| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མཱ་སདྡྷི་ཏི་པྲ་ཏི་བཱ་ཏི་ནཱ་མ་ཀ་ར། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ། མཚན་དོན་གསལ་བར་བྱེད་པ་ཞེས་བྱ་བ། ་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། སྐུ་གསུམ་དྲི་བོ་ཉིད་ལྡན་པའི།། ཐབས་དང་ཤེས་རབ་གཉིས་ལྡན་པའི།། ལོག་རྟོག་དྲ་བ་གཅོད་མཛད་པ།། ཡིད་བཞིན་ནོར་བུ་འཇམ་དཔལ་བསྟོད།། བླ་མེད་ཐེག་པ་ལམ་གྱི་དོན། བླ ་མའི་དྲིན་གྱིས་ཐོབ་ནས་བརྩམས།། གླེང་གཞི་དཀྱིལ་འཁོར་མཚན་གྱི་དོན།། སྔགས་དང་ཕན་ཡོན་མདོར་བསྡུས་པའོ།། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་།། ཞེས་བྱ་བའི་དོན་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་དགའ་ལྡན་དུ་སྐྱེ་བ་བཞི ་ནས། དེ་ནས་འཆི་འཕོ་བ་མཛད་དེ་གླང་པོ་ཆེ་ཐལ་ཀར་མཆེ་དྲུག་དང་ལྡན་པར་སྤྲུལ་ཏེ་ལྷུམསུ་ཞུགས་ནས། དེ་ཉིད་ཡེ་ཤེས་སེམས་དཔའ་མཐིང་ག་ཐལ་པོའི་མདོག་གོ།། དེ་ཡང་མི་རྣམས་ཐེག་ཆེན་གྱི་ལམ་ལ་ཞུགས་པའི་ཕྱིར ་གླང་པོ་ཆེའོ།། འགྲོ་བ་དྲུག་གི་སྒོ་བཅད་པའི་ཕྱིར་མཆེ་བ་དྲུག་ཞུ་ནས་ཞལ་དྲུག་པ་སྟོན་པས་ན་དཔལ་ལྡན་ནོ་ཞེས་བྱ་བའོ།། ཡུམ་གྱི་ཕོ་བྲང་དེ་ཉིད་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྐུའི་སྤྲུལ་པ་ཕྱག་ན་རྡོ་རྗེ་དཔག་ཏུ་མེད་པོས ་བསྐོར་བས་ན་རྡོ་རྗེ་འཆང་ཞེས་བྱའོ།། འཇིགས་བྱེད་ཀྱི་དོན་དེ་སྐུ་ལ་རྫོགས་པ་ཡང་ངོ་།། པདྨ་དཀར་པོ་རྒྱས་འདྲའི་སྤྱན།། པདྨ་རྒྱས་པའི་གདན་ལ་བཞུགས་ཞེས་བྱ་བའི་དོན་ནི། པདྨ་ནི་ཡུམ་གྱི་མཁའ་གཞལ་ཡས་ཁང་གདན་དང་བཅས ་པའོ།། དེ་ལྟར་སྣང་བ་ལས་རྒྱལ་བ་རིགས་ལྔས་འོད་ཀྱིས་བསྐུལ་ཏེ། སྐུ་ཁྲོ་བོ་ཞུ་བ་ལས་ཕུང་པོ་ལྔ་རིགས་ལྔས་བྱིན་གྱིས་བརླབས་པའི་སྐུ་ལྔའོ།། ཡུམ་ལ་བསྟོད་ཅིང་ཉོན་མོངས་པ་དང་ཤེས་བྱ་སྤངས་པའི་རྟགསུ་པ་རྟ ་དང་རལ་གྲི་བསྣམས་པ། ཐམས་ཅད་མཉམ་པའི་ས་ལ་བཞུགས་པའི་རྟགསུ་མཉམ་པའི་སྐྱིལ་ཀྲུང་དུ་བཞུགས་པའོ།། དེའི་ཕྱིར་ཡེ་ཤེས་ཡོངསུ་རྫོགས་ཤིང་རྒྱས་པས་ན་པདྨ་རྒྱས་པའི་གདན་ལ་བཞུགས་པའོ།། དེ་ཉིད་ཕྱི་ནང་མེད་པར་རྒྱས ་གསལ་བས་ཉོན་མོངས་པའི་དྲི་མ་དག་པས་ན། པདྨའི་དཀར་པོ་རྒྱས་འདྲའི་སྤྱན་ནི།། རིགས་ལྔས་བྱིན་གྱིས་བརླབས་པའི་སྐུའོ།། གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག་ཅེས་བྱ་བའི་སྒྲའི་དོན་ནི་ལུམ་པའི་ཚལ་བྱང་ཆུབ་ཀྱི་ཤིང་རྩར ་ཡུམ་གྱི་རྩིབ་མའི་བར་ན་ཚུར་ལ་སྐུ་གཞལ་ཡས་ཁང་དང་བཅས་པ་བཏོན་ནས་ཚངས་པ་དང་བརྒྱ་བྱིན་གྱིས་བླངས་ནས། གཞོན་ནུའི་རོལ་པ་མཛད་པས་ནང་གཱ་བདུད་དང་ཕྱི་རོལ་གྱི་སྟོབས་ཀྱི་བཏུལ་བས་ན་གདུལ་དཀའ་འདུལ་བ་ཞེས་བྱའོ།། ་ད་ནི་རོལ་པ་སྟོན་ཏེ། དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ་ནི། དཔའ་བོ་ནི་ཉོན་མོངས་པ་ཅན་འདུལ་བའི་སྟོན་པའོ།། རྡོ་རྗེ་ནི་རྡོ་རྗེའི་གདན་ནོ།། དབང་ཕྱུག་ནི་ཕྱུག་ནི་ཀླུའི་རྒྱལ་པོ་གཉིས་ཀྱིས་སྐུ་ཁྲུས་གསོལ་བའོ།། རྡོ་རྗེ་ནི་གཉི་སུ་མེད་པའི་ཆུའོ།། ་གསང་བའི་རྒྱལ་ནི་ནང་ལས་ཁྱད་པར་དུ་གྱུར་པའོ།། རྒྱལ་བ་ནི་བཅོམ་ལྡན་འདས་ཞེས་བྱ་བ་སྟེ། རང་བཞིན་གྱི་དོན་ཏོ།། བསྡུ་བ་ཐ་མ་ནི་ཕྱག་ན་རྡོ་རྗེས་བསྡུས་ཏེ། ཡང་དང་ཡང་དུ་ཞེས་བྱ་བ་ནས། ལུས་བཏུད་རྣམས་དང་ཞེས་བྱ་བས་བསྡུས།། ་རྡོ་རྗེ་གསོར་ཞིང་འཇིགས་བྱེད་ཀྱི་སྐུ་བསྟན་ནས་ཕྲིན་ལས་བཞི་ལས་དྲག་པཟླ་ཕྲིན་ལས་ཀྱིས་ཞུ་བའོ།། ལུས་བཏུད་རྣམས་དང་ཞེས་བྱ་བ་ནི་བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེ་འཇིགས་བྱུད་ཀྱི་འཁོར་དང་ལྷན་ཅིག་ཏུའོ།། ང་ནི་ངང་ནཱ ་ཐབས་དང་ཤེས་རབ་དང་པོའི་སངས་རྒྱས་ཀྱི་སྐུ་བསྟན་པ་དང་། རང་བཞིན་གྱིས་བྱིན་གྱིས་བརླབས་པའི་སྐུ་བསྟན་པ་དང་། རོལ་པའི་གདུལ་བྱ་སྣ་ཚོགས་པའི་ཡེ་ཤེས་ཀྱི་སྐུ་བསྟན་ཏེ། དང་པོ་ཡུམ་བཞིས་བསྡུས། གཉིས་བཀླུའི ་བདག་པོ་གཉིས་ཀྱིས་བསྡུས། གསུམ་པོ་ཚངས་པ་དང་བརྒྱ་བྱིན་གྱིས་བསྡུས། འཇིགས་བྱེད་ཕྱག་ན་རྡོ་རྗེས་བསྡུས་པའོ།། ལུས་བཏུང་རྣམས་དང་ལྷན་ཅིག་ཏུ།། དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཞེས་བྱ་བ་ནས། མིང་ནི ་ཡང་དག་བརྗོད་པའི་མཆོག་ཅེས་བྱ་བ་བསྡུ་བར་འོས་པ་ཇི་ལྟར་བྱོས་པོ་བསྟན་པའོ།། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས།། མ་འོངས་རྣམས་ཀྱང་གསུང་འགྱུར་ལ།། ད་ལྟར་བྱུང་བ་རྫོགས་སངས་རྒྱས།། ཡང་དང་ཡང་དུ་གསུ ་བ་གང་།། ཞེས་བྱ་བ་ནི་བསྡུ་བར་འོས་པ་ཉིད་དུ་བསྟན་པའོ།། དེ་ལ་ཡང་དང་དུ་ཞེས་བྱ་བ་ནི། ཡུམ་གྱི་ཕོ་བྲང་དུ་ཡེ་ཤེས་སེམས་དཔའ་རང་བཞིན་གྱིས་བྱིན་གྱིས་བརླབས་ཀྱིས་རིགས་ལྔའི་སྐུ་དང་། དང་པོ་སངས་རྒྱས་ཡུམ ་བཞིས་བྱིན་གྱིས་བརླབས་པའི་སྐུ་དང་། འཇིགས་བྱེད་སྲུང་བའི་སྤྲུལ་པའི་འཁོར་ཁྲོ་བོའི་སྐུ་དང་། རྣམ་པར་འཕྲུལ་པའི་སྐུའི་སྒོ་ནས་གསུངས་པ་དེ་བཤད་དུ་གསོལ་ཞེས་པའོ།། མགོན་པོ་རྫོགས་སངས་རྒྱས་ཀུན ་གྱིས།། ལུས་བཏུང་ནས་ནི་སྤྱན་སྔར་འདུག་ཅེས་བྱ་བས་ནི་ཞུ་བ་པོ་བདག་སྣོད་དུ་རུང་བའི་ཕྱིར་དང་། རྩེ་གཅིག་པའི་བརྩོན་འགྲུས་དང་ལྡན་པའི་ཕྱིར་དང་། དུས་གསུམ་གྱི་སྡུད་པ་པོ་ཡིན་པའི་ཕྱིར་དང་།། སེམས་ཅན། ་ཀུན་ལ་ཕན་པའི་ཕྱིར་ཞུ་བའོ།། དེ་ནས་བཅོམ་ལྡནི་ཤཱཀྱ་ཐུབ་ཅེས་བྱ་བ་ནི་ཞུ་བ་པོ་མཚན་ཉིད་དང་ལྡན་པ་དེ་ལ་ཟིལ་གྱིས་མནན་པའི་ཕྱིར།། སོང་གེ་རྣམ་པར་བསྒྱིངས་པའི་ཏིང་འཛིན་ལ་མཉམ་པར་བཞག་ནས།། བདུད་བཞིའི་དགྲ ་འདུལ་བ་དང་། འཁོར་སྦྱངས་པ་མཛད་ནས་འཛུམ་པ་མཛད་དོ།། གསུང་སྙན་པ་བཏོན་ནས་གསུངས་པ་ནི། ཞུ་བ་པོ་སྤྲོ་བ་བསྐྱེད་ནས་གསུངས་པའོ།། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ་ཅེས་བྱ་བ་ནི་སྟོན་པའོ།། གསང་སྔགས་རིག་སྔགས ་ཐམས་ཅད་དང་ཞེས་བྱ་བ་ནི། དང་པོའི་སངས་རྒྱས་དང་། ཡེ་ཤེས་སེམས་དཔའ་དང་། རྡོ་རྗེ་འཇིགས་བྱུང་ངོ་དོ།། རིག་གསུམ་ལ་ནི་རྣམ་པར་གཟིགས།། ཞེས་བྱ་བ་ནི་དང་པོའི་སངས་རྒྱས་ནི་སྨན་པས་འདས་པའོ།། རྡོ་རྗེ་འཇིགས་བྱེད་ནི ་འཇིག་རྟེན་པའོ།། ཡེ་ཤེས་སེམས་དཔའ་ནི་ཕྱག་རྒྱ་ཆེན་པོའི་རིག་སོ།། དེའི་ཆེད་དུ་ཆགསུ་བཅད་ནས། དེ་ཁོ་ན་ཉིད་ཡི་གེ་ཨའི་སྒོ་ནས་སྔགས་བརྗོད་པ་ནི། ཤཱཀྱ་ཐུབ་དང་ཐུབ་པ་དང་།། འོད་དང་རབ་ཏུ་གྲགས་པ་དང་།། སེང་གེ་དང་ནི ་གཟི་བརྗིད་དང་།། སྟོབས་དང་ཡེ་ཤེས་ཆེན་པོ་དང་།། རབ་ཏུ་གྲགས་དང་གྲགས་ཆེན་དང་།། སྤྲུལ་པ་དང་ནི་རྫུ་འཕྲུལ་ཆེ།། སྣང་དང་འོད་ཆེ་ནི་སྣང་བ་དང་།། དཔའ་བོ་སྡེ་དང་མི་འཛེགས་དང་།། གཙུག་ནས་བྱུང་དང་གཙུག་ཕུད་མཛེས།། ཁྱ ་པ་པོ་དང་ན་མཁའི་བདག། བླ་མེད་འབྱུང་དང་མི་ཡི་ཐེག། དབང་ཕྱུག་པོ་དང་རིན་ཆེན་ཕྱག། ཙན་དན་དྲི་དང་དྲི་ཡི་འོད།། འོད་ཟེར་འཕྲོ་དང་འོད་འཕྲོ་བཟང་།། དབང་པོ་ཞི་དང་ཙན་ངན་ཕྱག། མཆོག་ཏུ་མཛེས་དང་རབ་མཛེས་དང་།། སྦྱིན་དགའ་བ་དང ་རྟག་ཏུ་གཏོང་།། སངས་རྒྱས་སྡེ་དང་དམ་པ་དང་།། པདྨ་དང་ནི་འཁོར་ལོའི་ཕྱག། སྡེ་དང་རབ་ཏུ་འཇོམས་པ་དང་།། ཀུན་ཏུ་འོད་དང་འོད་པོ་ཆེ།། རབ་ཏུ་གྲགས་དང་གྲགས་འཛིན་དང་།། མུ་ཁྱུད་འཛིན་དང་ལྷུན་པོ་ཆེ།། ལྷ་དང་ལྷ་ཡི་དབང་པོ་དང་།། མཱར ་མེ་འོད་དང་འོད་པོ་ཆེ།། ཐུབ་དང་གཞན་གྱིས་མི་ཐུབ་དང་།། སྟོབས་དང་དཔུང་རབ་ཞི་བ་དང་།། ལེགས་པའི་ལམ་དང་སྤུ་གྲི་དང་།། སྦྲང་རྩི་བྱུང་དང་དགའ་བའི་དཔལ།། གནས་པའི་གནས་དང་གཙུག་ན་ནོར།། གླང་པོ་དཔལ་དང་ཀཱ་ཏྱཱའི་བུ། ་གསེར་གྱི་མདོག་དང་འཁོར་ལོ་དང་།། སྨན་དང་ཡོངསུ་སྐྱོབ་དང་མར་མེ་དང་།། ཉི་མའི་འོད་དང་རིག་སྔགས་གྲུབ་དང་རྒྱལ་བའི་ཏིག། ན་མཁའི་སྐུ་དང་དག་གཟུགས་གསང་སྔགས་མཆོད།། གཙོ་བོ་རྣམ་རྒྱལ་ཐུགས་རྗེ་ཆེཀ། འཇིག་རྟེན་དམ་པ་མཚན ་ལས་འདས།། དམ་ཚིག་འཇིགས་བྱེད་སྟོབས་དང་ལྗོན།། ཧ་ལ་གཤིན་རྗེ་ན་མཁའ་དང་།། རྒྱ་མཚོ་གླང་ཆེན་སྒྲ་སྒྲོགས་དང་།། སྒྲ་སྒྲོགས་བྱམས་ཚེ་དགའ་བའི་འོད།། ཤེས་རབ་སྣ་ཚོགས་འབར་བའི་མིག། ཤེས་རབ་ལ་སྣ་འཕགས་པདྨའི ་རྩེ།། མེ་ཏོག་འབྲུག་སྒྲ་འཇམ་པོའི་དབྱངས།། སྒྲ་དབྱངས་དང་ནི་ནོར་ལྷ་མཚན།། བརྟུལ་ཞུགས་བློ་དང་ཤེས་རབ་དང་།། ཆོས་རྒྱུན་འབྲས་བུ་ཆེ་དང་གཟུགས།། གཟུགས་སྣང་མཚུངས་མེད་འཁོར་ལོ་སྒྱུར།། འཇིག་རྟེན་བདག་དང ་མཚན་མཆོག་སྐྱབས།། སྐྱབས་དང་ན་མཁའི་སྲིད་པ་སེལ།། དྲི་མ་དབང་ཕྱུག་ཡོངསུ་ཞི།། ངེས་གྲོལ་དྲི་བྲལ་དུས་མེད་རྟོགས།། ཡོན་ཏན་ཡོན་ཏན་ཡོངསུ་སྨིན།། སེམས་ཅན་སྙིང་རྗེ་དབང་དོན་ཤེས།། ལམ་སྟོན ་རང་འབྱུང་དགའ་བ་ཆེ།། དགའི་བའི་མཆོག་སྦྱིན་བརྩོན་འགྲུས་ལྡན།། གཙུག་ཕུད་གཙུག་ཕུད་བརྟུལ་ཞུགས་ཚ།། གཽ་ཏ་ཚངས་པའི་མཚན་དང་ཞི།། མཐའ་གཉིས་ཆགས་བྲལ་མཐའ་ལས་འདས།། དྲི་མེད་ཉེས་དག་ཆོས་ཉིད་ཐོབ།། རྣམ ་རྟོག་ཐོགས་མེད་དྲི་མེད་ཅན།། ཡ་ཤེས་ལུས་དང་ཉེས་པ་འཇོམས།། འོད་དང་འོད་བཟང་དུག་སེལ་དང་།། གཉེན་པོ་དཔལ་དང་འཁོར་ལོ་བསྐོར།། སྤྱོད་ལམ་བཞི་དང་ཉི་མ་དང་།། ཏིང་འཛིན་རིན་ཆེན་དབང་ཕྱུག་དྲི།། ཏིང་འཛིན་དང་ཆེ་བའི ་འོད།། འབར་དང་ཐུགས་རྗེ་ཡེ་ཤེས་ཆེ།། སྡེ་དང་ཤེས་རབ་སྨྲ་བའི་རྒྱལ།། ཡེ་ཤེས་རྣམ་དག་དྲ་བའི་འོད།། རྡོ་རྗེ་བློ་ལྡན་སྙིང་རྗེའི་ཐུགས།། སྦྲུལ་དང་རབ་གྲུབ་སྦྱིན་པ་དང་།། བར་ཆད་དག་དང་མི་གཡོ་བ།། མངོན་དུ་གཙུག་ཕུད་ཞིང ་དང་ནི།། ས་གནོན་རྫུ་འཕྲུལ་ཆེ་ནས་ཆེ།། དེ་ནཱི་རྩ་བའི་འཁོར་ལོའོ།། ཨཱ་ཨཱ་ཞེས་བྱ་བ་ནི། རིགས་བྱིན་གྱིས་བརླབས་པའི་དང་པོའི་སངས་རྒྱས་ཀྱི་སྔག་སོ།། སྠི་ཏོ་ཧྲྀ་ད་ཛྙཱ་ན་མཱུརྟི། དུས་གསུམ་གྱི་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པའི ་པའི་ཕྱག་གི་སྔགས།། བཛྲ་ཏཱིཀྵྞ་ཞེས་བྱ་བའི་སྔགས་ནི། ཡེ་ཤེས་པའི་སྔགསོ།། དབྱངས་ཡིག་ལ་བཞི་བསྣན་པ་ནི་ཁྲོ་བོ་བཅུ་དྲུག་གིའོ།། རིགས་སྔགས་ཡུམ་དང་བཅས་པ་ནི།། བཛྲ་ཏཱིཀྵྞ་དང་། ཨ་ར་པ་ཙ་ནའི་བར་དུའོ།། ཨ་ཨཱ་ཨཾ་ཨ ་ནིསྒོམ་བཞིའོ།། པ་ར་ཙྪན་ནང་གི་མཆོད་པའི་ལྷ་མོ་བཞིའོ།། ཡ་ཏེ་ན་མར་པྱིའི་བཞི་སྟེ། སུམ་ཅུ་ཅུ་བདུན་གྱི་བསྟན་པ་སྟེ། རྡོ་རྗེ་འཇིགས་བྱེད་དོ།། དེ་ལྟར་དྲུག་ཅུ་རྩ་བཞི་པའི།། ཨོཾ་དང་ཧཾ་དང་ཨོཾ་གྱིས་ནི།། ཐབས་དང་ཤེས་རབ་དབྱེར་སྙེད་རླུང་།། སམྦྷ ་ཅུ་རྩ་གཉིས་དྲུག་ཅུ་བཞི།། བཅུ་དྲུག་བརྒྱད་དུ་དེ་ཤེས་བྱའོ།། རིགས་ལྔ་དྲུག་པ་འོག་དུ་བསྟན།། ད་ནི་དཀྱིལ་འཁོར་ལྔས་ལས་དང་པོའི་སངས་རྒྱས་ཀྱི་དཀྱིལ་འཁོར་སྟོན་ཏེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ནི་དང་པོའི་སངས་རྒྱས་། ་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི་བསྐྱེད་པ་དེ་ཉིད་དོ་ཨ་ནི་ཡིག་འབྲུ་ཞེས་བྱ་བ་ནི་ཐབསོ།། དོན་ཆེན་ཡི་གེ་དམ་པ་ནི་ཤེས་རབ་བོ།། ཁོང་ནས་འབྱུང་བ་ནི་ཡུམ་གྱི་མཁའི་དཀྱིལ་འཁོར་ཆེན་པོ་དེ་འབྱུང་བ་བཞི་ཡུམ་བཞིས་བསྐྱེད་དེ། སྐྱེ་བ་མེད ་བའི་དོན་ཆོས་ཉིད་སྟོང་པ་ཉིད་དོ།། དེ་ལ་ཡུམ་བཞིས་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དགའ་ལྡན་ནས་འཆི་འཕོ་བ་མཛད། ཆོས་སྐུ་ལ་བསྟོད་པ་ཚིག་ཏུ་བརྗོད་པ་སྤངས་པའོ།། ལོངས་སྐུ་སྤྲུལ་སྐུར་བཞེངས་པར་བསྐུལ་བ་ནི། བརྗོད་པ ་ཀུན་གྱི་རྒྱུ་ཡི་མཆོག་ཅེས་པས་བསྟོད་པའོ།། བསྐུལ་ནས་བཞེངས་པ་ལ་བསྟོད་པ་ནི།། མཆོད་པ་ཆེན་པོ་འདོད་ཆགས་ཆེ་ཞེས་ནི་འདུ་བྱེད།། ཞེ་སྡང་ནི་རྣམ་པར་ཤེས་པའོ།། བྱང་ཆུབ་ཀྱི་རང་བཞིན། གཏི་མུག་ནི་གཟུགས་ཏེ་འབྲས་བུའོ།། ་ཆགས་པ་ནི་ང་རྒྱལ་ཏེ་འདུ་བྱེད་སྨིན་པའི་ཚོར་བའོ།། ཁྲོ་བོ་ནི་ཕྲག་དོག་སྟེ་འདུ་བྱེད།། ངས་ནི་ཆོས་སྐུ་ལས། གཟུགས་སྐུ་སོ་སོར་རྟོག་པ། བྱམས་པ་མེ་ལོང་ལྟ་བུ་སྙིང་རྗེ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་དག་པ། མཉམ་པ་ཉིད་བཏང་སྙོམས ་སོ། བྱ་བ་གྲུབ་པ་དགའ་བ་སྟེ། དུག་ལྔ་མ་སྤངས་གཟུགས་སྐུལ་བཞེངས་པ་ལ་བསྟོད་པའོ།། འདོད་པ་ཆེན་པོ་བདེ་བ་ཆེ་ཞེས་བྱ་བ་ནི། འདོད་ཆགས་རྣམ་པར་དག་པའི་འབྲས་བུ་བདེ་བའོ།། ཞེ་སྡང་རྣམ་པར་དག ་པའི་འབྲས་བུ་དགའ་བ་ཆེ་དང་མགུ་བའོ།། གཏི་མུག་རྣམ་པར་དག་པའི་འབྲས་བུ་གཟུགས་ཆེ་ཞིང་ལུས་ཆེ་བའོ།། ང་རྒྱལ་རྣམ་པར་དག་པའི་འབྲས་བུ་ལ་ཁ་དོག་ཚ་བ་དང་ལུས་བོང་ཚ་བའོ།། ཕྲག་དོག་རྣམ་པར་དག་པའི་འབྲས་བུ་མིང ་ཆེ་བ་དང་རྒྱ་ཆེ་བའོ།། དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན་ཞེས་བྱ་བ་ནི། སྐུ་དེ་རྣམས་མ་འདྲེས་པའོ།། དེ་རྣམས་ཀྱི་རྒྱུ་དང་འབྲས་བུའི་སྒོ་ནས་བསྟོད་པའོ།། ཤེས་རབ་མཚོན་ཆེན་འཆང་བ་སྟེ།། ཉོན་མོངས་ལྕགས་ཀྱུ་ཚ་བའི་མཆོག། ཏྲེ ་བྱ་བས་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་གསལ་བར་བསྟན།། གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། སྣང་བ་ཆེན་པོ་གསལ་བ་ཆེ་ཞེས་བྱ་བས་ནི་ཡུམ་གྱི་མཁའ་ཨེའི་གནས་ན་བཞུགས་པའི་ཚེ། ནང་གི་སྐུ་དེ་ཕྱི་ན་ཡང་གསལ ་ཞིང་། གང་ན་དང་གང་གིས་མཐོང་བའི་སྡུག་བསྔལ་རབ་ཏུ་ཞི་བའོ།། དེ་མཐོང་ན་ཡིད་ཚིམ་ཞིང་ཐོས་ན་དགའ་བའི་སྟོབས་དང་ལྡན་པའི་ཕྱིར། མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་།། སྒྱུ་འཕྲུལ་ཆེན་པོ་དོན་གྲུབ་པ།། སྒྱུ་འཕྲུལ་ཆེན་པོ་དགའ ་བས་དགའ།། སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན།། ཞེས་བྱ་བ་ནི། ཕྱི་ནང་མེད་པར་སྐུ་དེ་ལས་སྤྲུལ་པ་དང་འོད་དཔག་ཏུ་མེད་པ་བྱུང་ནས་སེམས་ཅན་ཐམས་ཅད་ཀྱི་ངན་དུ་ཤེས་རབ་དང་སྙིང་རྗེ་གཉིས་ཀྱི་དགའ་བ་དང་བདེ་བའི་གཟི་མདངས་དང ་ལྡན་ཏེ་ཡུལ་གྱི་ཉེས་པ་སྦྱངས་ཏེ། དེ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག་པའི་སྒོ་ནས་བསྟོད་པའོ།། ཡུམ་གྱི་ཕོ་བྲང་དུ་ཟླ་བ་བཅུ་བཞུགས་པ་ལས་སྐུ་བལྟམས་ནས་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་གནས་པ་ནི། སྦྱིན་བདག་ཆེན ་པོ་གཙོ་བོ་སྟེ་ཞེས་བྱ་བའོ།། ཡང་ན་དེ་ལྟར་གནས་ཤིང་ཡོན་ཏན་དང་ལྡན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་བཅུ་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཡོན་ཏན་ཏེ། སྦྱིན་བདག་ཆེན་པོ་གཙོ་བོ་སྟེ་ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག། བཟོད་ཆེན ་འཆང་བ་བརྟན་པ་པོ།། བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན།། བསམ་གཏན་ཆེན་པོ་ཏིང་འཛིན་གནས།། ཤེས་རབ་ཆེན་པོ་ལུས་འཚང་བ།། སྟོབས་པོ་ཆེ་ལ་ཐབས་ཆེ་བ།། བསམ་པའི་ཡེ་ཤེས་རྒྱ་མཚོ་སྟེ་ཞེས་བྱ་བས་ས་བཅུ་ལ་གནས ་པའི་བྱང་ཆུབ་སེམས་དཔའ་ལ་བསྟོད་པའོ།། དེ་ནས་འབྲས་བུ་མངོན་པར་རྫོགས་པར་མཛད་པ་ནི།། བྱམས་ཆེན་རང་བཞིན་དགའ་ལྡན་དུ་བྱམས་པ་ལ་མི་ནུབ་པར་མཛད་པའི་དབང་བསྐུར་མཛད་ནས། གླིང་བཞི་ལས་ཛམྦུའི་གླིང་དུ ་གདུལ་བྱ་འདོད་ཆགས་ཅན་དང་། ཞེ་སྡང་ཅན་གདུལ་བའི་དོན་དུ་གཤེགས་པ་ནི། རྫུ་འཕྲུལ་ཆེན་པོ་ཞེས་གསུངས་ཏེ། གླང་པོ་ཆེ་རྫུ་འཕྲུལ་དང་ལྡན་པར་སྤྲུལ་ནས་བྱུང་བའོ།། སྟོབས་ཆེན་པོ་ཕ་རོལ་གྱི་སྟེ་གནོན་པས།། སྟོབས་ཆེན་པ ་རོལ་གནོན་པ་པོ།། དེ་ནས་སྟོབས་ཤེས་པ་སྟེ། སྟོབས་བཅུ་དང་ཤིན་དུ་མྱུར་བ་དང་། ལྷ་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པས་ན་ཆེ་བར་གྲགས་ཤེས་པར་དེས་སྲིད་པའི་རི་བོ་ཆེན་པོ་འཇིམས་ཞེས་པ་སྟེ། རྫུ་འཕྲུལ ་རྣམ་པ་དུ་མ་བསྟན་ནས་སྲིད་པའི་ལམ་དུ་ཞུགས་པ་དེས་ནི་མགོན་པོ་ཞེས་པ་ཞེས་པ་སྟེ། བཅོམ་ལྡན་འང་སོ།། བླ་མ་ནི་ཡུམ་གྱི་ལུས་ཤིན་ཏུ་རྫུ་འཕྲུལ་ཆེ་ཞིང་སྟོབས་དང་ལྡན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། དུས ་གསུམ་གྱི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་གནས་ཀྱི་ཕྱིརརོ།། དེས་ན་ཕ་རོལ་གྱི་སྡེ་འཇོམས་ཤིང་ཉོན་མོངས་པ་སྤོང་བའི་དེ་ཉིད་ཀྱི་ཕྱིར་སྲིད་པའི་རི་བོ་ཆེན་པོ་འཇོམས་པས་བརྟན་ཞིང་མི་འགྱུར་བའོ།། དེའི་ཕྱིར ་འདོད་ཆགས་འཇོམས་པའོ།། ཞེ་སྡང་འཇོམས་པ་ནི་མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང་ཞེས་པ་སྟེ། ཁྲོ་བོ་འཇིགས་བྱེད་ཀྱི་སྐུ་སོ།། དེས་ན་དྲག་པོ་ཆེན་པོ་དྲག་ཤུལ་ཆེ་ཞེས་པས་ཞེ་སྡང་ཅན་འདུལ་བར་བྱེད་པ་བསྟན་ཏོ།། དེའི་དོན་ནི་ཤོས ་རབ་ཐབས་ཀྱི་སྦྱོར་བའོ།། དེས་ནི་ཕྱག་རྒྱ་བཞི་སྟོན་ལ་དེ་ལས་དོན་ཕྱིན་ཅི་མ་ལོག་པ་རྟོགས་པས་ན་བླ་མའོ།། དེའི་ཕྱིར་ན་སྐྱེད་པར་བྱེད་པའི་ཡུམ་ཉིད་།། རྩ་བའི་མངོན་རྟོགས་མཚན་རྣམས་ན།། འོད་ཟེར་བཟང་དང་ཀུན་དུ་འོང་།། མར་མེ ་མཛད་དང་སྨན་གྱི་བླ།། རིན་ཆེན་མཚོན་དང་འོད་ཀྱི་མཚན།། བྱམས་པའི་སྟོབས་དང་དཔའ་བོའི་སྡེ།། སེང་གེའི་མཚན་དང་རབ་ཏུ་འཇོམས།། ཟླ་བའི་འོད་དང་འོད་ཟེར་འཕྲོ།། རི་རབ་མཚན་དང་པདྨ་གནོན།། སྐར་མའི་རྒྱལ་དང་ཚངས་པའི་མཚན ་རྒྱུན་དུ་གནས་དང་རི་བོའི་རྩི།། རྣམ་པར་གནོན་དང་རིན་ཆེན་སྣང་།། ཡིད་དགའ་གནས་དང་འོད་དཔག་མེད།། ན་མཁའི་འོད་དང་པདྨའི་ཞབས།། དཀོན་མཆོག་བརྩེགས་དང་རབ་ཞི་འོད།། གཙུག་ཏོར་ཅན་དང་དཔེ་བྲལ་ཐུགས།། སྣང་བ་ཤ ་དང་དཀོན་མཆོག་དཔལ།། ཕྱག་གི་འོད་དང་ཐུགས་རྗེའི་གནས།། པདྨའི་སྤྱན་དང་པདྨའི་ཞལ།། ཆུ་ཡི་ལྷ་དང་ཙན་དྲན་ཕྱག། ཡོངསུ་དག་དང་ན་མཁའི་མཛོད།། འོད་ཟེར་སྣང་བ་ཀུན་ནས་སྣང་།། རིན་ཆེན་ཕྱག་དང་པདྨའི་ཕྱག། འོད་ཟེར་བཟང་དང་ཉི ་འོད།། སྲ་བས་བརྟན་དང་ཤུགས་བྱུང་བའོ།། སྤྱན་བཟང་པོ་དང་ཐུགས་རྗེའི་སྤྱནི།། བདུད་སྤྱི་འཇོམས་དང་ཉོན་མོངས་སེལ།། ན་མཁའི་བོང་དང་ཀླུའི་དབང་རྒྱུ་ལི།། གཞོནྡ་ནུའི་ལིང་དང་རྫུ་འཕྲུལ་ཙཱན། རྫྙཱ་མྦུ་ཛིན་ཡིད་དགེ་བྱ་དང་རཱི་རབ་ལྷ།། ་བྱམས་པའི་སྟོབས་དང་དགའ་བས་སྦྱིན།། རབ་གྲོལ་མཛད་དང་མི་མཉམ་གཟིགས།། ཐོགས་མིང་མཛད་དང་ཀུན་སྐྱོབ་མཛད།། སྣང་བའི་སྟོབས་དང་སྟོན་པའི་རྒྱལ།། ཐོགས་མེད་ཡེ་ཤེས་སྤྱན་ལྡན་ནོ།། ཐུགས་རྗེ་སྟོབས་དང་རྒྱ་མཚོའི་སྤྲིན།། རྒྱལ ་བིའི་བཀའ་དང་སྤྲིན་གྱི་ཤུགས།། སྤྱོད་ལམ་ཞི་དང་ལོག་དང་སེལ།། བྱམས་པའི་འོད་དང་སྤོས་ཀྱི་ཞིང་།། མཚན་མ་ཞི་དང་སྟོན་ཀའི་རྩེ།། ཆོས་ཀྱི་སྤྲིན་དང་ཡོན་ཏན་སྟེ།། འཕགས་པའི་ལཱ་མོ་དང་དྲི་མ་འོད།། མཆོག་ཏུ་དགའ་དང་དྲི་མ་མེད།། སྤྱོད་ཡུལ ་སྤངས་དང་ཀུན་ཏུ་འཕྲོ།། རྒྱལ་བའི་འོད་དང་ཕྱག་རྒྱ་ཅན།། དྲིས་ནི་སྤྲུལ་བའི་མཚན་ཉིད།། དགའ་དང་སྐད་ཅིག་བདག་ཉིད།། དེ་ལྟར་བསྟན་པ་དེས་སྤྲུལ་པ་མངལ་གྷི་སྐུ་ལ་བསྐྱོད་པའོ།། སངས་རྒྱས་རྣམ་པར་སྣང་མཛད་ཆེ་ཞེས་བྱ་བ་ནི་ཆོས ་ཀྱི་དབྱིང་སོ།། ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན་ཞེས་བྱ་བས་ནི་མེ་ལོང་ལྟ་བུ་དང་མཉམ་པ་ཉིད།། གསང་སྔགས་ཚུལ་ཆེན་ལས་བྱུང་བ།། གསང་སྔགས་ཚུལ་ཆེན་བདག་ཉིད་ཅན་ཞེས་བྱ་བས་ནི་སོ་སོར་རྟོགས་པ་དང་བྱ་བ་གྲུབ་པའོ།། ་ད་ལྟར་གྱུར་པ་ནི་འཇམ་དཔལ་སུམྦྷ་གྱི་རང་བཞིན་ཏེ། སེང་ག་དང་ནི་རབ་གསལ་བྱེད།། ཐུབ་པཱ་དང་ན་མེ་ཏོག་དང་།། མེ་ཏོག་མཛེས་དང་སྤྱན་གས་ལོ།། ཕ་རོལ་ཕྱིན་པ་བཅུ་ལ་གནས་ཞེས་བྱ་བས་ནཱཾ། སེམས་བསྒྱུང་། ་པའི་ཁྱད་པར་ཡུམ་མཱ་མ་ཀཱིའི་རང་བཞིན་ནོ།། ཕ་རོལ་ཕྱིན་བཅུ་དག་པ་སྟེ་ཞེས་བྱ་བས་ནི། སྤྱོད་པའི་ཁྱད་པར་ས་གཉིས་པ་ནས་བདུན་པ་ཡུམ་ན་བཟའ་དཀ་རོ་མོའོ།། ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ་ཞེས་བྱ་བས་ནི།། བསྒོམས་པས་སྤོང ་བའི་ལྷག་མ་བརྒྱུད་པ་དང་བཅུ་པའི་བཱར་ཏེ། ཡུམ་དམ་ཚིག་སྒྲོལ་མའི་རང་བཞིན་ཏེ། ས་མ་ཡོ་མཉམ་པར་རྟོགས་པའོ།། མགོན་པོ་ས་བཅུའི་དབང་ཕྱུག་སྟེ་ཞེས་བྱ་བས་ནི་དེ་བདག་ཉིད་སྐུ་དང་ས་བཅུ་ལ་ནི་གནས་པའོ།། ཞྭ ་བྱ་བ་ནི་དེའི་འཁོར་གྱི་བདག་ཉིད་དང་དེ་ཉིད་ནི། ས་བཅུ་གཅིག་པ་ཤེས་བཅུ་རྣམ་དག་འཆང་བ་པོ་ཞེས་བྱ་བ་ནི། སྤངས་པ་དང་། ཐོབ་པའི་ཡོན་ཏན་གཉིས་དང་ལྡན་པའི་རང་བཞིན་གྱིས་ཆོས་སྟོན་པ་ཡུམ་སངས་རྒྱས་སྤྱན ་ནི། དེ་རྣམས་ཀྱི་དོན་ནི་འབྱུང་བ་ཡུམ་གྱི་ཕོ་བྲང་དུ་ཟླ་བ་བཅུ་བཞུགས་པ་ནཱ་ས་བཅུ་དང་ལྡན་པའོ།། དེས་འགྲོ་བའི་དོན་མ་ལུས་པར་བྱེད་པས་ན་ཀུན་གྱི་དོན་ནི་མ་ལུས་བྱེད་ཅེས་བྱ་བས་ནི་དེ་ཡང་དབང་བཅུས་འགྲོ་བའི་དོན ་བྱེད་པ་དང་ལྡ་ནོ།། འོ་ན་འཇམ་དཔལ་ནི་ཡེ་ཤེས་ཀྱི་ངོ་བོ་ཡིན་ན་སྐྱེ་འགག་མི་འགལ་ལམ་ཞེ་ན། གཉིས་མེད་གཉི་སུ་མེད་པར་སྟོན་ཞེས་བྱ་བས་ནི། ལོངས་སྐུའི་བདག་ཉིད་ཀྱི་ཕྱིརརོ།། དེད་དཔོན་ཀུན་དང་ཆེན་པོའི་ཕྱག། སྟོབས ་པོ་ཆེ་དང་རྒྱུ་སྐར་རྒྱལ།། བྱང་ཆུབ་སེམས་དཔའ་སྨན་པའི་མཆོག། རྒྱན་གྲགས་པ་དང་མཚན་དང་ནི།། འོད་ཟེར་ཚེ་དང་རྣམ་གྲོལ་ལུས།། རྣམ་སྣང་མཛད་དང་སྙིང་པོ་ཉེ།། ཟབ་པའི་མཚན་དང་འོད་ཟེར་འབར།། འོད་འཕྲོ་བཟང་དང་མྱ་ངན་མེད ་སྐབས་དེ་བཞིན་དང་ཕྲེང་བ་འཆང་།། ཡོན་ཏན་འོད་དང་དོན་བསྟན་པ།། མར་མེ་མཆོག་ཅེས་བསྟན་པའོ།། ལོངས་སྐུའི་བདག་ཉིད་བསྟན་པའོ།། ཐོག་མ་མེད་པ་ཞེས་པ་ནས་བདེན་པར་སྨྲ་ཞིང་ཞེས་བྱ་བས་ནི། སྐྱེ་བ་མེད་པའི་ཆོས་ཉིད ་ལ་ཟེར་ཡང་ཀུན་རྫོབ་ཕྱག་རྒྱ་ཆེན་པོ་སྟེ་དེ་ལས་ཕྱག་རྒྱ་ཆེན་པོ་དེ་ཉིད་རྟོགས་པའི་ཕྱིརརོ།། གང་ལས་ཤེ་ན་བླ་མའི་མནི་ངག་ལས་ཏེ་ཇི་སྐད་སྨྲས་པ་དེ་བཞིན་བྱེད་ཅེས་པའོ།། དེ་བཞིན་ཉིད་གང་ཞེ་ན། གཉིས་མེད་གཉིསུ་མེད་པར་སྟོན ་བྱ་བའོ།། འོ་ན་གང་ལ་བརྟེན་ནས་རྟོགས་ཤེ་ན། དགའ་བ་བཞིའི་བདག་ཉིད་ལྷན་ཅིག་སྐྱེས་པ་ལས་ཏེ། ཡང་དག་མཐའ་ལ་རྣམ་པར་གནས་ཞེས་བྱའོ།། དེའི་ཕྱིར་ན་གདོད་མ་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་བདག་ཉིད་ལ་སྐྱེ་འགག ་དང་བྲལ་ཡང་སྣང་བ་ཐབས་ལ་བརྟེན་ནས། སྐྱེ་འགག་སྟོན་པ་སྟེ། དེའི་ཕྱིར་མི་འགལོ།། དེ་བཱས་ན་ཡང་དག་པའི་མཐའ་ཡེ་ཤེས་ཆེན་པོ་དེ་འཇམ་དཔལ་གྱི་རང་བཞིན་དུ་གན་སོ།། དེའི་དོན་ནི་སྐྱེ་བའི་མཐའ་འམ་སྲིད་པའི་མཐའ་སྤང ་པའོ།། དེས་ནི་ཆོས་སྐུ་སྟེ་དོན་དམ་པའོ།། འབར་བ་བཟང་དང་སྨན་བཟང་པོ།། མཛོད་སྤུ་འཛིན་དང་དཔའ་བོ་དང་།། བརྟན་པོར་གནས་དང་དཔལ་མགོན་ལྷ།། མཐོང་བར་དཀའ་དང་ཡོན་ཏན་ཏོག། སྒྲ་གཅན་བྱང་སེམས་སྒྲ་གཅན ་དེས་ནི་ཡུམྦྷ་ལ་བསྟོད་པའོ།། ཕྱག་རྒྱ་ཆེན་པོ་དེའི་ཡོན་ཏན་ཅི་ཡོད་ཅེ་ན། བདག་མེད་སེང་གེའི་སྒྲ་དང་ལྡན་ཞེས་བྱ་བ་ནི། དཔེར་ན་སེང་གེའི་ཕྲུག་གུ་སྐྱེས་མ་ཐག་ཏུ་གཞན་འཇོམས་པ་བཞིན་དུ། བཅོམ ་ལྡན་འདས་ལྷན་ཅིག་སྐྱེས་པའི་སྐུ་དེ་ཡང་བལྟམས་པ་ཙམ་གྱིས་བདུད་དང་མུ་སྟེགས་དང་རྣམ་རྟོག་ལས་བྱུང་བ་ཐམས་ཅད་འཇོམས་པའོ།། ཆོས་ཀྱི་སྐུའི་བདག་ཉིད་དུ་བསྟན་ཏོ།། དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོ། ་ཞེས་བྱ་བས་ནི་བར་མ་དོའི་སྐུ་ཞུ་བ་དེའི་བདག་ཉིད་དེ། རྒྱལ་བ་རྣམ་རྒྱལ་ཞེས་བྱ་བ་སྟེ་ལོངས་སྐུའོ།། འཁོར་ལོ་སྒྱུར་བ་སྟོབས་པོ་ཆེ་ཞེས་བྱ་བ་ནི་ཞུ་བ་དེའི་བདག་ཉིད་དུ་གནས། འཁོར་ལོ་སྒྱུར་བའི་རྒྱལ་པོ་ལྟ་བུའི་ལོངས་སྐུ་ལྔ ་སྣ་ཚོགས་ཀྱི་གཟུགས་ཀྱི་བདག་ཉིད་དུ་གྱུར་པའི་སྦྲུལ་སྐུ་སྟེ། ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་བདག་ཅེས་བྱ་བ་སྟེ། ཚོགས་ནི་མང་པོ་སྟེ་དཔག་ཏུ་མེད་པའི་དོན་ཏོ།། དེ་རྣམས་ཀྱི་བདག་པོར་གྱུར་པས་ན་བདག་ཅེས་བྱའོ།། མཐུ་ཆེན ་ཞེས་པ་ནི་ཇི་ལྟར་ཀུན་གྱི་རྒྱལ་བའི་སྐུ་དེ་གཅེས་པར་འཛིན་ཏོ།། དེ་ལྟར་ལྷན་ཅིག་སྐྱེས་པ་དེ་ཡང་ཤེས་པའི་བདག་ཉིད་དུ་འགྱུར་བའི་ཕྱིརོ།། ཚུལ་ཆེན་གཞན་གྱི་དྲིང་མི་འཇོག་ཅེས་བྱ་བ་ནི། ཇི་ལྟར་ཡུམ་གྱི་ཟས་ནུས ་པ་དང་ལྡན་ཞིང་རོ་མཆོག་ཐམས་ཅད་ལྡན་ཏེ། དེ་བཞིན་དུ་ལྷན་ཅིག་པའི་རང་བཞིན་དང་ལྡན་པ་རོ་ཐམས་ཅད་ཀྱི་མཆོག་ཏུ་འགྱུརརོ།། ཚིག་རྗེ་ཞེས་བྱ་བ་ནི། ཇི་ལྟར་བལྟམས་པར་གྱུར་པ་དེའི་ཚེ་ན་ཐམས་ཅད་ཀྱང ་སྐད་སྙན་པ་ཀ་ལ་བིདྨ་ལྟར་མཐའ་དག་ཤེས་པ་དེ་བཞིན་དུ་ལྷན་ཅིག་སྐྱེས་པའི་བདག་ཉིད་དུ་ཐམས་ཅད་ཀྱི་སྒྲ་ལྷན་སྐྱེས་ཀྱི་རང་བཞིན་དུའོ།། དེ་ཡང་བདེན་པ་དང་སྙན་པར་རོ།། བདེན་པ་བཞི་ནི་སྟོན་པ་པོ།། ཞེས་བྱ་བ་ནི་ལ་མོ།། དེ་ཡང ་སྐུ་བཞི་དང་འཁོར་ལོ་བཞི་དང་། དགའ་བ་བཞི་དང་སྐད་ཅིག་མ་བཞི་དང་། ཕྱག་རྒྱ་བཞི་དང་། བདེན་པ་བཞི་དང་། སྡེ་པ་བཞིའི་བདག་ཉིད་དུ་སྟོན་ཏོ།། འོ་ན་ལམ་དུ་ཇི་ལྟར་གནས་ཞེ་ན། ཕྱིར་མི་ལྡོག་པ་ཕྱིར་མི་འོང་།། འདྲེན་པ ་རང་རྒྱལ་བསེ་རུའི་ཚུལ།། ངེས་འབྱུང་སྣ་ཚོགས་ལས་བྱུང་བ།། འབྱུང་བ་ཆེན་པོ་རྒྱུ་གཅིག་པོ་ཞེས་པའོ།། དེ་བས་ན་བདེན་པ་བཞི་བདག་ཉིད་བསྡུས་པ་དང་། འབྱུང་བ་ཆེན་པོ་རྒྱུ་གཅིག་པོ་ཞེས་བྱ་བས་སྡེ་པ་བཞི་བདག་ཉིད་དུ་བསྡུས ་པའོ།། རིག་པ་དང་ནི་རྐང་པར་ལྡན།། བདེ་གཤེགས་འཇིག་རྟེན་རིག་པའི་མཆོག་ཅེས་བྱ་བས་སྐུའི་བདག་ཉིད་དུ་བསྡུས་པའོ།། དེས་ན་ཐམས་ཅད་འདུས་པའི་ཡུམ་གྱི་སྐུ་སྟེ་མངལ་གྱི་ཁྲུ་མ་ཚོས་གོས་ཏེ་རང་བཞིན་གྱིས་དགྲ་བཅོམ་པའི་དགེ་སློང ་ངོ། དེ་གཅིག་པུ་གནས་པས་རང་རྒྱལ་བའོ།། ངེས་པར་འབྱུང་བའི་རྟེན་འབྱུང་བ་ཆེན་པོ་བཞིས་བསྐྱེད་པའི་རྒྱུ་གཅིག་པོ་དང་ལྡན་པས་ཉན་ཐོས་པའོ།། ཚུལ་ཁྲིམས་མཐའ་དག་རྫོགས་ཏེ་ཟླ་བ་བཅུར་བཞུགས་པས་བྱུང ་ཆུབ་སེམས་དཔའོ།། ཐབས་དང་ཤེས་རབ་ཀྱི་སྐུར་རྫོགས་ཤིང་རྒྱུན་མི་འཆང་བའི་གསང་སྔགས་དང་ལྡན་པས་ཕྱག་རྒྱ་ཆེན་པོའི་སྡོམ་པ་རྫོགས་པ་ན་བདེ་བར་གཤེགས་པའོ།། ཚངས་པའི་མཚན་དང་སྟོབས་པོ་ཆེ།། རིག ་པས་འཛིན་དང་འོད་མཛད་པ།། ཆེན་པོའི་རི་དང་རྒྱལ་བའི་མཚན།། འཇིགས་པར་བྱེད་དང་རིན་ཆེན་དང་།། པདྨའི་སྡེ་དང་སྟོབས་དང་ནི།། མེ་ཏོག་འོད་དང་ཡེ་ཤེས་འོད།། ལྷ་མིན་འོད་དང་ཚངས་པ་དང་།། འོད་དཔག་མེད ་དང་ཀླུ་སྦྱིན་ནས།། རིམ་པར་སྟོན་དང་དོན་ཡོད་མཐོང་།། དང་པོ་སྦྱིན་དང་མི་ལྡང་བ།། སེང་རྒྱལ་མཚན་དང་ཁམས་གསུམ་སྡུད།། ཆོས་མོས་དང་ནི་དགའ་བའི་རྒྱལ།། དོན་ཆགས་པ་དང་དགའ་བར་མཛད།། ཆུ་ཡི་ལྷ་དང་ཡོན་ཏན་ལགས ་སྤོས་གླང་པོ་དང་དོན་ཡོད་དབྱངས།། ཐུབ་བཟང་པོ་དང་ཟླ་བ་དང་།། ཟླ་འོད་གྲགས་དང་གླང་ཆེན་སྟོབས།། གཙུག་ནོར་བུ་དང་དྲག་པོ་དང་།། སེང་གེ་མཆོད་དང་ངང་པའི་འགྲོས།། དོན་རྣམས་རྒྱལ་དང་ཤེས་རབ་བརྩེགས།། ལེགས་པར ་གནས་དང་བློ་གྲོས་བརྟན།། ཡན་ལག་བྱུང་དང་བདུད་རྩི་ཤེས།། ལུས་བཟང་པོ་དང་ཡེ་ཤེས་ལྡན།། འོད་འཕྲོ་བ་དང་དཀའ་ཐུབ་གནས།། བཀྲ་ཤིས་འབྱུང་དང་བདེན་སྨྲ་དང་།། པདྨ་དང་ནི་མི་ཡི་ཐེག། ཨུཏྤ་ལ་དང་ཡེ་ཤེས་བློ།། བློ་དྲི་བྲལ ་དང་ཚངས་པས་བྱིན།། རིན་ཆེན་མཛོད་དང་མེ་ཏོག་ལྷ།། ལེགས་བསམས་དོན་དང་དབང་ཕྱུག་ཆོས།། བློ་གྲོས་གྲགས་དང་རྣམ་པར་རོལ།། ཤེས་པ་མཆོག་དང་མང་པོའི་ལྷ།། དྲི་མཆོག་དང་ནི་ཤེས་རབ་ཟེར།། རིན་ཆེན་སྙིང་དང་གྲོང་ཁྱེར ་མཐོང་།། ཟླ་བའི་འོད་དང་ཆེས་པའི་མཆོག། ཡིད་ཀྱི་ཡུལ་དང་ཡོན་ཏན་གྲགས།། ཟླ་བ་བསིལ་དང་གསང་བའི་འོད།། སེང་གེའི་ཏོག་དང་ལུགས་ལས་བཟློག། སྙིང་པོ་དཔལ་དང་དངོས་མཐར་སྟོན།། གློག་གི་འོད་དང་སེང་གེ་སྦྱིན།། ་གཞན་གྱིས་མི་ཐུབ་ཅེས་པའོ།། རིག་པའི་མཆོག་བདག་གིར་མི་འཛིན་པར་མི་འཛིན།། བདེན་པ་གཉིས་ཀྱི་ཚུལ་ལ་གནས་ཞེས་པས་ནི་ཐབས་ཤེས་རབ་སེམས་ཀྱི་རང་བཞིན་ཉིད་ཀྱི་སྡོམ་པར་གྲུབ་པོ།། དེས་ཇི་ལྟར་བུ་ཞིག་སྤངས་ཤེ་ན།། འཁོར་བའི་ཕ ་རོལ་མཐར་སོན་པ།། བྱ་བ་བྱས་པ་སྐམ་སར་གནས་ཞེས་པའོ།། འབྲས་བུ་གང་དང་ལྡན་ཞེ་ན། ཡེ་ཤེས་འབའ་ཞིག་ལས་འབྱུང་བ་ཞེས་བྱ་བའི་ཡོན་ཏན་གྱི་ཁྱད་པར་ཅི་ཞེ་ན། ཆོས་དབྱིངས་དམ་པ་ཟད་མི་ཤེས་བྱ་བས་སོ།། འོ་ན་གདུལ་བྱ ་གང་ལ་སྣང་ཞེ་ན། བསོད་ནམས་ལྡན་པ་ཞེས་པའོ།། ཡེ་ཤེས་ཡེ་ཤེས་ཁྱད་པར་ཚེ་ནི་ལུས་དང་སེམས་ཐ་དད་དུ་འདོད་པ་ཉན་ཐོས་རང་རྒྱལ་བ་དང་། བྱང་ཆུབ་སེམས་དཔའ་ཡིན་ལ། དེ་ལས་ཁྱད་པར་དུ་གྱུར་པ་ནི་ཡེ་ཤེས་ལྡན་པ་སྟེ། ་ཡོད་པ་ལུས་མེད་སེམས་གཉིས་ལྡན་པར་ཤེས་པའོ།། དེས་ཁྱད་པར་ཆེའོ།། འོན་ཏེ་རྟོགས་པའི་གང་ཟག་དེ་ཚོགས་གཉིས་རྫོགས་ཤིང་དུས་རྟག་ཏུ་རྣལ་འབྱོར་གུས་པའི་གང་ཟག་གིསོ།། དེ་ཇི་ལྟར་བསམ་གཏན་བདེ་བ་དང་རིག་པ་དབྱེར་མེད ་ཅིང་མི་གཡོ་བ་སྟེ། དེའི་ཕྱིར་བསམ་གཏན་བསམ་བྱ་བློ་ལྡན་མཆོག་ཅེས་བྱ་བས་བསྟན་ཏོ།། དེ་ལ་བསྡུ་བའི་དོན་ནི་འདི་ལྟར་སངས་རྒྱས་ཤེས་པས་ནི་རྡོ་རྗེ་གླུས་ནི་བསྐུལ་བའོ།། བྱམས་ཆེན་རང་བཞིན་ཞེས་པས་ནི། དགའ་ལྡན་གནས ་ནས་བསྐུལ་བའོ།། རྫུ་འཕྲུལ་ཆེན་པོར་ཆར་གྲགས་པོ།། གླང་ཆེན་ལྟ་བུར་གཤེགས་པའོ།། མཆོད་པ་ཆེན་པོ་ཞེས་བྱ་བས། རྒྱུ་ལྔས་འབྲས་བུ་བསྐྱེད་པའོ།། སངས་རྒྱས་རྣམ་པར་སྣང་མཛད་ཆེ།། ཕོ་བྲང་དབྱིངས་ན་བཞུགས་པའོ།། 29 ་ལོ་སྒྱུར་བ་སྟོབས་པོ་ཆེ།། ཐམས་ཅད་ཟིལ་མནན་བཀྲ་ཤིས་བརྗོད་ཅེས་པའོ།། དེ་ལ་དོན་ནི་འདི་ཡིན་ཏེ། ཚོགས་གཉིས་ཡོངསུ་རྫོགས་པ་ཡིས།། དྷརྨ་དྷཱ་ཏུ་ལུས་དབུསུ།། དེ་ནས་ཡེ་ཤེས་ལྔ་བསྒོམས་ཏེ།། དེ་ལྟར ་མཚན་ནི་བརྗོད་པར་བྱ།། ཡེ་ཤེས་ལྔའི་དཀྱིལ་འཁོར་ལ།། ཚིགས་བཅད་སུམ་ཅུ་རྐང་པ་གཉིས།། མཚན་ནི་ཉིས་བརྒྱ་ལྔ་བཅུ་གཉིས།། གཙོ་ལ་རྩ་གསུམ་གཞན་ལ་རེ་རེ་ལྷག། ཡེ་ཤེས་ལྔ་ཡི་དཀྱིལ་འཁོར་བསྟན་པའོ།། ད་ནི་རྡོ་རྗེ་འཇིགས་བྱེད་ཀྱི ་དཀྱིལ་འཁོར་བསྟན་པར་བྱ་སྟེ།། ཡུམ་དང་འཁོར་དང་ཕོ་བྲང་སྟེ།། དེའི་ཕྱིར་སོ་སོ་རང་རིག་མི་གཡོ་བའོ།། མཆོག་གི་དང་པོ་སྐུ་གསུམ་འཆང་ཞེས་བྱ་བ་ནི། ཡེ་ཤེས་ཀྱི་སྐུ་དེ་ཉིད་མཐིང་ག་ཆོས་སྐུའི་རང་བཞིན།། ཁྲོ་བོའི་རྣམ་པ་ནི། ལོངས་སྐུ་སྤྲུལ ་བ་འཕྲོ་བ་ནི་སྦྲུལ་སྐུའོ།། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན་ཞེས་བྱ་བས་ནི། ཐབས་ཀྱི་བདག་ཉིད་སྐུ་དང་ཡུམ་གྱིས་བསྐྱེད་པའི་སྐུ་བསྟན་ཏོ།། སངས་རྒྱས་སྲས་པོ་དམ་པའི་མཆོག་ཅེས་བྱ་བས་ནི། ཡུམ་གྱིས་གནས་ཆོས་ཀྱི་དབྱིངས་ལ ་བཞུགས་པའོ།། དེ་ཡང་སྐུ་ལྔའི་བདག་ཉིད་དེ་རིགས་ལྔས་བྱིན་གྱིས་བརླབ་པའོ།། དེ་ནི་དབུས་ཀྱི་ཡུམ་གྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་བསྟན་ཏེ། ཤེས་པ་སྲིད་འབྱུང་སྐྱེ་གནས་མེད་ཅེས་བྱ་བའི་དོན་ཏོ།། སྐྱེ་བའི་གནས་མེད་པ་ཅི་ཞེ་ན། ཆོས ་ལས་འབྱུང་བ་སྲིད་པ་སེལ་ཞེས་པའོ།། དེའི་རང་བཞིན་ཅི་ཞེ་ན། གཅིག་ཏུ་སྲ་མཁྲེགས་རྡོ་རྗེའི་བདག་ཅེས་པའོ།། ནམ་མཁའ་ལས་བྱུང་རང་འབྱུང་བ་ཞེས་བྱ་བ་ནི། ནམ་མཁའ་ནས་འབྱུང་བའི་སྐུའི་ཤེས་རབ་ཅེས་བྱ་བ་ནི་ཤེས་རབ་པོ།། ་ཡེ་ཤེས་ནི་ཡེ་ཤེསོ།། མེ་བོ་ཆེ་ཞེས་པ་ནས། གཟི་བརྗིད་ཆེན་པོ་འོད་གསལ་བ་ཞེས་པ་ནི་ཐབ་སོ།། སྔགས་མཆོག་སྔགས་བདག་རིག་སྔགས་རྒྱལ།། གསང་སྔགས་རྒྱལ་པོ་དོན་ཆེན་བྱེད་ཅེས་བྱ་བས་ནི། སྔགས་ཀྱི་བདག་པོ་བར་དུ ་གཅོད་པ་སེལ་བ་རྣམ་སོ།། གཙུག་ཏོར་ཆེན་པོ་རྨད་འབྱུང་གཙུག་ཅེས་པ་ནི། གཙོ་བོ་རྣམ་པ་ལྔའི་བདག་ཉིད་དེས་ཁྲོ་བོའི་བདག་ཉིད་།། ན་མཁའི་བདག་པོ་སྣ་ཚོགས་སྟོན། ཞེས་བྱ་བ་ནི་དེ་རྣམས་ཀྱི་སྤྲུལ་པའོ།། སངས་རྒྱས་ཀུན་གྱི་སྐུ་ཡི ་མཆོག། འགྲོ་ཀུན་དགའ་བའི་མིག་དང་ལྡན་ཞེས་བྱ་བས་ནི། རིགས་ལྔ་དང་ཡུམ་ལྔའོ།། དེ་ཡང་ཞལ་གྱི་འོད་ཟེར་དང་སྐུའི་འོད་ཟེར་དང་སྐུའི་འོད་ཟེར་གྱིས་བསྐྱེད་པ་ནི། སྣ་ཚོགས་གཟུགས་ཅན་སྐྱེད་པ་པོ།། དྲང་སྲོང་ཆེ་དགུས་མཆོད་ཅིང ་བརྗོད་ཅེས་བྱ་བས་སྐུ་དཔག་ཏུ་མེད་པ་སྲུང་བ་དེ་ཡང་དྲང་སྲོང་གི་ཆ་བྱད་ཅན་གྱི་དེ་ལ་མཆོད་ཅིང་ཤིས་པ་བརྗོད་པའོ།། དེ་ལ་དོན་ནི་འདི་ཡིན་ཏེ། ཚོགས་གཉིས་བསགས་པ་དང་། གཞལ་ཡས་ཁང་བསྐྱེད་པ་ནི། ཚོམ་བུ་ལྔ་དང་ལྡན ་པ་འཁོར་ལོ་རྩིབས་བཅུ་དྲུག་གྲུ་ཆད་བཞི་དང་རྟ་བབས་དང་། སྒོ་དང་དྲ་བ་དང་དྲ་བ་ཕྱེད་པ་དང་ལྡན་ཞིང་ཤིན་ཏུ་མཛེས་པའི་ནང་།། སེང་གེ་དང་། གླང་པོ་ཆེ་དང་། རྟ་དང་རྨ་བྱ་དང་། ཤང་ཤང་ངོ་།། དེའི་སྟེང་དུ་ལྷ་ཆེན་པོ་དང་། དྲི་ཟ་དང ་གཤིན་རྗེ་དང་གནོད་སྦྱིན།། དེའི་སྟེང་དུ་ཉི་མའོ།། ས་བོན་ཨ་ལས་བསྐྱེད་པ་ནི་དབུས་སུ་འཇིགས་བྱེད་ཆེན་པོའི་སྐུ་མདོག་མཐིང་ག་མཆེ་བ་གཙིགས་པ། ཞབས་བརྐྱ་ངོ་བསྐུམ་དུ་བཞུགས་པ་ས་གནོན་གྱིས་ཕྱག་རྒྱ་ཅ་ནོ།། དེའི ་ཐུགས་ཀར་ཤེས་རབ་འཁོར་ལོ།། དེའི་སྟེང་དུ་ཉི་མའི་སྟེང་དུ་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་མཐིང་གཞལ་དྲུག་པ་རྟུལ་པའི་ཐོར་ཅོག་ཅན་སྐྱེད་ན་ཡང་དག་བྱར་རྫོགས་པའི་སྣངས་རྒྱས་དྲུག་བཞུག། ་པ་ཕྱག་དྲུག་ནི་གཡས་ན་ཀེང་རུས་ཀྱི་དབྱུག་པ་དང་མདའ་གཞུ་དང་རིལ་གྲིའོ།། གཡོན་ན་རྡོ་རྗེ་དང་སྣ་ཚོགས་རྡོ་རྗེ་དང་མདུང་བསྣམས་པའོ།། དེ་ལས་སྤྲུལ་པའི་སྐུ་དྲུག་འཕྲོ་བ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་ཞབས་བཞི ་སྡུ་བའི་དངོས་པོ་བཞིའི་རང་བཞིན་བརྐྱང་བསྐུམ་དུ་ཞུགུས་པའོ།། དེ་རྣམས་ལ་བསྟོད་པ་ནི། སོ་སོ་རང་རིག་མི་གཡོ་བ་ཞེས་བྱ་བ་ན་སི། ཆོས་ལས་འབྱུང་བ་སྲིད་པ་སེལ་ཞེས་བྱ་བས་ནི་ཤེས་རབ་འཁོར་ལོ་ལ་བསྟོད་པའོ།། ་སྐར་མ་ལམ་མེ་བ་ཅེས་བྱ་བས་ནི་གཙོ་བོ་ལ་བསྐྱོད་པའོ།། རྡོ་རྗེ་འཇིགས་བྱེང་འཇིགས་པར་བྱེད་ཅེས་བྱ་བས་ནི་ཡེ་ཤེས་སེམས་དཔའ་ཉིད་ལ་བསྟོད་མཚན་ནི། རྒྱལ་བའི་ཏོག་དང་རབ་གྲུབ་གྲགས།། བརྩོན་འགྲུས་བརྟན་དང་དཔེ་བྲལ་གྲགས། ་ཏུ་གྲགས་དང་དགྲ་བཅོམ་ལྷ།། མར་མ་ཆེ་དང་འཇིག་རྟེན་འོད།། དཔའ་བོ་དྲྀ་དང་ཡོན་ཏན་འཛིན།། མུན་པ་བྲལ་དང་སེང་གེ་སྨྲས།། རིན་ཆེན་གྲགས་དང་ཞི་རབ་སྨོན།། ཡིད་སྐྱེས་ཟླ་དང་ལེགས་པར་སྟོན།། རྒྱལ་མཚན་གཟུགས་དང་ནོར་བུ་བཟང ་རི་བོའི་རྩེ་དང་ཆོས་འབྱུང་གནས།། དོན་རྣམ་པ་དང་ཆོས་སྦྱིན་པ།། རིན་ཆེན་གནས་དང་དབང་པོ་རྒྱལ།། སེང་གེའི་མནན་དང་ངོ་བོའི་གནས།། བསྐལ་བྲལ་གདུགས་དང་ཐམས་ཅད་དཔལ།། སེང་གེ་སྒྲ་དང་ཐམས་ཅད་འཕགས།། ས ་སྒྲ་དང་ཡོན་ཏན་ཕྲེང་།། མེ་ཏོག་རི་དང་དབྱངས་ལྡ་ནོ།། དབང་ཕྱུག་དྲི་དང་ཤིན་ཏུ་དགའ།། སྟོབས་ཀྱི་ལྷ་དང་བདེན་པར་སྨྲ།། ཀླུ་ཡཱི་ཕྱག་དང་རྒྱལ་མཚན་དང་།། རྒྱལ་བའི་བློ་དང་ཡེ་ཤེས་ཁྱབ།། བདུད་རྩི་འགྲོ་དང་ཉི་མ་འཆད།། བློ་རབ ་ཞོ་དང་གཟུགས་མཐའ་ཡས།། རྒྱལ་བ་སྭ་བྱིན་དང་སྣང་བར་མཛད།། རིན་ཆེན་ཏོག་དང་དོན་གྲུབ་དང་།། ལེགས་པར་ཞི་དང་རྟོགས་པ་འཆང་།། མེ་ཏོག་དང་ནི་དབང་པོ་རྒྱལ།། གཟི་བརྗིད་ཅན་དང་དོན་སྟོན་མཛད།། ཚེ་དཔག ་མེད་དང་ཁྲོ་དབང་ཕྱུག། དོན་གནས་ཅན་དང་མི་ཤིགས་གྲགས།། མྱ་ངན་མེད་དང་དྲི་མ་བྲལ།། དྲི་མ་བྲལ་བའི་ལྷ་ཞེས་པའོ།། རྡོ་རྗེ་འཇིགས་བྱེད་དུར་ཁྲོད་བདག། འཇོམས་མཛད་རྒྱལ་དྲང་རྣམ་པར་འཕྲུལ།། ཁམས ་གསུམ་རྒྱལ་དང་རྒྱུ་འཕྲུལ་དྲ།། རྣམ་པར་འཇོམས་དང་མེ་ལྟར་འབར།། པི་ལོ་ཀི་དང་གཞན་གྱིས་མི་ཐུབ་པའོ།། མི་གཡོ་བ་དང་རྡོ་རྗེ་ཁུ་ཚུར་ཞེས་པའོ།། དེ་ནས་ཡུམ་བཞི་གཙོ་བོ་ལ་འཁྲིལ་པ།། དཀར་པོ་དང་དམར་པོ ་དང་། སེར་པོ་དང་ལྗང་གུའི་མདོག་གོ།། གླང་པོའི་པགླས་པ་འཛིན་པའི་ཕྱག་གི་གཡོན་ན་ཨུཏྤ་ལའོ།། དེ་ལ་བསྟོད་པ་ནི་སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས་ཞེས་པས་ནི། ཐེགས་པ་མཆོག་གསུམ་སྟོན་པའོ་ཞེས ་བྱ་བས་ཚིག་རྐང་ལྔས་བསྟོད་པའོ།། རིགས་ལྔ་ནི་སེང་གེའི་སྟེང་ན་རྣམ་པར་སྣང་མཛད་མདོག་དཀར་པོ་ཞབས་བརྐྱང་བསྐུམ་དུ་བཞུགས་པ། ཕྱག་ན་གཞུ་བསྣམས་པ་རལ་པའི་ཐོར་ཚུགས་ཅནོ།། བསྟོད་པ་ནི་དོན ་ཡོད་ཞགས་པ་རྣམ་པར་རྒྱ་ལ་ཞེས་བྱ་བས་བསྟོད་པའོ།། རིན་ཆེན་འབྱུང་ལྡན་རྟའི་སྟེང་ན་མདོག་སེར་པོ་ཞབས་བརྐྱང་བསྐུམ་དུ་བཞུགས་པ། ཕྱག་ན་དུར་ཁྲོད་ཀྱི་རས་འཛིན་པ་རལ་པའི་ཐོར་ཚུགས་ཅ་ནོ།། བསྟོད་པ་ནི ་ཧ་ལ་ཧ་ལ་གདོང་བརྒྱ་པ།། གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ་ཞེས་པས་བསྟོད་པའོ།། སྣང་བ་མཐའ་ཡས་རྨ་བྱ་དང་ཆུ་ལྷའི་སྟེང་ན་ཞབས་བརྐྱང་བསྐུམ་དུ་བཞུགས་པ་མདོག་དམར་པོ་ཕྱག་ན་མདུང་བསྣམས་པ། རལ་པའི ་ཐོར་ཚུགས་ཅནོ།། བསྟོད་པ་ནི་རྡོ་རྗེ་སྙིང་པོ་མཁའ་འདྲ་བ།། མི་གཡོ་རལ་པ་གཅིག་གིས་བསྒྱིངས་ཞེས་པསོ།། དོན་ཡོད་གྲུབ་པ་ནི་མདོག་ལྗང་གུ་ཤང་ཤང་དང་གནོད་སྦྱིན་གྱི་སྟེང་ན་ཞབས་བརྐྱང་བསྐུམ་དུ་བཞུགས་པ་ཕྱག ་ན་རྡོ་རྗེའི་ཐོ་བ་བསྣམས་པ་རལ་པའི་ཐོར་ཚུགས་ཅནོ།། བསྟོད་པ་ནི་རྡོ་རྗེ་དྲག་པོ་རྡོ་རྗེ་སྙིང་ཞེས་པསོ།། དེའི་མཚན་ནི་འདོད་པའི་རྒྱལ་དང་ཟླ་བའི་གཙོ།། གནོད་མཛེས་དང་ནཱི་ཧཱུཾ་མཛ་།། རྡོ་རྗེ་གནོད་སྦྱིན་རྡོར་ལྕགས་ཀྱུ།། བདུད ་རྩི་འཁྱིལ་དང་པདྨོ་འཁྱིལ།། ཕྱག་ན་རྡོ་རྗེ་རྡོར་ཁྲག་འཐུང་།། རྡོ་རྗེ་ལྕགས་སྒྲོགས་སྟོབས་པོ་ཆེ།། རྡོ་རྗེ་ཞགས་པ་རྟ་མགྲིན་དང་།། དྲག་པོ་ཆེ་དང་འཁོར་ལོའོ།། དང་པོས་མཚན་དང་ཡོན་ཏན་དང་ཁ་དོག་གོ།། གཉིས་པས་ནི་མདོག་པ ་མཚན།། གསུམ་པས་མཚན་དང་མདོག་དང་སྐུ་དང་། ཐབས་དང་ཤེས་རབ་ཀྱི་གནསོ།། བཞི་པས་མཚན་དང་མདོག་དང་རྒྱན་ཆའོ།། འཁོར་ལོའི་རྩིབས་ཆེན་བཞི་རྣམས།། ནང་གི་དུར་ཁྲོད་དེ་ཨག་ནི་པྲ་བ་དང་། མ་རི་ཧ ་ཧ་ཁ་དང་། བེ་ར་བ་ཛྭ་ལྀ་ཁོར་བ་དང་། མ་རུ་རྩེ་འགའ་ན། ནང་རོའི་སྟེང་ན་ཉི་མཱ་ལ་བརྐྱང་བསྐུམ་དུ་བཞུགས་པའོ།། ནང་གི་ལྷ་མོ་བཞི་ནི། དཀར་མོ་དང་། སྡེར་མོ་དང་། དམར་མོ་དང་། ལྗང་གུའི་མདོག་ཅན་གྱི་ཁྲོ་མོ་ཞབས ་བརྐྱང་བསྐུམ་དུ་བཞུགས་པ། རོའི་སྟེང་ན་རོལ་པའི་ཚུལ་ཅན་ཕྱག་ན་མིའི་མགོ་བོ་དང་། རྒྱུ་མ་དང་། ཅང་ཏེའུ་དང་། རྐང་པའོ།། ཉི་མའི་འོད་ཅན་ཉི་མའི་གདན་ལ་བཞུགས་པའོ།། གྲགས་ཆེན་ཧ་ཧ་ཞེས་པ་ནས། ་རྡོ་རྗེ་གང་མོ་ཆེར་སྒྲོགས་པ་ཞེས་བྱ་བས་བསྟོད་དེ། དེའི་མཚན་ནི་འདི་ཡིན་ཏེ། དབྱུག་སྔོན་ཅན་དང་འཇིགས་བྱེད་ཚ།། ན་མཁའི་མདོག་དང་དྲག་ཤུལ་འཇོམས།། རྡོ་རྗེ་སྐུའི་བདག་རྡོར་དབང་སྒྱུར།། བདུད་སྡེ་འཇོམས ་དང་ཞགས་པ་ཆེ།། ནག་པོ་ཆེ་དང་ཞི་སྡང་འཇོམསོ།། དེའི་དོན་ནི་འདི་ཡིན་ཏེ། འདོད་ཆགས་ང་རྒྱལ་ཕྲག་དོག་དང་།། ཞེ་སྡང་ལ་སོགས་འཇོམས་མཛད་མའོ།། འཁོར་ལོ་བཅུ་དྲུག་ལྔ་ཤེས་རབ་ཀྱི་སེམས་དཔའ ་བཅུ་དྲུག་ནཱི། གདན་ནཱི་མི་དྲང་གླང་པོ་ཆེ་དང་མ་ཧེ་དང་བོང་བུ་བཞིའི་སྟེང་ན་ཉི་མའི་དཀྱིལ་འཁོར་གྱི་སྟེང་ན་ཞབས་བརྐྱང་བསྐུམ་དུ་བཞུགས་པ། མདོག་དཀར་པོ་ཕྱག་ན་རྡོ་རྗེ་དང་གྲི་གུག་དང་། མདའ་དང་ལག་པ ་རྣམས་འཛིན་པའོ།། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ་ཞེས་བྱ་བས་ནས། མཚོན་དུ་རྡོ་རྗེ་མདའ་ཐོགས་པ་ཞེས་བྱ་བས་བསྟོད།། གདན་ནི་རྔ་མོ་དང་ཁྱི་དང་འུག་པ་དང་། ཝའི་སྟེང་ན་ཉི་མའི་སྟེང་དུ་ཞབས་བརྐྱང་བསྐུམ་དུ ་བཞུགས་པ། མདོག་སེར་པོ་ཕྱག་ན་ཆུ་གྲི་དང་རལ་གྲི་དང་། འཁོར་ལོ་དང་། ཤང་ལང་བསྣམས་པའོ།། རྡོ་རྗེ་རལ་གྲི་མ་ལུས་གཅོད་ཅེས་པ་ནས། རྡོ་རྗེ་གཅིག་པུ་གཡུལ་སེལ་བ་ཞེས་བྱ་བས་བསྟོད།། གདན་ནི ་ནི་བྱ་རྒོད་དང་འུག་པ་དང་། བྱ་རོག་དང་ནེ་ཅོའི་སྟེང་དུ་ཉི་མ་ལ་ཞབས་བརྐྱང་བསྐུམ་དུ་བཞུགས་པ་མདོག་དམར་པོ།། ཕྱག་ན་དབྱུག་ཏོ་དང་ཁ་ཊྭཱཾ་ག་དང་གསལ་ཤིང་དང་ཐོང་ཚལ་བསྣམས་པའོ།། རྡོ་རྗེ་འབར་བ་མིག་མི་བཟང་།། སྐྲ་ཡང ་རྡོ་རྗེ་འབར་བ་སྟེ་ཞེས་བྱ་བས་བསྟོད།། གདན་ནི་ཁྭ་དང་ཀང་ཀ་དང་། སྲིན་བྱ་དང་། ཁྲུང་ཁྲུང་གོ་སྟེང་དུ་ཉི་མ་ལ། ཞབས་བརྐྱང་བསྐུམ་དུ་བཞུགས་པ། མདོག་ལྗང་གུ་ཕྱག་ན་རྩེ་གསུམ་པ་དང་། ཕུ་བ་དང་སྟ་རེ་དང་གཏུན་ཁུ་།། ལུས་ནི་རྡོ་རྗེའི ་བ་སྤུ་ཅན།། རྡོ་རྗེ་སྤུ་ནི་གཅིག་པུ་ལུས།། སེན་མོ་སྐྱེས་པ་རྡོ་རྗེ་ཆེ།། རྡོ་རྗེ་སྙིང་པོ་པགས་པ་མ་ཁྲེགས་ཞེས་བྱ་བས་བསྟོད་པའོ།། དེ་རྣམས་ཀྱི་མཚན་ནི། འོད་ཟེར་འཕྱི་དང་བདུད་སྡེ་འཇོམས།། དྲག་ཤུལ་འཇོམས་དང་ཤུགས་ཆེན་ནོ།། ཤིན་ཏུ་ཁྲུས ་དང་ཁྲག་འཛག་དང་།། ཐོད་པ་འཆང་དང་ཨུཏྤལ་མདོག། རྡོ་རྗེ་འདུས་དང་ཕྲིན་ལས་མཛད།། གཏུམ་ཁྲོ་འབར་དང་རྔ་བོ་ཆེ།། ཁམས་གསུམ་འཇོམས་དང་དྲག་པོའི་སྟོབས།། ཐལ་བའི་མདོག་དང་མ་ཧེའི་ཞལ།། བདུད་རྩི་ཕྱག་དང་ན་མཁའི་མདོག ་དྲ་བའི་འོད་དང་མི་ཤིགས་བསྣམས།། ཐུགས་རྗེའི་ཞགས་དང་རིན་ཆེན་ཞགས།། པདྨ་ཁྲོས་དང་རྡོ་རྗེ་ཁྲོས།། ཞེས་པ་སོ།། གྲུ་ཆད་ལྷ་མོ་བཞི་པོ་ནི།། ཕྱིའི་དུར་ཁྲོད་དེ། བི་བི་ཤ་དང་། ཛྭ་ལ་པ་ར་པ་ཏ་དང་། འགའ་ན་དུ་ཁ~ཾ་དང་། པ་རི་ཁྲེ་ཏ་དང་། བཞིའི ་ནང་ན་རོའི་སྟེང་། ཉི་མ་ལ་བརྐྱང་བསྐུམ་དུ་བཞུགས་པ། མདོག་ཤེལ་གྱི་མདོག་དང་། གསེར་བཅོམ་དང་པདྨ་རཱ་ག་དང་ཨིནྡྲ་ནཱི་ལ་ལྟ་བུ། ཕྱག་ན་རླུང་གི་རས་དང་འཕན་ལྕེ་གསུམ་པ་དང་མེ་ཐབ་དང་ཀཱ་པཱ་ལ་བསྣམས་པའོ།། བསྟོད་པ་ནི་རྡོ་རྗེ་ཕྲེང ་ཐོགས་དཔལ་དང་ལྡན།། རྡོ་རྗེ་རྒྱན་གྱིས་བརྒྱན་པ་སྟེ་ཞེས་པའོ།། མཚན་ནི་ལས་ཀྱི་ཁྲོས་དང་རིན་ཆེན་ཁྲོས།། སྒོ་མ་བཞི་ནི་ཉི་མའི་གདན་ལ་ཞབས་བརྐྱང་བསྐུམ་དུ་བཞུགས་པའོ།། མདོག་ནག་པོ་སེར་པོ་དམར་པོ་སྣ་ཚོགས་པའོ།། ཕྱག་ན་ལྕག ་ཀྱུ་དང་ཞགས་པ་སྡིགས་མཛུབ་དང་དྲིལ་བུ་བསྣམས་པའོ།། བསྟོད་པ་ནི་གད་བརྒྱངས་ཧ་ཧ་ངེས་པར་སྒྲོགས་ཞེས་བྱ་བས་སོ།། མཚན་ནི་འབར་བའི་འོད་དབྱུག་པ་སྔོ་ཞེས་བྱ་བས་བསྟོད་པའོ།། དེའི་དོན་ནི། དཀྱིལ་འཁོར་ལྷ་རྣམས་རྫོགས་བསྒོམ་དང་། ་ཐམས་ཅད་འཇམ་དཔལ་བསྐུར་བསྡུས་ནས།། འཇིགས་བྱེད་ཆེན་པོར་གྱུར་པ་ནི།། རྣམ་ཐར་བརྒྱད་ལྡན་ཞལ་བརྒྱད་པ།། སྤྱན་ནི་ཉི་ཤུ་རྩ་བཞིར་མཛེས།། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན།། དོ་ཤལ་པོ་ཤལ་མི་མགོ་བརྒྱ།། ཕྱག་ནི་སུམ་ཅུ་རྩ་གཉིས ་མཛེས།། བྱང་ཆུབ་ཕྱོགས་རྣམས་ཡོངསུ་རྫོགས།། ཞབས་ནི་བཅུ་དྲུག་གདུག་པ་གནོན་ནམ།། སྟོང་པ་བཅུ་དྲུག་ཡོངསུ་དྲག། མཚན་མ་འགྲེང་བ་ཆགས་པ་སྟེ། ཁྲོ་བོས་ཤེས་རབ་ཤེས་རབ་གསལ།། རྟེན་གྱི་གཞལ་ཡས་དེ་བསྒོམ་བྱ།། དེ ་ནི་ཤིན་ཏུ་ཁྲོས་པའི་གནས།། ཤིན་ཏུ་འཇིགས་པ་དུར་ཁྲོད་གནས།། ཐབས་དང་ཤེས་རབ་ཡེ་ཤེས་ཀྱི།། རོལ་པའི་དཀྱིལ་འཁོར་དེ་ལ་བརྟེན།། ཞི་དང་རྒྱས་དང་དབང་དང་དགུག། བསད་པའི་འཁྲུལ་འཁོར་བཅུ་དྲུག་སྟེ།། སྒྲུབ་པ་རིག ་ཀྱི་འཁོར་ལོ་ལྔ།། བསྡུས་པའི་འཁོར་ལོ་དེར་བསྡུས་པས།། ཉི་ཤུ་རྩ་གཅིག་འཁྲུལ་འཁོར་ནི།། གདམས་ངག་གཞན་དུ་ཤེས་པར་བྱ།། ཚིག་རྐང་བཅུ་བདུན་རྐང་པ་གཅིག། མ་ཚང་མཚན་ནི་བརྒྱ་རྩ་བདུན།། བཅུ་བཅུ་ལྷག ་ལ་གཙོ་བོ་ལ།། རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་བསྟན་པའོ།། ད་ནི་འཇམ་དཔལ་རོལ་པའི་འཁོར་ལོ་བསྟན་པའི་ཕྱིར། དེ་ཉིད་ཀྱི་སྐུ་བསྐྱེད་པ་དང་བསྲུང་བའོ།། ང་ནི་སྐུ་འཇིག་རྟེན་དུ་བྱུང་བའི་ཚུལ་སྟོན་པ་ནི། ད་ནི་འདི་ཡིན་ཏེ། ་ཡི་གེ་དྲུག་པ་རྡོ་རྗེའི་སྒྲ་ཞེས་པ་ནས། ཕྱོགས་བཅུ་ཆོས་ཀྱི་རྔ་བོ་ཆེ།། ཞེས་པས་ནི། རིག་པ་དང་། ཆོས་གཉིས་ཀ་ལས། ཡོན་ཏན་དཔག་ཏུ་མེད་ཅིང་སྡུག་བསྔལ་སིམ་པར་བྱེད་པའི་སྒྲ་འབྱུང་བས། བསྟོད་པ་ཙམ་ཐོས་པ་ཙམ་གྱིས་དེ་ཁོ་ན་ལྷ ་ཅིག་སྐྱེས་པའི་རོ་རྟོགས་ཏེ། རྒྱུ་མཚན་ཇི་ལྟ་བུས་རྟོགས་པ་ནི། ཡང་དག་བདག་མེད་དེ་བཞིན་ཉིད།། ཡང་དག་མཐའ་ནི་ཡི་གེ་མེད་ཅེས་པའོ།། གང་གིས་བསྟན་ཞེ་ན། ཆོས་སྣ་ཚོགས་ཀྱི་ངོ་བོར་སྣང་བའི་སྒྲས་བསྟོད་པས་དེ་ཁོ་ན་ཉིད་ལྷན་ཅིག་སྐྱེས ་པའི་བདེ་བའི་ཡེ་ཤེས་སྐད་ཅིག་མ་ལ་སྦྱོར་བའོ།། འོ་ན་འབྲས་བུ་གང་ལ་སྦྱར་ཞེ་ན། ལྷན་ཅིག་སྐྱེས་པ་མི་གནས་མྱ་ངན་ལས་འདས་པ་ལ་སྦྱོར་བའོ།། རིག་པའི་བདག་ཉིད་ཆོས་ཅན་དུ་གྱུར་པའི་སྒྲས་ཅི་སྟོན་ཞེ་ན། གཟུགས་མེད་གཟུགས ་བཟང་དམ་པ་སྟེ། སྣ་ཚོགས་གཟུགས་ཅན་རིག་པའི་བདག་ཅེས་བྱ་བ་ནི། འདོད་པ་ནི་གཟུགས་དུ་མར་གནས་པའོ།། གང་ཟག་དེ་རྣམས་ཀྱི་བསྟོད་པར་ནི། མཚུངས་པ་མེད་ཅིང་ཆེ་བར་ཡེ་ཤེས་ཀྱི་སྐུ་དེ་ལ་བསྟོད་པ་ནི། མཚུངས་པ་མེད ་ཅིང་ཆེ་བར་གྲགས།། ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ་ཞེས་བྱ་བའོ།། འོ་ན་འབྲས་བུ་ཅི་ཞེ་ན། འཕགས་ལམ་ཤིན་ཏུ་མཐོ་ལ་གནས།། དཱུར་པ་ཆེན་པོ་ཆོས་ཀྱི་ཏོག། འཇིག་རྟེན་གསུམ་ན་གཞོན་ལུས་གཅིག། གནས་བརྟན་རྒན་པོ ་སྐྱེ་དགུའི་བདག། སུམ་ཅུ་རྩ་གཉིས་མཚན་དང་ལྡན།། སྡུག་གུ་འཇིག་རྟེན་གསུམ་ན་མཛེས།། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན།། ཕྱོགས་བཅུ་ན་མཁའི་མཐར་ཐུག་པར།། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་ཞེས་པ ་འདོད་པ་དང་གཟུགས་དང་གཟུགས་མེད་པས་ཁམས་གསུམ་གྱི་དབང་ཕྱུག་ཡེ་ཤེས་ཀྱི་སྐུ་ལ་དེ་ལྟར་བསྟོད་པའོ།། འོ་ན་ཡེ་ཤེས་ཀྱི་སྐུ་གང་ཞེ་ན། འཇིག་རྟེན་གསུམ་ན་གཞོན་ལུས་གཅིག་པའི་སྐུ་དེ་ལ་བསྟོད་པའོ།། དེའི་དོན་ནི ་འཇིག་རྟེན་ནི་འཇིག་རྟེན་གསུམ་དུ་ཡེ་ཤེས་ཀྱི་སྐུ་བལྟམས་པའོ།། ཇི་ལྟར་བལྟམས་པར་བྱེད་ཅེ་ན། ཡུམ་གྱི་སྐུ་སྟོང་ཤེས་རབ་ཤིན་ཏུ་ཡངས་པ་དེར་འོད་ཀྱིས་འཇིག་རྟེན་གསུམ་གསལ་བར་མཛད་ནས། འཁོར་ཐམས་ཅད ་བདེ་བའི་རང་བཞིན་དུ་ཚིམ་པར་བྱེད་པ་སྟེ། གནས་བརྟན་རྒྱན་པོ་སྐྱེ་དགུའི་བདག་པོ་ཚངས་པ་དང་། སུམ་ཅུ་རྩ་གཉིས་ཀྱི་བདག་པོ་ཡོན་ཏན་རྣམ་སྦྱིན་གྱི་མཚན་དང་ལྡན་པའི་བརྒྱ་བྱིན་གྱིས།། འཇིག་རྟེན་སློབ་དཔོན་འཇིགས་པ་མེད།། ་མགོན་སྐྱབས་འཇིག་རྟེན་ཡིད་གཙུགས་པ་ཞེས་བྱ་བ་ནི། ཡོན་ཏན་དོ་དང་ལྡན་པའི་དབྱེར་མེད་ཀྱི་སྐུ་དེ་ཐབས་ཤེས་རབ་གཉིས་ཀྱི་ཚུལ་དུ་བླངས་པའོ།། འོ་ན་དེའི་དོན་ཅི་ཞེ་ན། སྐྱབས་དང་སྐྱོབ་པ་བླ་ན་མེད་ཅེས་པ་ནས། སྲིད་པའི་རི་བོ་འཇོམས ་པའོ་ཞེས་བྱ་བས་ནི། འཇིག་རྟེན་པའི་སྤྱོད་པ་དང་བསྟན་ནས། སྐྱེ་བས་འགྲོ་བ་ལ་སྐྱོབ་ཅིང་འདྲེན་པའི་རྟག་སུ་ཕྱོགས་བཞིར་ན་མཁའ་གོམ་པ་བདུན་བདུན་གྱིས་པདྨ་བདུན་བདུན་ནོ།། མ་རིག་སྒོ་ངའི་སྦུབས་འབྱེད། ་པ། སྲིད་པའི་དྲ་བ་འཇོམས་པ་པོ།། ཉོན་མོངས་མ་ལུས་ཞི་བྱེད་པ།། འཁོར་བའི་རྒྱ་མཚོ་ཕ་རོལ་ཕྱིན།། ཡེ་ཤེས་དབྱུང་བསྐུར་ཅོད་པན་ཅན།། རྫོགས་པའི་སངྱས་རྒྱུན་དུ་ཐོགས།། སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི།། གསུ ་སེལ་མཐའ་ཡས་གྲོལ་གསུམ་ཐོབ།། སྒྲིབ་པ་ཀུན་ལྔས་ངེས་པར་གྲོལ།། མཁའ་ལྟར་མཉམ་པ་ཉིད་ལ་གནས།། ཉོན་མོངས་དྲི་མ་ཀུན་ལས་འདས།། དུས་གསུམ་དུས་མེད་རྟོགས་པ་པོ།། སེམས་ཅན་ཀུན་གྱི་ཀླུ་ཆེན་པོ།། སྟོན ་ཐོད་ཅན་རྣམས་ཀྱི་ཐོང་།། ལུས་ཀུན་ལས་ནི་རྣམ་གྲོལ་ཞིང་།། ན་མཁའི་ལམ་ལ་རབ་ཏུ་གནས།། ཡིད་བཞིན་ནོར་བུ་ཆེན་པོ་འཆང་།། ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག། དཔག་བསམ་ཤིང་ཆེན་རྒྱུས་པ་སྟེ།། བུམ་པཾ་བཟང་པོ་ཆེ ་བའི་མཆོག། ཅེས་བྱ་བའི་དོན་ནི། མ་རིག་པའི་དྲི་མ་དང་། སྲིད་པའི་དྲ་བ་དང་། ཉོན་མོངས་པ་ཞི་བ་དང་། འཁོར་བའི་རྒྱ་མཚོ་ལས་བསྒྲལ་བའི་ཕྱིར་དབང་བསྐུར་ཞིང་ཁྲུས་གསོལ་པའོ།། གང་ལྔ་ཞེ་ན། ཡེ་ཤེས་ཀྱི་སྐུ་དེ་ལའོ།། ་གང་དང་ལྡན་པས་ཤེ་ན། རྫོགས་པའི་སངས་རྒྱས་ཀྱིས་དེ་ཁོ་ན་དང་ལྡན་པ་དང་། སྡུག་བསྔལ་གསུམ་སྟེ། ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པར་བྱེད་པསོ།། དེ་ཇི་ལྟར་གྱིས་དག་སྟེ། མི་དག་ཅེ་ན། མཁའ་ལྟར་མཉམ ་བ་ཉིད་ལ་གནས་ཉེན་མོངས་དྲི་མ་ཀུན་ལས་འདས་པསོ།། ཇི་ལྟར་རྒྱུ་མཚན་ཅིས་ཤེ་ན། དུས་གསུམ་དུས་མེང་རྟོགས་པའོ།། གང་གི་ལས་སུ་བྱས་ཤེ་ན། ཀླུ་ཆེན་པོས་སེམས་ཅན་གྱི་ཡེ་ཤེས་ཀྱི་སྐུ་དེ་ལའོ།། ཇི་ལྟར་མཛད་ཅེ་ན། ཡོན་ཏན་གྱི ་རྒྱན་སྦྲུལ་མགོའི་གདེངས་ཀ་ཅན་གྱི་ཀླུའི་གཙོ་བོ་དགའ་བོ་དང་འཇོག་པོའོ།། དེ་ཡང་ན་མཁའ་ལ་ལུས་སྤྲིན་དང་བཅས་པ་དབུ་ལ་རིན་ཆེན་འབར་བས་བརྒྱན་པ། རིན་པོ་ཆེའི་རྒྱན་དུ་མས་ལུས་ལ་བརྒྱན། དེས་བྱང་ཆུབ་ཀྱི་ཤིང་འབྲས ་བུ་སྤོས་ཀྱི་ངན་དང་ལྡན་པའི་བུམ་པ་ལ། ཐབས་ཤེས་རབ་ཀྱི་ཆུ་རྒྱུན་གྱིས་འཁྲུ་བའི་བུམ་པ་ལག་དུ་ཐོགས་ནས། ཤིང་ཆེན་པོ་དེའི་ལག་ན་བཟུང་བའི་དུས་དེ་ཉིད་དུ་ཁྲུས་གསོལ་བའོ།། ལས་ཀྱི་ཁྱད་པར་ཅི་ཞེ་ན། བྱེད་པ་སེམས ་ཅན་ཀུན་དོན་བྱེད།། ཕན་འདོགས་སེམས་ཅན་མཉེས་གཤིན་པ།། བཟང་ངན་ཤེས་ཤིང་དུས་ཤེས་པ།། ཁྱབ་བདག་དམ་ཤྭེ་དཾ་ཚིག་ལྡན།། དུས་ཤེས་སེམས་ཅན་དབང་དོན་ཤེས།། རྣམ་གྲོལ་གསུམ་ལ་མཁས་པ་པོ།། ཡོན་ཏན་ལྡན ་ཞིང་ཡོན་ཏན་ཤེས།། དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ།། ཞེས་བྱ་བའོ།། འོ་ན་ལས་གང་དང་འབྲེལ་པས་ཤེ་ན། ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་།། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ།། གྲགས་པའི་བཀྲ་ཤིས་སྙན ་གྲགས་དག། ཞེས་གོང་དུ་བསྟན་པ་དང་འབྲེལ་ཏོ།། དེས་ནི་བྲམ་ཟེ་དང་། རིག་བྱེད་ལྟར་བཀྲ་ཤིས་པའོ།། ཚིག་སུ་བཅད་པ་རྐང་པ་གསུམ་པ་འདིས་ནི། ལུས་དགེ་བར་གྱུར་ཅིག། ངག་དགེ་བར་གྱུར་ཅིག། སེམས་དགེ་བར་གྱུར ་ཅིག། ཅེས་པའི་དོན་ཏོ།། ཡོན་ཏན་འོད་དང་ཁྱད་པར་ཆེ།། རྣམ་ཤེས་གྲགས་དང་ཀུན་ཏུ་གྲགས།། ཟླ་བ་གང་དང་པདྨའི་འོད།། དཀའ་ཐུབ་རྒྱལ་དང་མར་མེ་རྒྱལ།། གློག་གི་ཏོག་དང་རྒྱལ་བའི་འོད།། གསང་བ ་ལྡན་དང་དཔེ་བྲལ་གྲགས།། པདྨ་གྲགས་དང་མེ་ཏོག་མཚན།། སྤྱན་མཆོག་བཟང་དང་གྲགས་མེད་དོན།། དྲག་པོ་སྡེ་དང་བསོད་ནམས་འོད།། ཁྱད་པར་ཅན་དང་ཐོགས་མེད་བློ།། སྒྲ་གཅན་དང་ནི་ཡེ་ཤེས་འོད།། གྲགས་ལྡན་དང་ནི ་ཡེ་ཤེས་ལྡན།། སྐར་མ་སྟོན་དང་རཱ་ཧུ་ལ།། སྨན་ཆེན་པོ་དང་སྨོན་པའི་རྒྱལ།། བསོད་ནམས་གླང་པོ་དང་རྒྱུ་སྟོབས།། སྐར་མ་རྒྱལ་དང་རྒྱལ་བའི་སྒྲ།། ཉྩི་འོད་འཆང་དང་ཆོས་ཀྱི་མཛོད།། བློ་གྲོས་ལེགས་དང་རྒྱལ་བ་པོ།། རྡོ་རྗེ ་སྡེ་དང་ཤེས་རབ་བརྩེགས།། ལེགས་པར་གནས་དང་རྒྱལ་པོའི་བློ།། ཆགས་པའི་གནས་དང་ཀླུ་དབང་པོ།། ཡོན་ཏན་གནས་དག་ཡེ་ཤེས་དག། ཏོག་གི་འོད་དང་ཚངས་པའི་དགེ། སྒྲ་མི་སྙན་དང་རོལ་པའི་གར།། གླུ་ཡིས་སྦྱིན ་དང་བདེ་བའི་ཏོག། མཁས་པས་དབྱངས་དང་གཞན་ཐུབ་མིན།། རི་འོད་སྦྱིན་དང་གསུང་དབྱངས་ཅ་ན།། སེང་གེ་དང་ནི་སྣ་ཚོགས་ཉིད།། ཡེ་ཤེས་དཔལ་དང་པདྨ་ཆུ།། མེ་ཏོག་དང་ནི་རྣམ་གྲོལ་ལུས།། བསོད་ནམས་སྤུངས ་དང་མཚན་འགྱུར་བློ།། གསལ་བ་དང་ནི་ཟླ་མར་མེ།། མི་བཟད་པ་དང་བློ་བཟང་སྤྱན།། ཡན་ལག་མཆོག་དང་ཤེས་རབ་ཡུལ།། མཆོག་ཏུ་གྱུར་དང་རབ་འཇོམས་ཟེར།། ཤེས་རབ་སྦྱིན་དང་འཇམ་པའི་དབྱངས།། ཐོགས་མེ ་མཛོད་དང་མཐུ་སྦྱིན་དང་།། དག་པ་དང་ནི་ཡེ་ཤེས་གནས།། བདེ་གཤེགས་འོད་དང་དབང་པོའི་འོད།། ཐུབ་པ་ཆེ་དང་ལྷ་ཆེན་དང་།། འོད་ཟེར་བཟང་དང་གཟུགས་མཛེས་དང་།། རྒྱལ་བའི་སྐུ་དང་དོན་ཡོད་སྟོན།། སིང་ང་ལ་དང་དྲི་ལྡན་དང ་གྲགས་པའི་མ་ཚུན་དང་བཀྲ་ཤིས་དང་།། སྙིང་པོ་མཆོག་དང་བསོད་ནམས་དགེ། ཉན་པ་ཆགས་དང་ཉན་འདོད་པ།། མར་མེ་རྒྱལ་དང་རིན་ཆེན་བརྩེགས།། ཚོགས་མེད་ལྷ་དཔས་ཡི་བདག། གྲོལ་བར་འགྲོ་དང་གཙུག་ཕུད་གསེར།། སྒྲ ་གཅན་བཟང་དང་མི་ཐུབ་སྟེ།། རང་བཞིན་ཐུབ་དང་ཟླ་བའི་འོདྲ།། གསེར་མདོག་བཟང་དང་འོད་དགེ་བའོ།། ཡོན་དབང་ལྷ་དྲང་ཆོས་ཀྱི་གདུགས།། ཡོན་ཏན་ལག་དང་དྲན་པའི་མཚན།། ཡེ་ཤེས་རྫོགས་དང་བློ་གྲོས་འཕྲོ།། འོད་རྣམས་འབར ་དང་སྨན་གྱི་སྐྱབས།། དགའ་ཆེན་རོལ་མོ་ཆེན་མོ་སྟེ།། བཀུར་སྟི་རིམ་གྲོ་བྱ་བའི་འོད།། ཇི་ལྟར་དེ་ལ་བྱ་བར་འོས་ཤེ་ན།། འཇིག་རྟེན་དགྲ་སྟེ་རབ་ཀྱི་མཆོག། འཇིགས་པ་མ་ལུས་སེལ་བའོ།། དེའི་ཕྱིར་བྱིན་གྱིས་བརླབས་ཀྱི་ཡོན་ཏན་དེ་རྣམས ་དང་ལྡན་པའོ།། དེ་གང་གིས་རྟོགས་ཤེ་ན། གཙུག་ཕུད་ཕུད་བུ་ལྕང་ལོ་ཅན་ཞེས་པ་ནས། ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག་ཅེས་བྱ་བས་ནི་སྐྱེ་གཉིས་པའོ།། ཇི་ལྟར་རྟོགས་པའི་རྒྱུ་གང་དང་ལྡན་པས་རྟོགས་ཤེ་ན། དཀའ་ཐུབ ་མཐར་ཕྱིན་དཀའ་ཐུབ་ཅན།། གཙང་གནས་དམ་པ་གཽ་ཏམ།། ཇི་ལྟར་ཤེས་ཤ་ན། བྲམ་ཟེ་ཚངས་པ་ཚངས་པ་ཤེས།། མྱ་ངན་འདས་པ་ཚངས་པ་ཐོབོ།། གྲོལ་བ་ཐོར་པ་རྣམ་གྲོལ་ལུས།། རྣམ་གྲོལ་ཞི་བ་ཞི་བ་ཉིད།། ཅེས་བྱ་བ་ནི། རྒྱུ་ཁྱད་པར་ཅན་དང་ལྡན ་པར་བྲམ་ཟེ་ཡིས་ཤེ་སོ།། བྲམ་ཟེ་དེ་ཡང་དྲི་མ་དག་པའི་ཕྱིར། རྟགས་བརྟེན་ནས་དཔོག་པ་ནི།། མྱ་ངན་འདས་པ་མྱ་ངན་འདས།། ལེགས་པ་མྱ་ངན་འདས་དང་ཉེ།། ཞེས་བྱ་བར་རྟོགས་པསོ།། བདེ་སྡུག་སེལ་བར་མཐ ་གྱུར་པ།། ཆགས་བྲལ་ལུས་ལས་འདས་པ་པོ།། རྟགས་ནི་འཇིག་རྟེན་པའི་སྟོབས་ཀྱིས། ཐུབ་པ་མེད་པ་དཔེ་མེད་པ།། མི་མངོན་མི་སྣང་གསལ་བྱེད་མིན།། དེ་ལ་བརྟེན་ནས་ཡེ་ཤེས་ཀྱི་སྐུ་ལྷན་ཅིག་སྨྱོས་པའི་བདག་ཉིད་དུ་རྟོགས་ཏེ། མི་འགྱུར ་ཀུན་འགྲོ་ཁྱབ་པ་པོ།། ཕྲ་ཞིང་ཟག་མེད་ས་བོན་བྲལ།། རྡུལ་མེད་རྡུལ་བྲལ་དྲི་མ་མེད།། ཉེས་པ་མེད་པ་སྐྱོན་མེད་པ།། ཤིན་ཏུ་སད་པ་སད་པའི་བདག། ཀུན་ཤེས་ཀུན་རིག་དམ་པ་པོ།། རྣམ་པར་ཤེས་པའི་ཆོས་ཉིད་འདས།། ཡེ་ཤེས་གཉིས་མེད ་གཟུགས་འཆང་བ།། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ།། དེའི་དོན་ནི་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པོར་རྟགས་ཀྱི་སྒོ་ནས་ཤེས་ལ།། འཇིག་རྟེན་པའི་འཕོང་དང་བཟོད་དཔེ་མེད་ཅིང་གཞན་གྱིས་བསྐྱོད་པར་མི་ནུས་པས་ཀྱང་ཤེསོ།། དེ་གང་གི་ཕྱིར ་ཞེ་ན། ཐམས་ཅད་ཀྱིས་རྟོགས་པར་དཀའ་བ་ཕྲ་བ་དང་། དྲི་མ་བྲལ་བ་དང་། ཉེས་སྐྱོན་ཐམས་ཅད་ཟད་པའི་ཕྱིར། འབྲས་བུ་ཀུན་ཤེས་པའི་བདག་ཉིད་མངོན་སུམ་དུ་གྲུབ་པོ།། དེའི་ཕྱིར་དུས་གསུམ་སངས་རྒྱས་ལས་བྱེད་པ།། སངས་རྒྱས་ཐོག་མ་ཐ་མ ་མེདོ།། དེ་ཅིའི་ཕྱིར་ཞེ་ན། དང་པོ་སངས་རྒྱས་རྒྱུ་མེད་པ།། ཡེ་ཤེས་མིག་གཅིག་དྲི་མ་མེད།། དེ་ཇི་ལྟ་བུའི་རང་བཞིན་དུ་གནས་ཤེ་ན། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས།། ཚི་གི་དབང་ཕྱུག་སྨྲ་བ་ཆེ།། སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ།། སྨྲ་བའི་དམ ་བ་མཆོག་གི་གནས།། སྨྲ་བའི་སེང་གེ་མཚུངས་པ་མེད།། ཀུན་ཏུ་ལྟ་བ་མཆོག་ཏུ་དགའ།། གཟི་བརྗིད་ཕྲེང་བ་བལྟ་ན་སྡུག། འོད་བཟང་འབར་བ་དཔལ་གྱི་བེའུ།། ལག་ན་འོད་འབར་སྣང་བ་པོ།། སྨན་པ་ཆེ་མཆོག་གཙོ་བོ་སྟེ།། ཞེས་བྱ་བའི་དོན་ནི།། ་ཡེ་ཤེས་ཀྱི་ལུས་ཀྱི་བདག་ཉིད་ནི་རྣམ་པ་ལྔར་གནས་ལ།། སྔགས་ནི་ཡེ་ཤེས་ལྔའི་བརྡའ་སྟོན་པའོ།། ཡིད་ནི་དཔལ་བེའུའི་ཚུལ་དུ་ཞུ་བའི་བདག་ཉིད་དུ་གན་སོ།། དེ་ཡང་གཞོན་ནུའི་རོལ་པ་དང་སྐྱོ་བས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ ་དཔའཞི་གནས་ཀྱི་འཁོར་བའི་རྒྱུ་སྤངས་པ། ཤེས་རབ་ཀྱི་སྤྱན་གྱིས་སེམས་ཅན་ལ་གཟིགས་པ་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་མཛད་པ་བསྒྲུབ་པའོ།། དཀའ་བའི་གནས་སུ་ཞི་གནས་བསྒོམ་པའི་ཚུལ་དུ་བཞུགས་ཀྱང་ཡེ་ཤེས་ཆེན་པོ་དང་སངས ་རྒྱས་ཡང་ཤེས་ལྔའི་ལུས་སུ་ཆོས་ཀྱི་ལོངས་སྤྱོད་པ་དང་། གཟི་བརྗིད་དང་ལྡན་པས་ནི་འོ་ཐུག་གསོལ་བས་མདངས་དང་ལྡན་ནོ།། དེས་ནི་སྦྲུལ་པོ་དང་གཞི་རྟེན་དང་པོ་སངས་རྒྱ་སོ།། རྣམ་གྲོལ་ཏོག་དང་ཤེས་རབ་མཆོག། ཡེ་ཤེས་རྒྱལ་དང ་གཟུགས་འཇིགས་པ།། གློ་བུར་འཇིགས་དང་ཐོགས་མེད་གྲགས།། བདེ་བ་ལྡན་དང་ངག་སྙན་རིགས།། གྲགས་དབང་པོ་དང་རོས་ཀྱི་བརྩེགས།། འགྲོ་བའི་འོད་དང་ལེགས་པའི་རྒྱལ།། རང་བཞིན་ལུས་དང་ཡེ་ཤེས་གསུང་།། སྣ་ཚོགས། ་པ་དང་ཉོན་མོངས་སེལ།། འགྲོ་བའི་མཆོག་དང་སེང་གེའི་རེག། ཆོས་ཀྱི་མཚན་དང་སྐལ་པ་བཟང་།། མི་བསྟོད་གདོང་དང་འབར་བའི་རྒྱལ།། རྟོག་པའི་གསུང་དང་སྤྱན་བཟང་པོ།། རིག་དྲོན་བློ་དང་འཇིགས་པ་བྱལ།། དྷི་ཡི་འོདྲ་དྲ ་དགའ་བའི་འོད།། དོན་ཡོད་འགྲོ་དང་ཁྲོ་ཐལ་མདོག། གཟུགས་མཆོག་དང་ནི་བརྟན་པོ།། རྟོགས་པར་བྱེད་དང་ཤེས་རབ་སྤྱན།། དོན་རིག་བློ་དང་དྲག་པོའི་བཞིན།། ཉི་མའི་ལྷ་དང་ཤེས་རབ་གསལ།། ཤིང་རྟ་འགྲོས ་དང་གསེར་བཅོམ།། སྐལ་ལྡན་གཙུག་དང་དབང་ཕྱུག་དང་།། དགའ་བ་བརྟན་དང་མོས་པ་འཇོམས།། ཚངས་པར་ཤེསཽ་དང་ཙན་དན་དང་།། མྱ་ངན་འཇོམས་དང་སེང་གེའི་འོད།། ཏོག་གི་ཡུལ་དང་པདྨའི་སྙིང་།། མཐའ་ཡས་འོད ་དང་སྙིང་པོ་ལྷ།། མེ་ཏོག་མཛེས་དང་རིག་པའི་ཧཾ། ཤེས་རབ་འབར་དང་ཚངས་དབང་པོ།། རིན་ཆེན་ཕྱག་དང་དབང་པོ་ལྡན།། དཔེ་མེང་དྲི་དང་ཐེ་ཚོམ་བྲལ།། མཆོད་པར་འོས་དང་འབར་བའོ།། པདྨའི་གདུགས་དང་འདུམ་གྱི་མཆོག། ་ཡེ་ཤེས་འོད་དང་བྱ་རྩལ་གྲུབ།། གསལ་བའི་མདོག་དང་ཆོས་ལྡན་པ།། ཕན་ལྡན་གཟུགས་དང་ཡེ་ཤེས་དང་།། གྲགས་པ་དང་ནི་འོད་ཟེར་འབར།། སྙིང་པོ་བཻ་ཊུ་བཻ་ཌཱུརྱ།། རྒྱུ་སྐར་ཚོགས་དང་ལྷ་ཉིད་དང་།། ཟླ་བའི་འོད་དང་དྲ་བའི་འོད།། དགེ ་བའི་འོད་དང་ཡོན་ཏོན་ཅན།། དམ་ཆོས་བརྗོད་དང་ཚིག་ལས་རྒྱལ།། སྨྲ་བའི་སྟོབས་དང་ཚོགས་དབང་སྒྱུར།། ལེགས་པའི་ཡིད་དང་རིགས་ཀྱི་འོད།། སྤྱོད་ལམ་ཞི་དང་ཡེ་ཤེས་མཆོག། ཆོས་དབང་ཕྱུག་དང་རིས་ལྷ་སྐུ།། ཡོན་ཏན་ལྔ ་དང་འཁོར་ལོ་སྟོབས།། ལེགས་པར་སྦྱངས་དང་ལེགས་པར་རེག། དོན་གྲུབ་དཔལ་དང་གཟི་བརྗིད་དཔལ།། ཐམས་ཅད་སྙོམས་དང་བདུད་རྩི་དབྱངསོ།། སྣང་བདེ་འབར་དང་ལེགས་པའི་བློ།། རྣམ་གྲོལ་དོན་དང་དབང་ཕྱུག་འཕགས ་དེ་ལ་དང་ཐ་ན་སངས་རྒྱས་ཡེ་ཤེས་ཀྱི་ལུས།། དེ་བཞིན་གཤེགས་པའི་གཟུགས་སྣང་བ་དེའི་ཐུགས་ཀར་དཔལ་གྱི་བེའུ་ནི། འཁོར་ལོ་ཨུཏྤ་ལའི་འདབ་མ་ལྟ་བུའོ།། དེའི་ཐུགས་ཀར་ཨ་ཐུང་བསྒོམས་ལ།། ལག་པ་འོད་འབར ་བའི་རལ་གྲི། སྨན་དང་སྨན་པ་ལྟ་བུ་ཡིས་ནད་འཇོམས་པ་དང་འདྲ་བའི་པོ་ཏེས་ཤིང་ཨུཏྤ་ལའི་སྟེང་ན་མཚན་པ། སྐུ་ཤིན་ཏུ་མཛེས་པའི་སྐུ་འོད་ཟེར་གྱི་དྲ་བ་ལས་སྐར་མདའ་འཕོག་པ་དང་། འདྲ་བ་འཕྲོ་ཞིང་སངས་རྒྱས་དེའི་ལུས་ལྷ ་འཕྲོ་བའི་ཕྱིར། སངས་རྒྱས་ཀུན་གྱི་བསྟན་པ་གཅིག་དེའི་ཕྱིར། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན།། ཕྱོགས་བཅུ་ན་མཁའི་མཐར་ཐུག་པ།། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས།། འགྲོ་ན་གདུགས་གཅིག་ཡངས་པ ་སྟེ་བྱ་མོས་དང་སྙིང་རྗེའི་དཀྱིལ་འཁོར་ཅན།། དཔལ་ལྡན་པདྨ་གར་གྱི་བདེག། ཁྱབ་བདག་ཆེན་པོ་རིན་ཆེན་གདུགས།། སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ།། སངས་རྒྱས་ཀུན་གྱི་རྣལ་འབྱོར་ཅནྡ།། སངས་རྒྱས་ཀུན་གྱི་བསྟན་པ་གཅིག ་རྡོ་རྗེ་རི་ན་ཆེན་དབང་བསྐུར་དཔལ།། ཞེས་བྱ་བ་ནི། ཡང་ན་གང་དང་འདྲ་བའི་ཡེ་ཤེས་ཀྱི་སྐུ་ལྔའི་བདག་ཉིད་དེའི་ཐུགས་ཀར། ཨུཏྤ་ལའི་འཁོར་ལོ་སྐུར་མའི་འོད་དམ་ཉི་མའི་འོད་ཟེར་ལྟ་བུ་དཀར་པོ།། ཤིན་ཏུ་བྱ་བའི་སྟེང་དུ་ཞུ་བ་ཀུན ་ད་ལྟར་བུ་དམར་པོའི་མདོག་ཅན་བསམོས་ཏེ། དེ་ལས་འོད་ཟེར་དཀར་དམར་འཕྲོས་པས་ན་མཁའི་ཁམས་ཐམས་ཅད་དུ་ཁྱབ་སྟེ། སྤྲུལ་པའི་སྐུ་འགྲོ་བ་དང་འདུག་པ་དང་ཉལ་བ་དང་བཞེངས་པ་དང་ཆོས་ཀྱི་འཁོར་ལོ་བསྐོར ་བར་བསམས་ནས། དེ་ཡང་བྱམས་པ་དང་སྙིང་རྗེའི་བདག་ཉིད་ཅན་དུ་བྱས་ཏེ། པདྨའི་སྟེང་ན་བཞུགས་ཤིང་བདེ་བ་ལྔ་ལོངས་སྤྱོད་པའི་སྐུར་བསྒོ་མོ།། ཡང་ན་ལྟེ་བའི་དཀྱིལ་ཉིད་དུ་པདྨའི་འདབ་མ་བཞི ་པའི་སྟེང་དུ་བསམ་པ་ནི་ཨ་ཐུང་ངུའོ།། ཡང་ན་ཁྱབ་པའི་བདག་པོའི་ཟེ་འབྲུ་དང་། ཟེ་འབྲུ་ལ་ཉི་མའི་དང་ཟླ་བའི་ཐིག་ལེ་བསམས་ཏེ། གཟི་བརྗིད་མེའི་རང་བཞིན་གྱིས་སངས་རྒྱས་ཀུན་གྱི་བདག་ཉིད་བསྲེག་པ་དང་། སངས་རྒྱས ་ཀུན་གྱིས་བསྲེགས་ནས་རྣལ་འབྱོར་མ་ཡུམ་ལྔའི་རང་བཞིན་ཡང་བསྲེགས་ཏེ་སྨིན་མཚམསུ་བཏོན་ནས། འགྲོ་བ་དང་བཞེངས་པ་འདུག་པ་དང་ཉལ་བ་ལ་སོགས་པས་སེམས་ཅན་གྱི་དོན་བྱས། སངས་རྒྱས་རྣམས་མཆོད་ནས ་སྤྱི་གཙུག་ཏུ་ཞུགས་ཏེ་གསོལ་པོ་བཏབ་པར་བསྒོམ་པར་བྱའོ།། དེ་ལྟར་བལྟ་ཞིང་རྡོ་རྗེའི་གླུ་བླང་བར་བྱའོ།། རོལ་པའི་མཆོག་དང་ལྷག་མཐོང་དང་།། ཉེས་པ་སྤངས་དང་ཉི་མའི་འོད།། དགྲ་རྒྱལ་བློ་དང་པདྨའི་མཆོག། ཉི་མའི་འོད་ད ་སོ་སོར་གསུངསོ།། ལེགས་པའི་མུ་དང་ཚོགས་དབང་པོ།། འཇིགས་པ་བྲལ་དང་ཡེ་ཤེས་སྲིད།། དེ་ལྟར་བསྟོད་པ་ནི་ཡེ་ཤེས་སྲེད།། དེ་ལྟར་བསྟོད་པ་དེ་ནི་ཡེ་ཤེས་སེམས་དཔའི་རང་བཞིན་བརྗོད་པའོ།། འཛམ་དཔལ་རོལ་པའི་དཀྱིལ ་འཁོར་ལ་ཚིགསུ་བཅད་པ་སུམ་ཅུ་གཅིག།། མཚན་ཉིས་བརྒྱ་སུམ་ཅུའོ།། དེ་ནི་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་སྟོན་ཏེ། རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། ཞེས་པ་ནས། སངས་རྒྱས་ཀུན་གྱི་ཐུགས་ལ་གནས་ཞེས་པ ་ནི་ཐབས་དང་ཤེས་རབ་ཀྱི་ས་བོན་བསྣུན་ཏེ་བྱང་ཆུབ་སེམས་སོ།། དེ་ཡང་ཆོས་ཀྱི་འཁོར་ལོ་དང་སྤྲུལ་པའི་འཁོར་ལོའོ།། སངས་རྒྱས་ཀུན་གྱི་སྐུ་ཡིས་མཆོག། ཅེས་བྱ་བས་རྡོ་རྗེ་ཟླ་བ་དྲི་མེད་འོད་ཅེས་བྱ་བས་ནི། ཧཱུཾ་དང ་འོ།། དེ་ཡང་དམར་པོ་དང་དཀར་པོའོ།། ཆ་གས་བྲལ་ལ་སོགས་པ་ཆེ།། ཁ་དོག་སྣ་ཚོགས་འབར་བའི་འོད་ཅེས་བྱ་བས་ནི། འོད་ཟེར་ལྔ་ལས་ཡེ་ཤེས་ལྔའི་རང་བཞིན་གྱི་སྐུ་སྟེང་གི་ཧཱུཾ་ལས་རྡོ་རྗེ་འོད་ཁ་དོག་ལྔ་ལས་ཐེབས ་ཀྱི་ཡེ་ཤེས་ལྔ་དང་ལྡན་པའི་ཡེ་ཤེས་སེམས་དཔའ་བསྒོམ་པ་ནི།། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས།། དཔལ་ལྡན་པདྨ་སྤངས་རྒྱས་སྐྱེས།། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ།། རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང ་ཞེས་བྱ་བ་ནི། བདག་ཉིད་ཀྱི་ལུས་ལ་རྫོགས་པ་ཉིད་དུ་སྟོན་པ་ནི་པདྨའི་སྟེང་དུ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དང་པོའི་སངས་རྒྱས་ཀུན་མཁྱེན་པའི་ཞལ་དང་ལྡན་པ། ཤེས་རབ་དོད་ཡེ་ཤེས་ཀྱི་ཕྱག་མཚན་འཛིན ་པའོ།། དེའི་ཐུགས་ཀར་ཐབས་དང་ཤེས་རབ་ཀྱི་རང་བཞིན་དེ་བསྒོམ་པར་བྱའོ།། དེ་ཉིད་གང་ཞེ་ན། རྡོ་རྗེ་ཟབ་མོ་ཛི་ན་ཛི་ཀ། རྡོ་རྗེ་བློ་གྲོས་དོན་བཞིན་རིག། རྡོ་རྗེ་རྣོན་པོ་ར་ལཱ་གྲྀ་ཆེ།། ཡི་གེ་མཆོག་སྟེ་རྣམ་པར་དག། ཐེག་པ་ཆེན་པོ ་སྡུག་བསྔལ་གཅོད།། མཚོན་ཆ་ཆེན་པོ་རྡོ་རྗེའི་ཆོས།། ཞེས་བྱ་བས་ནི་ཡེ་ཤེས་ལྔ་ལྔ་བཅུར་གྱུར་པས་ཤེས་པར་བྱའོ།། འོ་ན་རྒྱུ་མཚན་ཅིས་ཤེས་ཤེ་ན། ཕ་རོལ་ཕྱིན་པ་ཀུན་རྫོགས་པ།། ས་རྣམས་ཀུན་གྱི་རྒྱན་དང་ལྡན། ་བྱ་བ་ནི། ཕ་རོལ་ཕྱིན་པ་བཅུའི་བདག་ཉིད་དང་། ས་བཅུའི་བདག་ཉིད་ཀྱིས་ས་བཅུའོ།། དེ་རྣམས་ཀྱང་རྒྱན་དང་ལྡན་པ་ཉིད་ཀྱི་ཕྱིརརོ།། འོ་ན་དྲུག་པར་ཅིས་ཤེས་ཤེ་ན་རྡོ་རྗེའི་གདན་ནི་མ་ལུས་ལྡན།། ཡེ ་ཤས་སྐུ་རྣམས་མོ་ལུས་འཆང་།། ཞེས་བྱ་བས་བསྟན་ཏེ། དེས་ནི་དྲུག་པ་རྡོ་རྗེ་འཆང་གི་རང་བཞིན་དུ་བསྟན་ཏོ།། དེ་བས་ན་སའི་སྙིང་པོ་འགྲོ་བ་འཛིན། ཀུན་ཏུ་བཟང་པོ་བློ་གྲོས་བཟང་ཞེས་བྱ་བ་སྟེ། ཐབས་དང་ཤེས ་རབ་ཀྱི་རང་བཞིན་ནོ།། གནས་གང་དུ་ཞེ་ནི།། སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་།། དངོས་པོ་ཀུན་གྱི་རང་བཞིན་མཆོག། དངོས་པོ་ཀུན་གྱི་རང་བཞིན་འཛིན།། སྐྱེ་མེད་ཆོས་ཏེ་སྣ་ཚོགས་དོན། ཞེས་བྱ་བ་ནི། ལྟེ་བའི ་གནས་དངོས་པོ་བསྐྱེད་པའི་ས། སྐྱེ་བ་མེད་ཀྱང་ཆོ་འཕྲུལ་སྣ་ཚོགས་སྟོན་པ་སྤྲུལ་པའི་གནས་སུའོ།། རྣམ་པ་ཇི་ལྟ་བུ་ཞེ་ན། ཆོས་ཀུན་ངོ་བོ་ཉིད་འཆང་བ།། ཆོས་ཀུན་མངོན་པར་རྟོགས་པ་སྟེ།། ཐུབ་པ་བློ་མཆོག་འབྱུང། ་པོ་སཱལ།། མི་གཡོ་རབ་ཏུ་དང་བའི་བདག། རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་།། སངས་རྒྱས་ཀུན་གྱི་མངོན་སུམ་པ།། ཡེ་ཤེས་མེ་ལྷ་འོད་རབ་གསལ།། འདོད་པའི་དོན་གྲུབ་དམ་པའོ་ཞེས་བྱ་བ་ནི། ཆོས་ཐམས་ཅད་རང ་བཞིན་དུ་དག་པའི་ཡེ་ཤེས་འཆང་བ་ནི་གང་ཞེ་ན། ལྷག་མཐོང་གི་ཤེས་རབ་དང་བསམ་གཏན་གྱི་རང་བཞིན་ལྟར་ཞུ་བ་དེ་དབྱེར་མི་ཕྱེད་པའི་ཤེས་རབ་མི་གཡོ་བ་རྟོགས་པའོ།། དེ་ཁོ་ན་བདེ་བ་ཆེན་པོ་ཡེ་ཤེས་ཀྱི་སྐུའི་བདག་ཉིད་དུ་གྲུབ ་པའོ།། ཇི་ལྟར་རྟོགས་པས་གྲུབ་ན། མངོན་སུམ་ཉིད་དུ་ཡུལ་དུ་བྱས་པས་གྲུབ་པའོ།། དེ་བས་ན་དེ་རྣམས་བསྒོམ་པ་ནི། ཨཱཏྤ་ལ་འམ་མར་མའི་རྩེ་མོ་དང་འདྲ་བར་བསྐུམ།། འོ་ན་གཞན་དོན་ཇི་ལྟར་བྱེད་པར་འགྱུར།། ངན་སོང་ཐམས་ཅད ་རྣམ་པར་སྤྱོད།། མགོན་པོ་སེམས་ཅན་ཀུན་གྱི་མཆོག། སེམས་ཅན་ཐམས་ཅད་རབ་གྲོལ་བྱེད།། ཉོན་མོངས་གཡུལ་དུ་གཅིག་དཔའ་བ།། མི་ཤེས་དགྲ་ཡི་དྲེགས་པ་འཇོམས་ཞེས་བྱ་བ་དེས་ནི་གཏི་མུག་གི་མུན་པ་འཇོམས་པའོ།། དཔལ ་ལྡན་བློ་དང་སྒེག་པ་འཆང་།། བརྟན་པོ་མ་སྡུག་གཟུགས་འཆང་བ། ཞེས་བྱ་བ་ནི་གཉིས་པའོ།། ལག་པ་བརྒྱ་པོ་ཀུན་བསྐྱེད་ཅིང་།། གོམ་པའི་སྟབས་ཀྱིས་གར་བྱེད་པ།། དཔལ་ལྡན་ལག་པ་བརྒྱས་གང་ལ།། ནམ་མཁའ་ཁྱབ་པར་གར་བྱེད་ཅིང་།། ་ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན།། རྐང་པ་ཡ་གཅིག་མཐིལ་གྱིས་གོནོན།། རྐང་མཐེབ་སེན་མོ་ཁྱོན་གྱིས་ཀྱང་།། ཚངས་པའི་ཡུལ་ས་རྩེ་ནས་གནོན།། དོན་གཅིག་གཉིས་མེད་ཆོས་ཀྱི་དོན།། དམ་པའི་དོན་ནི་འཇིག་པ་སེལ།། ཞེས ་བྱ་བ་ནི་དང་པོ་བསྙེན་པ་སྔོན་དུ་སོང་བས་ས་བསྲུང་ཞིང་སྦྱང་བ་དང་། སྟ་གོན་ལ་གནས་པས་བསྲུང་བར་བྱ་བ་དང་། དཀྱིལ་འཁོར་བྲི་ཞིང་སྒྲུབ་པ་ནི་དེ་ལྟར་ཤེས་པར་བྱའོ།། དབང་བསྐུར་བ་ནི་གང་ཞེ་ན། རྣམ་རིག་སྣ་ཚོགས་གཟུགས་དོན ་ཙིན།། སེམས་དང་རྣམ་ཤེས་རྒྱུད་དང་ལྡན།། དངོས་དོན་མ་ལུས་རྣམས་ལ་དགའ།། སྟོང་པ་ཉིད་དགའ་འདོད་ཆགས་བློ།། སྲིད་པའི་འདོད་ཆགས་སྤངས་པ་སྟེ།། སྲིད་གསུམ་དགའ་བ་ཆེན་པོ་པ། ཞེས་བྱ་བ་ནི། དགའ་བའི་རང་བཞིན་གྱི ་སེམས་ཅན་ལ་དབང་བསྐུར་བའི་ཕྱིར། རྡོ་རྗེ་དང་དྲུག་པ་རྫོགས་སངས་རྒྱས་ཀྱི་དབང་ལ་སོགས་པ་བསྐུར་བར་བྱའོ།། སྤོབས་པའི་མཚན་དང་བློ་འཆང་བ།། ཟླ་བ་དང་ནི་རིན་ཚུན་ཟླ།། མི་འཇིགས་པ་དང་མོ་འོད་ཚེ།། ཚ། ་པའི་སྒྲ་དང་སྙན་པའི་གསུང་།། ཤེས་རབ་མ་དང་ཀུན་མཉམ་བློ།། རྡོ་རྗེ་ཚིག་དང་བློ་སྤོབས་ལྔ།། ན་མཁའ་དབང་དང་ངག་དབང་ཕྱུག། ཡོན་ཏན་མཆོག་དང་གནས་ཀྱི་མཆོག། འཕགས་པའི་འོད་དང་གསང་བའི་རི།། གསང་བའི་དོན ་དང་རྔ་ཡི་སྒྲ།། འདོད་སྤྱོད་སྦྱིན་དང་ཡེ་ཤེས་ལེགས།། ཞི་བས་བཞུགས་དང་ཡེ་ཤེས་གསུང་།། ཤིན་ཏུ་གདུགས་དང་རྒྱལ་མཚན་ཆོས།། དྲི་མ་བྲལ་དང་ཡེ་དབང་བློ།། སྐལ་བྲལ་བརྗོད་དང་གཟི་བརྗིད་འོད།། དྲང་སྲོང་ཆེ་དང་ཤེས་རབ ་བསགས།། འཁོར་ལོ་སྤོང་དང་ཟླ་བའི་ཞལ།། ཉི་ཟླའི་འོད་དང་ཡོན་ཏན་མཚོ།། ཡོན་ཏན་སྡུད་དང་བླ་མེད་ཏོག། བསོད་ནམས་རྟོགས་དང་ཡུལ་སྤངས་པ།། རིགསུ་སྐྱེས་དང་རྒྱལ་པོའི་རིགས།། རྣལ་གྲོལ་གསུང་དང་དབང་ཕྱུག་པོ།། མཆོ ་ཏུ་ཡེས་ཡིས་དབྱངས།། ན་མཁའ་དང་ནི་མཆོད་འོས་དང་།། དཔུང་ཚོགས་བཅས་དང་རིན་ཆེན་འཕྲོ།། ཟླ་བའི་སྐུ་དང་བདུད་རྩི་འོད།། པདྨའི་འོད་དང་འོད་སྟོབས་དང་།། སེང་གེ་གདོང་དང་ཡེ་ཤེས་སྐུ།། དོན་གྲུབ་དཔལ་དང་ཡེ་ཤེས་ཉི།། དོན ་ཡོད་གྲུབ་དང་སྟོན་པའི་སྟོབས།། རིན་ཆེན་བརྩེགས་དང་སྒྲ་འབྱིན་དང་།། པདྨ་དཔལ་དང་ཉོན་མོངས་འཇོམས།། ཡེ་ཤེས་སེམས་དང་བདེ་འགྲོ་དང་།། བདེ་བྲལ་བཞད་དང་དྲི་ཡི་འོང་།། མཐའ་ཡས་སྟོན་དང་རིན་ཆེན་དང་།། ཟླ་བ་ཕྱེད ་དང་སེང་གེ་མཆོག། བསམ་གཏན་འོད་དང་དཔའ་བར་འགྲོ།། རིན་ཆེན་ཡོན་ཏན་རྣམ་པར་རོལ།། དོན་སྟོན་པ་དང་དགྲ་བཅོམ་གྲགས།། རིན་ཆེན་འོད་དང་སྲིད་བཅིངས་གྲོལ།། སྤྱོད་ཡུལ་སྤངས་དང་ན་མཁའི་མཛོད།། སྤོབས་པ་གྲགས ་དང་རྡོ་རྗེ་ནོར།། དེ་ལྟར་བུམ་པ་རྫོགས་པ་ཡིས།། གསང་བའི་དབང་བསྐུར་བའི་ཕྱིར། ཡོལ་བས་བར་དུ་བཅད་དེ། ལུས་ཀྱི་ཕྱག་རྒྱའི་ཡེ་ཤེས་དབབ་པོ།། དེ་ཇི་ལྟ་བུ་ཞེ་ན། སྤྲིན་དཀར་དག་པ་བཞིན་དུ་དཀར།། འོད་བཟང་སྟོན་ཀའི་ཟླ ་བའི་འོད།། ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས།། སེནྡ་མོའི་འོད་ནི་ཤས་ཆེར་དམར།། ཅོད་པན་བཟང་པོ་མཐོན་ཀའི་ཆེ།། སྐྲ་མཆོག་མཐོན་ཀ་ཆེན་པོ་ཅན།། ནོར་བུ་ཆེན་པོ་འོད་ཆགས་དཔལ།། སངས་རྒྱས་སྤྲུལ་པའི་རྒྱན་དང ་ལྡན་ན་ཞེས་བྱ་བ་དེས་བསྟན་ཏོ།། དེ་དབུལ་ནས་བྱིན་གྱིས་བརླབས་ནས་དབང་བསྐུར་བ་ནཾ།། འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་ཅིང་།། རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན།། བྱང་ཆུབ་ཡན་ལག་མེ་ཏི་གེ་སྤོས།། དེ་བཞིན ་གཤེགས་པའི་ཡོན་ཏན་མཚོ། ཞེས་བྱ་བས་བྱིན་གྱིས་བརླབས་ནས་སློབ་མའི་ཁ་རུ་སྦྱིན་པའོ།། ཚེ་དཔག་མེད་དང་ནོར་བཟང་བཀོད།། དབང་ཕྱུག་ཆ་དང་ཡོན་ཏན་འོད།། རི་པོའི་གྲོགས་དང་བཅུ་འོད་ལྡན།། གཉིས་དང་བྲལ་དང ་ཀླུ་ཡི་སྟོབས།། ཤིན་ཏུ་གྲགས་དང་རིན་ཆེན་ཟླ།། ཤུགས་ཅན་དང་ནི་གསལ་བར་བྱེད།། དགའ་བའི་དབང་ཕྱུག་གཙུག་ཕུད་འོང་།། འཇིགས་པ་བྲལ་དང་ཡོན་ཏན་སྙིང་།། འོ་ན་དེ་ལ་བརྟེན་ནས་ཇི་ལྟར་རྟོགས་ཤེ་ན། ལམ་གྱི་ཡན ་ལམ་བརྒྱད་ཚུལ་རིགས།། ཡང་དག་སངས་རྒྱས་ལམ་རིག་པའོ།། དེ་ལྟར་གསང་བའི་དབང་བསྐུར་ནས། སློབ་མའི་སྤྱོད་ཡུལ་དུ་བྱ་བའི་ཕྱིརརུ། སེམས་ཅནྡ་ཀུན་ལ་ཤས་ཆེར་ཆགས།། ན་མཁའ་ལྟ ་བུར་ཆགས་པ་མེད།། སེམས་ཅན་ཀུན་གྱི་ཡིད་ལ་འཇུག། སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས།། སེམས་ཅན་ཀུན་གྱི་དབང་དོན་ཤེས།། སེམས་ཅ་ནི་ཀུན་གྱི་ཡིད་འཕྲོག་པ།། དེའི་ཕྱིར་ན་སེམས་ཀྱི་དྲི་མ་དག་པར་བྱེདདོ།། དེ ་ལྟར་བསྟན་ན་ཆགས་པ་དང་བྲལ་བྱས་སེམས་ཀྱི་དྲི་མ་ཇི་ལྟར་དག། དེ་ལས་གཞན་ཇི་ལྟར་ཡོད་ཅེ་ན།། དེ་ཉིད་ཀྱང་སེམས་ཀྱི་རྣམ་པའོ།། དེ་ལྟར་ཡིན་པས་ན་དགེ་སློང་གིས་ཀྱང་མི་འགལ་ཞེས། འཇམ་དཔལ་གྲོགས་པ ་གསུང་ངོ་།། འོ་ན་དབང་པོ་གཉིས་སྙོམས་པར་འཇུག་པ་ཇི་ལྟར་མི་འགལ། མི་འགལ་ཏེ། འཇིག་རྟེན་པའི་འདོད་པའི་ཚིགས་སེམས་ལྟ་བུ་ནི་མ་ཡིན་ཏེ། རྣམ་པར་རིག་པ་ཙམ་གྱིས་ཏེ། ཀུན་རྫོབ་སྒྱུ་མའི་བློས་འཇམ་པའི་རྡོ་རྗེ་ནི་གཟུག ་ཀྱི་རང་བཞིན་གྱི་ཞེན་པས་ནི་མ་ཡིན་ནོ།། དཔེར་ན་རྨི་ལམ་གྱི་བུད་མེད་ལ་སྤྱད་ཀྱང་སད་ན་དགའ་བ་དང་ལྡན་ན་བདེན་མོད། མི་ལྡན་ན་མ་ཡིན་ནོ།། དེ་བས་ན་སྟོང་པ་ཉིད་དང་ལྡན་མི་འགྲེལ་ལོ།། དེ་བས་ན་སྨད་པའི་ལྟུང་བར ་ཡང་མི་འགྱུར་རོ།། དྲི་མ་མང་དང་གཟི་བརྗིད་གཞི།། གདུང་བ་གྲགས་དང་ལྷ་ཡི་གནས།། ལེགས་པར་མཉམ་དང་སངས་རྒྱས་འབྱུང་།། དེ་ལྟར་དབང་གསུམ་པ་བསྟན་ནས་བཞི་པ་ནི། ཕུང་པོ་ལྔ་དོན་དེ་ཉིད་ཤེས། ་རྣམ་དག་ཕུང་པོ་ལྔ་འཆང་བ།། ངེས་འབྱུང་ཀུན་གྱི་ལམ་ལ་གནས།། ངེས་པར་འབྱུང་བ་ཀུན་སྟོན་པ། ཞེས་བྱ་བས་སྟོན་ཏེ། ཞལ་ལས་ཤེས་པར་བྱའོ།། དེ་ཡང་དང་དང་ཤེས་རབ་དང་ལྡན་བླ་མ་བསྟེན།། དབང་གི་དེ་ཉིད་ཆོ་ག་ཇི་བཞི ་བསྟན་པར་ནུས་ཞེས་བྱ་བས་བསྟན་ཏོ།། འོ་ན་ཁྱད་པར་ཅི་ཡོད་ཅེ་ན། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན།། དག་པ་རྣམ་པ་བཅུ་གཉིས་འཆང་།། ཞེས་བྱ་བས་ནི། རང་རྒྱལ་བསྟན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་དབང་དུ་བྱས་ནས ་དག་པར་འདོད་ལ། བདིན་བཞི་ཚུལ་གྱི་རྣམ་པ་ཅན།། ཤེས་པ་བརྒྱད་པོ་རྟོག་པ་འཆང་།། དེ་ཉིད་རྣམ་པ་བཅུ་དྲུག་རིག། ཅེས་བྱ་བས་ཐེག་པ་ཆུང་ངུའི་སྡུག་འབྱུང་འགོག་པ་ལམ་བཞི་དང་། དེ་ཁྱད་པར་ཤེས་པས་བསྟན ་ཏོ། དེས་ཉན་ཐོས་དང་རང་རྒྱལ་བར་དབང་དུ་བྱས་ནས་བསྟན་ཏོ།། རྣམ་པ་ཉི་ཤུས་བྱང་ཆུབ་པ།། རྣམ་པ་སངས་རྒྱས་ཀུན་རིག་མཆོག་ཅེས་བྱ་བ། ཤེས་བྱ་སྟོང་པ་ཉིད་བཅུ་དྲུག་དང་། རྣམ་པར་ཐར་པ་བཞིའི་བད ་ཉིད་དེ་ཉི་ཤུས་ནི། ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་ལམ་མོ།། འོ་ན་ཁྱད་ཅིང་ཡོད་ཅེ་ན། དེ་རྣམས་ནི་སྨད་བྱ་དང་གཉེན་པོ་བདག་ཉིད་དུ་རྟོགས་ལ་ལོམ་འདི་ཉིད་ནི་ལམ་དུ་བྱེད་པས་ན་ཁྱད་པར་དུ་གྱུར་པའོ།། དེའི་ཕྱིར ་ན། སངས་རྒྱས་ཀུན་གྱི་རྟོགས་བྱ་བ།། སངས་རྒྱས་བྱང་ཆུབ་བླ་ན་མེད།། གསང་སྔགས་ལས་བྱུང་ཡི་གེ་མོད།། གསང་སྔགས་ཆེན་པོ་རིགས་གསུམ་པ།། གསང་སྔགས་དོན་ཀུན་བསྐྱེད་པ་པོ།། བསྐྱེད་པའི་རིམ་པའི་ངོ་ཁོ་ན ་ཉིད་བསྟན་ལ། ཐིག་ལེ་ཆེན་པོ་ཡི་གེ་མེད།། སྟོང་པ་ཆེན་པོ་ཡི་གེ་མེད།། སྟོང་པ་ཆེན་པོ་ཡི་གེ་ལྔ།། ཐིག་ལེ་སྟོང་པ་ཡི་གེ་དྲུག། རྣམ་པ་ཀུན་ལྡན་རྣམ་པ་མེད། ཙེས་བྱ་བས་ནི་ལུས་ཀྱི་དེ་ཁོ་ན་ཉིད་བསྟན་ནས།། ་དུ་ནི་སེམས་ཀྱི་དེ་ཁོ་ན་ཉིད་བསྟན་པ་ནི། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅནྡ།། ཡུན་ལག་མེད་པ་རྩིས་ལས་འདས། ཞེས་བྱ་བས་སེམས་ཀྱི་བདག་ཉིད་བདེ་བ་རིག་པའི་གསལ་བའི་རང་བཞིན་དུ་བསྟན་ཏེ། སྤང་བྱ་དང་གཙོ ་པོ་གཉིསུ་མེད་པའི་ལྷན་ཅིག་སྐྱེས་པའི་རང་བཞིན་ནོ།། བློས་མ་གཏན་བཞི་ཡི་རྩེ་མོ་ཅན།། བཱསམ་གཏནྟ་ཡན་ལག་ཀུ་ནོ་ཤེས་ཤིང་། ཞེས་བྱ་བ་ནཱི། དགའ་བ་བཞི་དང་སྐད་ཅིག་མ་བཞིའི་བདག་ཉིད་དུ་གནས་པས་ན་དེའི ་བདག་ཉིད་དོ།། དེ་ཉིད་གང་ཞེ་ན། ཏིང་འཛིན་རིགས་དང་རྒྱུད་རིག་པ།། ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག། ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལལྔ།། སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག་ཅེས་བྱ་བས་ཏེ། དེ་ལས་བྱུང་བའི་འབྲས་བུའོ།། ཡང ་ན་སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུའོ།། ཞེས་པ་ནས་ཐེག་པ་གཅིག་གིས་འབྲས་བུར་གནས། ཞེས་བྱ་བས་ནི། ཐེག་པ་གཞན་དྲང་དོན་འདི་ངོ་ས་དོན་དུའོ།། ཉིན་མོངས་ཁམས་ཞེས་བྱ་བ་ནས། དག་ཆགས་བཅས་པ་གཏན ་དུ་སྤངས།། ཞེས་བྱ་བས།། དྲི་མ་དག་ན་དེ་ལྟར་དབང་དང་མན་ངག་རྟོགས་པས་དག་པའི་ཞེས་པའོ།། སྙིང་རྗེ་ཆེ་དང་ཞེས་པ་ནས་སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེང་། ཅེས་བྱ་བས་ཐ་བོས་དེ་ལ་བརྟེན་ནས་ཡེ་ཤེས་ཀྱི་སྐུ་རྡོ ་ན་ཉིད་ཀྱི་འབྲས་བུའོ།། སངས་རྒྱས་ཀུན་གྱི་རྟོགས་བྱ་བ།། སྤངས་རྒྱུས་བྱང་ཆུབ་བླ་ན་མེད། ཅེས་བྱ་བས་ནི། ཆོས་སྐུའི་ཐོབ་བྱ་དང་བཅས་པའི་དོན་བསྟན་ལ།། གཟུགས་བརྙན་མ་ལུས་ཞེས་བྱ་བས་ནི།། གཟུགས་སྐུ། ་སྟེ་འབྲས་བུའོ།། དེ་ཡན་ཆད་སྐྱོ་བ་ཀུན་རྫོབ་ཀྱི་བདེན་པའོ།། དྲི་མེད་གྲོགས་དང་གཟི་བརྗིད་གཙོ།། གདུང་བ་གྲགས་དང་དྲེ་བང་ཆེན་པོ།། ཡོན་ཏན་འོད་དང་འོ་མ་གདུགས།། བདྨ་འོད་ལྡན་དང་གཉིད་དང་བྲལ།། ཀླུ་ཡཾ་སྟོབས ་དང་ཤིན་ཏུ་གྲགས།། རིན་ཆེན་ཟློ་དང་ཤུགས་ཅན་དང་།། གསོལ་བར་བྱེད་དང་དགའ་དབང་ཕྱུག། གཙུག་ཕུད་འོད་དང་འཇིགས་པ་བྲལ།། ཡོན་ཏན་སྙིང་དང་དྲི་མེད་གྲགས།། གཟི་བརྗིད་བཞི་དང་གདུང་བ་སེལ།། ལྷོ་ཡཾ་གནས ་དང་ལེགས་པར་མཉམ།། སངས་རྒྱས་འབྱུང་དང་རིན་ཆེན་སྐུ།། སངས་རྒྱས་སྟོབས་དང་རིན་ཆེན་ཁྱབ།། གྲོང་ཁྱེར་མཐོང་དང་བློ་གྲོས་ལེགས།། འཇིག་རྟེན་འོད་དང་རིན་ཆེན་ལྷ།། སྐལ་ལྡན་ཤིང་རྟ་ཡང་དག་རྒྱལ།། དག ་བའི་བཀོད་དང་མུ་ཡི་འོད།། དཀའ་ཐུབ་རྒྱུ་ལྔ་དང་བྱང་ཆུབ་ཟླ།། ཆོས་འཆད་པ་དང་གཞན་དོན་ཟླ།། རྀ་ཡི་འོད་དང་ཚངས་པའི་དབྱངས།། བདེ་བའི་ལྷ་དང་ཡོན་ཏན་བརྩེགས།། སིངྒའི་བླ་དང་ནཻར་བུ་ཅན།། ཟླ་བ་ཞེས་དང ་སྒྲ་དང་མཚུངས།། གྲགས་ཆེན་དང་ནི་གཟི་བརྗིད་ཤུགས།། ཚོགས་ཀྱི་གྲགས་དང་དགེ་བར་སྟོན།། དྲི་བཟང་དང་ནི་རི་རྒྱལ་མཚན།། དགའ་བའི་དོན་དང་མཆོད་པར་འོས།། སྤྲིན་མཐའ་དང་ནི་བདེན་པའི་གསུང་།། རྣམ་སྣ ་མཛད་དང་བདེན་པར་ངེས།། གྲགས་པའི་བདེ་དང་གྲགས་ཚངས་པ།། གསེར་འོད་གསེར་དང་སྲོག་དང་ལྡན།། འགྲོ་བའི་ཐེག་དང་ཐུ་ཚོད་དང་།། གྲགས་པའི་མཆོག་དང་བློ་བཟུང་ཆུབ།། ནོར་ལྷ་དཀའ་ཐུབ་གྲིབ ་པོ་དང་།། དོན་གསལ་བྱེད་དང་ནོར་གྱི་འཁོར།། འཇིག་རྟེན་འདས་དང་གསེར་གླང་པོ།། ཡོན་ཏན་རྒྱལ་དང་རི་ཡི་འོད།། དབང་བྱེད་རྒྱལ་དང་རབ་ཏུ་ཞི།། མཉམ་སངས་རྒྱས་དང་རྟོག་བྲལ་དང་།། དྲི་རབ་ཞི་དང་རྨོངས་ལ་སྟོན།། དགེ་བཟང ་པོ་དང་ཡེ་ཤེས་ཐུགས།། སྨྲ་བའི་དབང་དྲང་ལྷ་ཆེན་པོ།། བློ་གྲོས་བཟང་དང་འཚེ་བ་མེད།། ཆོས་ཀྱི་དོན་དྲང་འཇིག་རྟེན་ཆོས།། སྒྲ་གཅན་ཉིད་དང་རྒྱལ་མཚན་གྲགས།། སྨན་པའི་མཆོག་དང་མེ་ཏོག་འོད།། དགེ་གཙུག་ཕུད་དང་བདུད ་ཅིརྩི་འོད།། བྱང་ཆུབ་ཆེ་དང་རྒྱ་མཚོ་བརྟན།། རིན་ཆེན་སྤུངས་དང་རོལ་པའི་སྟོབས།། ཉི་མ་ཅན་དང་དགའ་བའི་འོད།། གཙུག་ན་ནོར་དང་སྡིག་བྲལ་བདག། འགྲོ་བ་འདུལ་བ་དང་སྡུད་པའོ།། མེ་ཏོག་སྦྱིན་དང་འགྲོ་བའི་འོད།། མཐུན་པར ་སྨྲ་དང་པདྨ་དང་།། ཡེ་ཤེས་འོད་དང་བཀོད་པའི་རོལ།། བརྟན་པའི་འོད་དང་རྒྱལ་མཚན་འཛིན།། བདེན་པའི་གནས་དང་རྣམ་གྲོལ་བཟང་།། བསམ་པ་ཤེས་དྲང་སེམས་ཅན་འཛིན།། རིན་ཚོན་འཛིན་དང་རྒྱ་མཚོ་བརྒལ།། མི ་ཐུབ་འཇོ་མོས་དང་སྒྲ་ཆེན་པོ།། འདུལ་བ་དང་ནི་མཎྜལ་བསྣམས།། ལྷ་རྣམས་མཆོད་དང་དྲི་མ་སྤངས།། མཆོག་གཽ་མུ་དང་ལྷ་ཡི་གསུང་།། དེ་ལ་དོན་དམ་པ་ནི།། ནོར་བུ་རིན་ཆེན་ཞེས་པ་ནས། གསང་སྔགོས་ལས་བྱུང་ཡི་གེ ་མེད། ཅེས་བྱ་བས་ནི། རྟེན་གྱི་གང་ཟག་འབྲས་བུ་ཐོབ་པར་བྱེད་པའི་ཐབསོ།། དེ་ནི་ཨ་ལས་སྐུ་དེ་ཉིད་བདེ་བ་དང་སྟོང་པ་ཉིད་དུའོ།། གསང་སྔགས་ཆེན་པོ་ཞེས་པ་ནས་རྣམ་པ་ཀུན་ལྡན་རྣམ་པ་མེད། ཅེས་བྱ་བས་ནི་རྟེན་གྱི་གང་ཟག ་གསུམ་ལསཽ་ཁྱད་པར་དུ་བྱས་པ་དེས་ལྷའི་སྐུ་བསྐྱེད་པ་ལྟེ་བོར་སྤྲུལ་པ་ལ་ཁ་དོག་ལྔ་དང་ལྡན་པའི་རླུང་ཐུན་བཞི་དང་། ཐུན་མཚམས་བརྒྱད་དང་། འཕོ་བ་བཅུ་དྲུག་ཆུ་ཚོད་སུམ་ཅུ་སོ་གཉིས། དབྱུ་གུ་དྲུག་ཅུ་རྩ་བཞི་བསྒོམས་པས ་འབྱུང་བ་བཞི་ཡོན་ཏན་དང་པོའོ།། བཅུ་དྲུག་ཕྱེད་ཕྱེད་ཅེས་བྱ་བས་ནི། དགའ་བ་བཅུ་དྲུག་གོ།། བསམ་གཏན་བཞི་ཡི་རྩེ་མོ་ཅན་ཞེས་བྱ་བས་ནི། ལོངས་སྤྱོད་ཀྱི་འཁོར་ལོ་ནས་བྲི་བ་དང་བསྐྱེད་པའི་འཁོར་ལོ་བཞིའོ།། རྩེ་མོ་ན་ཨ ་གཏུམ་མོ་མཱར་མེ་ལྟ་བུའོ།། དེ་ལ་བརྟེན་ནས་སོ་འོགོ་རྣམས་ཐིག་ལེའི་རང་བཞིན་དུ་གསལ་ཞིང་འབབ་བྷའི་ཐིག་ལེ་ནི་ཐབས་དང་ཤྲཱིས་རབ་རྒྱུན་མི་འཆད་པའི་ཐིག་ལེ་འཛག་པའོ།། དེ་བས་ན་བསམ་གཏན་ནི་ལྷན་ཅིག་སྐྱེས་པ། ་ཡན་ལག་ནི་དེ་རྟོགས་པར་བྱེད་པར་བབས་དེའོ།། འབྲས་བུ་ནི་ཏིང་འཛིན་རིག་དང་རྒྱུད་རིག་པ། ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག་ཅེས་བྱ་བ་ལ་སོགས་པས་བསྟན་ཏོ།། དེ་བས་ན་བླ་མ་དམ་པ་དེ་ལ་ཕྱག་བྱ་བར་འོས་པའི་ཕྱིར། ་མཆོད་འོས་བསྟོད་འོས་ཕྱག་གི་གནས།། རྟག་ཏུ་རི་མོར་བྱ་བར་འོས།། བཀུར་འོས་མཆོད་པར་བྱ་བའི་མཆོག། ཕྱག་བྱར་འོས་པ་བླ་མའི་རབ་ཅེས་བྱ་བའོ།། འོ་ན་དེ་ཉིད་ཀྱི་ཡོན་ཏན་ཅི་དང་ལྡན་ཞེ་ན། འཇིག་རྟེན་གསུམ་པོ་གོམ ་གཅིག་བགྲོད།། མཁའ་ལྟར་མཐའ་མེད་རྣམ་པར་གནོན།། གསུམ་རིག་གཙང་མ་དག་པ་སྟེ།། མངོན་ཤེས་དྲུག་ལྡན་རྗེ་དྲན་དྲུག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ།། རྫུ་འཕྲུལ་ཆེན་པོ་འཇིག་རྟེན་འདས།། ཤེས་རབ ་ཕ་རོལ་ཕྱིན་པའི་མཐའ།། ཤེས་རབ་ཀྱིས་ནི་དེ་ཉིད་ཐོབ།། བདག་རིག་གཞན་རིག་ཐམས་ཅད་པ།། ཀུན་ལ་ཕན་པའི་གང་ཟག་མཆོག། དཔེར་བྱ་ཀུན་ལས་འདས་པ་སྟེ།། ཤེས་དང་ཤེས་བྱའི་བདག་པོ་མཆོག། གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ།། ཕྱག ་རྒྱ་བཞིའི་དོན་སྟོན་པ།། དེ་ལྟ་བུ་དེ་ལ་འགྲོ་བས་བསྙེན་བཀུར་གནས་ཀྱི་མཆོག། དེ་ཅིའི་ཕྱིར་ཞེ་ན། ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱི།། དོན་གྱི་དམ་པ་རྣམ་དག་དཔལ།། སྟོན་པའི་ཕྱིར་རོ།། དེ་རྟོགས་ཤིང་གུས་པའི་བསམ་པ་དང་ལྗོན ་པ་གང་ཞེ་ན། འཇིག་རྟེན་གསུམ་ན་སྐལ་བཟང་ཚེ།། དཔལ་ལྡན་འབྱོར་པ་ཀུན་བྱེད་པོ།། འཇམ་དཔལ་དཔལ་དང་ལྡན་པའི་མཆོག་ཅེས་བྱ་བའི་རྟོགས་པསོ།། རིན་ཆེན་ལྷ་དང་དཔག་མེད་འོད།། བདུད་དག་འཇོམས་དང་རྟོག་པ་སྦྱངས།། ་དོན་གྲུབ་དང་ནི་མེ་ཏོག་དང་།། ཡུལ་དོན་གྲུབ་དང་ཟླ་བ་དང་།། བརྟུལ་ཞུགས་གྲུབ་དང་མི་གཡོ་བ།། བློ་གྲོས་དང་ནི་མར་མེ་དང་།། སྒྲ་དོན་རྟོགས་དང་དམ་པའི་རྟོགས།། གཟི་བརྗིད་སྟོབས་དང་ཤེས་རབ་སྐུ།། ཟླ་བ་གང་དང་ཉི་མའི་འོད།། བྱ་བ་རྫོགས ་དང་སྟོན་པར་མཛད།། གཟི་བརྗིད་བཟང་དང་ཡེ་ཤེས་སྟོབས།། གཟི་བརྗོད་དག་དང་རྟེན་པའི་སྟོབས།། ལྷ་ཡི་བུ་དང་རབ་ཏུ་ཞི།། ཉི་མའི་ཞལ་དང་དྲོ་བའི་འོད།། ཚུལ་ཁྲིམས་འོད་དང་དཀའ་ཐུབ་རྒྱལ།། དྲི་མ་བྲལ་དང་རྒྱ་མཚོ་སྒྲ།། གཟུགས ་བརྙན་སྣང་དང་ཀུན་ལས་གྲོལ།། རྒྱ་མཚོ་འོད་དང་དྲི་མ་མེད།། དྲན་དབང་པོ་དང་མཆོག་དོན་བློ།། དཔུང་རབ་ཞི་དང་ཆོས་དབང་ཕྱུག། གསལ་བ་སྣ་ཚོགས་གསལ་བའོ།། ཚིགསུ་བཅད་པ་ལྔ་བཅུ་དྲུག་ལ་རྐང་པ་གཅིག་མ་ཚང་བའོ།། མཚན ་ཉིས་བརྒྱ་བདུན་ཅུ་རྩ་བདུན་ནོ།། ། མཆོག་སྦྱིན་རྡོ་རྗེ་ཞེས་པ་ནས། སངས་རྒྱས་བྱང་ཆུབ་ཅེས་བྱ་བས་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་ལ་བསྟོད་པའོ།། དེ་ཡང་ཡུམ་བཞི་སོ།། སངས་རྒྱས་ཆགས་པ་ཞེས་པ་ནས་སངས་རྒྱས ་རོལ་ལ་ཞེས་བྱ་བས་དང་པོ་སངས་རྒྱས་ཀྱི་དཀྱིལ་འཁོར་ལ་བསྟོད་པའོ།། སངས་རྒྱས་གསུངས་ཞེས་པ་ནས། ན་མཁའ་ལས་བྱུང་ཞེས་བྱ་བས་ནི། ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ལ་བསྟོད་པའོ།། ཡེ་ཤེས་ལས་བྱུང་ནས་ཡིས ་སྐུ་ཉིད་ཅེས་བྱ་བས་ནི། སྐུ་བལྟམས་པ་དང་རོལ་པ་མཛད་པ་དང་དཀའ་བ་མཛད་པ་དང་། འབྲས་བུ་ཡེ་ཤེས་ཆེན་པོ་ཐོབ་པ་ལ་བསྟོད་དེ་རོལ་པའོ།། ཚིགསུ་བཅད་པ་ལྷ་བཅུ་རྩ་དྲུག་ལ་ཚིག་རྐང་པ་གཅིག་མ་ཚང་བའོ།། མཚན་ཉིས་བརྒྱ་བདུན ་ཅུ་རྩ་བདུན་ནོ།། ། ལག་ན་རྡོ་རྗེ་རྡོ་རྗེ་འཆང་ཞེས་པ་ནས། དེ་ནི་ཁྱོད་ཀྱི་རྒྱུད་ལ་ཡང་གསང་སྔགས་ཐམས་ཅད་ཀྱིས་བྱིན་གྱི་བརླབས་ཀྱིས་ཞེས་བྱ་བས་ནི། དགའ་ལྡན་དུ་བྱམས་པ་ལ་སོགས་པའི་དབང་བསྐུར་བ་ལ་སོགས ་པའི་སྒོའི་ཡོན་ཏན་ནོ།། ལག་ན་རྡོ་རྗེ་འཆང་ཞེས་པ་ནས་དྲི་མ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའོ་ཞེས་བྱ་བས་ནི། དགའ་ལྡན་ནས་བྱུང་བ་སྟེ། མཁས་པ་ཆེན་པོ་ཐབས་ཆེ་བའི་ཡོན་ཏན་ནོ།། དེ་ཉིད་ཀྱིས་ལྷའི་ཡོན་ཏན་ནོ།། ཉན་ཐོས་དང ་རང་རྒྱལ་ཞེས་པ་ནས། ཡང་དག་པར་བསྡུ་བ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་རྟོགས་པའི་ཁྱད་པར་བསྟན་པའི་ཡོན་ཏན་ནོ།། སེམས་ཅན་ཐམས་ཅད་ལ་ཡང་དག་པར་བསྡུ་བ་ཞེས་བྱ་བ་ནས། བྱང་ཆུབ ་སེམས་དཔའི་སྤྱོད་པ་མྱུར་དུ། ཞེས་བྱ་བས་ནི་སྦྱིན་བདག་སྟེ། སྤྱོད་པ་མཐའ་དག་རྫོགས་པའི་ཡོན་ཏན་དང་། བྱང་ཆུབ་སེམས་དཔའ་ཞེས་པ་ནས། ཐམས་ཅད་ཡོངསུ་རྫོགས་པའོ་ཞེས་བྱ་བས་ནི།། སངས་རྒྱས་རྣམ་པོར་སྣང ་མཛད་ཅེས་བྱ་བའི་ཡོན་ཏན་ཏཱ། ཕ་རོལ་ཏུ་ཕྱིན་པ་བཅུ་དང་བཅུའི་ཡོན་ཏན་ཏོ།། འཕགས་པ་ཞེས་པ་ནས་ཡོངསུ་རྫོགས་པར་བྱེད་དོ།། ཞེས་པས་ནི། འདི་ལྟར་སངས་རྒྱས་ཏེ་སྐྱེ་བའི་ཡོན་ཏན་ནོ།། ལྷག་ན་རྡོ་རྗེ་རྡོ་རྗེ་འཆང་ཞེས་བྱི་བ ་ནས་དེ་ཡན་ཆད་ཀྱིས་དང་པོའི་སངས་རྒྱས་ཏེ། བདག་ཉིད་རྡོ་རྗེའི་ལྟེ་བ་ལ་པདྨའི་སྟེང་དུ་དང་པོ་སངས་རྒྱ་སུ་བསྐྱེད་པ་ལ་བསྟོད་པའི་ཡོན་ཏན་ནོ།། ད་ནི་འཇམ་དཔལ་རྣམ་པར་རོལ་པ་བསྟན་པ་ནི། ལག་ན་རྡོ་རྗེ་ཞེས་པ་ན་སཽ། རྨོ ་ཐམས་ཅད་བརྗོད་དུ་མེད་པ་ཞེས་པ་སྟེ། ཆོས་ཐམས་ཅད་བརྗོད་དུ་མེད་པས་ནི། ཐམས་ཅད་ལ་ཁྱབ་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་བསྟོད་པའོ།། ལག་ན་རྡོ་རྗེ་རྡོ་རྗེ་འཆད་ཞེས་པ་ནས། ཚེ་ནུར་བར་བྱེདའོ་ཞེས་བྱ་བས། ་དེ་ཡང་ཐམས་ཅད་ཁྲོ་བོའི་ཆ་ལུགས་ཅན་དུར་ཁྲོད་ཀྱི་རྒྱན་དང་ལྡན་པ་སྟེ་རྡོ་རྗེ་འཇིགས་བྱེད་ཀྱི་ཡོན་ཏན་ནོ།། ལག་ན་རྡོ་རྗེ་ཞེས་པ་ནས་ཆོས་ཀྱི་རྒྱལ་པོར་འགྱུར་རོ།། ཞེས་བྱ་བས་ཡེ་ཤེས་སེམས་དཔའི་སྟོན་ཏོ།། ཐབས་ཤེས ་རབ་དང་ལྡན་པའོ།། ད་ནི་འཁོར་ལོའི་རིམ་པ་བསྟན་པ་ནི། འདི་ལྟར་སངས་རྒྱས་ཞེས་པ་ནས། ཡ་ཏེ་ན་མརྠཞེས་པས། གསུམ་དབང་དང་རབ་ཏུ་འགྲོ། དྲི་མ་བྲལ་དང་དཀའ་ཐུབ་རྒྱལ།། ཚངས་པ་དང་ནི་ཚངས་ཆེན་དྲི།། དག་པའི ་ཞིང་དང་ཡོན་ཏན་འོད།། ལྷ་ཡིས་སྤྱི་གཙུག་འཁོར་ལོའོ།། བྱམས་ཆེན་རང་བཞིན་ཞེས་པ་ནས།། རྡོ་རྗེ་འཇིགས་བྱེད་ཅེས་པ་ནི། ཐུགས་རྗེ་ལྡན་དང་ཐུགས་རྗེའི་སྟོབས།། བྱམས་པ་དང་ནི་དགའ་བའི་འོད།། སྟོབས་ལྡན་དང་ནི ་མི་ཐུབ་དང་།། གཞན་གྱིས་མི་ཐུབ་འོད་དང་ལྡན།། དཀའ་ཐུབ་དང་ནི་ཤུགས་ཅན་དང་།། རབ་ཏུ་ཞི་དང་ཞི་བ་དང་།། མྱ་ངནྡོ་མེང་དང་མྱ་ངན་འཇོམས།། མྱ་ངནྡ་སྤངས་དང་མྱ་ངན་མེད།། ཀུན་ནས་འོད་དང་འོད་ཟེར་འཕྱོ།། འོདི་འཕྲོ་དང་ནི་ཀུན་ཏུ ་འོད།། གཟི་བརྗིད་འོད་དང་འོད་འབར་བ།། བྱམས་པའི་འོད་དང་འོད་ཟེར་ཅན།། འོད་ཟེར་ཅན་དང་ཀུན་ནས་བསྐོར།། ཟླ་བའི་འོད་དང་ཟླ་བ་དང་།། ཙན་དན་དང་ནི་ཙན་དན་དྲྀ།། འབར་བའི་འོད་དང་འོད་ཀུན་སེལ།། ཡོངསུ་དག་དང་དག་པར ་ལྡནད། ཤུགས་ཅན་དང་ནི་ཤུགས་ལུས་བྱུང་།། རབ་ཏུ་སྡེ་དང་རབ་ཞི་དང་།། དབང་པོ་དང་ནི་ཀུན་ཏུ་གྲགས།། ཡོངསུ་དག་དང་ཚངས་པ་དང་།། པདྨ་དང་ནི་པདྨའི་ཞབས།། ཙན་དན་ཚལ་དང་ཨུཏྤ་ལ།། ཨུཏྤ་ལ་མདོག་དང་རྣམ་པར ་རྒྱལ།། ཉོན་མོངས་འཇོམས་དང་དཔའ་བོ་ལྡ་ནི།། ཐོགས་མེད་སྟོབས་དང་རྡོ་རྗེ་ཅན།། ཏོག་དང་པདྨ་བསྣམས་པ་དང་།། འཁོར་ལོ་འཛིན་དང་ཨོཾ་ལྡན་དང་། དུང་དིང་དུང་ཅན་དག་དང་ནི།། ཤིན་ཏུ་ཁྲོས་དང་དྲག་པོ་སྟེ།། སྟོབས་འཇོམས་དང ་ནི་སྒྲ་ལས་རྒྱལ།། འཇིགས་བྱེད་དང་ནི་འཇིགས་པར་བྱེད།། སུམ་ཅུ་རྩ་གཉིས་སྤྱི་བོར་རོ།། མཆོད་པ་ཆེན་པོ་འདོད་ཆགས་ནས།། ཡེ་ཤེས་རྒྱ་མཚོ་ཞེས་པས་ནི།། འོད་དཔག་མེད་དང་མཱ་ཡི ་འོད།། ཞེ་སྡང་ཞི་དང་ཞེ་སྡང་འཇོམས།། གཏི་མུག་སིལ་དང་གཏི་མུག་འཇོམས།། དྲ་རྒྱལ་སེལ་དང་གི་ཏོ་མུག་འཇོམས།། ཕྲག་དོག་སེལ་དང་ཕྲག་དོག་འཇོམས།། སེར་སྣ་སེལ་དང་སེར་སྣ་འཇོམས།། གཟུང་འཛིན ་སེལ་དང་སེལ་བར་བྱེད།། ཉོན་མོངས་སྤངས་དང་རབ་ཏུ་འཛིན།། བརྒྱད་ཀྱིས་སྙིང་གའི་འཁོར་ལོ་བསྟན།། གྲགས་ཆེན་ཧ་ཧ་ཞེས་པ་ནས།། ཡེ་ཤེས་མི་ལྕེ་ཞེས་པ་ནི།། ཧ་ཧཱ་སྐྱིགས་དང་སྒྲ་དང་ལྗིན།། བདུད་ལས་རྒྱལ་དང་བྲང ་སྡེ་འཇོམས།། མི་མགོ་བསྣམས་དང་གླང་ཆེ་བསྣམས།། རྟ་མགྲོན་དང་ནི་སྟོབས་པོ་ཆེ།། གཤིན་རྗེ་གཤེད་དང་འདོད་པའི་རྒྱལ།། རྡོ་རྗེ་འཇོམས་དང་བེ་ཅོན་བསྣམས།། བདུད་རྩི་འཁྱིལ་དང་ཧཱུཾ་ཀ་ར།། བདག་མེད་སྟོབས་དང་གཏི ་མུག་ཞི།། གསེར་ཐུབ་དང་ནི་འོད་སྲུངས་དང་།། ཤཱཀྱ་ཐུབ་དང་ལོག་དད་སེལ།། རྣམ་པར་གཟིགས་དང་ཐམས་ཅད་སྐྱོབ།། གཙུག་ཏོར་ཅན་དང་འཁོར་བ་འཇིག། མར་མེ་འོད་དང་སྐར་མ་དང་།། ཟླ་བ་དང་ནི་སྒྲ་གཅན་དང་།། བྱང ་ཆུབ་སེམས་དཔའི་སྐྱབ་གནས་དང་།། སྐྱབསུ་འོས་དང་ཕྱག་རྒྱ་དང་།། འོད་འཕྲོ་དང་ནི་རིན་ཆེན་དང་།། ཚངས་དང་ཚངས་པའི་རྒྱལ་པོ་དང་།། བྱ་རྩོལ་ཅན་དང་བྱ་རྩོལ་བྲལ།། གྲངས་དང་གྲངས་ལས་འདས་པ་དང་།། གྲུབ་སྦྱིན ་དང་ནི་ཡིད་ཡུལ་འདས།། ལུས་འཕགས་དང་ནི་ཉི་མའི་གཙུག། པདྨའི་ཞལ་ནས་འཛུམ་པ་མཛད།། སྐྱབས་གནས་དང་ནི་དག་གནས་དང་།། དཔག་མེད་མཛད་དང་དོན་མཛད་པའོ།། རོལ་དང་རོལ་པའི་གར་དང་ནི།། ་སྒྲ་དང་ཚངས་པའི་སྒྲ་དབྱངས་དང་།། རབ་གྲུབ་གྲགས་དང་གྲགས་པ་དང་།། གྲུབ་པ་སྦྱིན་དང་སྦྱིན་པོ་དང་།། ཚུལ་ཁྲིམས་དང་ནི་ཚུལ་གནས་དང་།། བརྩོན་འགྲུས་དང་ནི་བཟོད་པར་ལྡན།། རབ་ཏུ་བརྩོན་འགྲུས་པས ་གཏན་མཛད།། ཤར་དང་སྣང་བ་ཤར་མཛད་དང་།། མུན་པ་སེལ་དང་དྲང་སྲོང་ཆེ།། དཀའ་ཐུབ་ཆེ་དང་གཙང་མའི་གནས།། དགེ་འདུན་སྡེ་དང་འཁོར་ལོ་སྒྱུར།། ཤི་ཤུ་དང་ནི་དཔལ་འབྱུང་དང་།། འབྱུང་གནས་ཀུན ་གྱི་འབྱུང་གནས་དང་།། ཤེས་རབ་བརྩེགས་དང་ཆོས་ཉིད་བྱུང་།། རྣམ་པར་སྣང་མཛད་རྣམ་པར་རོལ།། རྣམ་པར་གནོན་དང་རྣམ་པར་འཇོག། སྨྲ་བ་ཚེ་དང་དོན་སྟོན་དང་།། དོན་རབ་སྦྱིན་དྲང་དོན་གསལ་དང་།། ་བཥྚི་གནས་དང་གཞན་ལ་སྟོན།། བཤད་པར་བྱེད་དང་ཚིག་བདེན་པ།། གཙུག་ཏོར་ཚེ་དང་འཁོར་ལོ་ཕྱག། ནྱ་གྲོ་དྷ་དང་རིན་ཆེན་ཕྱག། རིན་པོ་ཆེ་དང་རིན་ཆེན་བརྩེགས།། འཁོར་ལོ་འཛིན་དང་གྲུ་འཛིན་དང་།། རི་བོ ་འཛིན་དང་རལ་གྲི་འཛིན།། ཛམ་བུ་གླིང་དང་ཛམ་བྲུཾ་ཤིང་།། ཛམ་བྷུ་གསེར་དང་གསེར་འོད་ངོ་།། གསེར་གྱི་མདོག་དང་ཁྲུས་ཀྱི་དག། རིན་ཆེན་མེ་དང་མེ་འོད་དང་།། གཙུག་ཕུད་ལྔ་དང ་ལེན་དང་།། བྱམས་པས་འདུལ་དང་བྱམས་མགོན་དང་།། དམ་པ་ཏོག་དང་ཟླ་བའི་ཏོག། འབྲུག་གི་སྒྲ་དང་གློག་གི་འོད།། འོད་རྣམས་སྟོན་དང་གསལ་བའི་འོད།། ཉི་མའི་འོད་དང ་ཟེར་དང་།། བཻ་ཌཱུརྱ་དང་དོན་ཡོད་དང་།། མཐོང་ན་དགའ་དང་དོན་ཡོད་མཐོང་།། མཐོང་དོན་ཡོད་དང་མི་འཇིགས་པ།། འཇིགས་པ་སྤངས་དང་རྣམ་པར་གྲོལ།། ཀུ་ཀུ་ར་དང་གླང་ཆེན་གནོན།། སེང་གེ་དང་ནི་གླང ་ཆེན་སྟོབས།། འཇིག་རྟེན་གྲོལ་དང་ལམ་སྟོན་དང་།། སྦྱིན་གནས་དང་ནི་ལེགས་པར་གཟིགས།། ཕ་རོལ་སྡེ་དང་སྡེ་དཔུང་འཇོམས།། དྲུག་ཅུ་རྩ་བཞི་སྤྲུལ་པ་སྟེ།། སངས་རྒྱས་ཀུན་གྱི་སྦྲུལ་སྐུ་ནས།། འཇམ ་དཔལ་དཔལ་དང་ལྡན་པས་ནི།། བྱ་རྩོལ་བྲལ་དང་དགེ་བའི་ཡིད།། པདྨ་གནོན་དང་གཟུགས་མཛེས་དང་།། མེ་ཏོག་མཛེས་དང་པདྨ་གདོང་།། ཛྙཱ་མཾ་བྲུ་ཤིང་དང་རྒྱུན་དང་ནི།། འོད་དང་རྣམ་པའི་སྒྲ་དང་ནི།། རྔ ་དང་སྒྲ་ཡི་བདག་ཉིད་དང་།། ཐུགས་ལས་འབྱུང་དང་དཔལ་འབྱུང་དང་།། ལས་རྣམས་གྲུབ་དང་ལས་མཐར་ཕྱིན།། བཅུ་དྲུག་མགྲིན་པའི་འཁོར་ལོའོ།། མཚན་ནི་ཉིས་བརྒྱ་ཉི་ཤུ་གཉིས།། ཚིགས་བཅད ་བརྒྱ་དང་ཉི་ཤུ་གཅིག། སོ་སོར་བཞི་བཅུ་ད་བུས་སུ་གཉིས།། སྒྱུ་འཕྲུལ་དྲ་བ་ལ་བསྟོད་པའོ།། འཁྲུལ་འཁོར་ལས་ནི་བྱ་བའི་ཕྱིར།། རྩ་བའི་འཁོར་ལོ་དྲུག་དང་ནོ།། ལས་ཀྱི་འཁོར་ལོ་བཅུ ་དྲུག་སྟེ།། དེ་ལྟར་ཁྱད་པར་བདེ་ལྡན་པའི།། ཚིག་གཅིག་ལྷག་པ་ཀུན་གྱི་སྟེ། ཞེས་བྱ་བ་ལ་སོགས་པ་བསྟན་ཏོ།། དེའི་ཡོན་ཏན་ཡང་རྣམ་པ་ལྔ་ཤེས་པར་བྱའོ།། ད་ནི་རྗེས་སུ་ཡི་རུང་བ་སྟོན་ཏེ། དེ་ནས ་དཔལ་ལྡན་རྡོ་རྗེ་ཞེས་བྱ་བ་ནི། བཱ་ར་མཆོད་པ་དང་སྡུད་པའོ།། དགའ་ཞིང་མགུ་ནས་ཞེས་བྱ་བ་ནི་གུས་པའི་དོན་ཏེ་སྡུད་པའོ།། མགོན་པོའི་ཡུལ་ལོ།། ཕྱག་འཚལོ་ནས་ཞེས་པ་ནི། ལུས་ཀྱི་ལས་ལེགས་སོ་ལ་གསོ ་དག་གོ།། དེས་རྗེས་སུ་ཡི་རང་བའི་ཚིག་གོ།། བླ་མེད་ཐེག་པ་ལམ་གྱི་དོན།། བླ་མ་ལ་བརྟེན་ལམ་འདི་བརྩམས།། བདག་གིས་དགེ་པ་འདི་བྱས་པས།། མགོན་པོ་འཇམ་དཔལ་དེ་འདྲར་ཤོག། བསོད་ནམས་དག་ལ་བརྟེན་ནས ་ནི།། འགྲོ་ཀུན་འཇམ་དབྱངས་དེ་འདྲར་ཤོག། དད་པའི་དབང་གིས་དགེ་བ་མི་ཟད་གཏེར།། དངོས་གྲུབ་བླ་མ་ལ་བརྟེན་སྒྲུབ་པས་གྲུབ།། བདག་གི་གདམས་ངག་ལ་བརྟེན་འགྲེལ་པ་འདི།། ཐོས་པས་བདག་དང ་སེམས་ཅན་རྣམས།། སྒྲིབ་པོ་རྣམ་གཉིས་ཡོངས་དག་ནས།། རྟག་ཏུ་བླ་མ་རྣམས་དང་འགྲོགས།། དེ་ཡི་འབྲས་བུ་མྱུར་ཐོབ་ཤོག། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་མཚན་དོན ་གསལ་བར་བྱེད་པ།། སློབ་དཔོན་ཆེན་པོ་གཉིས་སུ་མེད་པའི་སྦས་པས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་དྷརྨཱ་ཤྲཱི ་མི་ཏྲ་དང་། བོད་ཀྱི་དགེ་སློང་ཆོས་ཀྱི་བཟང་པོས་ཨུ་རྒྱུན་གྱི་ཛམ་བུ་དྷཱ་ར་ཞེས་བྱ་བའི་མཐར་བསྒྱུར་བའོ།། ་གཉིས་མེད་རྟོགས་ཤིང་སྦས་པའི་གསང་བ་རྟོགས།། ཆོས་ཀྱི་ཕྱག་རྒྱ་བདག་ཉིད་དེ་དོན་རྟོགས།། ཆོས་ཀྱི་ཕྱག་རྒྱ་འབྲས་བུ་བ་ཟང་པོ་ནི།། རིན་ཆེན་ལྟ་བུས་དེ་བསྟེན་དངོས་གྲུབ་ཐོབ།། འབྱུང་ཞིང་སྙིང་པོ ་དམ་པ་དེ་ལ་དམིགས།། འབྲས་བུ་དཀོན་མཆོག་གསུམ་ལ་དབང་འབྱོར་ནས།། བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀུན།། བླ་མེད་བྱང་ཆུབ་འབྲས་བུ་ཐོབ་པར་ཤོག། ་