རྒྱལ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས། ལོངས་སྤྱོད་རྫོགས་པའི་སྐུ་བསྟན། རྗེསུ་གཟུང་བའི་སྐུ་དང་། ཚར་བཅད་པའི་ཁྲོ་བོའི་སྐུའི།། དེ་ལ་རྗེསུ་བཟུང་བའི་སྐུ་ནི། འཕགས་པ་འཛི ་པའི་དབྱིངས་ལ་སོགས་པ་ཞི་བའི་ཚུལ་གྱི་སོ།། ཚར་བཅད་པའི་སྐུ་ནི། དེ་ནས་འཇམ་པའི་དབྱངས་ཀྱིས་ནི།། ཁྲོ་བོའི་མདོ་ནི་གཤིན་རྗེ་གཤེད་།། དྲག་ལ་མཐུ་རྩལ་དང་ལྡན་པས།། ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་འཇིགས་བྱེད ་འཇིགས་པར་བྱེད་ཅེས་བྱ་བ་ནས་བརྩམས་ཏེ། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག་ཅེས་བྱ་བའི་བར་གྱིསོ།། རྡོ་རྗེ་རིགས་ཀྱི་ལེའུར། སྐུ་དང་གསུང་དང་ཐུགས་དང་། ཡོན་ཏན་དང་། ཕྲིན་ལས་མཛད་དུ་ཤེས་པར་བྱའོ།། གཞན་ཡོད། ་བྱེད་པ་སེམས་ཅན་ཀུན་དོན་བྱེད་ཅེས་བྱ་བ་ལ་སོགས་པའི་ཚིག་གིསོ།། གདུལ་བྱའི་ཁྱད་པར་ནིདྡྷ་སུ་གཟུང་བའི་སྐབསུ་ཤེས་པར་བྱའོ།། དེ་ཡང་སངས་རྒྱས་རྣམས་ཀྱི་མཁྱེན་པ་ནི།། ཤེས་བཅུ་རྣམ་དག་བདག་ཉིད་ཙམ། ་བཅུ་རྣམ་དག་འཆང་བ་པོ།། རྣམ་བཅུ་དབང་ལྡན་ཆེ་བ་པོ་ཞེས་བྱ་བ་ལ་སོགས་པའི་ཚིགས་གོས་ཤེས་པའི་ཁྱད་པར་བསྟན། ཤེས་རབ་ཆེན་པོ་བློ་ཆེན་ལྡན།། ཤེས་རབ་མཚོན་ཆེན་རྣམ་འཇོམས་པ།། ཤེས་རབ་ཡིས ་མེ་བོ་ཆེ།། ཤེས་རབ་ཆེན་པོ་སྐད་ཅིག་ལ་བྱ་བས་ཤེས་རབ་ཀྱི་ཁྱད་པར་བསྟན། ཡེ་ཤེས་ལྡན་པ་ཡོད་མེད་ཤེས་བྱ་བ་ནས། ཀུན་ཤེས་ཀུན་རིག་དམ་པའོ་ཞེས་བྱ་བ་ལ་སྩོགས་པས་ཡེ་ཤེས་ཀྱི་ཁྱད་པར་བསྟན ་གྲགས་པ་བཀྲ་ཤིས་སྤྱན་གྲགས་དགེ་སྐྱེས་བྱ་བ་ལ་སོགས་པས། བཀྲ་ཤིས་པ་དང་དགེ་བའི་ཁྱད་པར་བསྟན། དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ་ཞེས་བྱ་བའི་ཚིག་གིས། དབུགས་འབྱིན་པའི་ཡོན་ཏན་བསྦྱིན ་ཕྲ་ཞིང་ཟག་མེད་སྣ་བོན་བྲལ་ཞེས་བྱ་བ་ལ་སོགས་པ་སྤངས་པའི་ཁྱད་པར་བསྟན། མཱ་རིག་སྒོ་ངའི་སྦུབས་འབྱེད་པ་ཞེས་བྱ་བ་ལ་སྩོགས་པས། མ་རིག་པ་སེལ་བའི་ཁྱད་པར་བསྟན། ཡེ་ཤེས་དབང་བསྐུར་ཅོད་པན་ཅན་དང་། ཆོས་ཀྱི ་དབང་ཕྱུག་ཆོས་ཀྱི་རྒྱལ་ཞེས་བྱ་བ་ལ་སོགས་པས་དབང་གི་བདག་པོ་དང་དབང་གི་ཁྱད་པར་བསྟན་པའོ།། ཚིགས་ཀྱི་སློབ་དཔོན་ཚོགས་ཀྱི་མཆོག་ཅེས་བྱ་བ་ལ་སོགས་པ་དང་། གནས་བརྟན་རྒན་པོ་སྐྱེ་དགུའི་བདག་ཅེས་བྱ་བ་དང་། ་ན་མཁའི་བདག་པོ་སྣ་ཚོགས་སྟོན་ཞེས་བྱ་བས་ཐམས་ཅད་ཀྱི་བདག་པོ་འམ་གཙོ་བོའི་ཡོན་ཏན་གྱི་ཁྱད་པར་བསྟན། འཇིག་རྟེན་གསུམ་ན་གཞོན་ལུས་ཅིག་ཅེས་པ་དང་། སེམས་ཅན་ཀུན་གྱི་ཡིད་འཕྲོག་པ། སྡུག་གུ་འཇིག་རྟེན་གསུཾ ་ན་མཛེས། ཞེས་བྱ་བ་ལ་སོགས་པ་ཡིད་དུ་འོང་བའི་ཁྱད་པར་བསྟན། སེམས་ཅན་ཀུན་ལ་ཤས་ཚར་ཆགས། ནམ་མཁའ་ལྟ་བུར་ཆགས་པ་མེད་ཅེས་བྱ་བ་ལ་སོགས་པས། སེམས་ཅན་གྱི་དོན་བྱེད་པའི་ཁྱད་པར་བསྟན། དེ་ཉིད་དྲན་པ ་ཆེན་པོ་འཆང་ཞེས་བྱ་བའི་ཚིག་བཞི་ཚིགསུ་བཅད་པ་གཅིག་གིས་ཐུན་མོང་གི་ཡོན་ཏན་དང་། ཁྱད་པར་གྱི་ཡོན་ཏན་བསྟན། སྤྲིན་དཀར་དག་པ་བཞིན་དུ་དཀར། འོད་བཟང་སྟོན་ཀའི་ཟླ་བའི་འོད་ཅེས་བྱ་བ་ལ་སོགས ་བས་འོད་ཀྱི་ཁྱད་པར་བསྟནོ།། སེན་མོའི་འོད་ནི་ཤད་ཆེར་དམར་ཞེས་བྱ་བ་ལ་སོགས་པས་ཡན་ལག་གི་ཁྱད་པར་བསྟན། ནོར་བུ་ཆེན་པོ་འོད་ཆགས་དཔལ་ཞེས་པས་རྒྱན་གྱི་ཁྱད་པར་བསྟན། འཇིག་རྟེན་ཁམས་བརྒྱ་སྐྱོབ་པའི ་བདག་ཅེས་བྱ་བ་ལ་སོགས་པའི་རྫུ་འཕྲུལ་གྱི་ཁྱད་པར་བསྟནོ།། སྐད་ཅིག་ཐམས་ཅད་མངོན་པར་རྟོགས་ཞེས་པས། མངོན་པར་རྟོགས་པའི་ཁྱད་པར་བསྟན། འཇིག་རྟེན་སློབ་དཔོན་འཇིགས་པ་མེད་ཅེས་པས་རང་འཇིགས་པ་མེད་པ ་ཁྱད་པར་བསྟན། འཇིགས་པ་མ་ལུས་སྤེལ་བ་པོ་ཞེས་པས་གཞན་གྱི་འཇིགས་པ་སེལ་བའི་ཁྱད་པར་བསྟན། ཡོན་ཏན་ལས་ལག་ན་རྡོ་རྗེ་རྡོ་རྗེ་འཆང་། འདི་ནི་ངས་ཁྱོད་ཀྱི་རྒྱུད་ལ་ཡང་། གསང་སྔགས་ཐམས་ཅད་ཀྱི་ཆོས་ཉིད་བྱིན་གྱིས ་བརླབ་སོ།། ཞེས་བྱ་བ་ལ་སོགས་པས་བྱིན་གྱིས་བརླབས་པའི་ཁྱད་པར་བསྟན། སྤྱོད་ལམ་ཐམས་ཅད་དུ་བསྲུང་བ་དང་ཞེས་བྱ་བའི་ཚིག་དང་། མ་མོ་བདུན་གང་ཡིན་པ་ལ་སོགས་པའི་ཚིག་དང་། དེའི་ལུས་ལ་འཇུག་པར་བྱེ་དོ་ཞེས་བྱ་བའི ་ཚིག་གིས། བདག་གི་དབང་དུ་འགྲོ་བའི་ཁྱད་པར་བསྟན་ཏེ།། གཞན་ཡང་ཡོན་ཏན་གྱི་ཁྱད་པར་བསྟན་ཏོ།། གཞན་ཡང་ཡོན་ཏན་གྱི་ཁྱད་པར་ནི། ལེའུ་དེ་ཉིད་དུ་རྒྱས་པར་ཤེས་པར་བྱའོ།། འབྲས་བུའི་ཁྱད་པ་ནི་སྐད་ཅིག་གཙིགས་རྫོགས་སངྱས། ཞྭ ་བྱ་བ་ལ་སོགས་པའི་ཚིགས་བཞི་ཚིག་སུ་བཅད་པ་གཅིགས་སྟོན་པ་གཅིག་པུ་འགྲོ་བའི་བླ། སངས་རྒྱས་བྱང་ཆུབ་བླ་ན་མེད་ཅེས་བྱ་བ་ལ་སོགས་པས་འབྲས་བུའི་ཁྱད་པར་བསྟན་ཏོ།། ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད་ཅེས་ཐད ་ཀྱི་ངོ་བོ་ཡིན་པར་བསྟན་ཏོ།། སངས་རྒྱས་ཐམས་ཅད་སྐྱེད་པ་པོ་ཞེས་བྱ་བས་ནི་རྒྱུད་ཁྱད་པར་བསྟན་ཏོ།། སྤངས་སྨྲས་པ་དམ་པའི་མཆོག་ཅེས་པས་ཐམས་དུ་དམ་པའི་ཁྱད་པར་བསྟན་ཏོ།། ཤེས་པས་སྲིད་འབྱུང་སྐྱེ་གནས་མེད་ཅེས་བྱ་བས ་ནི་མངལ་ལས་མི་སྐྱེ་བའི་ཁྱད་པར་བསྟན་ཏོ།། ཆོས་ལས་བྱུང་བ་སྲིད་པ་སེལ་ཞེས་བྱ་བས་ནི། གཞན་གྱི་འདོད་ཆགས་ལ་སོགས་པ་སེལ་བའི་ཁྱད་པརོ།། གཅིག་ཏུ་སྲ་མཁྲེགས་རྡོ་རྗེའི་བདག་ཅེས་པས་ནི། སེམས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན ་རྟོགས་པའི་ཁྱད་པར་རོ།། སྐྱེས་མ་ཐག་པར་འགྲོ་བའི་བདག་ཅེས་པས་ནི། དེའི་ནུས་མཐུའི་ཁྱད་པའོ།། ན་མཁའ་ལས་བྱུང་རང་བྱུང་བ།། སངས་རྒྱས་ཐོག་མ་ཐ་མ་མེད། ཅེས་བྱ་བ་ལ་སོགས་པས། དང་པོའི་སངས་རྒྱས་ཀྱི་ཁྱད་པར་བསྟན ་ཏོ། དེ་ཡང་རིགས་པ་ཅིའི་ཕྱིར་ཞེ་ན། རྟེན་བསམ་གྱིས་མི་ཁྱབ་པ་དང་། ཡུལ་བསམ་གྱིས་མི་ཁྱབ་པའི་ཕྱིར། ཡིས་སྐུ་སྟེ་རང་འབྱུང་བ་ཞེས་བྱ་བ་དང་། ཤེས་པ་འབའ་ཞིག་ངེས་གསལ་བ་ཞེས་བྱ་བ་དང་། ནམ་མཁའ་ལས་བྱུང་རང་འབྱུང ་བ་ཞེས་བྱ་བ་དང་། དང་པོའི་སངས་རྒྱས་རྒྱུ་མེད་ཕྱིར་ཞེས་པས་གཞན་ལ་མ་བལྟོས་པའི་ཁྱད་པར་རོ།། འོ་ན་འབད་པ་མེད་པའི་སྐྱོན་མི་འོང་སྙམ་དུ་དོགས་ནས། དེ་ནས་མཁའ་ལས་བྱིན་གྱིས་བརླབས་ལས་བྱུང་བའི་ཕྱིར་རོ།། ། ་དེ་ལྟ་བས་ན་སྐྱོན་ཐམས་ཅད་ཀྱིས་མི་ཚུགས་པར་ཤེས་པར་བྱའོ།། དེ་ལྟ་བས་ན་དེའི་ངོ་བོ་རྣམ་པ་ཀུན་ལྡན་རྣམ་པ་མེད་ཅེས་བྱའོ།། ཟབ་མོའི་དོན་འདི་ཡང་། སྐུ་ལྔ་དང་གསུམ་ཡེ་ཤེས་ལྔ་འམ་གཅིག ་གིས་ཞུ་བ་ནི་ཚིག་ནས་བཟུང་སྟེ། རྫོགས་པའི་སངས་རྒྱས་རྣམས་ཀྱི་བཤད་བྱ་བ་ཡན་ཆད་ཀྱིས།། སྐུ་དང་ཡེ་ཤེས་ཀྱི་ངོ་བོར་བསྡུས་པརེ་ཤེས་པར་བྱའོ།། དེ་ཡང་སྐུ་དང་ཡེ་ཤེས་དེ་རྟག་གི་མི་མི་རྟག། ལོག་པར་རྟོགས་པ་བསལ ་བའི་ཕྱིར། རྟག་པ་ཀུན་རྒྱལ་ཞེས་སྨོས་ཏེ། འོ་ན་མུ་སྟེགས་ཀྱི་རྟག་པའི་སྐྱོན་མི་འོང་ངམ་སྙམ་དུ་དོགས་ནས་དེ་བསམ་པར་མི་བྱ་སྟེ། སྐད་ཅིག་མའི་རྟག་པས་སྟོང་པ་ནས། སེམས་ཙམ་པའི་རྒྱུན་གྱིས་རྟག་པའི་སྐྱོན་མི་འོང་ངམ ་ཞེས་དོགས་ནས། དེ་བསམ་པར་མི་བྱའོ།། རྒྱུ་འབྲས་ལ་སོགས་པའི་འབྲེལ་བས་སྟོང་པའི་ཕྱི་རོ།། ཅི་ཡང་མདོ་སྙམ་དུ་དོགས་ནས། སོ་སོ་རང་རིག་མི་གཡོ་བ་ཞེས་སྨོསོ།། རིག་པ་བཏང་སྙོམསུ་དོགས་ནས།། རྡོ་རྗེ་རྒྱལ་པོ་བདེ་བ་ཆེ ་ཞེས་བྱ་བ་སྨོསོ།། དེ་སྐྱེ་བར་འཛིན་ཞེས་དོགས་ནས། ཁོང་ནས་འབྱུང་བ་སྐྱེ་བ་མེད་ཅེས་བྱ་བས་སོ།། དེ་བརྗོད་པས་གནོད་པ་འོང་ངོ་ཞེས་དོགས་ནས། ཚིགས་ཏུ་བརྗོད་པ་སྤངས་པ་སྟེ་ཞེས་པསོ།། ཁམས་གསུམ་དུ་གཡོ་ཞིང་རྟོག། དོགས ་སོ་སོ་རང་རིག་མི་གཡོ་བ་ཞེས་བྱ་བ་སྨོསོ།། དེ་སྐད་ཅིབ་མ་དུ་མ་ཡིན་ནོ་ཞེས་དོགས་ནས། རྣམ་པར་དག་པ་བདག་མེད་ཆོས་ཞེས་བྱ་བ་སྨོསོ།། དེ་ཉིད་ཀྱང་དྲི་མ་ཡིནོ་ཞེས་བྱ་བར་དོགས་ནས། མི་གཡོ་རབ་ཏུ་དང་བའི་བདག་ཅེས་བྱ་བ་སྨོསོ།། དེ ་ཉིད་ཀྱང་ཞི་གནས་ལ་ཡོདདོ་ཞེས་བྱ་བར་རྟོག་ན། གཟི་བརྗིད་ཆེན་པོ་འོད་གསལ་བ་ཞེས་སྨོས།། དེ་ཉིད་རྗེ་སུ་དཔག་པའི་ཡིནོ་ཞེས་བྱ་བར་རྟོག་ན། སངས་རྒྱས་ཀུན་གྱི་མངོན་སུམ་མོ་ཞེས་བྱ་བ་ལ་སོགས་པ་སྨོསོ།། དེ་ཉིད་ཡུལ ་མེད་དོ་ཞེས་བྱ་བར་རྟོགས་ན། བསམ་གཏན་བསམ་བྱ་ཞེས་བྱ་བ་སྨོས།། དེ་གཉིས་སོ་སོར་བྱ་བར་རྟོག་ན། དོན་གཅོག་གཉིས་མེད་ཆོས་ཀྱི་དོན་བྱ་བ་སྨོསོ།། དོན་ལ་རྣལ་འབྱོར་མེད་དོ་ཞེས་བྱ་བ་རྟོག་ན། རྣལ་འབྱོར་ཅན་ཞེས་བྱ་བ ་སྨོསསོ།། དེ་ཐམས་ཅད་མ་རྒྱལོ་ཞེས་བྱ་བར་དོགས་ནས། ཀུན་ཀྱང་ཞེས་སྨོསོ།། ཤེས་རབ་དང་ཡིས་ཀྱི་ཁྱད་པར་མེ་དོ་ཞེས་དོགས་ན། ཤེས་རབ་ཡེ་ཤེས་མེ་པོ་ཆེ་ཞེས་བྱ་བ་ལ་སོགས་པ་སྨོསོ།། དེ་གསང་སྔགས་དང་རིག་སྔགས་ལ ་སོགས་པའི་བདག་པོ་མ་ཡི་ནོ་ཞེས་རྟོག་ན། སངས་རྒྱས་རྣམ་པར་སྣང་མཛད་ཆེ་ཞེས་བྱ་བ་ལ་སོགས་པའི་ཚིག་བཞི་ཚིགསུ་བཅད་པ་གཅིག་དང་། སྔགས་མཆོག་སྔོགས་བདག་རིག་སྔགས་རྒྱལ་ཞེས་བྱ་བ་སྨོསོ།། དེ་ས་བཅུའི་བྱུང ་ཆུབ་སེམས་དཔ་ལ་དོན་མེད་དོ་ཞེས་རྟོག་ན། གསང་སྔགས་རྒྱལ་པོ་དོན་བཞིན་བྱེད་ཅེས་བྱ་བ་ལ་སོགས་པ་སྨོསོ།། རྟོག་གོ་སྙམ་དུ་རྟོག་ན། རྣམ་པར་མི་རྟོག་ལྷུན་གྱིས་གྲུབ་ཅེས་བྱ་བ་ལ་སོགས་པ་སྨོསོ།། དེ་རྟོག་པ་མེད་པས་སེམ ་གྱི་དོན་གྱི་དོན་ཇི་ལྟར་བྱེད་ཅེ་ན། ཡིད་བཞིན་ནོར་བུ་ཆེན་པོ་འཆང་ཞེས་བྱ་བ་དང་། དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། བུམ་པ་བཟང་པོ་ཆེ་བའི་མཆོག་ཅེས་བྱ་བ་སྨོསོ།། དེ་གཞན་གྱིས་དྲིང་འཇོགོ་ཞེས་བྱ་བར་རྟོག་ན། ཚུལ་ཆེན་གཞན་གྱི ་དྲིང་མི་འཇོག་ཅེས་བྱ་བ་སྨོསོ།། དེ་ལྟར་དེ་རྒྱུ་མེད་པ་ལས་སྐྱེ་བོ་ཞེས་རྟོག་ན། ཚོགས་གཉིས་ཚོགས་ནི་བསགས་པ་པོ་ཞེས་བྱ་བ་སྨོསོ།། དེ་སྔར་སྨྲས་པ་དང་འགལོ་ཞེས་བྱ་བར་རྟོག་ན། དུས་གསུམ་སངས་རྒྱས ་ལས་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོསོ།། དེ་ཉིད་ཇི་ལྟ་བ་ཡིན་ཞེས་རྟོག་ན། གྲུབ་པ་མཐར་ཕྱིན་འཁྲུལ་པ་མེད།། ནོར་པ་ཐམས་ཅད་རྣམ་པར་སྤངས་ཞེས་བྱ་བ་སྨོསོ།། དེ་ན་ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། ཅེས་བྱ་བ་ལ་སོགས་པ ་སྨོསོ།། དེ་ཉིད་བྱིན་རླབས་དང་ལྡན་པར་བྱ་བའི་ཕྱིར། སརྦ་དྷརྨཱ་ཞེས་བྱ་བ་ནས་བརྩམས་ཏེ། དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱ། ཞེས་བྱ་བའི་བར་གྱིས་ཟབ་པ་དང་རྒྱ་ཆེ་བའི་དོན་ཏུ་སྐུ་དང་ཡེ་ཤེས་ཀྱིས་བསྡུས་པས་དུས་གསུམ་གྱི་སངས་རྒྱས་ངོ་བོ་རྡོ་རྗེ ་འཆང་བ་དཔག་ཏུ་མེད་པའི་རྣམ་པར་དག་པ། ལམ་དུ་བསྟན་པའི་ཕྱིར། འདི་ནི་རྣམ་དག་ལེགས་པའི་ལམ། ཟབ་ཅིང་ཡངས་ལ་རྒྱ་ཆེ་བ་ཞེས་སྨོས། རྒྱུད་འདི་ཐབས་དང་ཤེས་རབ་དང་མ་འབྲེལོ་སྙམ་དུ་རྟོག་ན། རྒྱུད་ཆེན་སྒྱུ་འཕྲུལ ་དྲཱ་བ་ལས། རྡོ་རྗེ་འཆང་ཆེན་གྲི་ས་སྔགས་ཞེས་བྱ་བ་ལ་སོགས་པ་སྨོསོ།། དེ་རྣལ་འབྱོར་མའི་རྒྱུད་ལ་སོགས་པ་དང་མཚུང་སོ་སྙམ་དུ་རྟོག་ན། དེ་ལས་ཁྱད་པར་དུ་བསྟན་པའི་ཕྱིར། སྟོབས་པོ་ཆེ་ལ་ཐབས་ཆེ་བ། ཤེས་རབ་ཕ་རོལ ་ཕྱིན་པའི་མཐའ་ཤེས་རབ་ཀྱིས་ནི་དེ་ཉིད་ཐོབ། ཤེས་དང་ཤེས་བྱའི་བདག་པོ་མཆོག། ཅེས་བྱེ་བ་སྨོས།། དེ་ནི་ཐབས་དང་ཤེས་རབ་ཀྱི་ཁྱད་པའོ།། དེ་ཐབས་དང་ཤེས་རབ་གཉིསུ་རྟོག་ན། གཉིས་མེད་གཉིསུ་མེད་པར་སྟོན་ཞེས ་པསོ།། དེ་མཐར་ཐུག་པ་མ་ཡིནོ་སྙམ་དུ་རྟོག་ན། ཡང་དག་མཐའ་སྟེ་ཡི་གེ་མེད་ཅེས་བྱ་བ་ལ་སོགས་པ་སྨོསོ།། དེ་རྒྱུན་ཆད་དོ་སྙམ་དུ་རྟོག་ན། སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ་ཞེས་བྱ་བ་ལ་སོགས་པ་སྨོསོ།། སྤྲུལ ་བའི་སྐུས་སེམས་ཅན་རྣམས་ཀྱིས་ངན་སོང་མི་སྦྱང་ངོ་སྙམ་དུ་རྟོག་ན། ངན་སོང་ཐོམས་ཅད་རྣམ་པར་སྦྱོང་། སེམས་ཅན་ཐམས་ཅད་རབ་གྲོལ་བྱེད་ཅེས་བྱ་བ་ལ་སོགས་པ་སྨོསོ།། དེ་འཇིག་རྟེན་དང་འཇིག་རྟེན་ལྔ ་འདས་པའི་གར་མི་བྱེད་ཞེ་ན། ཞི་ཁྲོ་རྣམ་པ་གཉི་ས་ཀྱིས་སྐུས་གར་དང་བགེགས་ཚར་བཅད་པའི་ཕྱིར། སྟང་སྟབས་དང་གར་གྱིས་གདུལ་བའི་ཕྱིར། དཔལ་ལྡན་བློ་དང་སྒེག་པར་ལྡན་ཞེས་བྱ་བ་ནས་བརྩམས་ཏེ། ཚ ་པའི་གཡུལ་ས་རྩེ་ནས་གནོན་ཞེས་བྱ་བའི་བར་གྱིས། གར་དངོསུ་བསྟན་ནས་སྟང་སྟབས་ཤུགས་ཀྱིས་ཤེས་པར་བྱའོ།། རྒྱུད་འདི་ལ་དཀྱིལ་འཁོར་མོདོ་སྙམ་ན། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན་ཞེས་བྱ་བ་དང་། སྤྲུལ། ་པའི་འཁོར་ལོ་སྣ་ཚོགས་འཆང་། ཞེས་བྱ་བ་ལ་སོགས་པ་སྨོས།། ཕྱག་རྒྱ་མེད་དོ་སྙམ་དུ་རྟོག་ན།། ཕྱག་རྒྱ་བཞི་པོའི་དོན་སྟོན་པ་ཞེས་སྨོསོ།། དབང་བསྐུར་མདོ་སྙམ་དུ་རྟོག་ན། རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། རིན་ཆེན་ཀུན ་བདག་དབང་ཕྱུག་ཆེ་ཞེས་བྱ་བ་ལ་སོགས་པ་སྨོསོ།། དམ་ཚིགི་མེད་དོ་སྙམ་དུ་རྟོག་ན། དམ་ཚིག་ཆེན་པོ་དེ་ཉིད་མཁྱེན་ཞེས་བྱ་བ་སྨོསོ།། ས་དང་ཕ་རོལ་ཏུ་ཕྱིན་པ་དང་འགལོ་སྙམ་དུ་རྟོག་ན། སྤྲིནི་བདག་ཆེན་པོ་གཙོ ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོསོ།། ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ་ཞེས་བྱ་བ་དང་། ས་བཅུ་ལ་ནི་གནས་པའོ་ཞེས་བྱ་བ་ལ་སོགས་པ་སྨོསོ།། འདི་ནི་རྒྱུད་འདི་སྒྲོ་སྐུར་དང་བྲལ་བ་ཉིད་དུ་བསྟན་པའི་ཕྱིར། ཡོན་ཏན ་གྱི་ལེའུ་ལས། ཆོས་ཉིད་དང་བྲལ་བའི་ཕྱིར། གཉིསུ་མེད་པའི་ཆོས་ཉིད།། སྒྲོ་བཏགས་པ་མེད་པའི་ཕྱིར། དེ་བཞིན་ཉིད་ཀྱི་རང་བཞིན།། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ལྷའི་གྲངས་དེསོ་ཞེས་བྱ་བར་རྟོག་ན། མཽང་གི་དོན་གང ་ཡང་རུང་བ་རེ་རེ་ནས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་པ་དང་། ཡང་ན་བདག་ཉིད་ཀྱི་ལུས་ལས་སྤྲོས་ཏེ། ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད་ཅེས་བྱ་བ་དང་། བྱེ་བ་དཔག་མེད་འགྱེད་པའོ་ཞེས་བྱ་བ་དང་། རིགས་གསུམ་ལ ་ནི་རྣམ་པར་གཟིགས་ཞེས་བྱ་བ་ལ་སོགས་པསཾ། སངས་རྒྱས་དང་རྗེསུ་མཐུན་པའི་སྐུ་སྤྲོ་བའོ།། དམྱིགས་པ་མེད་པའོ་དོན་ཞེས་བྱ་བའི་དོན་ཏོ།། དེ་ལྟར་ན་རྒྱུད་ཀྱི་དགོངས་པ་ཐམས་ཅད་རྫོགས་པར་བསྟན་པའི་བྱོར། ་མེད་པ་ལས་བྱུང་ཁྱོད་ལ་འདུད་ཅེས་བྱ་བའི་དོན་ཏོ།། དེ་ལྟར་རྒྱུད་ཀྱི་བྱ་བ་ཡོངསུ་རྫོགས་པ་ལ། འཁོར་མོས་པ་ཅན་བསྟན་པའི་ཕྱིར། དགའ་ཞིང་མགུ་ནས་ཐལ་མོ་སྦྱར་ཞེས་བྱ་བ་ལ་སོགས་པ་སྨོསོ།། དེ་ཐུན་མོང་མ་ཡིན ་པར་བསྟན་པའི་ཕྱིར། སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོསོ།། དེ་ཤཱཀྱ་ཐུབ་པ་ཁོ་ནས་བཤད་སྙམ་དུ་རྟོག་ན། རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད་ཅེས་བྱ་བ་ལ་སོགས་པ་སྨོས ་དེ་ལྟར་རྒྱུད་ཀྱི་བྱ་བ་རྫོགས་ནས། དེ་བཤད་པ་ནི་རྣམ་པ་གཉིས་ཏེ། རྨོངས་པ་ངོ་མཚར་བསྐྱེད་པ་དང་། མཁས་པ་ཡིད་དགའ་བར་བྱེད་པསོ།། དེ་ལ་རྨོངས་པ་ངོ་མཚར་བསྐྱེད་པ་བཤད་པ་ནི། དྲང་དོན་གཙོ་ཆེ་སྟེ། ཚིག་ལ ་རྟོན་ལ་དེ་ན་ལ་མི་རྟོན་པ་དང་། རྣམ་པར་ཤེས་པ་ལ་རྟོན་ལ། ཡེ་ཤེས་ལ་མི་རྟོན་པ་དང་། གང་ཟག་ལ་རྟོན་ལ། ཆོས་ལ་མི་རྟོན་པ་དང་། དེ་ལྟ་བུའི་གང་ཟག་བཅོས་མོ་ལ་དགའ་བ་ལ་ཕྱི་ལྟར་བཤད་པ་དང་། ནང་ལྟ ་བཤད་པཱ་ལ་སོགས་པ་མཚན་མ་དང་བཅས་པ་དུ་མའི་སྒོ་ནས་མངོན་པར་དགའོ།། བརྟག་མི་བཟོད་པ་ནི་དོན་དུ་མས་བློ་འཕྲོག་ལ། ཡིད་བརྟན་དུ་མི་རུང་བ་ཕྱིས་འགྱུར་བ་ཡང་དག་པའི་ཡེ་ཤེས་མི་སྐྱེ་བ། ཤེས་རབ་རྣམ ་གསུམ་མི་འཕེལ་བྱ། བཅོས་མའི་བདེ་བ་ལ་དགའ་བ། བཅན་ཐབས་ཀྱི་སྟོབས་ཀྱིས་འཇུགས་པ། ཕྱི་བ་མུ་སྟེགས་པ་དང་ཁྱད་པར་མེད་པ། རིགས་པས་གནོད་པ། ལུང་ལྟར་བཅོས་པ། དེ་ལྟ་བུའི་གང་ཟག་ནི་དངོས་པོའི ་གདོན་གྱིས་ཟིན་པར་རིགས་པར་རིགས་པར་བྱའོ།། དེ་ལ་འབད་པ་ཡིད་དགའ་བར་བྱེད་པའི་བཤྭད་པ་ནི། རྗེསུ་གཟུང་བ་ནི་སྔར་བསྟན་པ་ཡིནོ།། རྒྱུད་ཀྱི་བཤད་པ་ནི། རྫོགས་རིམ་ལྟར་བཤད་པ་དང་། བསྐྱེད་རིམས ་ལྟར་བཤད་པར་བྱའོ།། དེ་ཡང་ཚིག་གི་སྐབས་ས་བོན་ཡོད་པ་དང་། མེད་པའི་སྐབས་ཤེས་པ་ནི། མཁས་པ་ཡིད་དགའ་བར་བྱེད་པའི་བཤད་པའོ།། རྒྱུད་འདི་ཉིད་ཀྱི་བཤད་པ་ནི། རྫོགས་པའི་ཡེ་ཤེས་ཀྱི་སྐུ་དང ་ཡེ་ཤེས་ཇི་ལྟར་གནས་པ་དང་། དེའི་ཡོན་ཏན་མཛད་སྤྱོད་ཇི་ལྟར་གནས་པ་དང་། དེའི་ཡོན་ཏན་གྱི་ནུས་མཐུ་ཇི་ལྟར་བྱུང་བ་དང་། དེའི་སྒྲུབ་པ་པོས་ཇི་ལྟར་ཉམ་སུ་བླང་བའོ།། སངས་རྒྱས་ཀྱི་མཛད་པ་ཉམ་སུ་མ་བླངས་ན།། ་འབྲས་བུ་རྡོ་རྗེའི་ཐེག་པ་ཞེས་བྱ་བ་མི་འགྲུབ་སྟེ། སྐྱོན་མང་དུ་འདུས་པའི་ཕྱིར་ཏེ། གོང་དུ་སངས་རྒྱས་ཀྱི་རྒྱུ་དང་ཡེ་ཤེས་དེའི་ཡོན་ཏན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའོ།། དྲན་པ་ཉེ་བར་གཞག་པ་ལ་སོགས་པ ་ལ་སོགས་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན། མངོན་པར་ཤེས་པ་དྲུག། རྗེ་སུ་དྲན་པ་དྲུག། ཤེས་པ་བཅུ་ལ་སོགས་པ་ནང་གི་ཡོན་ཏན་ཐམས་ཅད་དང་། སྐུའི་ཡོན་ཏན་མཚན་དང་དཔེ་བྱད་ལ་སོགས་པ། གསུང་གི་ཡོན་ཏན་ཚངས་པའི ་དབྱངས་ལ་སོགས་པ། དེ་དག་ཐམས་ཅད་ནི་མཁས་པས་མཛད་ཅིང་ཐུན་མོང་གི་འགྲེལ་པ་ལས་ཤེས་པར་བྱའོ།། འདི་ན་སྒྲུབ་པ་གཙོར་བྱས་ནས་བསྒྲུབ་པའི་དབང་དུ་བྱས་ནས་བྲིས་པའོ།། གཞན་ཡང་སློབ་དཔོན་ཁ་ཅིགིས། ཆོག་རེ་རེ་ལ་ལྷའི ་མཚོན་དུ་སྦྱར་བ་ཡང་ཡོད་དེ། དེ་ནི་ཤིན་ཏུ་འཁྲུལ་པའོ།། ཅིའི་ཕྱིར་ཞེས་ན། ཆོས་མཐུན་ཙམ་ཡང་མེད་པའི་ཕྱིརརོ།། རང་བཞིན་ལ་དགོངས་ནས་ཞེ་ན། དེ་ལྟར་ན་ཆོས་ཐམས་ཅད་ཀྱང་ལྷའི་རང་བཞིནོ།། དེ་ནི་གོང་དུ་བཤད་པའི་སྐུ་དང་ཡས ་ཀྱི་བདག་ཉིད་དེ་སྒྲུབ་པ་པོས་ཉམ་སུ་བླང་ན་དོན་འདི་ཡིན་ཏེ། ཡན་ལག་བཅུ་ལྡན་སྒྲུབ་པ་པོ།། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དང་པོ་བྱིན་གྱིས་བརླབས་པའི་ཡན་ལག་ཇི་ལྟ་བུ་ཞེ་ན། དེ་ལུང་མེད་དོ་སྙམ་དུ་སེམས་ན། ལག ་ན་རྡོ་རྗེ་རྡོ་རྗེ་འཆང་། འདི་ནི་ངས་ཁྱོད་ཀྱི་རྒྱུད་ལ་གསང་སྔགས་ཐམས་ཅད་ཀྱི་ཆོས་ཉིད་བྱིན་གྱིས་བརླབ་སོ།། ཞེས་བྱ་བ་ལ་སོགས་པ་སྨོས།། སྐུ་དང་ཡེ་ཤེས་ཀྱི་ཡན་ལག་ནི། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། ཁྱབ་བདག་ཡེ་ཤེས ་ལྔ་ཡི་བདག་ཅེས་བྱ་བ་ལ་སོགས་པ་སྨོསོ།། གཞི་ཡན་ལག་ལ། དང་པོ་སྲུང་བའི་འཁོར་ལོའི་ཡན་ལག་ནི། རྡོ་རྗེ་ཧཱུ~ཾ་སྟེ་ཧཱུཾ་ཞེས་སྒྲོགས།། མཚན་དུ་རྡོ་རྗེའི་མདའ་ཐོགས་པ། ཞེས་བྱ་བ་ལ་སོགས་པ་སྨོས།། ཚོགས་བསགས་པའི་ཡན་ལག ་ནི་འགྲོ་བའི་བླ་མ་སྟོན་པ་པོ།། དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། ཞེས་བྱ་བ་ལ་སོགས་པ་སྨོས།། ཡེ་ཤེས་རྟེན་གྱི་ཡན་ལག་ནི། ལུས་མེང་ལུས་དེ་ལུས་ཀྱི་མཆོག། ཅེས་བྱ་བ་ལ་སོགས་པ་སྨོསྷོ།། ཡེ་ཤེས་དངོས་ཏེ་ཡན་ལགྣ་ནི།། ་འགྲོ་བའི་མར་མེ་ཡེ་ཤེས་སྟོན།། ཞེས་བྱ་བ་ལ་སོགས་པ་སྨོ་ས།། དེས་ནི་ཚོགས་ཀྵཱི་ཡན་ལྷག་གོ།། ལུས་རྣམ་པར་དབྱེན་པ་ནི། ཡེ་ཤེས་ཀྱི་རྟེན་དང་མཚུང་སོ།། ངག་རྣམ་པར་དབེན་པ་ནི། ཨོཾ་ནི་ཡིག་འབྲུ་ཀུན་གྱིས་མཆོག། ཁོ ་འབྱུང་བ་སྐྱེ་བ་མེད། ཅེས་བྱ་བ་ལ་སོགས་པ་སྨོ་སོ།། སེམས་རྣམ་པར་དབེན་པ་ནི། རྣམ་རིག་སྣ་ཚོགས་གཟུགས་དོན་ཅན།། སེམས་དང་རྣམ་ཤེས་རྒྱུད་དང་ལྡན།། ཞེས་བྱ་བ་དང་། དངོས་པོ་ཀུན་གྱི་རང་བཞིན་འཛིན།། གཟི་བརྗིད ་ཆེན་པོ་འོད་གསལ་བ་ཞེས་བྱ་བ་ལ་སོགས་པ་སྨོསོ།། ལྟ་བའི་ཡན་ལག་ནི་ལྟ་བའི་ངོ་སྤྲད་པ་ལ་བྱ་སྟེ། དེ་ཡང་ཅིས་མངོན་ཞེ་ན། ཤེས་དང་ཤེས་བྱའི་བདག་པོ་མཆོག་ཅེས་བྱ་བ་དང་། རྣམ་པར་དག་པ་བདག་མེད་ཆོས་ཤེས ་བྱ་བ་དང་། གཉིས་མེད་གཉིས་མེད་པར་སྟོན་ཅེས་བྱ་བྱ་དང་། ཐིག་ལེ་ཆེན་པོ་ཡི་གེ་མེད་ཅེས་བྱ་བ་ལ་སོགས་པ་སྨོསོ།། བསྒོམ་པའི་ཡནྡྲ་ལག་ནི། བསྒོམ་པའི་ངོ་སྤྱད་ནི། རླུང་ཇི་སྐད་ཅིག་ཡོད་ཀྱང་། རྩ་བའི་རླུང་རྣ། ་པ་ལྔར་འདུས་ཏེ། དེ་ཡང་སྲོག་རྩོལ་གཉིསུ་ཤེས་པར་བྱའོ།། དེ་ཡང་སྔགསུ་ངོ་སྤྲད་དེ། དེའི་མན་ངག་གི་བཏུ་བ་འདི་ཡིན་ཏོ། དྲུག་པའི་གཉིས་པར་དང་། བདུན་པའི་བཞི་པ་ཧ་དང་། དེ་ལ་ཐིག་ལེ་བཞི་པའི། དེ་ནི་ཆགས་པའི་གསང་སྔགསོ།། སྐྱེ་བ ་སྔགས་ནི། དབྱངས་ཡིག་དང་པོ་ཨ་དང་། བདུན་པའི་བཞི་པ་ཧ་དང་། དེ་ལ་ཐིག་ལེ་བཞི་པའོ།། བཞི་པའི་རང་སྔགས་ན། བདུན་པའི་བཞི་པ་ཧ་དང་། དེ་ལ་ཐིག་ལེ་གཉིས་སྦྱིན་པའོ།། དེ་ལ་ཁྲོ་བའི་རང་སྔགས་ནི། བདུན་པའི་བཞི་པ་ཧོ ་དང་། དབྱངས་ཡིག་གི་དབུས་མ་ཤ་སྦྱིན་པའོ།། རང་འབྱུང་གི་རང་སྔགས་ནི། བདུན་པའི་གསུམ་པ་དང་། དྲུག་པའི་བཞི་པ་སྦྱིན་པའོ།། དེ་ཡང་ངོ་སྤྲད་གསུམ་ནི། ཐམས་ཅད་སྔགསུ་ངོ་སྤྲད། སྔགས་རླུང་དུ་ངོ་སྤྲད། རླུང་སེམ་སུ་ངོ་སྤྲ་དོ།། ། ་སེམས་འོད་གསལ་དུ་ངོ་སྤྲད་དོ།། ལྟ་སྟངས་ཀྱི་ཡན་ལག་ནི། ཅི་མངོན་ཞེ་ན། རིན་ཆེན་གཙུག་ཏོཪྵ་ཚྭར་གཟིགས་ནས། ཞེས་བྱ་བ་ལ་སོགས་པ་སྨོསོ།། བརྡའ་ཡན་ལག་ནི། ལུས་དང་ངག་ཀོ། བརྡའ་ནི་རིག་པ་སྟྭཾ། དྭེ་ཡང་ཅི་མངོན ་ཞེ་ན། བདག་རིག་གཞན་རིག་ཐམས་ཅད་པ་ཞེས་བྱ་བ་ལ་སོགས་པ་སྨོས།། བསྡུ་བའི་ཡན་ལག་ནི། ཚིག་ལ་བསྡུ་བ་དང་། དོན་ལ་བསྡུ་བའོ།། ཚིག་ལ་བསྡུ་བ་ནི། ཡི་གེ་ཨ་ལ་བསྡུ་བའོ།། དེ་ཡང་ཅི་མངོན་ཞེ་ན། ཨ་ནི་ཡིག་འབྲུ ་ཀུན་གྱི་མཆོག། ཅེས་བྱ་བ་ལ་སོགས་པ་སྨོས།། དོན་ལ་བསྡུ་བ་ནི་ཐམས་ཅད་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལ་བསྡུ་སྟེ། དེ་ཡང་ཅི་མངོན་ཞེ་ན། དངོས་པོ་ཀུན་གྱི་རང་བཞིན་མཆོག་ཅེས་བྱ་བ་དང་། ཐམས་ཅད་ཐམས་ཅད་ཁྱོད་ལ ་བདུད་ཅེས་བྱ་བ་ལ་སོགས་པ་དང་། ཡང་དག་མཐའ་སྟེ་ཡི་གེ་མེད་ཅེས་བྱ་བ་དང་། ཤེས་རབ་ཕ་རོལ་ཕྱིན་པའི་མཐའ་ཞེས་བྱ་བ་དང་། ཡང་དག་མཐའ་ལ་རྣམ་པར་གནས་ཞེས་བྱ་བ་ལ་སོགས་པ་སྨོས།། དེ་ལྟར་ན་འཕགས་པ ་འཇམ་དཔལ་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དུས་མེད་པ་དང་ལྡན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་ཏེ། གཤེགས་ནས་ཆོས་ཀྱི་སྒོ་ཐམས་ཅད་སྟོན་པར་མཛད། སྐུ་ཡང ་སྟོན་ཏོ།། དེའི་རྒྱུད་ལྔ་ཡང་དག་པར་བྱིན་གྱིས་རློབ་པོ་ཞེས་བྱ་བ་ལ་སོགས་པ་སྦྱ་རོ།། རྩེ་གཅིག་ཏུ་བསྒོམ་ཞེས་པ་ནི། བླ་མའི་མན་ངག་གིས་བསྐྱེད་རིམ་དང་། རྫོགས་རིམ་དུ་ཇི་ལྟ་བ་བཞིན་དུ་བསྟན་པར་བྱའོ།། ཇི་ལྟར ་བསྟན་པར་བྱའོ།། ཇི་ལྟར་བསྟན་ཞེ་ནོ།། དམ་ཚིག་ཇི་ལྟ་བ་བཞིན་དུ་བསྟན་པར་བྱ་ཞེས་གསུངས་པས་ན། སེམས་བསྐྱེད་པ་དང་། དབང་བསྐུར་བ་ལ་སོགས་པར་ཤེས་པར་བྱའོ།། དྲི་ཡང་དབང་བསྐུར་བ་ནི་རྣམ་པ་གཉིས་ཏེ། རྫས ་བཟུང་བའི་དབང་དང་། ཆོས་ལས་རྣམ་པར་རྒྱལ་བའི་དབངངོ་།། དེ་ལ་རྗེསུ་བཟུང་བའི་དབང་ནི་བུམ་པའི་དབང་ལ་སོགས་པའོ།། དེ་ལ་ཆོས་ལ་རྣམ་པར་རྒྱལ་བའི་དབང་ནི། ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ་ཞེས་བྱ་བ། ་ལ་སོགས་པ་སྨོས་ཏེ། དབང་བསྐུར་བའི་རྟེ་ནི། རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། རྣམ་ཤེས་སྣ་ཚོགས་རྒྱུད་དང་ལྡན་ཞེས་བྱ་བའི་ཚིག་དང་། ས་ཡི་སྙིང་པོ་འགྲོ་བ་འཛིན་ཅེས་བྱ་བའི་ཚིགས། ཛྙཱན་གྱི་གང་ཟག ་བསྟན་པའོ།། དེ་ལ་དང་པོ་ལྟ་བ་བསྟན་པ་ནི། དངོས་པོ་ཀུན་གྱི་རང་བཞིན་འཛིན། དངོས་པོ་ཀུན་གྱི་རང་བཞིན་མཆོག་ཅེས་པའི་ཚིག་དང་། རྣམ་པ་ཀུན་ལྡན་རྣམ་པ་མེད་ཅེས་བྱ་བའི་ཚིག་དང་། རྣམ་པར་དག་པ་བདག་མེད་ཆོས་དེ་ནི ་སྦྱོར་བའི་ཡན་ལག་དང་པོས་དབང་བསྐུ་རོ།། དེ་ལ་ལུང་གི་ཐ་མར་ནི་ཛའི་མཐའ་ཅན་གྱི་རྒྱུད་ཕྱི་མ་ལས། སོར་སྡུད་དང་བསམ་གཏན་དང་ཞེས་བྱ་བ་ལ་སོགས་པའི་ཚོགས།། འདི་ཉིད་ཀྱི་ལུང་གིས་ཟིན་པ་ནི། མཆོད་པ་ཆེན་པོ་འདོད ་ཆགས་ཆེ། ཞེས་བྱ་བ་ལ་སོགས་པའི་ཚིག་གིས་རབ་ཏུ་བསྔགས་ཏེ། དེ་ཡང་འདོད་པ་ནི་གཟུགས་ལ་སོགས་པ་ལྔ་སྟེ། དེ་ལ་དགའ་བ་ནི་སེམས་ཅན་ཐམས་ཅད་།། སེམས་དང་ཞེས་བྱ་བས་ནི་ཡིད་ཀྱི་ཡུལ་ཆོས་ཀྱང་བསྡུའོ།། གཟུག ་ལ་སོགས་པ་རེ་རོ་ལ་གསུམ་གསུམ་དུ་ཞེས་བྱའོ།། འདོད་ཆགས་ཚེ་ཞེས་བྱ་བ་དང་། ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ་ཞེས་བྱ་བའི་ཚིག་གིས། སེམས་ཀྱི་ངོ་བོ་མི་རྟོག་པའི་ནུས་པའི་མཐུ་ཅན་དུ་བྱ་ཞེས་བྱ་བའི་དོན་ཏོ།། དེ་ལ་དུས ་ཇི་ཙམ་ཞེ་ན། ཤེས་རབ་ཆེན་པོ་སྐད་ཅིག་ལ། ཆོས་ཀུན་ཁོང་དུ་ཆུད་པ་སྟེ་ཞེས་བྱ་སྟེ། བླ་མའི་བྱིན་གྱིས་བརླབས་ཀྱིསོ།། དེ་ལ་དང་པོར་དབང་བསྐུར་བ་ནི། སློབ་མའི་རྒྱུད་སྦྱང་བ་ལ་སོགས་པ་སྟེ། ཞལ་གྱི་གདམས་ངག་ལས ་ཤེས་པར་བྱའོ།། དེ་ལ་གོང་དུ་བསྟན་པའི་བརྡའི་ཡན་ལག་ནི། སྐབས་དེར་བསྟན་པ་སྟེ། མཁའ་གྲོ་མའི་རྒྱུད་ལས་ཤེསོ།། སྐབས་དེ་རུ་བསམ་གཏན་བསམ་བྱ་བློ་ལྡན་མཆོག། སོ་སོ་རང་རིག་མཱི་གཡོ་བ།། མཆོག་གི་དང་པོ་སྐུ ་གསུམ་འཆིང་།། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་རྣམས་ཀྱི་ཁྱད་པར་མན་ངག་བསྟན་ཏོ།། དེ་ནས་བསམ་གཏན་གྱི་ཡན་ལག་བསྟན་ཏེ། བསམ ་གཏན་ནི་དོན་རབ་འབྱེད་པའི་བི་སམ་གཏན་དང་། མི་རྟོག་པཱ་ཙམ་གྱི་བསམ་གཏན་དང་། ངོ་བོ་ཉིད་ཀྱི་བ་སམཱ་གཏཱན་དང་། ཎཱཾ་སུ་དྲན་པའི་བསམ་གཏན་དང་། ཐམས་ཅད་མཁྱེན་པ་དང་རྗེ་སུ་མཐུན་པའི་བསམ་གཏནོ།། ་དེ་ཡང་ཅི་མངོན་ཞེ་ན། བསམ་གཏན་ཡན་ལག་ཀུན་ཤེས་ཤིང་། ཞེས་བྱ་བ་ལ་སོགས་པ་སྨོསོ།། སྲོག་རྩོལ་ནི་བསྒོམ་པ་ངོ་སྤྲོད་པའི་སྐབ་སུ་ཤེས་པར་བྱའོ།། ཏིང་འཛིན་གྱི་ཡན་ལག་ནི། ཡང་དག་པའི་ཏིང་འཛིན་དང་། ཡ ་དག་པ་མ་ཡིན་པའོ།། ཡང་དག་པ་མ་ཡིན་པ་ནི་འདིར་མ་སྨོསོ།། ཡང་དག་པ་ནི་ལས་དང་པོ་བ་དང་། མཐོང་བའི་ལམ་ལ་སོགས་པ་བསྡུས་པའོ།། དེ་ལ་རྗེསུ་དྲན་པ་ནི། རྒྱུད་གཞན་དུ་ནི་སློབ་དཔོན་གྱི་དོན་གཞན་དུ་ཡང་བཤདདོ།། ་བོས་ནི་བསམ་གཏན་བསམ་བྱ་བློ་ལྡན་མཆོག། སོ་སོ་རང་རིག་མི་གཡོ་བ་ཞེས་བྱ་བ་དང་། མི་གཡོ་རབ་ཏུ་དང་བའི་བདག། ཅེས་བྱ་བ་སྨོས་ཏེ། དེ་ཅིར་འགྱུར་ཞེ་ན། ཆོས་ཀུན་རྣམ་པར་རྟོགས་པ་སྟེ་ཞེས་བྱ་བ་སྨོས་ཏེ། འདི་ནི་རྣམ ་དག་ལེགས་པའི་ལམ་ཞེས་བྱ་བ་སྟེ། འདྲི་མངོན་པར་རྟོགས་པའི་ལམ་དུ་སྦྱང་བར་བྱའོ།། དེ་ཡང་དང་པོ་ཇི་ལྟ་བུ་ཞེ་ན། དང་པོ་དུ་བུ་ལྟ་བུ་སྟེ། གཉིས་པ་སྨིག་རྒྱུ་ལྟ་བུ་དང་།། གསུམ་པ་སྲན་བུ་དང་།། གསུམ ་པ་སྲིན་བུ་མེ་ཁྱེར་ཏེ།། བཞི་པ་མར་མེ་ལྟ་བུ་ཡིན། ལྔ་པ་སྤྲིན་མེད་ན་མཁའ་ལྟ་བུར་བརྟག། ཅེས་རྒྱུད་གཞན་གྱི་དབང་པོས་ཀྱང་གསུངས་ལ། དེ་ན་དང་པོའི་རྟག་སུ་ཤེས་པར་བྱའོ།། དེ་ཡང་བྱེ་བྲག་ཏུ་ཕྱེ་ནས་བཤད་པ་ནི། ་སྐད་ཅིག་ཐམས་ཅད་མངོན་པར་རྟོགས་ཞེས་བྱ་བ་སྟེ། དེ་ཉིད་དྲན་པ་བཅུ་དྲུག་རིག་ཅེས་སྨོསོ།། དེ་ལས་གདམ་ངག་ཏུ་སྦྱར་ནི། ལས་དང་པོ་པའི་སྣང་བ་བཞི་དང་། ཅུང་ཟད་ཡེ་ཤེས་ལ་དབང་བའི་སྣང་བ་བཞི་དང་། སོར་ཆུད་པའི ་སྣང་བ་བཞི་དང་། ཡེ་ཤེས་ལ་གཞོལ་བའི་སྟོང་བ་བཞིར་ཤེས་པར་བྱའོ།། རྣམ་པ་ཉི་ཤུ་བྱང་ཆུབ་འཆང་ཞེས་བྱ་བ་ལ་སོགས་པ་ནི་བླ་མ་དམ་པའི་གདམ་ངག་གིས་སྦྱར་བར་བྱའོ།། དེས་ཅིར་འགྱུར་ཞེ་ན། རྣམ་པར་སདྡྷས ་ཀུན་རིག་མཆོག་ཅེས་བྱ་བ་དང་། ལོངས་སྤྱོད་རྫོགས་པ་སྐུ་ཡི་རྒྱལ་ཞེས་བྱ་བ་ལ་སོགས་པས་དེའི་རྫོགས་པའི་འབྲས་བུ་བསྟན་ཏོ།། དེ་ལ་བར་མ་དོར་ཡན་ལག་ནི། ཤེས་པ་སྲིང་འབྱུང་སྐྱེ་གནས་མེད་ཅེས་བྱ་བ་སོ། ་པ་སྨོས་ཏེ། བར་དོ་ལུང་གིས་ངོས་ཟིན་པོར་ཤེས་པར་བྱའོ།། བར་མ་དོ་ནི་དུ་མར་གསུངས་མོད་ཀྱི། འཆི་བའི་བར་མ་དོ་དང་། སྲིད་པའི་བར་མ་དོ་ལ་སོགས་པའི་མན་ངག་གིས་ཤེས་པར་བྱ་སྟེ། དེ་ལ་རོ་ཞིག་གང་ཟག ་ནི་གཉིས་ཏེ། བརྩོན་འགྲུས་ཅན་དང་ལེ་ལོ་ཅན་གྱིས་གང་ཟག་གོ།། དེ་ལ་བརྩོན་འགྲུས་ཅན་གྱི་གང་ཟག་ལ་ཆོས་རྣམ་པ་བརྒྱུད་དེ། དགེ་བའི་བཤེས་གཉེན་གྱིས་ཟིན་པ་དང་། དེའི་གཞུང་ཇི་ལྟ་བ་བཞིན་དུ་ལུང་མནོས ་པ་དང་། སྔོན་སྦྱངས་པའི་ཤེས་རབ་དང་ལྡན་པ་དང་། ཡང་དག་པའི་དོན་གོ་ཞིང་ཡིད་ཆེས་པ་དང་། བདུད་ཀྱི་ལས་ཀྱིས་མི་བཟློག་པ་དང་། འཇིག་རྟེན་གྱི་བྱ་བ་མཆིལ་མ་བཞིན་དུ་དོར་བ་དང་། བརྩོན་པ་མི་དཱུར་བ་དང་། རླུང་སེམ ་ལ་དབང་ཐོབ་པའོ།། དེ་ཡང་སྦྱོར་བ་རྣམ་པ་བཞི། དང་པོ་སྲུང་བའི་འཁོར་ལོ།། གཉིས་པ་དེ་ཁོ་ན་ཉིད།། གསུམ་པ་རྣཾས་རླིག་པ་དང་ལྕང་བསྣུན་པའི་རྣལ་འབྱོར།། བཞི་པ་རྣམ་པ་ཐམས་ཅད་མཁྱེན་པའི་སེམ་སོ།། དེ་ལ་དང་པོ་རྨ ་ལམ་གྷི་གདངས་ངག་དང་། དེའི་ཞུགས་པའི་མན་ངག་རྗེ་སུ་དྲན་པར་ཤེས་པར་བྱའོ།། དེ་ཡང་དང་པོར་རྨི་ལམ་བཟློག།། དེས་གཉིད་ལག། དེས་ནི་ཡེ་ཤོས་མཚམས་སྦྱར་བའི་མན་དག་གོ།། དེས་འཆི་བའི་བར་མ་ངོ་ཡང་ཤེས ་པར་བྱའོ།། བརྩོན་འགྲུས་ཅན་གྱི་གང་ཟག་ནི་སྒྲ་ལུས་དང་འཇའི་ཚོན་ཟབ་པའི་བོརྗེས་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དེ་འོད་གསལ་བའི་གནས་འབའོ།། ཞེས་བྱ་བའི་དོན་ཏོ།། དེའི་ཤུགས་ཀྱིས་གཞན་སྲུང་ཤས་པར ་བའི་ཕྱིརརོ།། ལེ་ལོ་ཅན་གྱི་གང་ཟག་ནི། སྲིད་པ་བར་མ་དོར་ལམ་སྨིན་པ་ལ་སོགས་པར་ཤེས་པར་བྱའོ།། དེའི་མངོན་པར་རྟོགས་པ་གཞན་ཡང་ས་དང་། ཆུ་དང་མཽ་དང་རླུང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་གཅིག་ལ་གཅིག་འཛུ། ་པར་རང་བཞིན་གྱི་མི་རྟོག་པར་སྐྱེ་བ་འཛིན་པའི་མན་ངག་གིས་ཤེས་པར་བྱའོ།། དེ་ཡན་ཆད་ཀྱིས་བར་མ་དོར་ཡན་ལག་གོ།། ད་ནི་རྒྱུད་དཀྲུགས་པའི་བདག་ཉིད་ཀྱི་མན་ངག་བླ་མ་དམ་པའི་མན་ངག་གིས ་སྦྱར་བ་ནི། སངས་རྒྱས་ཐམས་ཅད་བསྐྱེད་པའོ་ཞེས་བྱ་སྟེ། དོན་དམ་པ་བྱང་ཆུབ་ཀྱི་སེམས་ལ་བྱ་ལ། སྐྱེས་མ་ཐག་ཏུ་འགྲོ་བའི་བདག་ཅེས་བྱ་སྟེ། དེ་མ་ཐག་ཏུ་བདེན་པའི་ཚིག་དོན་མཐོང་བ་ཞེས་བྱ་བའི་དོན་ཏོ།། བདེན་པའི ་ཇི་ལྟ་བ་ཞེ་ན། གཟི་བརྗིད་ཆེན་པོ་འོད་གསལ་བ་ཞེས་བྱ་བ་སྨོསོ།། དེ་ཉིད་སར་ཆུད་པའི་བྱང་ཆུབ་སེམས་དཔའ་དང་འདྲ་བས་ན། སངས་རྒྱས་སྲས་པོ་དམ་པའི་མཆོག་ཅེས་བྱ་བ་སྨོསོ།། དེ་ཉིད་སྲིད་པའི་སྐྱེ་བ་མི་ལེན་པས་ནི། ་ཤེས་པ་སྲིད་འབྱུང་སྐྱེ་གནས་མེད་ཅེས་བྱ་བ་སྨོས་སོ།། བྱང་ཆུབ་ཀྱི་སེམས་ངོ་ཉིད་རྡོ་རྗེ་དང་འདྲ་བས་ན། གཅིག་ཏུ་སྲ་མཁྲེགས་རྡོ་རྗེའི་བདག་ཅེས་བྱ་བ་སྨོས་སོ།། དེ་ཉིད་ལ་ལུང་གི་དབང་པོ་བསྟན་པར་ཕྱིར་རོ།། རྡོ་རྗེ་རུ ་མོ་ལས། སྙིང་པོ་བསྟོན་ཞིང་ཞོང་སྟོང་མིན།། མི་ཆོད་མི་ཕྱེད་མཚན་ཉིད་དེ།། མི་ཤིགས་པཱ་དང་མི་ཉམས་པའི།། སྟོང་ཉིད་རྡོ་རྗེ་ཞེས་བརྗོད་དོ།། དེ་ཉིད་སྟོང་པ་ཉིད་ཁོ་ནར་རྟོག་ན། དེ་བསལ་བའི་ཕྱིར།། རྡོ་རྗེ་ཉི་མ་སྣང ་བ་ཆེ།། རྡོ་རྗེ་ཟླ་བ་དྲི་མེད་འོད་ཅེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ལྟར་རྟོགས་པའི་གང་ཟག་གིས། ཕ་རོལ་ཏུ་ཕྱིན་པ་དང་སྦྱར་ན། འདོད་པའི་ཡོན་ཏན་ལྔ་ལ། སེམས་ཉིད་ལ་བྱིན་པས་སྦྱིན་པ། ལུས་ངག ་ཡཱ་གྷཱ་སྱཱ་མྦྷ་སམས་ཅད་ལ་མཱཉམ་པར་འཞག་བྱས་ཚུལ་མས་དྲན་དུ་ལས་མ་འདའ་བས་དམ་ཚིག་ཡང་དག་པ་ཡ་ཤྭཱས་ལ་བརྟན་བསྟན་བསམ་གཏཱནཱ། བབ་སུན་དོན་ལ་མ་སྐྱུག་བྱས་ན་བཟོད་པ། རྒྱུན་གྱིན ་འབྱོར་གྱིས་པམྦྷ་པས་ན་བརྩོན་འགྲུས། རང་བཞིན་རྣམ་པར་དག་པའི་ཤེས་པས་ནཱ་ནས་རབ། ང་སྱཱ་བྲནྡ་སྟོབས་ཀྱིས་ཐམས་ཅད་ཟིལ་གྱིསྭཱ་གནནཱ~ཾ་བསྠཱ་ན་བྷྱོབྷྱས། བབཱས་སྣ་ཚོགསྟེ་མྱངའ་བས་ནི་ཐབས་ཀྱི ་རོལ་ཏུ་ཕྱིན་པ། སྨོན་ལམ་ལ་མངོན་པ་དུ་མ་མེད་པསན་སྨོ་ས་རོལ་ཏུ་རྐྱེན་གྱི་རྟོག་པའི་འི་ས་སྨད་ས་ན་སྨྱེདནས་རོལ་ཏུ་ན་ཥྚྲི། ལྟ་ཐུན་པ་རཱྀ་སྦྱིན་པ་དང་སྦྱར་ནི། @ ་སྣ་ཡོངས་སུ་ན་ཏེ། འདུན་བྱེད་ཀྱིས་འདིངས་ནས། རྗེ་ས་བྱེད་ཀྱིས་རྣམ་ན་བ་འཆང་འདུ་བྱ་བར་རྫོགས་སོ།། རྫོགས་པ་ནི་གང་དུ་སྟེ་དང་མི་ནས་བུཾ་ཤད་པའི་སྤྲིན་ཧཱུ~ཾ། སང་རྒྱས་ནས ་ནི། དྷིབྷཱ་བ་ཡོད་པ་དང་། བསྐྱེད་པ་མ་ལུས་ཐུགས་སྐུ་རླུཧྲཱིསེཾ་སུ་མ་བར་མཐུནཿ།། རྣམ་པར་རྟོག་པ་ཐམས་ཅ་ཀྱི་མཚོན་མམྦཱམྨཱ། སྐྱེ་བ་མང་བྱ། རིང་བཞིན་རྗེས་རྣམ་པར་དག་པ། ་དུགས་དང་སྐུར་བ་ཐམས་ཅད་དེ་བྲ་ཀྱི་ས་བྱའོ།། ཡང་ངན་པའི་མཐ་ནས་བྱལ། རྣས་ཀྱི་ཧཱུ~ཾ་ནས་ཀྱེ། མང་དུ་མའི་སྒོནས་ཐོས་འཛེས་ནི། མང་པོས ་ཁྱོད་ལ་འདུད་ཅེས་བྱ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་ལ་སྩོགས་པ་ཐམས་ཅད་དེ་ལས་བྱུང་བའི་ཕྱིརརོ།། དེ་ལྟར་ན་སྐུ་དང་ཡེ་ཤེས་ཀྱིས་ཐམས་ཅད་མ་ལུས་པར་བསྡུ་སོ་ཞེས་བྱ་བའི ་དོན་ཏོ།། དེ་ཡང་ཅིས་མངོན་ཞེ་ན། དངོས་པོ་ཀུན་གྱི་རང་བཞིན་མ་ཆོག། དངོས་པོ་སྐུ་གྱི་རང་བཞིན་འཛིན།། སྐྱེ་མེད་ཆོས་ཏེ་སྣ་ཚོགས་དོན་ཅེས་བྱ་བ་དང་། མི་འགྱུར་ཀུན་འགྲོ་ཁྱབ་པ་པོ་ཞེས་བྱ་བ་ལ་སོགས་པ་སྨོ ་སོ། སངས་རྒྱས་ཀྱི་ཡོན་ཏན་སྟོབས་བཅུ་དང་། ཤེས་པ་བཅུ་ལ་སོགས་པ། སངས་རྒྱས་ཀྱི་སྐུའི་ཡོན་ཏན་མཚན་དང་དཔེ་བྱད་ལ་སོགས་པ།། སངས་རྒྱས་ཀྱི་གསུང་གི་ཡོན་ཏན་ཚངས་པའི་དབྱིངས་ལ་སོགས་པའི། ་སངས་རྒྱས་ཀྱི་ཡོན་ཏན་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་མ་ལུས་པའི་རྒྱས་པར་གཞན་ནས་གསུངས་པས་གཞན་དུ་བལྟ་བར་བྱའོ།། ཁོ་བོས་ནི་སྒྲུབས་པ་གཙོར་བྱེད་པ་ཁོ་ནའི་དབང་དུ་བྲིས་ཀྱི།། ཐ་སྙད་ལ་དགའ་བའི ་དབང་དུ་མ་བྱས་སོ།། རྟོག་གེ་བ་རྣམས་ཀྱི་སྤྱོད་ཡུལ་ནི་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། སོ་སོར་རྟོག་པའི་ཤེས་རབ་ཀྱི་མཐུ་རྡུགས་པའི་ཕྱིར་རོ།། དེས་ན་རྟོག་གེ་བ་ང་རྒྱལ་ཅན་རྣམས་ལ་བསྟན་པར་མི་བྱའོ།། འོ་ན ་ཇི་ལྟ་བུ་ལ་བསྟན་ཅེ་ན། སྦྱངས་པའི་ལས་འཕྲོ་ཡོད་པ། དད་པ་དང་ལྡན་པོ། དམ་ཚིག་སོགས་བཞིན་དུ་བསྲུང་བ། བླ་མི་དམ་པའི་བཀའ་ལ་ཡིད་ཆེས་ཞིང་ཚད་མར་འཛིན་པ་ལ་སོགས་པའི་ཡོན་ཏན་དང་ལྡན ་པ་རྣམས་ལ་བསྟན་པར་བྱའོ།། དེ་ལས་གཞན་དུ་བསྟན་ན་ལོག་པར་ལྟུང་བའི་གནས་སུ་འགྲོའོ།། དེས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གསང་སྔགས་ཀྱི་སྒོ་ནས་སྤྱོད་པར་འདོད་པ་རྣམས་ཀྱིས།། པོ་ཏིར་བྲིས་ལ ་བཀླགས་པ་འམ། ཚུལ་བཞིན་དུ་ཡིད་ལ་བྱ་བ་འམ། དེ་ཁོ་ན་ཉིད་ལ་རྩེ་གཅིག་ཏུ་བསྒོམས་ཏེ། དེ་ལྟ་བུའི་བྱེ་བྲག་དང་ལྡན་པ་ནི། ཡོན་ཏན་དཔག་ཏུ་མེད་པ་ཐོབ་པོ་ཞེས་བྱ་བ། སངས་རྒྱས་ཀྱི་རབ་ཏུ་བསྔགས་ཏེ། དེ་ན ་འདི་གཟུང་བར་བྱའོ།། དམ་པའི་ཆོས་འདི་ལ་མདོ་སྡེ་ཞེས་བྱ་བར་ཡང་གདགས་ཏེ། ཟབ་མོའི་དོན་མདོར་བསྡུས་ནས་སྟོན་པའི་ཕྱིར་རོ།། རྒྱུད་ནི་འདི་ཉིད་ལ་རབ་ཏུ་བསྔགས་ཏེ། རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལ་སོགས་པ་དང ་རྒྱུད་ཀུན་གྱི་ནི་བདག་པོ་མཆོག་ཅེས་བྱ་བ་ལ་སོགས་པ་སྨོས་སོ།། ཅིའི་ཕྱིར་རྒྱུད་ཅེས་བྱ་ཞེ་ན།། བྲེང་ཆགས་པའི་དོན་གྱིས་ན་རྒྱུད་དེ།། རས་བལ་གྱི་ཐག་པ་བཞིན་ནོ།། དཀྲུགས་པའི་ངོ་ན་གྱིས་ན་རྒྱུད་དེ་ཐགས་ལྟ ་བུའོ།། ཡོངས་སུ་རྫོགས་པའི་དོན་གྱིས་ན་རྒྱུད་དེ། དཔག་བསམ་གྱི་ཤིང་རྒྱས་པོ་བཞིན་ནོ།། དེ་ལ་བྲེང་ཆགས་པའི་རྒྱུད་ཅེས་བྱ་བ་ནི་སངས་རྒྱས་ཀྱི་གདུང་རྒྱུད་འཛིན་པའི་དོན་ཏོ།། དཀྲུགས་པའི་དོན་གྱིས་ན་ཐག ་རྒྱུད་ཅེས་བྱ་བ་ནི་བླ་མ་དམ་པ་ལ་རག་ལས་པའིདོན་ཏོ།། ཡོངས་སུ་རྫོགས་པའི་ཕྱིར་ན་རྒྱུད་ཏེ།། བྱ་བ་མ་ལུས་པའི་དོན་ཏོ།། དེས་ན་ལྡོག་པ་མེད་པར་སྨྲ་བར་བྱའོ།། ཀོ་ཏཀྵ་ལ་སོགས་པའི་སྒྲ། ་འཇིག་རྟེན་བསྟན་བཅོས་ལ་མེད་ཕྱིར།། རྟོག་ཅན་རྣམས་ནི་རྨོངས་པ་བསྐྱེད།། དེས་ན་འདི་ནི་དཀྲུགས་པའོ།། རྒྱུད་ཀྱི་བདག་པོས་གསུངས་པའི་བཀའ།། གང་ཟག་ཕལ་རྒྱ ་ཡུལ་མིན་ཞིང་།། མཁས་པ་རྣམས་ཀྱི་མང་དུ་བྱས།། འོན་ཀྱང་དེ་དོན་མི་རྟོགས་སོ།། མཁས་པ་བྱང་ཆུབ་སེམས་དཔའ་ཡིས།། ལུང་བསྟན་ཐོབ་ནས་བསྡུས་པ་བྲིས།། འདི་ལ་བརྟེན་ནས་སེམས ་ཅན་རྣམས།། སྐུ་དང་ཡེ་ཤེས་ཐོབ་པར་ཤོག། འཕགས་པ་འཇམ་དཔལ་གྱི་དཀའ་འགྲེལ་རཏྣ་ཨཱ་ཀ་ར་གུཔྟས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཀཱ་ལ ་ཙཀྲ་དང་། བོད་ཀྱི་ལོ་ཙཱ་བ་ཛྙཱ་ན་གརྦྷ་དང་། འབྲོག་ཇོ་སྲས་དང་། ཆོས་ཀྱི་བརྩོན་འགྲུས་ལ་སོགས་པས་བསྒྱུར་བའོ།། ། སརྦ་མངྒ་ལ ་