| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མཱ་སཾ་གཱི་ཏི་བྲྀཏྟི། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ། རྗེ་བཙུན་འཇམ་པའི་དཔལ་ལ་ཕྱག་འཚལོ།། ཟབ་ཅིང ་རྒྱ་ཆེ་རྟོག་བྲལ་དང་།། སངས་རྒྱས་སྐུ་ལྔའི་བདག་ཉིད་སྐུ།། ཚིག་ལ་སྨྲ་མཁས་བརྗོད་པའི་གསུང་།། ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ།། ཐམས་ཅད་བསྡུས་པའི་ལམ་གྱི་དོན།། སྒྱུ་འཕྲུལ་གླུ་ཡི་ལེའུ་འདིས།། ཆོས་སྐུ་རྣམ ་པར་དག་པ་འབྱུང་།། བླ་མའི་དྲིན་གྱིས་ཐོབ་ནས་བརྩམ་ས།། གླེང་གཞི་སྐབས་དང་འབྲས་བུའི་དོན།། ཉམས་ལེན་ཐབ་སུ་ཤེས་པར་བྱ།། པདྨ་དཀར་པོ་རྒྱས་འི་དྲའི་ཅན།། ཤེས་རབའི་དྲ་བའི་སྟོན་པ་སྟེ།། པདྨའི་གདན་བཞུགས ་ཐུགས་རྗེའི་གནས།། འཁོར་ནི་ཁྲོ་གཉེར་འཕྲིན་ལྔས་ལྡན།། དཔལ་ལྡན་རྡོ་རྗེའི་ལུས་འཆང་བས།། དེ་ནས་དུས་དེ་ཡོན་ཏན་རྒྱས།། ཡོན་ཏན་གཉིས་དང་ལྡན་པས་ཞུས།། ལྷ་རྣམས་སྐྱོ་བ་ཤིན་ཏུ་བསྐྱེད་བྱས་ནས།། དུས་གསུམ ་པ་རྡོ་རྗེའི་གདན་དུ་གཤེགས།། རྒྱལ་སྲིད་སྤངས་ནས་སྐྱོ་བས་རབ་ཏུ་བྱུང་།། དཀའ་ཐུབ་སྟོབས་ཀྱིས་ཉོན་མོངས་བདུད་ཀྱང་བཅོམ།། ཡེ་ཤེས་མས་ནི་འཁོར་བའི་ཕུང་པོ་བསྲེགས།། ཁྲོ་བོའི་སྤྲུལ་པོས་མོ་རུངས་ལོག་ལྟ་བཅོམ། ་པདྨ་དུ་འདོད་ཆགས་རྡོ་རྗེའི་སྐུ།། གདུལ་བྱ་འདུལ་ཕྱིར་སྐུ་ནི་སྟོན་པར་མཛད་བྱ་བ་ནི་བསྡུ་བའི་ཚིགསུ་བཅད་པའོ།། གླེང་གཞིའོ།། དེ་ལ་འདི་སྲིད་ན་གདུལ་བྱ་ཕན་པས་ཞུ་བ་འམ་མི་ཞུ་ཞེ་ན། དེ་མི་འགལ་ཏེ། སྙིང་རྗེ་ཆེ ་དང་ཞེས་པའོ།། དེ་ལྟར་སྣང་བ་ཅིས་ཞེ་ན། ཐབས་ཀྱིས་ཞེས་བྱ་བ་སྟེ། སྐུ་གདུལ་དཀའ་བའི་དོན་དུའོ།། འཁོར་རྣམས་རང་བཞིན་གྱིས་མ་དུལ་བས་ཐེག་པ་ཆེན་པོའི་སྣོད་དུ་མི་འགལ་ལམ་ཞེ་ན། དེ་མི་འགལ་ཏེ་དགའ་མགུ ་ཞེས་པའོ།། དེ་དང་ལྡན་པས་དེས་ཞུས་པའོ།། གང་ལ་ཞེ་ན་བཅོམ་ལྡན་འདས་ལ་ཞུ་བའོ།། ཚུལ་ཇི་ལྟ་བུས་ཤེ་ན།། ལུས་བཏུད་ཅེས་བྱ་བ་དང་མཚམས་སྦྱོར་སྔོན་དུ་བཏང་ནས། དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཞེས་པ་དང་པོ ་སངས་རྒྱས་ཡེ་ཤེས་སེམས་དཔའ་གཉིས་དང་ལྡན་པ་ཞེས་པ་ནས། བྱང་ཆུབ་ཅི་ནས་ཞེས་པ་ནི་གང་ལ་ཞུས། ཚུལ་ལམ་ཐབས་ཇི་ལྟ་བུས་ཞུས། གང་གིས་ཞུས། གང་གིས་དོན་དུ་ཞུས། གླང་ཞུས། ཞུས་པའི་དགོས་པ་གང་དུ ་སྟེ། བྱེད་ཚིག་སྒྲ་དང་བཅས་པས་གོ་རིམ་བཞིན།། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཞེས་པ་ནས། དང་པོ་བསམ་པ་མཁྱེན་མཆོག་གིས་ཞེས་བྱ་བས། སྒྱུ་འཕྲུལ་དྲ་བའི་ཏིང་འཛིན་བསྟན་ཏེ། རྡོ་རྗེ་བུམ་པར་ཆོས་སྐུ ་མཚོན་པའི་སྐུ་གདུང་ཟླུམ་ཞིང་འཁྱིལ་བའི་བུམ་པར་དེ་བཞིན་གཤེགས་པ་བསྐྱེད་པའི་གནས་ཨེ་དྷརྨ་དྷཱ་ཏུ་གྲུ་གསུམ་དཀར་པོའི་ནང་དུ་གཞལ་ཡོས་ཁང་སྤྲུལ་ཏེ། ཐབས་དང་ཤེས་རབ་གཉིས་དང་ལྡན་པའོ།། དེ་ནས ་རྣམ་པར་སྣང་མཛད་དང་། རྡོ་རྗེ་སེམས་དཔའ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་སྟེ། ཞལ་བཞི་བཞི་ཕྱག་བརྒྱད་པོརྒྱད་པར་སྤྲུལ་ཏོ།། སེམས་མ་རྡོ་རྗེ་མ། རིན་ཆེན་རྡོ་རྗེ་མ། ་པདྨ་རྡོ་རྗེ་མ། ལས་ཀྱི་རྡོ་རྗེ་མ་ཡང་སྤྲུལ་ཏོ།། ཤར་ཕྱོགསུ་རྡོ་རྗེ་སེམས་དཔའ་ལ་སོགས་པ། ལྷོ་ཕྱོགསུ་རིན་ཆེན་དཔལ་ལ་སོགས་པ། ནུབ་ཕྱོགསུ་མ་ཆགས་ཆོས་ལ་སོགས་པ། བྱང་ཕྱོགསུ་རྡོ་རྗེ་ལས་ལ་སོགས་པ་ཐབས་དང་ཤྭེ ་རབ་ཏུ་གྱུར་པ་ཐམས་ཅད་སྤྲུལ་ཏོ།། དེ་ནས་དང་པོའི་སངས་རྒྱས་པདྨའི་སྦུབས་ནས་ཐོན་པ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་དང་པོའི་སངས་རྒྱས་ཡེ་ཤེས་སེམས་དཔའ་དང་བཅས་པ་འོད་ཀྱི ་བསྐུལ་ནས་རྣམ་པ་ལྔར་འགྱུར་ཏེ། རིགས་ལྔའི་གཙུག་ཏོར་དུ་ནུབ་པས་ཐམས་ཅད་འོད་དང་ལྡན་པས་ན་གཙུག་ཏོརོ།། དེ་ནས་ཡུམ་བཞིས་འདུད་ཅིང་བསྟོད་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་མཚན་གྱི་སྡུག་སྟོང ་གཉིས་བསྟོད་པས་འོད་ཁ་དོག་ལྔ་དང་ལྡན་པ་ལས་སྤྲུལ་པའི་སྐུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནམཁའ་ལ་སྟོན་ཏོ།། དེའི་འོད་ཀྱིས་ངན་སོང་གསུམ་དང་འགྲོ་དྲུག་སྦྱོང་བའི་བཅོམ་ལྡན་འདས་འཁོར་བ་འཇོག་དང་། ་རྣམ་པར་གཟིགས་དང་། གསེར་ཐུབ་དང་། གཙུག་ཏོ་ར་ཅན་དང་། ལོག་པར་དད་སེལ་དང་། ཐམས་ཅད་སྐྱོབ་པ་ལ་སོགས་པས་ཉིས་བརྒྱ་རྩ་གཉིས་འཕྲོས་ཏེ། ཐམས་ཅད་དབུགས་འབྱིན་པའི་འོད་བཀྱེའོ།། དེའི ་ཕྱིར་སྦྲུལ་སྐུ་ཤཱཀྱ་ཐུབ་པ་ནི། ཉིས་བརྒྱ་ཉི་ཤུ་རྩ་གཉིས།། ཤཱཀྱ་ཐུབ་དང་ཐུབ་པ་དང་། འོད་དང་རབ་ཏུ་གྲགས་པ་དང་། སེང་གེ་དང་ནི་གཟི་བརྗིད་དང་།། སྟོབས་དང་ཡེ་ཤེས་ཆེན་པོ་དང་།། རབ་ཏུ་གྲགས་དང་གྲགས ་ཚན་དང་། སྤྲུལ་པ་དང་ནི་རྫུ་འཕྲུལ་ཆེ།། སྣང་དང་འོད་ཆེན་སྣང་བ་དང་།། དཔའ་བོ་སྡེ་དང་མི་འཇིགས་དང་།། གཙུག་ནས་བྱུང་དང་གཙུག་ཕུད་མཛེས།། ཁྱབ་པ་པོ་དང་ན་མཁའི་བདག། བླ་མེད་བྱུང་དང་མི་ཡི་ཐེག ་དབང་ཕྱུག་པོ་དང་རིན་ཆེན་ཕྱག། ཙི་ན་དན་དྲི་དང་དྲི་ཡི་འོད།། འོད་ཟེར་འཕྲོ་དང་རབ་འཕྲོ་དང་།། དབང་པོ་ཞི་དང་ཅན་དན་ཕྱག། མཆོག་ཏུ་མཛེས་དང་རབ་མཛེས་དང་།། སྦྱིན་དགའ་བ་དང་རྟག་ཏུ་གཏོང་།། སངས་རྒྱས་སྡེ་དང་དམ་པ་དང་།། པདྨ ་དང་ནི་འཁོར་ལོའི་ཕྱག། སྡེ་དང་རབ་ཏུ་འཇོམས་པ་དང་།། བདུད་སྡེ་འཇོམས་དང་རབ་འཇོམས་དང་།། ཀུན་ཏུ་འོད་དང་འོང་པོ་ཆེ།། རབ་ཏུ་གྲགས་དང་གྲགས་འཛིན་དང་།། མུ་ཁྱུད་འཛིན་དང་ལྷུན་པོ་རྩེ།། ལྷ་དང་ལྷ་ཡི་དབང་པོ་དང་།། ་མར་མེ་འོད་དང་འོད་མཛད་དང་།། ཐུབ་དང་གཞན་གྱིས་མི་ཐུབ་དང་།། སྟོབས་དང་དཔུང་རབ་ཞི་བ་དང་། ལེགས་པའི་ལམ་དང་པུས་གྲི་དང་།། སྦྲང་རྩི་འབྱུང་དང་དགའི་བའི་དཔལ།། གཅིང་མའི་གནས་དང་གཙུག་ན་ནོར།། ་གླང་པོ་དཔལ་དང་ཀ་ཏའི་བུ།། གསེར་གྱི་མདོག་དང་འཁོར་ལོ་དྲང་།། སྨན་དང་ཡོངསུ་སྐྱོབ་པ་དང་། མར་མེ་དང་ནི་ཉི་མའི་འོད་།། རིག་སྔགས་གྲུབ་དང་རྒྱལ་བའི་དོན།། ན་མཁའི་སྐུ་དང་དགའ་བའི་གཟུགས།། གསང་སྔགས ་མཆོད་དང་གཙོ་བོ་ཐག། རྣམ་པར་རྒྱལ་དང་ཐུགས་རྗེ་ཆེ།། འཇིག་རྟེན་དབང་དང་དམོ་པ་དང་།། ཚད་ལས་འདས་དང་དམ་ཚིག་ལྔ་ནི།། འཇིགས་བྱང་རྒྱལ་དང་སྟོབས་ལྡན་དང་།། ཧ་ལ་མདོག་ཅན་གདོང་རྗེ་དང་།། མཚོ་སྐྱེས ་ན་མཁའི་སྙིང་པོ་དང་།། གླང་ཆེན་སྟོབས་དང་སྒྲ་སྒྲོགས་དང་།། སྒྲ་ཆེན་སྒྲོགས་དང་བྱམས་པ་ཆེ།། དགའ་བའི་འོད་དང་ཤེས་རབ་དང་།། སྣ་ཚོགས་སེལ་དང་འབར་པོའི་མིག། ཤེས་རབ་ཅན་དང་ལུས་འཕགས་པ།། པདྨའི་རྩེ་དང་མེ་ཏོག་བརྒྱན ་འབྲུག་གི་སྒྲ་དང་འཇམ་པའི་དབྱངས།། སྒྲ་དབྱིངས་དང་ནི་ནོར་ལྷ་དང་།། མཚན་དང་བརྟུལ་ཞུགས་མཆོག་དང་ནི།། ཡང་དག་བློ་དང་ཤེས་རབ་དང་།། ཆོས་ཀྱི་རྒྱུན་དང་འབྲས་བུ་ཆེ།། གཟུགས་དམ་པ་དང་གཟུགས་སྣང་བ།། མཚུངས་མེད་གྲག ་དང་འཁོར་ལོས་སྒྱུར།། འཇིག་རྟེན་དག་ད་ཆེ་མཆོག་མཛེས།། སྐྱབས་དང་སྐྱབས་ཀྱི་དམ་པ་དང་། ན་མཁའི་བདག་དང་སྲིད་པ་སེལ།། དྲི་མ་དག་དང་དབང་ཕྱུག་དང་།། ཡོངསུ་ཞི་དང་ངེས་པར་གྲོལ།། དྲི་མ་བྲལ་དང་དུས་མེད་རྟོགས།། སྟོན ་དང་ནི་ཡོན་ཏན་འབྱུང་།། ཡོངསུ་སྨིན་དང་སེམས་ཅན་དོན།། སྙིང་རྗེ་བཟང་དང་དབང་དོན་ཤེས།། ལམ་སྟོན་པ་དང་རང་འབྱུང་ཐེག། དགའ་བ་ཆེ་དང་དགའ་བའི་དཔལ།། མཆོག་སྦྱིན་མཛད་དང་བརྩོན་འགྲུས་ལྡན།། གཙུག་ཕུང ་མཛེས་དང་གཙུག་ཕུད་དང་།། བརྟུལ་ཞུགས་ཆེ་དང་གཽ་ཏ་མ།། ཚངས་པའི་མཚན་དང་ཞི་བ་དདྲང་།། མཐའ་གཉིས་སྤངས་དང་ཆགས་པ་བྲལ།། མཐའ་ལས་འདས་དང་དྲི་མ་མེད།། ཉེས་ཀུན་བདག་དང་ཆོས་ཉིད་ཐོབ།། རྣམ ་རྟོག་སྤངས་དང་ཐོགས་མེད་སྤྱན།། དྲི་མེང་ཅན་དང་ཡེ་ཤེས་ལུས།། ཉེས་སྐྱོན་སྤངས་དང་སེང་གེ་དང་།། དགའ་བའི་འོད་དང་འོད་བཟང་དང་།། དུག་རྣམས་སེལ་དང་གཉེན་པོ་ཆེ།། འཇིག་རྟེན་དཔལ་དང་འཁོར་ལོ་བསྐོར ་སྤྱོད་ལམ་མཛད་དང་ཞིང་དག་དང་།། ཉི་མ་དང་ནི་ཏིང་འཛིན་བརྟན།། རིན་དཔལ་དང་དབང་ཕྱུག་དྲི།། ཏིང་འཛིན་བརྟན་དང་ཆེ་བའི་གསུང་།། སྣང་གསལ་འོད་དང་འབར་བ་དང་།། ཐུགས་རྗེ་ཆེ་དང་ཡེ་ཤེས་ཆེ།། སྣང་ཚོགས་སྡེ་དང ་ཤེས་རབ་དང་།། སྨྲ་བའི་རྒྱལ་དང་ཡེ་ཤེས་བློ།། རྣམ་དག་ཆོས་དང་དྲ་བའི་འོད།། རྡོ་རྗེ་སྐུ་དང་བློ་ལྡན་དང་།། སྙིང་རྗེས་ཐུགས་དང་སྤྲུལ་པ་དང་།། རབ་ཏུ་སྒྲུབ་དང་སྦྱིན་པ་དང་།། བར་ཆད་སེལ་དང་དག་པ་དང་།། མི་གཡོ་བ་དང་མངོན་དུ ་གསལ།། གཙུག་པུད་ལྔ་དང་ཞིང་དང་ནི།། གྲགས་དང་རབ་ཏུ་གྲགས་པ་དང་།། སྤྲུལ་དང་རབ་ཏུ་སྤྲུལ་པ་དང་།། རབ་ཏུ་གྲགས་དང་རབ་མཆོག་དང་།། དཔལ་དང་དཔལ་གྱི་ཞིང་དང་ནི།། ལྷ་དང་ལྷ་ཡི་དབང་པོ་དང་།། སྟོན་དང་འཇིག་རྟེན ་རབ་ཏུ་གྲགས།། བྱམས་པ་ཆེ་དང་སྙིང་བརྩེ་དང་།། ཤེས་རབ་ཚེ་དང་བདུད་སྡེ་འཇོམས།། འཇིག་རྟེན་འདྲེན་དང་མཆོད་འོས་ན།། བཀུར་བའི་འོས་དང་བླ་མ་དང་།། ས་རྣམས་ནོན་དང་བྱ་བ་རྫོགས།། ཆོ་འཕྲུལ་ཆེ་དང་འབྲས་བུ་ཆེ།། མཚན ་རྣམས་རྫོགས་དང་དྲོན་བཞི་སྟེ།། མཚན་མཆོག་ཉིས་བརྒྱ་ཉི་ཤུ་རྩ་གཉིས།། དེ་ལ་ཚིག་གི་བདག་པོ་ཞེས་པ་ནས།། མིང་ནི་ཡང་དག་བརྗོད་པའི་མཆོག་ཅེས་པའོ།། མཆོག་ཅེས་པ་ནི་ཕུལ་དུ་བྱུང་བའོ།། དེའི་དོན་ནི་ལྷ་མོ་བདུད ་ཀྱིས་བསྟོད་པས་དཀྱིལ་འཁོར་དེ་རྣམས་སྤྲིན་དང་བྲལ་བའི་ནི་མཁའ་ལྟ་བུར་གྱུར་པའོ།། དེ་ནི་འབྲས་བུའོ།། འོ་ན་གདུལ་བྱ་བྱང་ཆུབ་སེམས་དཔས་ཇི་ལྟར་རྟོགས་ཞེ་ན། དོན་ཟབ་དོན་ནི་རྒྱ་ཆེ་བ་ཞེས་པ་ནས། ད་ལྟར་བྱུང ་འི་རྫོགས་སངས་རྒྱས།། ཞེས་བྱ་བས་ནི་ཟབ་པ་དང་རྒྱ་ཆེ་བར་གོ།། ཤེས་བྱའི་སྒྲིབ་པ་མྱུར་དུ་ཞི་བ་དང་དོན་ཆེན་པོ་འབྲས་བུ་ཆོས་སྐུ་ཐོབ་པའོ།། དེ་ལ་ཐོབ་པར་ཅི་ཤེས་སྙམ་ན། ཕན་ཡོན་ཐོག་མར་ཏེ་ཚོགས་ལམ་དང་མཐོང་ལམ་དང ་བསྒོམ་ལམ་པའི་རྒྱུད་ལ་ཐོས་པ་བསམ་པ་བསྒོམ་པསོ།། ཡང་ན་དུས་གསུམ་སངས་རྒྱ་ས་ལམ་འདི་ལ་བརྟེན་པསོ།། དེ་ནི་དག་པའོ།། དེ་ལྟར་དཀྱིལ་འཁོར་མི་སྣང་བར་གྱུར་ཏེ་སྟེང་གི་བཅོམ་ལྡན་འདས་ལ་གསོལ་བ་བཏབ་སྟེ། མ ་དག་པའི་དོན་དུའོ།། གསང་དབང་ཞེས་བྱ་བ་ནས་ལུས་བཏུད་ནས་ནི་ཞེས་བྱ་བས་གང་གིས། གང་ལ་གང་ལྟར་ཞུས་ཞེས་པའོ།། ཡང་དང་ཡང་དུ་བཤད་དུ་གསོལ་ཞེས་བྱ་བས་གང་ཞུས་པའོ།། མགོན་པོ་རྫོགས་སངས་རྒྱས་ཀུན་གྱི་ཞེས་པ ་ནས། སེམས་ཅན་རྣམས་ལ་བཤད་པར་འཚལ་ཞེས་བྱ་བ་ནི་ཞུ་བ་པོ་དབང་རྫོགས་ཤིང་སྦྱངས་པས་གཞན་དོན་དུ་ཞུ་བ་ཞེས་བྱ་བས་སོ།། གང་གི་ཕྱིར་ཞུ་ན། ཉོན་མོངས་པས་ནི་ཞེས་པ་ནས་བླ་མེད་འབྲས་བུ་ཞེས་བྱ་བའོ།། དེ་ནི ་གསོལ་བ་གདབ་པའོ།། དེ་ནས་ཞེས་བྱ་བ་ནས་འཇིག་རྟེན་གསུམ་པོ་ཞེས་བྱ་བ་ནི་ཏིང་འཛིན་གྱི་ཡོན་ཏན་འདི་བཤད་པའི་བྱིན་བརླབས་ཀྱིས་སྣོད་བཅུད་སྦྱང་བ་བསྟན་ནས། ལག་ན་རྡོ་རྗེ་ཞེས་བྱ་བ་ནས་ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན་ཞེས ་བྱ་བ་ནི་ཞུ་བ་པོ་ལ་སྤྲོ་བ་བསྐྱེད་པའོ།། ལོགསོ་ཞེས་བྱ་བ་ནི་རྗེ་སུ་ཡི་རང་ཞིང་དགའ་བའི་ཚི་གོ།། དེ་ནས་ཞེས་པ་ནི་དུས་ལ་བབ་པའི་ཆོ་ག།། གསང་སྔགས་ཞེས་པ་ནས་འཆང་བའི་རིགས་ཞེས་བྱ་བས་ཐག་པའི་ཁྱད་པར་གསུམ་སྤྱད་པའི་ཁྱད་པར་རོ།། ་དེ་ལ་དགོངས་ནས་རིགས་ཀྱང་གསུམ་སྟེ། རིགས་གསུམ་ཞེས་བྱ་བ་ནས་ཆར་གཟིགས་ནས་ཞེས་བྱ་བ་སྟེ། གཉིས་དོར་བར་བྱ་བའོ།། ཕྱག་རྒྱ་ཆེན་པོའི་རིགས་ལ་གཟིགས་ནས་སྔགས་དང་མཚན་གྱི་དོན་སྟོན་པ་ནི། ཚིག་གིས་བདག་པོ ་སབྱ་བ་ནི་བཅོམ་ལྡན་འདས་སོ།། ཚིགསུ་བཅད་པ་ནི་མཚན་གྱི་དོན་ནོ།། གསང་སྔགས་རྒྱལ་པོ་དྲུག་ནི་རྩ་སྔགས་དྲུག་གོ།། གཉིསུ་མེད་པ་ནི་ཐབས་ཤེས་རབ་སྟེ་ས་བོན་གྱི་རྣམ་པའོ།། མི་སྐྱེ་ཞེས་བྱ་བ་ནི་སྤྱན་དྲང་བ་ལ་སོགས་པ་ཕྲེང་བའི་སྔགསོ།། ་དེ་དྲིལ་བ་ནི་ཤེས་རབ་འཁོར་ལོའི་སྟེ། དཀྱིལ་འཁོར་འཁོར་ལོའི་དང་པོའི་འདབ་མ་དྲུག་པའོ།། བྱང་ཆུབ་སེམས་རྡོ་རྗེ་དང་། རྡོ་རྗེ་དང་། པདྨ་དང་། རིན་པོ་ཆེ་དང་ལུས་རྣམས་ལ་རྩིབས་བཞི་པའོ།། དེ་བཞིན་གཤེགས་པ་ལ་རྩིབས་དྲུག་པ་མུ་ཁྱུད་བཞི་དང་ལྡན ་པའོ།། གཞན་ལ་མུ་ཁྱུད་དེ་འདྲ་བར་ཤེས་པར་བྱའོ།། ཁ་དོག་ནི་སྣ་ཚོགས་པ་དང་། མཐིང་ག་དང་དམར་པོ་དང་། སེར་པོ་དང་། ལྗང་གུ་དང་། དཀར་པོའོ།། ཨེ་ཨཻ་ཨོ་ཨེ་ཨཾ་ཨཿསྟེ། དབུས་ཀྱི་ལྟེ་བ་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཨ་ཨཱ་ཨི ་ཨཱི་ཨུ་ཨཱུ་ཨེ་འཁོར་ལོ་གཉིས་པའི་ལྟ་བ་ཟླ་བའི་དཀྱིལ་འཁོར་ལའོ།། དེ་གཉིས་ཁ་སྦྱར་བར་དུ་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀར་རོ།། ཅིའི་ཕྱིར་འཁོར་ལོ་ཞེ་ན། པྲཛྙཱ་ཤེས་རབ་སྟོང་པའོ།། ཛྙཱ་ན་ཐབས་ཏེ། མཱུརྟི་ནི་དབྱེར་མེད་པ་སྟེ། མཐའ ་གཉིས་ལ་མི་གནས་པའོ།། དེ་ལ་བརྟེན་ནས་དུཿཁ་ཙྪེ་ད་སྟེ། སྡུག་བསྔལ་སེལ་བར་བྱེད་ཅིང་གཅོད་པར་བྱེད་པས་ན་སྙིང་རྗེའོ།། གཅོད་པ་དེ་ཉོན་མོངས་པ་རྩ་བ་ནས་མེད་པ་དེ་ཤེས་རབ་རྩེ་གཅོག་པས་འབིགས་པས་ན་བཛྲ་ཏིཀྵྞའོ།། ་འོ་ན་འབྲས་བུ་ཅི་ཞེ་ན། ཛྙཱ་ན་ཀཱ་ཡ་སྟེ་ཐབས་དང་ཤེས་རབ་གཉིསུ་མེད་པའི་སྐུའོ།། དེའི་ཡོན་ཏན་ཅི་ཞེ་ན། གཞན་དོན་སྒྲུབ་པ་ཕྱིན་ཅི་མ་ལོག་པའི་གསུང་སྦྱངས་ཏེ། བཱ་གཱི་ཤྭ་རའོ།། འོ་ན་ཐུགས་ཇི་ལྟ་བུ་ཞེ་ན། ཡེ་ཤེས་ལྔའི་བདག ་ཉིད་ཨ་རཱ་པ་ཙ་ནའོ།། དེའི་རྒྱུའིའབྲས་ཀྱི་འབྲེལ་པ་ཙྪི་ཞེ་ན། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་སྟ། རྒྱུས་ཁྱབ་པའོ།། བཅུ་གཉིས་ནི་འབྲེལ་པའོ།། སྠི་ཏོ་ཧྲྀ་དི་ཛྙཱ་ན་མཱུརྟཱ་རྀ་ཧཾ་བུདྡྷོ་བུད་དྷཱ་ནཱན། ཏྱཱ་དྷཱ་བརྟི་ནཱན་ཞེས་བྱ་བ་ནི་འབྲས་བུ་ཆོས་སྐུས་ཁྱབ ་པའོ།། འོ་ན་གང་གིས་ཁྱབ་ཅེ་ན། ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿཞེས་བྱ་སྟེ། ཡེ་ཤེས་སེམས་དཔའ་དྲུག་གིས་ཁྱབ་པའོ།། དེ་ཇི་ལྟར་འཁོར་ཞེ་ན། མ་རིགས་པ་འགྲོ་བ་དྲུག་ཏུ་ལོག་ཤོས་འཁོར་བ~ཾ་དང་། ཐབས་ཤེས་རབ་འབྲེལ ་པས་ཤེས་རབ་འཁོར་བ་དང་། ཡེ་ཤེས་ལྔའི་དབང་དུ་བྱས་ནོས་འབྲས་བུ་སྐུ་གསུམ་ཆོས་སྐུ་འཁོར་བའོ།། སྔགས་ཀྱི་དོན་ཏོ།། ད་མཚན་གྱི་དོན་ནི་རྣལ་འབྱོར་དུ་བྱ་བའི་རིམ་པ་ནི་རང་དང་པོའི་སངས་རྒྱས་སུ་མོས་པ ་མདུན་དུ་དཀོན་མཆོག་མཆོད་ཅིང་སྡིག་པ་བཤགས་པ་ལ་སོགས་བྱའོ།། ཨོཾ་བྷཱ་བ་སྭ་བྷཱ་བྷཱ་བི་ཤུདྡྷཿཙཀྵ་ཨ་ཨཱ་ཨ་ཨཿཞེས་པས་སྟོང་པ་ཉིད་དུ་བསམ་མོ།། དེ་ནས་ས་བོན་ཨ་ལས་ཧཱུཾ། དེ་ལས་རྡོ་རྗེ་ནག་པོ་འོད ་འཕྲོ་ལ་རྩེ་མོ་གྱིས་ཤིང་ཁྲོ་ཞལ་དྲུག་པ་རྩེ་ལྔ་པ་འགྲེང་བ་སྟེ། ཆོས་ཉིད་གྲུ་གསུམ་ནང་དུའོ།། བུམ་པོ་སྟོང་པོ་ར་དྷཱིཿལས་བྱུང་བའི་མཆོད་ཛིན། དེའི་བུམ་པར་ཤེས་རབ་གྲུ་གསུམ་དུ་ཐབས་རྟེན་ཅིང་འབྲེལ་པའི་ཚུལ ་དུ་བྲུཾ་ལས་གཞལ་ཡས་ཁང་ངོ་།། དེ་ཡང་ཐབས་ཤེས་རང་ཚུལ་དུ་བརྩེགས་མའོ།། ཚོམ་བུ་ལ་སང་གི་དང་། གླང་པོ་ཆེ་དང་། རྟ་དང་རྨ་བྱ་དང་། ན་མཁའ་ལྡིང་རྣམས་དབུས་རིམ་པ་བཞིན་དུ་འདིར། གཞན་དུ་ས་ས། ་ཤེས་པར་བྱའོ།། གཙོ་བོའི་གདན་ལྔ་འཁོར་རྣམས་ཟླ་བའི་སྟེང་།། ཐབས་དང་ཤེས་རབ་ཉི་ཟླའི་སྟེང་དུ་ནི།། དེ་དབུས་རྣལ་འབྱོར་རྣམ་གསུམ་ཚུལ་དུ་བསྒོམ།། གཞན་ནི་དཀྱིལ་འཁོར་ཆོ་གར་ཤེས་པར་བྱའོ།། སོ་སོའི་ཡེ་ཤེས ་སེམས་དཔའ་བསྟན་པ་ནི།། མདོག་དཀར་ཞལ་དྲུག་མཉམ་གཞག་ཨུཏྤལ་པོ་ཏིས་མཚན།། མདོག་དཀར་ཨུ་པ་ར་ཙཾ་རྡོ་རྗེ་དྲིལ་བུའོ།། མདོག་མཐིང་སྡུག་བསྔལ་གཅོད་ནི་རྡོ་རྗེ་རལ་གྲིའོ།། མདོག་དཀར་ཤེས་རབ་ཡེ་ཤེས་འཁོར ་ལོ་ཨུཏྤ་ལོ།། མདོག་སེར་ངག་གི་དབང་ཕྱུག་རིན་ཆེན་རལ་གྲིའོ།། མདོག་དམར་རྡོ་རྗེ་རྣོན་པོ་རལ་གྲི་པདྨའོ།། མདོག་ལྗང་ཡེ་ཤིས་སྐུ་ནི་རྒྱ་གྲམ་རལ་གྲི་འོ།། བར་དུ་རྡོ་རྗེ་འཁོར་ལོ་དང་ནི་པདྨའོ།། རྡོ་རྗེ་པདྨ་རིན་པོ་ཆེ་དང་རལ་གྲིའོ།། ཆོས ་ཀྱི་ཕྱག་རྒྱ་འོད་ལས་དེ་འབྱུང་དྲུག་པོ་ནི།། ཕ་རོལ་དྲུག་ལྡན་སངས་རྒྱས་དྲུག་གི་མཚན་ནི་སྤྲོ།། ད་ནི་མཚན་དོན་བཤད་པའོ།། ཁོང་ནས་འབྱུང་བ་སྐྱེ་བ་མེད་ཅེས་བྱ་བའི་ཚིག་བཞི་པས་གསང་བའི་ཡུམ་བསྟན་ཏེ། ཕུང་པོའི་བདུད་བཅོ ་པ་ནི་ཁོ་ནས་འབྱུང་གི་མེས་བསྲེགས་ཏེ། ཚིག་ཏུ་བརྗོད་པ་སྤངས་ནས་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པའོ།། དཔའ་བོའི་སྡེ་དང་རབ་ཏུ་འཇོམ་ས།། ཟླ་བའི་འོད་དང་འོད་ཟེར་འཕྲོ། པདྨའི་འོད་དང་སྐར་མའི་རྒྱལ།། རི་རབ་མཚན་དང་ཞེས ་བྱ་བས་ཡུམ་བཞིའི་མཚན་ནོ།། འདི་ལྟར་སངས་རྒྱས་ཏེ་དང་པོའི་སངས་རྒྱས་དང་། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་།། ཡེ་ཤེས་སེམས་དཔའ་ས་བོན་དང་བཅས་པའོ།། འོད་ཟེར་བཟང་དང་ཀུན་ཏུ་འོད་།། མར་མེ་མཛད ་དང་སྨན་གྱི་བླ།། དེས་དང་པོའི་སངས་རྒྱས་ཡེ་ཤེས་སེམས་དཔའི་མཚན་ནོ།། སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་སྟོན་པ་ནི།། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག། ཚིག་ཀུན་རབ་ཏུ་གསལ་བར་བྱེད།། འདི་ལྟར་སངས་རྒྱས་བཅོམ ་ལྡན་འདས།། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་ཞེས་བྱའོ།། ཆོས་སྐུ་སྤྲོས་མེད་དེ་ལས་གཟུགས་སྐུ་དང་པོའི་སངས་རྒྱས་དུག་ལྔ་རྣམ་པར་དག་པ་འབྱུང་བ་ནི། མཆོད་པ་ཆེན་པོ་འདོད་ཆགས་ཆེ་ནས།། ཆགས་པ་ཐམས ་ཅད་སེལ་བར་བྱེད་པའི་མཐར་ནུབ་ཕྱོགས་བདེ་བ་ཅན་དུ་གདུལ་བྱ་ཆགས་པའི་སྐུས་འཆི་བདག་གི་བདུད་བཅོམ་སྟེ། རིགས་ལྔ་ལ་བསྟོད་པའོ།། ཚངས་པའི་མཚན་དང་རྒྱུན་དུ་གནས།། བྱམས་པའི་སྟོབས་དང་རི་རབ་བརྩེགས།། ་རྣམ་པར་གནོན་དང་རིན་ཆེན་སྣང་།། ཡིད་དགེ་བ་དང་འོད་དཔག་མེད།། ན་མཁའི་མཛོད་དང་པདྨའི་ཞབས།། དཀོན་མཆོག་བརྩེགས་དང་རབ་ཞི་འོད།། གཙུག་ཏོར་ཅན་དང་དཔེ་བྲལ་ཐུགས།། འོད་ཟེར་ཤར་དང་དཀོན་ནས་དྲི།། རྒྱལ་བ ་ལྔའི་མཚན་ནོ།། དེ་ལ་འདོད་པ་ཆེན་པོ་མགུ་བ་ཆེས་གདུལ་བྱ་ཡུལ་ཞི་བ་ནི་སེམས་དཔའ་བཞི་སྟེ། སྒྲའི་རྣམ་ཤེས་རང་བཞིན་ནོ།། གཟུགས་ཆེ་ལུས་ཀྱང་ནས་སྤངས་པའི་མཐར་སྐུ་རྣམ་པར་དག་པ་སྟེ། དྲིའི་རྣམ་ཤེས་རང་བཞིན་གྱི ་སེམས་དཔའ་བཞིའོ།། ཤེས་རབ་མཚོན་ཆེན་ནས་གསལ་བ་ཆེ་ཞེས་བྱ་བས་ནི་རོའི་རྣམ་ཤེས་རང་བཞིན་གྱི་སེམས་དཔའ་བཞི་སྟེ་གོ་རིམ་བཞིན། མཁས་པ་སྒྱུ་འཕྲུལ་ནས་མིག་འཕྲུལ་ཅན་གྱི ་མཐར་རིག་བྱའི་རྣམ་ཤེས་རང་བཞིན་ཏེ། སེམས་དཔའ་རང་བཞིན་ནོ།། དེ་ཡང་གཟུགས་དང་ཁ་དོག་དང་མཚན་ཕྱག་ན་རྡོ་རྗེ་ཞེས་བྱ་བའི་སྒྲ་གྲགས་པ་གཤིན་རྗེ་ལ་སོགས་པ་འབྱེར་བར་བྱེད་པ་དེས་བདེ་བ་ཆེན་པོའི་གནས་པདྨའི ་འདབ་མ་འདོད་པ་ཆེན་པོ་དང་སངས་རྒྱས་ལ་བསྐོར་ཞིང་དེ་ཡང་དཔག་ཏུ་མེད་པ་དང་ཐབས་གཅིག་སྟེ། ཡངས་པའི་བདག་ཉིད་ཅན་དྲག་པོས་འདུལ་བའི་སྐུ་སྟེ། དྲག་པོའི་བདུད་འཇོམས་པའོ།། ཕྱག་གི་འོད་དང་ཐུགས་རྗེ་ཅམ།། པདྨའི་ཕྱག ་དང་པདྨའི་ཞབས།། ཆུ་ཡི་ལྷ་དང་ཙན་ངན་ཕྱག། ཡོངསུ་དག་དང་དག་པའི་ཞིང་།། འོད་ཀྱི་སྣང་དང་སྣང་བའི་དཔལ།། རིན་ཚན་ཕྱག་དང་པདྨའི་ཞབས།། འོད་ཟེར་བཟང་དང་ཉི་ཟེར་འོད།། དྲག་པོའི་བདེ་དང་ཤུགས་ཕྱུང་དང་།། སྤྱན་བཟང་པོ ་དང་ཤུགས་ཀྱི་སྤྱན།། བདུད་སྡེ་འཇོམས་དང་ཉོན་མོངས་སེལ།། ནམ་མཁའི་འོད་དང་ཀླུ་དབང་རྒྱ་ལ།། གཞོན་ནུ་འོད་དང་རྫུ་འཕྲུལ་ཅན་ཞེས་པའོ།། འོད་ཀྱིས་སྣང་བ་དང་གསལ་བས་སྐྱོ་བ་དང་ལྡན་ནས་ལམ་ལྔ་བགྲོད་དེ། ་ཛམྦུའི་གླིང་དུ་བྱོན་ནས་སྤྱོད་པ་མཛད་པ་ནི།། སྦྱིན་བདག་ཅེས་བྱ་བ་སྟེ། འཁོར་ལོ་སྒྱུར་བའི་ལོངས་སྤྱོད་སྤངས་པ་དང་།། ཁབ་དང་འཁོར་དང་ཡབ་ཡུམ་སྤངས་ཏེ་ཚུལ་ཁྲིམས་དང་། ཐམས་ཅད་བཟོད་པར་ཡང་མི་གཡོ ་བ་ལ་ཞུགས་པས་ནི་ཉོན་མོངས་པ་སྤངས་པ་སྟེ། བརྩོན་འགྲུས་ལ་སོགས་བཞིའི་བདག་ཉིད་དང་། ས་དང་ཆུ་དང་མེ་དང་རླུང་གྱི་ཁམས་ཀྱི་རང་བཞིན་ལྷ་མོ་རྣམ་པ་བཞི་དག་གོ།། བསམ་གཏན་ཤེས་རབ་ཐབས་དང་སྨོན ་ལམ་ནི།། སྒྲ་དང་དྲི་དང་རེ་དང་རེག་གི་རང་བཞིན་ལྷ་མོ་བཞིའོ།། སྟོབས་ནི་ནམ་མཁའི་ཁམས་དང་མིང་གི་རྣམ་ཤེས་ཀྱི་རང་བཞིན་དུ་གྱུར་པའི་ལྕགས་ཀྱུ་དང་ཞགས་པའོ།། ཡེ་ཤེས་རྒྱ་མཚོ་ནི་གཟུགས་ཀྱི་དབང་པོའི་རང་བཞིན ་ལྕགས་སྒྲོག་དང་དྲིལ་བུའོ།། ཉོ་མོངས་ཆགས་པའི་བདུད་འཇོམས་པསོ།། རྫུ་འཕྲུལ་མཛོད་དང་ཡོངསུ་དགེ། ཡིད་དགེ་བ་དང་རི་རབ་ལྷ།། བྱམས་པའི་སྟོབས་དང་དགའ་བས་སྦྱིན།། རང་གྲོལ་མཛད་དང་མི་མཉམ་གཟིགས།། ཕྱོགས ་མེད་མཛད་དང་ཀུན་སྐྱོང་མཛད།། སྣང་བའི་སྟོབས་དང་སྟོང་པའི་རྒྱལ།། ཡེ་ཤེས་སྤྱན་ལྔ་དང་ལྡན་པའོ།། ཡེ་ཤེས་སྟོབས་དང་རྒྱ་མཚོ་སྤྲིན་ཞེའོ།། བྱམས་ཚན་རང་བཞིན་ནས།། ཚུལ་གྱི་མཆོག་ཅེས་བྱ་བས་ནི་རང་དོན་གྲུབ་ནས ་གཞ་དོན་དུ་ཞུས་པ་ནི་རྒྱུ་རྣམ་པ་གཉིས་ཀྱིས་བློ་ཕུལ་དུ་བྱུང་བས་རང་དོན་ཤེས་པ་ཇི་ལྟ་བ་ལ་མཁས་པ། གཞན་དྲོན་ཇི་སྙེད་པ་སྟེ། ཐབས་ཆེ་བ་བསམ་པའོ།། ལུས་ཏེ་རྫུ་འཕྲུལ་སྣ་ཚོགས་པ་སྟོན་ཏེ། འགྲོ་བ་དྲུག་པོ་ཐམས་ཅད་ལ ་ཁྱབ་པ་སྟེ།། དཔེར་ན་ཡིད་གཅིག་དུ་མར་སྣང་བ་དང་འདྲ་བའི་རྫུ་འཕྲུལ་དེ་ཡང་ཁྱད་པར་ཅན་ཕ་རོལ་གྱིས་གནོན་པའི་ལུས་དང་གདུལ་དཀའ་བ་འདུལ་བར་བྱེད་པའི་རྡོ་རྗེ་མཁྲིགས་པ་མ་རིག་པའི་བྲག་དང་དབང་ཕྱུག་ཆེན་པོ་ལ་སོགས ་པ་འཇོམས་པ་འཛིན་པས་བཅོམ་ལྡན་འདས་ཐམས་ཅད་ལས་སྐྱོབ་པའི་རིགས་ཀྱི་མཆོག་བླ་མ་དམ་པ་དེ་ལ་གསང་སྔགས་ལ་མོས་ཤིང་ཐེག་པ་ཆེན་པོ་ལ་གནས་པའི་ཚད་དུ་ཐེག་པའི་མཆོག་ཐོབ་པའི་ཐབས་ཞུས་པ ་ལས། བྱམས་པ་ལ་སོགས་པ་ཚད་མེད་བཞི་དང་། རྣ་བའི་དབང་པོའི་རང་བཞིན་བསྐལ་བཟང་བཞིའོ།། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། སྣའི་དབང་པོའི་རང་བཞིན་བསྐལ་པ་བཟང་པོ་བཞི་སྟེ་གོ་རིམ་བཞི་ནོ།། སྲིད་པའི་རི་བོ་འཇོམས ་པའི་དྲན་པ་ཉེ་བར་གཞག་པ་བཞི་དང་། ལྕེའི་དབང་པོའི་རང་བཞིན་བསྐལ་པ་བཟང་པོ་བཞིའོ།། མགོན་པོའི་རིགས་མཆོག་ནི་ཡང་དག་པར་སྤོང་བ་བཞི་དང་། ལུས་ཀྱི་དབང་པོའི་རང་བཞིན་དང་བསྐལ་བཟང་བཞིའི་བདག་ཉིད།། རྒྱལ ་བའི་བཀའ་དང་སྤྲིན་གྱི་ཤུགས།། སྤྱོད་ལམ་བཞི་དང་ལོག་ལམ་སེལ།། བྱམས་པའི་འོད་དང་སྤོས་ཀྱི་ཞིང་།། མཚན་མ་བཞི་དང་མཐོན་ཀའི་རྩེ།། ཆོས་ཀྱི་སྤྲིན་དང་ཡོན་ཏན་སྡེ།། འཕགས་པའི་ལམ་དང་དྲི་མ་བྲལ།། མཆོག་ཏུ་དགའ་དང ་དྲི་མ་མེད།། སྤྱོད་ཡུལ་སྤངས་དང་ཀུན་ཏུ་འཕྲོ།། རྒྱལ་བའི་འོད་དང་ཕྱག་རྒྱ་ཅན་ཞེས་བྱ་བས་བསྐལ་བཟང་གི་མཚན་ནོ།། རྟོག་པ་བསྡུས་པ་སྟེ། རྟོག་པ་གཅིག་ཏུ་ཨ་ར་པ་ཙ་ན་ཞེས་པའོ།། ཚིགསུ་བཅད་པ་བཅུ་བཞི། མཚན་བརྒྱད་ཅུ་རྩ ་གཉིས།། འབྲས་བུ་རང་དོན་བསྟན་ཏོ།། རང་དོན་གྲུབ་པ་དེས་གཞན་དོན་བསྟམ་པའི་ཕྱིར། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ནི་དབུས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་བྱང་ཆུབ་མཆོག་གི་ཕྱག ་རྒྱ་ཅན་ནོ།། གཞན་གོང་དང་འདྲའོ།། ཆོས་སྐུ་ལ་བརྟེན་རྣམ་པར་སྣང་མཛད་སྐུ།། ཆོས་ཀྱི་དབྱིངས་ལ་མེ་ལོང་ལྟ་བུའི་རང་བཞིན་ནི།། ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན་ཞེས་བྱའོ།། འོ་ན་རྒྱུ་གང་ལས་འབྱུང་ཞེ་ན། གསང་སྔགས་ཚུལ་ཚན་ཏེ ་ཐབས་དེ་ལས་བྱུང་བའོ།། གང་འབྱུང་ན་གསང་སྔགས་ཚུལ་ཆོན་བདག་ཉིད་ཅན་དེའོ།། འོ་ན་དེ་ལས་གཞན་གྱིས་ཐོབ་པར་བྱེད་པ་གཞན་མེད་དམ་ཞེ་ན། ཕ་རོལ་ཕྱིན་བཅུ་ཐོབ་པ་ཞེས་བྱ་བ་ལ་སོགས་པ་ནི་ཐོབ་པ་དང་། དེ་ལ ་གནས་པ་དེ་ཡང་ཉེས་པས་མ་གོས་པའི་ཚུལ་དུ་བསྒྲུབས་པས་ཅི་འབྱུང་ཞེ་ན། མགོན་པོ་ས་བཅུའི་དབང་ཕྱུག་ཐོབ་པོ།། དེ་གདུལ་བྱ་གང་ལ་སྣང་ཞིང་སྟོན་ཞེ་ན། ས་བཅུ་ལ་ནི་གནས་པ་པོ་སྟེ་གོ་སླའོ།། སེང་གེ་དང་ནི་གསལ་བར ་བྱེད།། ཐུབ་པ་དང་ནི་མེ་ཏོག་མཆོག། མེ་ཏོག་མཛེས་དང་སྤྱན་གསྔལ་དང་།། དེད་དཔོན་ཀུན་དང་ཆེན་པོའི་མཆོག། སྟོབས་པོ་ཆེ་དེང་རྒྱུ་སྐར་རྒྱལ།། བྱང་ཆུབ་སེམས་དཔའ་སྨན་པ་མཆོག། རྒྱན་གྲགས་པ་དང་མཚན་དང་ནི།། འོད་ཟེར ་ཚེ་དང་རྣམ་གྲོལ་ལུས།། རྣམ་སྣང་མཛ་ད་དང་སྙིང་པོ་ཉི།། ཟླ་བའི་མཚན་དང་འོད་ཟེར་འབར།། མྱ་ངན་མདྨ་དང་སྐབས་དེ་བཞིན།། ཕྲེང་བ་འཆང་དང་ཡོན་ཏན་འོད།། དོན་རྣམས་སྟོན་དང་མར་མེ་མཆོག། རྣམ་པར་སྣང ་མཛད་ཀྱི་མཚན་ནོ།། ཐོག་མ་མེད་པ་སྤྲོས་མེད་བདག་ཅེས་བྱ་བ་ནི་དོན་ནོ།། བདེན་པར་ཞེས་བྱ་བ་ནི་བརྗོད་བྱ་མ་ཡིན་པར་བསྟན་ཇི་སྐད་སྨྲས་པ་ནས། གཉིས་མེད་གཉི་སུ་མེད་པར་སྟོན་ཞེས་བྱ་བ་ནི་གཉིས་སྣང་མེད་པར་གྲུབ།། འོ་ན་གཉིསུ ་འདོད་པ་གང་ཞེ་ན། གང་ཟག་དང་ཆོས་གཟུང་བ་དང་འཛིན་པ་བདག་དང་བདག་གིའོ།། དེ་མེད་པར་བྱེད་པས་ན་བདག་མེད་ཅེས་བྱ་བས་སོ།། འབར་བ་བཟང་དང་སྨན་བཟང་པོ།། མཛོད་པུ་འཛིན་དང་དཔའ་བོ་དང ་བརྟན་པོར་གནས་དང་དཔལ་མགོན་དང་།། མཐོང་ན་དགའ་དང་ཡོན་ཏན་ཏོག། སྒྲ་གཅན་བྱང་སེམས་སྒྲ་གཅན་དང་།། ཚངས་པའི་མཚན་དང་བསྟོད་པའོ།། ཚིགསུ་བཅད་པ་ཕྱེད་དང་གཉིས་ཡུམ་བཞི་ལ་བསྟོད་པ་སྟེ། ་དང་པོ་དང་ཐ་མ་ལ་གཉིས་གཉིས། བར་མ་གཉིས་ལ་རེ་རེའོ།། དེས་ནི་ཆོས་ཀྱི་སྐུའོ།། བདག་མེད་ཅེས་པའི་དོན་གྱི་སྟོབས་ཀྱི་སེམས་དཔའ་བཞི་སྟེ། བར་མ་ལ་ནི་གཉི་སུ་བརྗོད།། ཀུན་ཏུ་འགྲོ་ཞེས་བྱ་བ་ནས། ཡིད་ལྟར ་མགྱོགས་ཞེས་བྱ་བའི་མཐར་སྦྲུལ་སྐུའི་ཡིད་ཀྱི་སྟོང་ཀྱིས་ལུས། དེ་བཞིན་གཤེགས་ཞེས་བྱ་བ་ནས་སྟོབས་པོ་ཆེ་ཞེས་བྱ་བའི་མཐར་སེམས་དཔའ་བཞིར་རྡོ་རྗེ་བརྗོད་དེ་དང་པོ་ལ་གཉིས་ཕྱི་མ་ལཱྀ་གོ་རིམ་བཞིན་ནོ།། ་ཚོགས་ཀྱི་སློབ་དཔོན་ཞེས་བྱ་བ་ནས་འཛིན་པ་སྟེ་ཤེས་པའི་མཐར་ལས་ཀྱི་གཞི་སྟེ། དང་པོ་ལ་གཉིས་ཐ་མ་ལ་རེ་རི་གོ་རིམ་བཞིན་ནོ།། ཚུལ་ཆེན་དྲིང་མི་འཇོག་ནི་མཉམ་པར་རྟོགས་ཤིང་ཚིག་གིས་ཉེས་པས ་མ་གོས་པས་ཚིག་ལ་དབང་ཐོབ་པས་སྙན་པའི་གསུང་གོ་རིམ་བཞིན་དུ་པདྨའི་སེམས་དཔའ་བཞི་ལ་བསྟོད་པའོ།། ཚངས་པའི་དབྱངས་དང་ཚིག་བསྟན་པ།། རིགས་པ་འཛིན་དང་འོང་མཛད་པ།། ཆེན་པོ་བཞི ་དང་རྡོ་རྗེ་འཛིན།། རྒྱལ་བའི་མཚན་དང་འཇིགས་བྱེད་པ།། རིན་པོ་ཆེ་དང་པདྨ་དང་། སྡེ་ཡི་སྟོབས་དང་མེ་ཏོག་དོན་འོད་དུ།། དོན་ཡོད་མཐོང་དང་དཔའ་བོ་སྐྱོན།། མི་ལྡན་པ་དང་སེང་རྒྱལ་མཚན།། རྒྱལ་པོ་དང་ནི་ཆོས ་མོས་དང་།། དགའ་བའི་རྒྱལ་དང་དོན་ཆག་སོ།། ཐེག་པ་དམན་པ་གྲོལ་བ་འམ།། བདྲེན་པ་བཞི་དེ་ན་སྟོན་པས་ན།། རིག་པར་ལྡན་ཞིང་རིག་པའི་མཆོག་གིས་དོན་ཡོད་གྲུབ་པ་ལ་བསྟོད་པའོ།། དེས་ནི་སྤྲུལ་པའི་སྐུ་བསྟན ་ཏོ།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་བདག་ཏུ་འཛིན་པའི་དངོས་པོ་དང་བྲལ་བའོ།། དེ་ནི་དོན་དམ་པའི་ཡེ་ཤེས་ཏེ། ཀུན་རྫོབ་ཀྱི་ཡེ་ཤེས་བཞི་བྱུང་བའི་ཕྱིར་ཡེ་ཤེས་འབའ་ཞིག་ལས་འབྱུང་བྱའོ།། དེ་ནི་ཤིས་རབ་ལས་བྱུང ་བས་ཤེས་རབ་མཚོན་ནོ།། དམ་ཆོས་ཐུགས་རྗེ་ཆོས་རྒྱལ་ནི་ཤེས་ར་བ་སྟེ། དེ་དང་ལྡན་པ་གཉིསུ་མེད་པའོ།། དེ་ལས་ཐམས་ཅད་ཀྱི་སྣང་བ་བསྐྱེད་པས་ན་གསལ་བར་ལྡན་ཏེ། དེས་ནི་བཅོམ་ལྡན་འདས་མི་བསྐྱོད་པ ་ལ་བསྟོད་པའོ།། ལེགས་པའི་ལམ་ཞེས་པ་ནས་གསང་སྔགས་འཛིན་ཞེས་པའི་མཐར་ནི་དང་པོ་ལམ་ཕྱིན་ཅི་མ་ལོག་པས་དོན་གྲུབ་སྟེ། ཤེས་བྱ་ཇི་ལྟ་བ་ཤེས་པ་དང་། བསམ་པ་ཤེས་ཏེ། ཁམས་དང་བག་ལ ་ཉལ་གྱི་ཁྱད་པར་ཤེས་དགོས་ཏེ། རྟོགས་པ་ལ་རྟོག་པ་ཐམས་ཅད་སྤངས་ཤིང་དོན་དམ་པར་ཀུན་རྫོབ་ཏུ་ལྷའི་སྐུ་སྒྱུ་མར་སྣང་བ་ལས། དབྱིངས་དེ་ལས་ཡོན་ཏན་ཟད་མི་ཤེས་པའི་འབྲས་བུ་འབྱུང་བས་ན་ཆོས ་ཏེ་དབྱིངས་དེ་ལས་ཟང་མི་ཤེས་པ་འབྱུང་བའི་ཕྱིརརོ།། དེ་ལྟ་བས་ན་དེ་ཅིའི་ཕྱིར།། ཟང་མི་ཤེས་ཞེ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་ཞིང་དཔག་ཏུ་མེད་པས་ན་བསོད་ནམས་བསགས་པའི་ཕྱིར ་དང་། ཡེ་ཤེས་ཀྱི་ཚོགས་དང་ལྡན་པའི་ཕྱིརརོ།། འོ་ན་དེ་གཞན་གྱི་རྒྱུད་ཇི་ལྟར་རིག་ཅེ་ན། ཤེས་རབ་ཀྱིས་གཏན་ལ་ཕབ་པ་འམ། ཡེ་ཤེས་རང་ལ་ཤར་ཏེ་ཇི་ལྟ་བར་རྟོགས་པས་ཀུན་རྫོབ་སྒྱུ་མ་ལྟར་སྣང་ཞིང་། ཐུགས་རྗེ་ཇི་སྙེད་པ་རིག་པ ་དེ་ཡེ་ཤེས་ལས་འབྱུང་བས་ན་ཡེ་ཤེས་ལྗོན་པ་ཡོད་མེད་ཤེ་སོ།། དེའི་ཕྱིར་དེའི་རྒྱུར་ཚོགས་གཉིས་བསྟན་པའི་ཕྱིར་ཚོགས་གཉིས་ཚོགས་ནི་བསགས་པ་ལས་འབྱུང་།། འོ་ན་ཇི་ལྟར་ཚོགས་དེ་ཉིད་ཇི་ལྟ་བུ་ཞེ་ན། རྟག་ཏུ་སྦྱིན་པ་ལ་དགའ་བ ་དང་འཁྲོ་བ་ལས་རྒྱལ་བའི་བཟོད་པ་དང་། ཉོན་མོངས་ལས་རྒྱལ་ཞིང་སེམས་རྣལ་དུ་ཞུགས་པའི་ཐབས་ཏེ། ཚུལ་ཁྲིམས་དང་ལྡན་ཞིང་བསམ་པ་བརྟན་པོའི་བརྩོན་འགྲུས་དང་། དམིགས་པ་ལ་རྩེ་གཅིག་པའི་བསམ་གཏན་རྣམ་པར ་འབྱེད་ཅིང་བློ་ཕུལ་དུ་ཕྱིན་པའི་ཤེས་རབ་ཚོག་སོ།། གསང་སྔགས་ཀྱི་དབང་དུ་བྱས་ནས་དུས་རྟག་ཏུ་ཀུན་རྫོབ་ལ་བརྟེན་ལྷ་སྐུ་དང་མི་འབྲལ་བ་དང་། རྫོགས་པའི་རིམ་པ་ལ་བརྟན་ནས་དོན་དམ་པར་ལྷན་ཅིག་སྐྱེས་པ་བློའི་མཆོག་བསྒོམ ་པའོ།། འོ་ན་ཡིད་གཡོ་ཞིང་སོ་སོ་རང་གིས་རིག་པ་ལས་འབྲས་བུ་ཞེ་ན།། མཆོག་གི་འབྲས་བུ་སྐུ་གསུམ་དང་ངོ་བོ་ཉིད་སྐུ་འབྱུང་སྟེ། དེ་ལ་ཆོས་ཀྱི་དབང་ཕྱུག་ནས་ཐམས་ཅད་སྤངས་ཞེས་པའི་མཐར་སྣང་བ་མཐའ་ཡས་ལ་བསྟོད་པའོ།། ། ་རྣམ་པར་མི་རྟོག་ཅེས་བྱ་བ་ནས་བསོད་ནམས་ལྡན་པ་ཞེས་བྱ་བ་ཡིས་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་བསྟོད།། ཡེ་ཤེས་འབའ་ཞིག་ནས་སྐུ་གསུམ་འཆང་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའི་སྒོ་ནས་བསྟོད་པའོ།། དགའ་བར་མཛད ་དང་ཆུ་ཡི་ལྷ།། ཡོན་ཏན་ལག་དང་གླང་པོའི་སྤོས།། ཟླ་བ་དང་ནི་ཟླ་བར་གྲགས།། གླང་ཆེན་སྟོབས་དང་ནོར་བུའི་གཙུག། དྲག་པོ་དང་ནི་སེང་གི་མཆོང་ཀ་ངང་པའི་འགྲོས་དང་དོན་རྣམས་རྒྱལ།། ཤེས་རབ་བརྩེགས་དང་ལེགས་པར་གནས།། ་བདུད་རྩི་ཤེས་ནས་ལུས་བཟང་པོ།། ཡེ་ཤེས་ལྡན་དང་འོད་འཕྲོ་བ།། དཀའ་ཐུབ་གནས་དང་བཀྲ་ཤིས་འབྱུང་།། བདེན་པར་སྨྲ་དང་པདྨ་དང་།། མི་ཡི་ཐེག་དང་བདེ་བའི་ཕྱག། ཡེ་ཤེས་བློ་དང་བློ་དྲི་བྲལ།། ཚངས་སྦྱིན་དང་ནི་རིན་ཆེན་བརྗོད།། མེ ་ག་ལྷ་དང་ལེགས་བསམ་ངོན།། དབང་ཕྱུག་ཆོས་དང་བློ་གྲོས་གྲགས།། རྣམ་པར་གྲོལ་དང་ཤེས་པའི་མཆོག། འོང་ཟེར་ཆོག་དང་རིན་ཆེན་སྙིང་། གྲོང་ཁྱེར་མཐོང་དང་ཟླ་བ་ཚེས།། ཡིད་ཀྱི་ཡུལ་དང་ཡོན་ཏན་གྲགས།། ཟླ་བའི་བསིལ་དང ་གསལ་བ་དང་།། སེང་གེའི་མདོག་དང་ལུགས་ལས་བཟློག། སྙིང་པོ་དཔལ་དང་དངོས་མཐར་སྟོན།། གློག་གི་འོད་དང་སེང་སྦྱིན་པ།། གཞན་གྱི་མི་ཐུབ་རྒྱལ་པོའི་ཏོག། རབ་གྲུབ་གྲགས་དང་བརྩོན་འགྲུས་བརྟན།། དཔེ་བྲལ་ཤིན་ཏུ་གྲགས ་པའོ།། གཟུགས་སྐུ་དང་པོའི་སངས་རྒྱས་དང་།། ངོ་བོ་ཉིད་ཀྱི་སྐུ་ནི་འོད་ཀྱི་སྒོ་ནས་འཁོར་བར་བཞུགས་ཀྱང་ཉོན་མོངས་པའི་སྐྱོན་གྱིས་མི་གོས་པའི་ཕྱིར་པདྨ་ལ་དེ་བཞིན་གཤེགས་པའི་འོད་ཀྱིས་རྒྱས་པར་ཕྱེ་སྟེ། སྲིད་པའི་སྐྱེ་གནས་འགགས ་ཏེ་སྲ་ཞིང་མཁྲེགས་པ་ཆོས་ཉིད་ཀྱི་སྐུ་དེ་ཡང་ཞལ་ལྔའི་བདག་ཉིད་ཤེས་རབ་ཀྱི་སྤྱན་དཔྲལ་བ་ན་རེ་རེན་ཡོད་པ་ཐབས་ཤེས་རབ་ཀྱི་འོད་ཀྱིས་བསྐྱེད་པས་ན། སངས་རྒྱས་ཐམས་ཅད་བསྐྱེད་པ་པོ།། སངས་རྒྱས་སྲས་པོ་དམ་པའི ་མཆོག་ཅེས་པའོ།། ན་མཁའི་ལས་ཏེ་སྟོང་པ་ཉིད་དོ།། དེ་ལས་པདྨ་ཅན་དུ་པདྨའི་སྦུབས་ནས་འཐོན་ཏེ་རང་འབྱུང་བའོ།། དེ་བཞིན་གཤེགས་པ་ལྔའི་འོད་ཆེན་གཞན་གྱི་འོད་ཟིལ་གྱིས་གནོན་པ་ནི་དཔེའ་ན་བསྐལ་པའི་མེ་ཡིས་ཐམས་ཅད་བསྲེག་ཅིང ་འོད་གཞན་ཟིལ་གྱིས་གནོན་པས་མུན་པ་ཐམས་ཅད་སེལ་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལྔའི་འོད་དེ་ཡང་ཐམས་ཅད་ལ་སྣང་ཞིང་ཉན་ཐོས་དང་རང་སངས་རྒྱས་དང་ལྷའི་འོད་ཟིལ་གྱིས་གནོན་པ་འགྲོ་བ་རྣམས་སྨིན་པར་བྱེད་པའི་ཡེས ་སྒྲོན་མ་ལྟ་བུའི་སྐུ་གཟི་བརྗིད་དང་ལྡན་པའོ།། སངས་རྒྱས་སྐུ་ལྔ་ཞེས་པ་ནས་ཤེས་པ་སྲིད་འབྱུང་ཞེས་བྱ་བའི་མཐར་དང་པོ་སངས་རྒྱས་ལ་བསྟོད་པའོ།། ཆོས་ལས་བྱུང་སྟེ་སྒྲ་སྙན་མའོ།། སྐྱེས་མ་ཐག་པ་འགྲོ་བའི་བདག་ཅེས་གར་མཁན ་མའོ།། ན་མཁའ་རང་འབྱུང་ཞེས་བྱ་བ་ནི་སྒེག་མོའོ།། གཅིག་པུ་སྲ་མཁྲེགས་ཞེས་བྱ་བ་ནི་ཕྲེང་བ་མའོ།། ནང་གི་ལྷ་མོ་རྣམས་ལ་བསྟོད་པའོ།། ཤེས་རབ་ཡེ་ཤེས་བདུག་པ་མ།། འོད་ཆེན་མཛེས་མའི་མེ་ཏོག་མ།། ཡེ་ཤེས་སྐར་མ་དྲི་ཆབ ་མ་ཛ། འགྲོ་བའི་མར་མེ་ན་མོ།། ཕྱིའི་ལྷ་མོ་རྣམས་ལ་བསྟོད་པའོ།། མར་མེ་ཆེ་དང་འཇིག་རྟེན་འོད།། དཔའ་བོ་དྲོ་དང་ཡོན་ཏན་འཛིན།། མུན་པ་བྲལ་དང་སེང་གེ་སྤྲོ།། རིམ་ཆེན་གྲགས་དང་ཞི་རབ་སྦྱིན།། ཡིད་སྐྱེས་ཟླ་དང་ལེགས་པར ་སྟོན།། རི་བོ་རྩེ་དང་ཆོས་འབྱུང་གནས།། དོན་རྣམས་ངེས་དང་ཆོས་སྦྱིན་དང་།། རིན་ཆེན་གནས་དང་དབང་པོ་རྒྱལ།། སེང་གེས་མནན་དང་བློ་ཡི་གནས།། སྐལ་བྲག་གདུགས་དང་ཐམས་ཅད་དཔལ།། སེང་གེའི་སྒྲ་དང་ཐམས ་ཅད་འཕགས།། ཀླུ་ཡི་འོད་དང་ཡོན་ཏན་ཕྲེང་།། མེ་ཏོག་རི་དང་དབྱིངས་ལྡན་དོན།། དང་པོའི་སངས་རྒྱས་དང་ཕྱི་ནང་གི་ལྷ་མོ་རྣམས་ཀྱི་མཚ་ནོ།། དེ་ལྟ་བུས་འགྲོ་བའི་དོན་བྱེད་པ་ནི།། ཏིང་ངེ་འཛིན་སྒྱུ་འཕྲུལ་དྲ་བ་སྟེ། སྔགས་མཆོག ་ཅེས་བྱ་བ་ནས་གསང་སྔགས་རྒྱལ་པོ་ཞེས་བྱ་བས། སྒྱུ་འཕྲུལ་དྲ་བའི་རྣམ་པར་འཕྲུལ་པ་གཙོ་བོ་དང་ཡུམ་དང་འཁོར་བསྟན་ཏོ།། དོན་ཆེན་བྱེད་ནི་གདུལ་བྱ་དག་པའི་དོན་དུ་བསྟན། གཙུག་ཏིར་ཆེན་པོ་ནི་དང་པོའི་སངྱས ་ནུབ་པོའོ།། དེ་ལ་ལྷ་མོ་གསང་བའི་ཡུམ་བཞིའོ།། མཚར་བ་ཡིས་བསྟོད་པ་ནི་རྨད་བྱུང་བའོ།། དེ་ནས་ན་མཁའ་ལ་བཅོམ་ལྡན་འདས་སེང་གེའི་སྟེང་ནས་འོད་ཟེར་སྣ་ཚོགས་བཀྱེ་བའི་སྐུ་སྣ་ཚོགས་བསྟན་པ་སྐུའི་མཆོག ་ཏུ་གྱུར་པའི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འགྲོ་བ་ཀུན་དགའ་བ་དང་བདེ་བ་ལ་དགོད་པ་སྣ་ཚོགས་པའི་སེམས་ཅན་ཐམས་ཅད་དང་པར་བྱས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་མཛད་པའོ།། འཁོར་ཁྲོ་བོ་དྲང་སྲོང་ཁྲོས ་པ་ལྟ་བུ་གར་གྱི་ཉམས་དགུ་དང་ལྡན་པ། རིག་གསུམ་གྱི་བདག་པོ།། གསང་བ་གསུམ་གྱི་བདག་པོ།། ལྷ་དང་ལྷ་མོ་ཐམས་ཅད་ཀྱི་གསང་པོ་འཛིན་པའི་རྟགསུ་རྡོ་རྗེ་འཛིན་པ་དེའི་ནང་ནས་གཙོ་བོ་ཕྱག་ན་རྡོ་རྗེའི་ལྟེ་བ་ལ་ཆོས ་འབྱུང་དང་རང་འབྱུང་གི་མཚད་རྟེན་དང་གཞལ་ཡས་ལྗང་གིས་ན་ཆོས་མཚན།། ལྷའི་རྣམ་པས་སངས་རྒྱས་མཚན་གྱིས་དག་འདུན་ཏེ། དཀན་མཆོག་གསུམ་འཛིན་པའོ།། དེས་ཐེག་པ་གསུམ་སྟོན་པ་པོ་ལ་ཞུས་། ་ངེས་འབྲས་བུ་གསུམ་བསྟན་ནས་སེམས་ཅན་ཐེག་པ་གསུམ་ལ་དགོད་དེ་འབྲས་བུ་དོན་ཡོད་པར་བྱེད་པའི་ཤེས་པ་ཞུགས་པ་ལྟ་བུས་ཉོན་མོངས་པ་ལས་རྒྱལ་བར་བྱེད།། ཐུགས་རྗེའི་ཞགས་པས་ཉོན་མོངས་པའི་སེམས་ཅན ་སྡུད་པ་དང་། ལོག་པར་ལྟུང་བ་འཛིན་པ་དང་། དེ་ཡང་རྡོ་རྗེ་ལྟར་དབྱེར་མེད་པའི་ཐུགས་རྗེས་འཛིན་ཅིང་ཤེས་རབ་ཀྱི་སྡུད་པར་མཛད་པའོ།། དེ་ལྟར་རང་འབྱུང་གི་སྐུ་དེས་དཀྱིལ་འཁོར་བསྟན་ནས། ནང་གི་བསྟན་པ་ནི་ཟླབ ་དྲི་ང་སྒྲོན་མེ་བས་མཆོག་དང་འདྲ་བ་ནི། སྔགས་མཆོག་སྔགས་བདག་རིགས་སྔགས་རྒྱལ་ཞེས་བྱ་བས་ཐབས་ཀྱི་རྒྱུ་སྟན་ཏེ། གཙུག་ཏོར་ཆེན་པོ་ལྟ་བུའོ།། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་བསྟན་པ་ཟུང་དུ་འཇུགས་པའི་སྐུའོ།། ་དེ་ནི་དྲང་སྲོང་ཆེན་པོ་རྣམས་ལ་སྐུ་གསུང་ཐུགས་ཀྱི་ས་བོན་དང་བཅས་ནས་བསྟན་པའོ།། ཡང་ཤེས་རབ་ཀྱི་དོན་ནི་སྔགས་མཆོག་གསང་བའི་སྔགས་སྟོན་ཏེ། རྨད་དུ་བྱུང་བའི་ཁྱད་པར་རོ།། དེ་ཡང་ལྷན་ཅིག་སྐྱེས་པས ་སྟོན་ཅིང་འབྲས་བུ་མཆོག་སྟེ། བོ་དྷི་དང་སྣ་ཚོགས་གཟུགས་ཅན་མ་ལ་སྟོན་ཏེ། ཨ་ཧཾ་མཉམ་པ་ཉིད་དུ་སྟོན་པ་དེའི་ཕྱིར། འཆང་བ་པོ་ང་ཆོས་ཀྱང་ང།། དེ་བཞིན་ཉིན་པའི་ཚོགས་ལྡན་པའོ།། འོ་ན་ཐེག་པ་ཡང་ག ་པུ་ཞེ་ན། དོན་ཡོད་ཞགས་པ་ཞེས་བྱ་བའི་ཁྲོ་བོ་གསུམ་རྟོགས་པ་ཐ་དད་པ་མིན་རྟོགས་པ་གཅིག་པའོ།། གཟི་བརྗིད་ཅེས་བྱས་ཉི་མའི་དཔལ།། སྔགས་མཆོག་ཅེས་བྱས་ཏོག་གི་དཔལ།། རིག་སྔགས་རྒྱལ་དེ་བཞད་པའི་དཔལ ་གསང་སྔགས་རྒྱལ་དེ་རིན་ཆེན་དཔལ་ཞེའོ།། གཙུག་ཏོར་ཞེས་བྱས་མ་ཆགས་ཆོས།། རྨད་འབྱུང་ཞེས་བྱས་སེམས་དཔའ་གཅོདཀ། ཚིག་རྐང་གཉིས་ལ་གོ་རིམ་བཞིན་དུའོ།། འགྲོ་ཀུན་ཞེས་པ་ནས་གསང་སྔགས་ཞེས ་བྱ་བས་ན་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞི་ལ་ལགས་པར་སྦྱ་རོ།། གཙོ་བོ་དཀོན་མཆོག་ནས་སྟོན་པ་པོ་ཞེས་བྱ་བས་ནི། སེམས་དཔའ་གཉིས་ནི་གོ་རིམ་བཞིན། དམ་ཚིག་ཅེས་བྱས་གནོད་སྦྱིན་དང་ཀགསང་སྔགས ་ཞེས་བྱས་ཁུ་ཚུ་རོ།། དོན་ཡོད་ཞགས་པ་དྲིལ་བུ་མ།། འཛིན་པ་ཞེས་བྱ་ལྕགས་ཀྱུ་མ།། རྡོ་རྗེ་ལྕགས་ཀྱུ་ལྕགས་སྒྲོག་སྟེ།། ཞགས་པ་ཞགས་པ་ཆེ་ཞེས་བརྗོད།། དབང་ཕྱུག་དྲི་དང་ཤིན་ཏུ་དགའ།། སྟོབས་ཀྱི་ལྷ་དང་བདེན་པར་བྲལ།། ཀླུ ་ཡི་ཕྱག་ན་དང་རྒྱུལ་མཚན་གཟུགས།། རྒྱལ་བའི་བློ་དང་ཡེ་ཤེས་ཁྱབ།། བདུད་རྩི་བྲོ་དང་ཉི་མ་འཆར།། བློ་རབ་ཞི་དང་གཟུགས་མཐའ་ཡས།། རྒྱལ་བའི་བློ་དང་སྣང་བར་མཛད།། རིན་ཆེན་ཏོག་དང་དོན་གྲུབ་དང་།། ཡིད་འདོད་པ་དང་ཉོན ་མོངས་བྲལ།། ལེགས་པར་ཞི་དང་རྟོགས་པ་འཆང་།། མེ་ཏོག་དང་ནི་དབང་པོ་རྒྱལ།། གཟི་བརྗིད་ཅན་དང་དེན་སྟོན་མཛད།། དོན་གནས་ཅན་དང་མི་ཤིགས་གྲགས།། ཚིགས་བཅད་ཉི་ཤུ་རྩ་ལྔར་རྐང་པ་གཅིག་མ་ཚང་།། རྒྱལ་བ་ལྔ་ལ་སུཾ ་ཅུ་རྩ་ལྔ་ལྔས་ཐབས་ཤེས་རབ་ཀྱི་ཚུལ་གྱིས་གཉིས་གཉིས་སྤྲོས།། བསྡུས་པས་བརྒྱ་དྲུག་ཅུས་བསྟོད།། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བསྟན་ཏོ།། རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་བསྟན་པ་ནི་དབུས་རྡོ་རྗེ་སེམས ་དཔའ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ་ཕྱགས་གནོན་ནོ།། གཞན་གོང་དང་མཐུན་ནོ།། རྡོ་འཛག་བྱེད་འཇིས་པ་བྱེད་པ་ནི་ལོག་པར་ལྟ་བའི་མཚན་ནོ།། ཧ་ལ་ཧ་ལ་ནི་མདོག་གོ།། གདོང་བརྒྱ་པ་ནི་ཐོད་པའི་ཕྲེང་བའོ།། ཁྲོ་བོའི་རྒྱལ་པོ་ནི་སྐུའི ་རྣམ་པའོ།། ཀེང་རུས་མཆེ་བ་ཕྱག་མཚན་ནོ།། གདུལ་བྱ་ཞེ་སྡང་ཙ་མོ།། སྐུའི་ཁྲོ་བོ་གཤིན་རྗེ་ནི་གཤེད་ང།། རྡོ་རྗེ་ཤུགས་ཅན་ནི་ཕྱག་མཚན་ནོ།། རྡོ་རྗེ་གྲགས་པ་ནི་རྡོ་རྗེ་རྩ་གསུམ་པའི་རྒྱ་ནོ།། སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ་ནི་སྐུའི་རྣམ་པའོ།། ་སྙིང་པོ་མཁའ་འདྲ་བ་ནི་སྐུ་མདོག་གོ།། གདུལ་བྱ་ནི་གཏི་མུག་ལས་གྱུར་པའི་ཞེ་སྡང་ངོ་།། རྡོ་རྗེ་འཇིགས་བྱེད་ཅེས་བྱ་བས་གཙོ་བོ་ལ་བསྟོད།། ཀེང་རུས་མཆེ་བ་ཞེས་བྱ་བས་ནི་རྣམ་པར་སྣང་མཛད་ལ་བསྟོད་བསྟོད། གཤིན་རྗེ་གཤེད ་ཅེས་བྱ་བས་རིན་ཆེན་འབྱུང་ལ་བསྟོད། སྒྱུ་འཕྲུལ་ཞེས་བྱ་བས་ནི་སྣང་བ་མཐའ་ཡས་ལའོ།། རྡོ་རྗེ་སྙིང་པོ་ཞེས་བྱ་བས་ནི་དོན་ཡོད་གྲུབ་པ་ལའོ།། རྡོ་རྗེ་འཇིགས་བྱེང་ལས་འཇིགས་བྱེད་དང་དུར་ཁྲོད་བདག་གོ།། འཇོམས་མཛད་རྒྱལ ་དང་ཁམས་གསུམ་རྒྱལ།། སྒྱུ་འཕྲུལ་དྲ་བས་རྡོ་རྗེ་རྣམ་པར་འཕྲུལ།། ཕྱག་ན་རྡོ་རྗེ་དབང་བསྐུར་བས།། རྣམ་པར་འཇོམས་དང་མ་ལྟར་འབར།། རྡོ་རྗེ་རྒྱན་ལས་པ་ལོང་གི། རིག་པ་མཆོག་ལས་གཞན་གྱིས་མི་ཐུབ་པ། བདེ་མཆོག ་ལས་རྟ་མཆོག་གོ།། རྡོ་རྗེ་འདུས་ལས་ཁུ་ཚུར། དོན་ཡོད་ཞགས་པ་ལས་འདོད་པའི་རྒྱལ་པོ།། རྡོ་རྗེ་ཐོད་པ་ལས་ཟླ་བའི་གཙོ།། གསང་བ་འདུས་པ་ལས་གནོད་མཛེས།། རྣམ་སྣང་དྲ་བ་ལས་ཧཱུཾ་མཛད། དམ་ཚིག་ཆེན་པོ་ལས ་རྡོ་རྗེ་གནོད་སྦྱིན། ཟླ་གསང་ཐིག་ལེ་ལས་རྡོ་རྗེ་ལྕགས་ཀྱུ། གཉིས་མེད་མཉམ་སྦྱོར་ལས་བདུད་ཀྱི་སྡེ་པ། ཟླ་གསང་ཐིག་ལེ་ལས་པདྨ་འཁྱིལ་པའོ།། ཁྲི་དྲུག་སྟོང་པ་ལས་ཕྱག་ན་རྡོ་རྗེ་དང་། རྡོ་རྗེ་ཁྲག་འཐུང་། འབྱུང་པོའི་ཕྱིས་ཞགས ་ནས་རྡོ་རྗེ་ལྕགས་སྐྲག། རྡོ་རྗེ་ས་འོག་ནས་སྟོབས་པོ་ཆེ། རྡོ་རྗེ་རྒྱན་ནས་རྡོ་རྗེ་ཞགས་པ། གསང་བའི་མཛད་ནས་མི་གཡོ་བ། སྒྱུ་འཕྲུལ་དྲ་བ་ནས་དྲག་པོ་ཆེན་པོ། ཅོད་པན་ནས་དྲུག་པོ་ཆེན་པོ་དང་རྡོ་རྗེ་འཁོར་ལོའོ།། གསུང་གི་ཁྲོ་བོ་ནི ་མི་གཡོ་བའོ།། རལ་པ་གཅིག་ནི་སྐུའི་རྣམ་པའོ།། གླང་ཆེན་ཀཽ་རློན་ནི་རྒྱན་ནོ།། མཁའ་འདྲ་བ་ནི་སྐུ་མདོག་གོ།། གདུལ་བྱ་ནི་འདོད་ཚིགས་ལས་གྱུར་པ་ཞེ་སྡང་ངོ་།། དྲུག་ཆེན་སེམས་མ་རྡོ་རྗེ་མ།། ཧི་ཧི་རིན་ཆེན་རྡོ་རྗེ་མ།། གང་མོ་ལས་ཀྱི་རྡོ་རྗེ་མ།། རྡོ་རྗེ་པདྨ ་རྡོ་རྗེ་མའོ།། འཇིགས་བྱེད་ཆེ་དང་ན་མཁའི་མདོག། དྲག་ཤུལ་འཇོམས་དང་རྡོ་རྗེ་སྐུ་ཡི་བདག། བདུད་སྔོ་འཇོམས་དང་ཞགས་པ་ཆེ།། ནག་པོ་ཆེ་དང་ཞེ་སྡང་འཇོམས།། རྡོ་རྗེ་སེམས་དཔའ་བདེ་བ་ཆེ།། དང་པོ་སེམས་དཔའ་ལེགས་པ་སྟེ།། གཉིས་པ་རྒྱལ ་བོ་ཆགས་པའོ།། རྡོ་རྗེ་དྲག་པོ་རིན་ཆེན་དཔལ།། དགའ་བ་ཆེ་ནི་ཉི་མའི་དཔལ།། རྡོ་རྗེ་ཧཱུཾ་དང་མངའ་ཐོགས་ལ།། སེམས་དཔའ་གཉིས་ནི་རིམ་བཞིན་ནོ།། རྡོ་རྗེ་རལ་གྲི་མ་ལུས་ནས། རྡོ་རྗེ་ཅན་ཞེས་བྱ་བ་ནི། སེམས་དཔའ་གཉིས་ནི་རིམ་བཞིན་དུའོ།། ་རྡོ་རྗེ་གཅིག་པུ་སེམས་ཀྱི་རྒྱུད།། གཡུལ་སེལ་བས་ནི་གསལ་བར་སྨྲའོ།། རྡོ་རྗེ་འབར་བས་བསྲུང་བ་སྟེ།། མིག་མི་ཟད་ནི་ཁུ་ཚུ་རོ།། སྒྲ་ཡང་རྡོ་རྗེ་འབེབས་པ་ཆེ།། དེས་ནི་སེམས་དཔའ་གཉིས་ལ་བསྟོད།། འོད་ཟེར་འཕྲོ་དང་བདུད་སྡེ་འཇོམ ་དྲག་ཤུལ་འཇོམས་དང་ཤུགས་ཚན་ནོ།། ཤིན་ཏུ་ཁྲོས་དང་ཁྲག་འཛག་དང་།། ཐོད་པ་འཆང་དང་ཨུཏྤལ་མདོག། རྡོ་རྗེ་འདུས་དང་འཕྲིན་ལས་མཛད།། གཏུམ་ཁྲོ་འབར་དང་གྲགས་ཆེན་པོ།། ཁམས་གསུམ་འཇོམས་དང་དྲག་པོའི་སྟོབས།། ཐལ ་བའི་མདོག་དང་མ་ཧེའི་ཞལ་ལོ།། རྡོ་རྗེ་སེམས་དཔའ་ནས་དགའ་བ་ཆེ་ཞེས་བྱ་བས་མཚན་ནོ།། མཚོན་དུ་ནས་གཡུལ་སེལ་བས་ནི་ཕྱག་མཚན་འདི་འདི་འཛིན་པའོ།། རྡོ་རྗེ་འབར་བ་ནས་བརྒྱན་པ་སྟེ་ནི་སྐུ་འདི་ལྟ་བུ་ལ་རྒྱན་གྱི་རྣམ་པ་འདི་ཞེས ་བྱའོ།། ཡི་གེ་དྲུག་པ་ནས་སྒྲ་དང་ལྡན་པ་རྣམས་ཀྱི་མཆོག་ནི། དེ་ལས་གསུང་འདི་དང་འདི་སྒྲོགས་ཞེས་བྱའོ།། རྡོ་རྗེ་ལྕགས་ཀྱུ་འབེབས་པ་ཞགས་པའོ།། མིག་བརྒྱ་ལྕགས་སྒྲོག་རྡོ་རྗེ་དྲིལ་བུའོ།། ལུས་ནི་ནས་པགས་པ་མཁྲེགས་ཞེས ་བྱ་བས་ནི་ཕྱིའི་ལྷ་མོ་བཞི་ལ་གོ་རིམ་བཞིན་དུའོ།། རྡོ་རྗེ་ཕྲེང་ཐོགས་ཕྲེང་བ་མ།། དཔལ་དང་ལྡན་ནི་སྒེག་མོ་མའོ།། རྡོ་རྗེ་རྒྱན་ན་ས་ངེས་པར་ཞེས་བྱ་བས་གོ་རིམ་བཞིན་དུ་གཉིས་ལ་བསྟོད་དོ།། ཡི་གེ་དྲུག་པ་བྱམས་པ་སྟེ།། རྡོ་རྗེ་སྒྲ་ནི་སྤོས ་གླགླིང་པོ།། འཇམ་པའི་དབྱངས་ཏེ་སྒྲ་ཆེན་ནི།། ཡེ་ཤེས་ཏོག་ཅེས་བྱ་བའོ།། འཇིག་རྟེན་ཞེས་བྱ་བཟང་སྐྱོང་སྟེ།། གསུམ་ནི་བློ་གྲོས་བརྒྱ་མཚོ་སྟེ།། སྒྲ་གཅིག་བློ་གྲོས་མི་ཟད་པའོ།། ན་མཁའི་ཞེས་པ་སྒོས་བརྩེགས་སོ།། མཐའ་ལས ་ཞེས་པ་མཐུ་ཆེན་ཐོའོ།། སྒྲ་སྒྲོག་ཞེས་པ་ངན་སོང་འདྲེན།། སྒྲ་དང་ལྡན་པ་མྱ་ངན་འཇོམས།། རྣམས་ཀྱི་དྲ་བ་ཅན་ལ་བསྟོད།། མཆོག་ཅེས་ཟླ་འོད་གཞོན་ནུ་ལ།། བརྒྱན་པས་འོད་དཔག་མེད་ལ་བསྟོད།། གང་བརྒྱངས་ན་མཁའི་མཛོད ་ལའོ།། བདུད་རྩི་ཕྱག་དང་ནཱ་མཁའི་མདོག། དྲ་བའི་འོད་འཕྲོ་མི་ཤིགས་རྣམས།། ཐུགས་རྗེ་ཞགས་དང་རིན་ཆེན་ཞགས།། པདྨ་ཁྲོས་དང་རྡོ་རྗེ་ཁྲོས།། ལས་ཀྱི་ཁྲོས་དང་རིན་ཆེན་ཁྲོས།། འབར་བའི་འོད་དང་དབྱུག་པ་ཅན།། འཇམ ་དཔལ་ཁྲོས་དང་དཔའ་བོ་ཆེ།། རིན་ཆེན་གཤིན་རྗེ་གཤེད་དང་བརྟུལ་ཞུགས་ཆེ།། ཐབས་ཆེན་རྫོགས་དང་སྟོབས་པོ་ཆེ།། རྒྱུད་སྡེ་ལྔ་བཅུ་རྩ་གསུམ་ལས་མཚན་ནི་བདུན་ཅུ་ཐམ་པ་རྒྱལ་བ་ལྔ་ལ་བཅུ་བཞི་བཅུ་བཞི་ཐམས ་ཅད་ཤེས་རབ་ཚུལ་དུ་སྤྲོའོ།། ཚིགསུ་བཅད་པ་རྐང་པ་གཅིག་མ་ཚང་སྟེ་བཅུའོ།། ད་ནི་སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་ནི་དབུས་སྣང་བ་མཐའ་ཡས་དང་། དང་པོའི་སངས་རྒྱས་རྩ་བའི་ཞལ་དམར་པོ། འཁོར་ལོ་དམར་པོ ་གཞན་གློབ་མཐུན། ཡང་དག་བདག་མེད་དེ་བཞིན་ཉིད་ཅེས་བྱ་བས་ཟབ་པ་བསྟན་ཏེ། དེ་ཡང་སྨྲ་བ་དང་བརྗོད་པ་ཐམས་ཅད་དང་བྲལ་ཏེ་ཡི་གེ་མེད་ཅེའོ།། འོ་ན་བརྗོད་པ་དང་བྲལ་ན་རྟོགས་པར་ནུས་སམ་ཞེ་ན། སྟོང་ཉིད་སྨྲ་བའི་ཁྱུ ་མཆོག་གིས་ནུས་ཞེའོ།། ཇི་ལྟ་བས་ཞེ་ན། རྒྱ་ཆེ་བས་ཟབ་མོ་སྟོན་ཏེ། ཟབ་ཅིང་རྒྱ་ཆེ་ཞེས་པའོ།། དཔེར་ན་བྱིན་རླབས་ལས་སྒྲ་འབྱུང་བ་བཞིན་དུ་རང་ལས་སོ།། དུང་ཆེན་ནི་ཟབ་པའི་དཔའོ།། གཎྜཱི་ན་མེ་ལོང་ལྟ་བུའི་དཔེའོ།། རྔ་ནི་སོ ་སོར་རྟོག་པ་དང་བྱ་བ་གྲུབ་པ་དང་མཉམ་པ་ཉིད་ཀྱི་དཔེའོ།། དེ་ལྟར་གོང་མ་ནི་ཟབ་པའི་དཔེའོ།། འོག་མས་རྒྱ་ཆེ་བའི་དཔེའོ།། འོ་ན་རྒྱ་ཆེ་བའི་དོན་ཇི་ལྟར་སྟོན་ཞེ་ན། གཟུགས་མེད་གཟུགས་བཟང་དམ་པ་སྟེ།། སྣ་ཚོགས ་གཟུགས་ཅན་ཡིད་ལས་སྐྱེས།། གཟུགས་མེད་པ་དང་གཟུགས་དང་འདོད་པ་ལ་སོགས་པའི་སྣ་ཚོགས་པའི་གཟུགས་ཀྱི་སོ།། འོ་ན་གཅིག་དུ་མར་སྣང་བ་ཅང་འཐང་ངམ་ཞེ་ན། ཡིད་ལས་སྐྱེས་པ་དང་སྣང་བ་དུ་མར་སྣང་བའི་ཕྱིར་རོ།། ཐམ ་ཅད་དུ་ཁྱབ་པའི་གཟུགས་ཁྱད་མེད་ཅེ་ན། གཟུགས་བརྙན་པ་ལུས་འཆང་བའི་མཚུངས་པ་མེད་ཅིང་སྟེ། འདྲ་བ་མེད་པའི་བཅོམ་ལྡན་འདས་ནི་ཆེ་བའི་བདག་ཉིད་ཀྱི་སྐུ་དུ་མ་སོ།། ཆེ་བའི་བདག་ཉིད་ཀྱི་སྐུ་དུ་མར་གཞན་གྱིས་ཀྱང ་ནུསོ་ཞེ་ན། ཁམས་གསུམ་དབང་ཕྱུག་དང་ཆེན་པོའི་བདག་ཉིད་ཡིན་པས་སོ།། དེའི་རྒྱུ་མཚན་ཅི་ཞེ་ན། འཕགས་པའི་ལམ་ཤིན་ཏུ་མཐོ་ལ་གནས་པའི་ཕྱིརརོ།། དེ་བས་ཐམས་ཅད་འཇམ་དཔལ་ཡིན་ཞིང་གཟུགས་མེད་ཀྱི་ཁམ ་དང་གཟུགས་ཁམས་དང་འདོད་ཁམས་ཀྱི་བདག་པོར་གྱུར་པའོ།། དེ་ཡང་ཐམས་ཅད་ལ་སྟེ། ཟབ་མོ་མཚོན་ཏེ། འཇིག་རྟེན་གྱི་དེ་ཉིད་ཤེས་ཤིང་ལེགས་པའི་ལམ་སྟོན་པའི་ནི་སློབ་དཔོན་ནོ།། སློབ་དཔོན་དེས་བསྟན་པའི་ཡོན་ཏན་ནི ་འཇིགས་པ་སེལ་ཞིང་མགོན་སྐྱབས་ཡིད་བདེ་བ་བསྐྱེད་པས་ན་དེ་ལ་ཕྱག་དང་བཀུར་སྟི་བྱ་བར་འོས་པའི་ཕྱིརརོ།། རྒྱ་ཆེན་པོས་དོན་བྱེད་དེ་ན་མཁའི་མཐའ་ཞེས་བྱ་བའོ།། དེ་ཡང་ཟད་མི་ཤེས་པས་ལྡན་པས་མཚོ་ཞེས་བྱའོ།། ཡང ་དག་བདག་མེད་ནས་ཁྱུ་མཆོག་ཅེས་བྱ་བའི་མཐུར་པདྨ་རྡོ་རྗེ་མ། ཟབ་ཅིང་ནས་དགྲ་ཆེའི་མཐར་རྡོ་རྗེ་རིན་ཆེན་རྡོ་རྗེ་མའོ།། མི་གནས་ནས་དམ་པའི་མཐར་སེམས་མ་རྡོ་རྗེ་མའོ།། སྣ་ཚོགས་ནས་ཆེ་བར་གྲགས་ཀྱི་མཐར་ལས་ཀྱི་རྡོ ་རྗེ་མའོ།། ཁམས་གསུམ་ནས་ཡེ་ཤེས་རྒྱ་མཚོའི་མཐར་སྣང་བ་མཐའ་ཡས་དབུས་ཀྱི་གཙོ་བོ་ལ་བསྟོད་པའོ།། ཡོན་ཏན་འོད་དང་ཁྱད་པར་ཆེ།། རྣམ་ཤེས་གྲགས་དང་ཀུན་ཏུ་གྲགས།། ཟླ་བ་གང་དང་པདྨའི་འོད།། དཀའ་ཐུབ་རྒྱལ ་དང་མར་མེ་རྒྱལ།། གློག་གི་ཏོག་དང་རྒྱལ་བའི་འོད།། གསང་བ་ལྡན་དང་དཔེ་བྲལ་གྲགས།། པདྨ་གྲགས་དང་དཔེ་བྲལ་མཚན།། སྤྱན་མཆོག་བཟང་དང་གྲགས་མེད་དོན།། དྲག་པོ་སྡེ་དང་བསོད་ནམས་འོད།། ཁྱད་པར་ཅན་དང་ཐོགས་མེད ་བློ།། སྒྲ་གཅན་འཛིན་དང་ཡེ་ཤེས་འོད།། གྲགས་ལྡན་དང་ནི་ཡེ་ཤེས་འོད།། སྐར་མའི་ཏོག་དང་ར་ཧུ་ལ།། སྨན་ཆེན་པོ་དང་སྨན་རྒྱལ་པོ།། བསོད་ནམས་གླང་པོ་རྒྱུ་ཡི་སྟོབས།། སྐར་མ་རྒྱལ་དང་རྒྱལ་བའི་སྐུ།། ཉི་འོད་འཇོམས་དང་ཆོས ་ཀྱི་མཛོད།། ལེགས་པའི་བློ་གྲོས་དང་རྒྱལ་པོ།། རྡོ་རྗེ་སྡེ་དང་ཤེས་རབ་བརྩེགས།། ལེགས་པར་བཞུགས་དང་རྒྱལ་བའི་བློ།། ཚངས་པའི་དབྱངས་དང་ཀླུ་ཡི་དབང་།། ཡོན་ཏན་གསལ་དང་ཡེ་ཤེས་བདག། ཏོག་གི་འོད་དང་ཚངས ་པའི་དགེ། འོ་ན་སྐྱོབ་པ་ཇི་ལྟར་ནུས་ཞེ་ན། ཡེ་ཤེས་དབང་བསྐུར་ཅོད་པན་ཞེས་པ་ནས་ཉོན་མོངས་དྲི་མ་ཀུན་ལས་འདས་ཞེས་བྱ་བས་རང་དོན་སྤངས་པ་བསྟན་ཏེ། ས་བཅུ་ལ་དབང་བསྐུར་བས་སྡུག་བསྔལ་ཞི་ནས་འབྲས་བུ་ཐོབ ་བ་དང་། ཤེས་བྱ་དང་ཉོན་མོངས་པ་སྤངས་པའོ།། གཞན་དོན་ཇི་ལྟར་འགྲོ་ཥྚཱ་ནཱ། ནམཁའི་མཐ་ཀླས་ནས་ན་མཁའི་ལམྦྷ་ལཱ་ར་ཏུ་གུནས་ཞེས་བྱ་བས་བསྣུན་ཏེ། གང་འོག་ཏུ་འབྲེལ་པ་དེས་ནི་ཤེས་བྱའི་སྒྲ ་སྦུབས་ནས་གྲོལ་བ་དང་འཁོར་པོ་ལས་སྒྲོལ་པ་དུས་ཐམས་ཅད་ལ་སྒྲིབ་པ་མང་། ཤེས་བྱའི་ཐོགས་པ་མེད་པའོ།། དེས་སེམས་ཅན་ཀུན་གྱི་གཙོ་བོའོ།། དེ་ལ་ནི་རང་ངོང་གཞན་གྱི་ཡོན་ཏན་མཐར་ཕྱིན་པ་ལུས་མེད་པའི་ཆོས་སྐྱེ། ་ཝཾ་བརྟན་པ་ནི་ལུས་ཀྱི་མཆོག་གོ།། དེ་མི་འགལ་ལམ་ཞེ་ན། ཡིད་བཞིན་ནོར་བུ་ཆེན་པོ་འཆང་ཞེས་པ་སྟེ། རྟོག་པ་དང་བྲལ་ཀྱང་སྟོན་པ་དང་འདྲའོ།། ཡང་ན་ཡོན་ཏན་གྱི་ཆེ་བའི་ཁྱད་པར་ཆོས་སྐུ་དང་གཟུགས་སྐུ་གཉིས ་རིམ་བཞིན་དུ་བསྟེན་ཏོ།། དབྱིངས་ན་མཁའ་ལྟ་བུ་དང་ཡེ་ཤེས་ཟད་མི་ཤེས་པ་ལས་སྐྱེ་བ་མེད་ཀྱང་སྐྱེ་བའི་ཚུལ་སྟོན་ཏེ། དང་པོ་ཡི་ཤེས་ཆེན་པོས་མ་རིག་པ་སེལྔ་བ་དང་། སྲིད་པའི་དྲ་བ་འཇོམས་པའི་ཤེས་རབ་ཀྱི ་མེས་བསྲེགས་ནས་གཞན་གྱི་ཉོན་མོངས་པ་ཞི་བར་བྱ་བའི་ཕྱིར་དེས་སྲིད་པའི་རྒྱུད་བཅོམ་ནས་རང་དོན་གྲུབ་སྟེ། འཁོར་བ་རྒྱ་མཚོའི་འདམ་ནས་ཕ་རོལ་ཏུ་ཕྱིན་ཏེ། གཞན་དོན་ཐུགས་རྗེ་དང་ལྡན་ཏེ། མི་ནུབ ་པའི་དབང་བསྐུར་ནས་རང་གི་སྡུག་བསྔལ་ཞི་ཞིང་། སེམས་ཅན་མང་པོའི་སྡུག་བསྔལ་སེལ་ཅིང་འབྲས་བུ་སྐུ་གསུམ་ལ་སྦྱོར་བར་བྱེད་དོ།། འོ་ན་ནུས་པ་ཅིས་ཞེ་ན། སྒྲིབ་པ་ཀུན་ལས་གྲོལ་ཞིང་ན་མཁའ་འདྲ་བའི ་ལམ་ལ་རབ་ཏུ་གནས་པས་ན་རྟོག་པ་ཐམས་ཅད་བྲལ་བའི་ཕྱིརརོ།། འོ་ན་རྟོག་པ་མེད་པར་རང་དོན་ནུས་སཾ་ཞེ་ན། ཐུགས་རྗེའི་ནུས་པ་སྟེ། དཔག་བསམ་ཞེས་བྱ་བ་ལ་སོགས་པ་སོ།། དེ་ཡང་བསྡམ་པ་དང་བག་ལ་ཉལ ་ཤེས་ཏེ། དུསུ་ཤེས་ཤིང་དབང་པོ་ཤེས་པའོ།། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་ཞིང་སེམས་ཅན་སྡུག་བསྔལ་ཅན་དབུགས་འབྱིན་པར་བྱེད་ཅིང་བདེ་བ་ལ་འགོད་པ་དེ་ལ་ནི་བཀུར་སྟི་དང་མཆོད་པས་སྐྱབསུ ་འོས་པའི་ཕྱི་རོ།། འོ་ན་སྐྱབ་སུ་ཕྱིན་པའི་ཡོན་ཏན་ཅི་ཞེ་ན། འཇིག་རྟེན་སྒྲ་སྟེ་རབ་ཀྱི་མཆོག། འཇིགས་པ་མ་ལུས་སེལ་བ་པོ་ཞེས་བྱའོ།། བརྟུལ་ཤུགས་ནི་གཙུག་ཕུད་དང་། རལ་པ་ཞེས་བྱ་བའི་ཕྱི་རོལྔ་པའི་སྤྱོད་པ། གདོང ་ལྔ་ནི་འཇིག་རྟེན་པ་ཚངས་པའི་སྤྱོད་པ། མགོ་ཟླུམ་ནི་ཉན་ཐོས་སོ།། དེ་རྣམས་ཀྱང་མཐར་གྱིས་ཐེག་པ་ཆེན་པོའི་སྤྱོད་པ་ལ་འགོད་དེ། དཀའི་ཐུབ་མཐར་ཕྱིན་ཅིང་། དཀའ་ཐུབ་ཆེན་པོ་ནི་ཚངས་པར་སྤྱོད་པ་མཆོག་འདི་ཡིན་པས་འདི་ལ ་དགོད་པར་བྱེད་དོ།། དེ་ཡང་ཚུལ་ཁྲིམས་གཙང་ཞིང་དམ་པར་གྱུར་པ་ནས་བཅོམ་ལྡན་འདས་ཀྱིས་འབྲས་བུ་ལ་རིམ་གྱིས་བྲོད་པ་བསྐྱེད་ནས་མཐར་ལེགས་པར་མྱ་ངན་ལས་འདས་པ་ཐོབ་པ་དང་། ཉོན་མོངས་པ་སེལ་བ་ནི་འདི ་ཁོ་ན་སྟེ། གཞན་གྱིས་ཐུབ་པ་མེད་པ་འདིའི་བསོད་ནམས་དཔེས་བརྗོད་པར་མི་ནུས་པ། འབྲས་བུ་རང་དོན་གཞན་དོན་དང་ལྡན་པ་འདི་མུ་སྟེགས་པ་དང་ཉན་ཐོས་ཀྱིས་མི་རྟོགས་པས་ཐོང་བྱེད་ཀྱི་ནུས་པ་མ་ཡིནོ།། འོ་ན་འབྲས་བུ་ཅི་ཞེ ་ན། མི་འགྱུར་བ་ཆོས་སྐུ་དང་། ཀུན་ལ་ཁྱབ་པ་གཟུགས་སྐུའོ།། འོ་ན་མི་འགྱུར་བ་ཅི་ཞེ་ན། ཤེས་རབ་ཤིན་ཏུ་ཕྲ་བས་མ་རིག་པ་ཟག་པའི་རྟེན་སྤངས་ཏེ། གཟུང་བ་དང་འཛིན་པའི་དྲི་མ་དང་བྲལ་བ་ནི་དྲི་མེད་དོ།། དེའི་ཕྱིར་ཉེས ་བའི་སྐྱོན་མེད་པ་ནི་མི་འགྱུར་བའོ།། འོ་ན་ཀུན་ལ་ཁྱབ་པ་ཅིའི་ཕྱིར་ཞེ་ན། ཤིན་ཏུ་སང་བ་སངས་རྒྱས་དང་། སད་པའི་བདག་བྱང་ཆུབ་སེམས་དཔའ་དང་། ཡང་ན་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པས་ཐམས་ཅད་ལ་ཡོད་པར་མཁྱེན་ནས་ཐང ་ལ་སྟོན་ཏོ།། དེས་ན་ཁྱབ་པའོ།། མ་རིག་ནས་གྲོལ་གསུམ་ཐོབ་ཅེས་བྱ་བས་རྡོ་རྗེ་སེམས་དཔའ་ལ་བསྟོད། སྒྲིབ་པ་ཀུན་ནས་རབ་ཏུ་གནས་ཞེས་པའི་མཐར་རིན་ཆེན་འབྱུང་ལྡན་ལ་བསྟོད།། ཡིད་བཞིན་ནས་ཡོན་ཏན་ཤེས་ཞེས་པའི ་མཐར་དོན་ཡོད་གྲུབ་པོ་ལ་བསྟོད་པའོ།། ཆོས་ཤེས་ནས་སྐྱབས་ཀྱི་འོས་ཞེས་པའི་མཐར་རྣམ་པར་སྣང་མཛད་ལ་བསྟོད་པའོ།། འཇིག་རྟེན་དགྲ་སྟ་ཞེས་པ་ནས་དེ་བཞིན་གཤེགས་པ་ཞེས་པའི་མཐར་དང་པོའི་སངས་རྒྱས་ལ་བསྟོད་པའོ།། སྒྲ ་མི་སྙན་དང་རོལ་པའི་གར།། གླུ་ཡིས་སྦྱིན་དང་བདེ་བའི་ཏོག། མཁས་པས་སྤྱད་དང་གཞན་ཐུབ་མིན།། རི་འོད་སྦྱིན་དང་གསུང་དབྱངས་ཅན།། སེང་གེ་དང་ནི་སྣ་ཚོགས་ཉིད།། དཔལ་གྱི་ཡེ་ཤེས་པདྨ་ཆུང་།། མེ་ཏོག་དང་ནི་རྣམ་གྲོལ་ལུས།། བས ་ནམས་སྤུངས་དང་མཚན་འགྱུར་བློ།། གསལ་བ་དང་ནི་མར་མེ་ཟླ།། མི་བཟད་པ་དང་བློ་བཟང་ཅན།། ཡན་ལག་མཆོག་དང་ཤེས་རབ་ཡུལ།། མཆོག་ཏུ་གྱུར་དང་རབ་འཇོམས་ཟེར།། ཤེས་རབ་སྦྱིན་དང་འཇམ་པའི་དབྱངས།། ཐོགས་མེད་མཛད་དང ་མཐུ་ཡིས་སྦྱིན།། དག་པ་དང་ནི་ཡེ་ཤེས་གནས།། བདེ་གཤེགས་འོད་དང་དབང་པོ་འོད།། ཐུབ་པ་ཆེ་དང་ལྷ་ཆེན་དང་།། འོད་ཟེར་བཟང་དང་གཟུགས་མཛེས་དང་།། རྒྱལ་བའི་སྐུ་དང་དོན་ཡོད་སྟོན།། སི་དུལ་དང་དྲན་སྟོབས་དང་།། གྲགས་པའི་མཚན་དང་བཀྲ ་ཤིས་དང་།། སྙིང་པོ་མཆོག་དང་བསོད་ནམས་དགེ། ཉན་པ་ཆགས་དང་ཉན་འདོད་པ།། མི་ཐུབ་པ་དང་རྒྱལ་མར་མེ།། རིན་ཆེན་བརྩེགས་དང་ཚོགས་མེད་ལྷ།། ས་ཡི་བདག་དང་གྲོལ་བར་འགྲོ། གཙུག་བུད་གསེར་དང་སྒྲ་གཅན་བཟང་།། མི་ཐུབ་སྡེ་དང ་རང་བཞིན་ཐུགཀ་ཟླ་འོད་ཅན་དང་གསེར་མདོག་བཟང་།། དགེ་བའི་འོད་དང་ཡོན་ཏན་ལྷ།། ཆོས་ཀྱི་གདུགས་དང་ཡོན་ཏན་ལག། འདྲ་བའི་མཚན་དང་ཡི་གེ་རྫོགས།། བློ་གྲོ་འཕྲོ་དང་འོད་རྣམས་འབར།། སྨན་གྱི་སྐྱབས་དང་རྣམ་གྲོལ་ཏོག། ཤེས་རབ ་མཆོག་དང་ཡེ་ཤེས་རྒྱལ།། གཟུགས་འཇིགས་པ་དང་གློ་བུར་འཇོམས་ཐོགས་མེད་གྲགས་དང་བདེ་བར་ལྡན།། ངག་སྙན་རིགས་དང་གྲགས་དབང་པོ།། ཆོས་ཀྱི་བརྩེགས་དང་འགྲོ་བའི་འོད།། ལེགས་པའི་རྒྱན་དང་རང་བཞིན་ལུས།། ཡེ་ཤེས ་གསུང་དང་རྟ་མཆོག་དང་། ཉོན་མོངས་སེལ་དང་འགྲོ་བའི་མཆོག། སེང་གེ་རག་དང་ཆོས་ཀྱི་མཚན།། སྐལ་པ་བཟང་དང་མི་བསྐྱོད་འདིར།། འབར་བའི་རྒྱལ་དང་རྟོག་པའི་གསུང་ཀ་བཟང་པོ་ཅན་དང་རིག་དོན་བློ།། འཇིགས་པ་བྲལ་དང ་དྲི་ཡོད་འོང་།། དོན་ཡོད་འགྲོ་དང་ཁྲོ་ཐལ་མདོག། གཟུངས་མཆོག་དང་ནི་བརྟན་པའོ།། རྟོག་པར་བྱེད་དང་ཤེས་རབ་སྤྱན།། དོན་རིག་བློ་དང་གྲགས་པའི་བཞིན།། ལྷ་ཡི་ཉིད་དང་ཤེས་རབ་གསལ།། ཤིན་འཇོམས་ཕྱག་དང་ཤིང་རྟ ་འགྲོས།། གསེར་བཅོམ་དང་སྐལ་ལྡན་གཙུག། དབང་ཕྱུག་དང་ནཾ་དགའ་བས་བསྟན།། མྱོས་པས་འཇོམས་དང་ཡེ་ཤེས་མཛོད།། ཚངས་པར་གཤེགས་དང་ཙན་དན་དང་།། མྱ་ངན་འཇོམས་དང་སེང་གེ་འོད ་ཡུལ་གྱི་རྟོག་དང་པདྨོའི་སྙིང་།། མཐའ་ཡས་འོད་དང་སྙིང་པོ་ལྷ།། མེ་ཏོག་མཛེས་དང་རེག་པའི་ཧཾ།། ཡེ་ཤེས་དབང་དང་ཚངས་དབང་པོ།། རིན་ཆེན་ཕྱག་དད་དབང་པོ་ལྡན།། དཔེ་མེད་དྲི་དང་ཐེ་ཚོམ་བྲལ།། མཆོད་པར་འོས་དང་འབར ་བའོ།། པདྨའི་གདུགས་དང་འདུམ་གྱི་མཆོག། ཡེ་ཤེས་འོད་དང་བྱ་བསལ་བྲལ།། གསལྟ་བའི་མདོག་དང་ཆོས་ལྡན་དང་།། ཕན་ལྡན་གཟུགས་དང་ཡེ་ཤེས་དང་།། གྲགས་པ་དང་ནི་འོད་ཟེར་འབར།། སྙིང་པོ་བཻ་ཌཱུར་འབར་བ ་ངང་།། སྐུར་མའི་ཚིགས་དང་སྐྱེ་ཉིད་དོ།། འོ་ན་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ཀྱི་ཐུགས་རྗེས་ཇི་ལྟར་ཁྱབ་ཅེ་ན། རྣམ་པར་ཤེས་པ་ཆོས་ཉིད་འདས།། ཡེ་ཤེས་གཉིས་མེད་ཅེས་བྱ་བས་ཆོས་སྐུ་ལས་ཐིབས་ཤེས ་རབ་ཀྱི་ལོངས་སྐུས་ཁྱབ་སྟེ། རྟོག་པ་སྤངས་པ་མི་འགྱུར་བ་ལས། དུས་གསུམ་སངས་རྒྱུ་སྣ་དེ་ལས་ལྷུན་གྱིས་གྲུབ་ཅིང་གཞན་གྱི་དོན་བྱེད་པའི་ཕྱིར་རང་འབྱུང་གི་སྐུ་འབྱུང་བའི་རྒྱུ་རྐྱེན་གྱིས་མ་བསྐྱེད་པའི་ཡེ་ཤེས་ཀྱི ་ལུས་དེ་བཞིན་གཤེགས་པའི་སྲས་གསུང་ཐམས་ཅད་ལ་དབང་ཐོབ་ཅིང་ཆོས་སྟོན་པ་ནི་ཞལ་ལྔ་དེང་ལྡན་ཏོ། ཚིག་གི་དབང་ཕྱུག་སྨྲ་བ་ཆེ།། སྤྲོ་བའི་སྐྱེས་མིཆོག་སྨྲ་བའི་རྒྱལ།། སྨྲ་བའི་དམ་པ་མཆོག་གི་གནས།། སྣ་བའི ་སེང་གེ་མཚུངས་པ་མེད།། ཅེས་བྱ་བ་སྟེ་རྡོ་རྗེ་དང་དེ་བཞིན་གཤེགས་པ་དང་། རིན་པོ་ཆེ་དང་པདྨ་དང་། ལས་ཀྱི་རིགས་ཏེ་ཞལ་ལྔའོ།། དེ་སྐུ་ཤིན་ཏུ་མཛེས་ཤིང་འོད་ཟེར་འཕྲོ་བ། ལག་ན་འོད་འབར་བའི་རལ་གྲི། ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པའི་པོ་ཏི་དཔལ་བེའུའི་ཚུལ་དུ་ཐུགས་ཀར་འཛིན་པའི་གཙོ་བོ་དེ་སྨན་པ་དང་སྨན་པ་དང་སྨན་གྱི་ཤིང་ལྗོན་པ་དང་འདྲ་བས་སྐྱོབ་པ་དེ་ཆགས་པ་དང་བྲལ་ཞིང་གདུལ་བྱ་ཆགས་ཤིང་ཕྱིར་པདྨའི་ཐུགས་ཀ་ན་གནས་པ་ལ་བདེ་བར ་གཤེགས་པ་ཡབ་ཡུམ་གྱི་འོད་ཉི་མ་དང་ཟླ་བ་ལྟ་བུར་ཕོག་སྟེ། ཁ་དོག་སྣ་ཚོགས་དང་ལྡན་པ། སྐྱིལ་ཀྲུང་དང་བཅས་པ། དར་སྣ་ཚོགས་དང་རྒྱན་སྣ་ཚོགས་འཛིན་པ་པདྨ་ལས་འཐོན་ཏེ། རྡོ་རྗེ་རིན་ཆེན་སངས་རྒྱས་ཀུན་གསུང་ཡང ་ཡིན་ཞེས་བྱ་བས་ནི་རྡོ་རྗེ་དང་། རིན་པོ་ཎ་དང་པདྨ་དང་། ལས་དང་། དེ་བཞིན་གཤེགས་པ་སྟེ། རིགས་ལྔ་ཡུམ་དང་བཅས་པས་སྐུའི་གསུང་གི་ཆེ་བ་ཐབས་ཤེས་རབ་ཉི་མ་དང་ཟླ་བའི་ཚུལ་དུ་དབང་བསྐུར། ཐུགས་ཀ་ན་རིག ་དྲུག་པའི་ཡེ་ཤེས་སེམས་དཔའ་བཞུགས་པ་ནི་སངས་རྒྱས་ནས་ཐུགས་ལ་གནས་ཞེས་བྱ་བ་དང་། རྡོ་རྗེ་རྣོན་པོ་ནས་དོན་བཞིན་རིག་ཅེས་བྱ་བས་བསྟན་ནས། རྡོ་རྗེ་བློ་གྲོས་དོན་བཞིན་རིག། ཕ་རོལ་ཕྱིན་པ་ཀུན་རྫོགས་པ ་ཞེས་བྱ་བས་ཆོས་སྐུ་དང་གཟུགས་སྐུ་བསྟན་ཏེ། རྣམ་པར་དག་པ་ནས་ཡེ་ཤེས་སྐུ་རྣམས་མ་ལུས་འཆང་།། ལམ་མ་ལུས་པ་ཐོབ་སྟེ། འབྲས་བུ་མཐའ་དག་ཐོབ་ནས་གཞན་དོན་སྟོན་པ་ནི་ཀུན་མཁྱེན་པོའི་བཅོམ་ལྡན་འདས ་དེ་རྒྱལ་པོ་འམ་གཙོ་བོའོ།། རང་བཞིན་གསང་སྔགས་ཏེ། སངས་རྒྱས་དང་རིག་སྔགས་ཀྱི་ཕྱག་ན་རྡོ་རྗེའི་ལྟེ་བ་ལ་རྣམ་པར་འཕྲུལ་པ་འདི་ཕ་རོལ་ཏུ་ཕྱིན་པ་དང་ས་བཅུ་རྫོགས་པའི་རྟག་རྣམ་པར་དག་པའི་ཁྲི་འཕང་ལྔ་པ ་དང་བུམ་པ་འཁོར་ལོ་བཅུ་གསུམ་དང་། ཆོས་ཀྱི་ཏོག་དང་། བདག་ཉིད་དང་། བྲལ་བའི་བྱ་རུ་ཅོད་པན་དང་། ཟླ་བ་དང་རིན་པོ་ཆེ་ཡིས་ཡང་དག་པའི་ཡེ་ཤེས་མཚོན་པ། ལོག་པར་ལྟ་བ་ཟིལ་གྱིས་གནོན་ཅིང་སྐྱོབ་པ། ཀུན་གྱིས་མཆོད ་པར་འོས་པའི་སྐུ་གདུང་དེའི་བུམ་པར་བརྩོན་འགྲུས་ཆེན་པོས་རྣམ་པར་འཕྲུལ་ཏེ། གདོན་ནི་མ་ལུས་ཏེ་གཞལ་ཡས་ཁང་གི་སྤྲུལ་པ། ཡེ་ཤེས་སྐུ་རྣམས་ཏེ་ལྷའི་འཕྲུལ་པའོ།། དེ་ལྟ་བུ་དེ་རྡོ་རྗེ་འཆང་གི་བུམ་པའོ།། དེ་ནས་གཙོ་བོས ་བསྟོད་པ་དེ་འོད་ཟེར་ལས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་པ། འགྲོ་བ་དང་འདུག་པ་དང་ཉལ་བ་ལ་སོགས་པའི་བསྟན་པ་ནི་རྣམ་པར་གཟིགས། གཙུག་ཏོར་ཅན། ཐམས་ཅད་སྐྱོབ། ལོག་པར ་དང་སེལ། གསེར་ཐུབ། འཁོར་བ་འཇིགས་རྣམ་སོ།། དེའི་ཕྱིར་དཔལ་ལྡན་རྒྱུ་སྐར་ནས་བསྟན་པ་གཅིག་ཅེས་པའི་མཐ།། དེ་ནས་ལྷ་མོ་བདུད་ཀྱིས་བསྟོད་ནས་དཀྱིལ་འཁོར་མི་སྣང་བར་གྱུར་ཏོ།། དེ་ལས་གཙོ་བོས་རྒྱུད་འཁོར་ལ་བསྟན ་པས་ན། རྒྱུད་ཀུན་གྱི་ནི་བདག་པོ་མཆོག་ཅེས་བྱ་བས་ནི་ཀུན་ཏུ་བཟང་པོ་དང་འཇམ་དཔལ་དང་། སའི་སྙིང་པོ་དང་། སྤྱན་རས་གཟིགས་ལ་སོགས་པས་ལུས་སྙིང་པོ་འམ་ལེན་པ་ལྷའི་རང་བཞིན་དུ་མཐོང་ངོ་།། རྩ་རྣམས་མཚན་དུ ་གྱུར་པར་མཐོང་ངོ་།། དེ་ཉིད་ཐིག་ལེར་གྱུར་པ་ན་བདུད་ཀྱིས་བསྟོད་པས་ཟབ་པར་མཐོང་བ་ནི། སངས་རྒྱས་ཀུན་གྱི་སྙིང་པོ་ནས་ངོ་བོ་ཉིད་འཆང་བ་ཞེས་བྱ་བས་བསྟན། དེ་ཡང་སྐད་ཅིག་ལ་ཁོང་དུ་ཆུད་ཅིང་རྟོགས་ཏེ། དེ་ཡང ་སྐྱོབ་གཡོགས་མེད་པར་རྟོག་སོ།། ཚིགས་གི་བདག་པོ་ནས་མཚུངས་པ་མེད་ཅེས་པའི་མཐར་གསལ་བར་སྨྲ་བ་ལའོ།། ཀུན་ཏུ་ལྟ་ནས་དཔལ་གྱི་བེའུ་ཞེས་བྱ་བས་སེམས་དཔའ་གསུམ་ལ་གོ་རིམས་བཞིན། ལག་ན་འོད་འབར ་ནས་གཙོ་བོ་ཞེས་བྱ་བས་རྡོ་རྗེ་ཁུ་ཚུར་ལའོ།། ཟུག་དུ་འབྱིན་པ་ནས་དགྲ་ཆེའི་མཐར་སེམས་དཔའ་གསུམ་ལ་གཽ་རིམ་བཞིན། སྡུག་གུ་ནས་རིན་ཆེན་གདུགས་ཞེས་བྱ་བས། སེམས་དཔའ་ལ་སོགས་གཉིས་གཉིས་བསྟོད།། སངས་རྒྱས ་ཞེས་བྱ་ཉི་མའི་དཔེལ། སྐུ་འམ་ཞེས་བྱ་རིན་ཆེན་དཔའོ།། རྣལ་འབྱོར་ཞེས་བྱ་ཏོག་གི་དཔལ།། བསྟན་པ་གཅིག་ནི་བཞད་པའོ།། ཟླ་བའི་འོད་དང་ནི་དྲིའི་འོད།། དགེ་བའི་འོད་དང་ཡོན་ཏན་ཅན།། དམ་ཆོས་བརྗོད་དང་ཚིག་ལས་རྒྱལ།། སྒྲུ་བ ་སྟོབས་དང་སྨྲ་བའི་ཚིག་ལེ་དབང་སྒྱུར་བའོ།། ལེགས་པའི་ཡིད་དང་རིགས་ཀྱི་འོང་།། སྤྱོད་ལམ་ཞི་དང་ཡེ་ཤེས་མཚོ།། ཆོས་དབང་ཕྱུག་དང་རིགས་སྐུ་ལྷ།། ཡོན་ཏན་ལས་དང་འཁོར་ལོ་སྟོབས།། ལེགས་པར་སྦྱངས་དང་ལེགས་པར ་རིརོག། དོན་གྲུབ་དཔལ་དང་གཟི་བརྗིད་དཔལ།། ཐམས་ཅད་སྙོམས་དང་བདུད་རྩི་དབྱངས།། རྣ་བ་བདེ་དང་ལེགས་པའི་བློ།། རྣམ་གྲོལ་དོན་དང་དབང་ཕྱུག་འཕགས།། རོལ་པའི་མཆོག་དང་ལྷག་པར་མཐོང་།། ཉེས་པ་སྤངས་དང་ཉི་མའི་འོད ་བཀྲ་རྒྱལ་བློ་དང་པདྨའི་མཆོག། ཉི་མའི་འོད་དྲང་སོ་སོར་གསུང་།། ལེགས་པའི་མུ་དང་ཚོགས་དབང་པོ།། འཇིགས་པ་བྲལ་དང་ཡེ་ཤེས་སྤྱད།། རྡོ་རྗེ་རིན་ཆེན་ནས་སྡུག་བསྔལ་གཅོད་ཅེས་བྱ་བས་ཡེ་ཤེས་སེམས་དཔའ་ལ ་བསྟོད།། མཚོན་ཆ་ཆེན་པོ་ནས་མཆོད་པ་ཞེས་བྱ་བ་ནི་ལྷ་མོ་བཞིའོ།། སྣ་རྣམས་ནས་དྲ་བ་སྟེ་ཞེས་བྱ་བའི་མཐར་མཆོད་པའི་ལྷ་མོ་ལ་བསྟོད།། རྒྱུད་ཀུན་ནས་བློ་གྲོས་བཟང་གི་མཐར་མཐུ་ཆེན་ཐོབ་ལ་སོགས་པ་ལ་བསྟོད།། སའི་སྙིང་པོ་ནས་དངོས ་པོ་ཀུན་གྱི་རང་བཞིན་ཞེས་པའི་མཐར་ཟླ་འོད་གཞོན་ནུ་ལ་སོགས་པ་བཞི་ལ་བསྟོད་དོ།། དངོས་པོ་ཀུན་གྱི་ནས་སྐད་ཅིག་ལ་ཞེས་པའི་མཐར་བློ་གྲོས་རྒྱ་མཚོ་ལ་སོགས་པ་ལ་བསྟོད། ཆོས་ཀུན་ནས་དང་བའི་བདག་གི་མཐར་གོ་རིམ་བཞིན་དུ་རྡོ་རྗེ ་རིགས་ཀྱི་བཞི་ལ་བསྐྱོད།། སྤོབས་པའི་མཚན་དང་བློ་འཆང་བ།། ཙནྡྲ་དང་ནི་རིན་ཆེན་ཟླ། མི་འཇིགས་པ་དང་མེ་འོང་ཆེ།། ཚངས་པའི་སྒྲ་དང་སྙན་པའི་གསུང་།། ཤེས་རབ་མ་དང་ཀུན་མཉམ་བློ། རྡོ་རྗེ་ཚིག་དང་བློ་སྤོབས་ལྡན།། ན་མཁའི་དབང ་དང་ངག་དབང་ཕྱུག། ཡོན་ཏན་མཆོག་དང་གནས་ཀྱི་མཆོག། འཕགས་པའི་འོད་དང་གསལ་བའི་རི།། རྔ་ཡི་སྒྲ་དང་འདོད་སྤྱོད་སྦྱིན།། ཡེ་ཤེས་ལེགས་དང་ཞི་བས་བཞུགས།། ཡེ་ཤེས་གསུང་དང་ཤིན་ཏུ་གདུགས།། རྒྱལ་མཚན་གདུགས་དང་དྲི ་མ་བྲལ།། ཡེ་ཤེས་དབང་དང་སྐལ་བྲལ་བརྗོད།། གཟི་བརྗིད་འོད་དང་དྲང་སྲོང་ཆེ།། ཤེས་རབ་འཕགས་དང་འཁོར་ལོ་སྤོང་ཀ། ཟླ་ཡི་ཞལ་དང་ཉི་ཟླའི་འོད།། ཡོན་ཏན་མཚོ་དང་ཡོན་ཏན་སྡུད།། བླ་མེད་ཏོག་དང་བསོད་ནམས་ཏོག། ཡུལ་སྤངས་པ་དང ་རིགས་སྐྱེས་དང་།། རྒྱལ་པོའི་རིགས་དང་རྣམ་གྲོལ་གསུང་།། དབང་ཕྱུག་པོ་དང་མཆོག་ཤེས་དང་།། བདུད་རྩི་འོད་དང་པདྨ་དང་།། ཡེ་ཤེས་སྤྱན་དང་ན་མཁའི་ཁམས།། མཆོད་དང་དཔུང་ཚོགས་བཅས་པའོ།། རྫོགས་སངས་ཞེས་བྱ་ཞགས་པ་མ།། བྱང་ཆུབ ་འཆང་ནི་ལྕགས་ཀྱུ་མ།། སངས་རྒྱས་ཞེས་བྱ་དྲིལ་བུ་མ།། ཡེ་ཤེས་མེ་ལྕེ་ལྕགས་སྒྲོག་གོ།། རིན་ཆེན་འཕྲོ་དང་ཟླ་བའི་སྐུ།། སེང་གེ་གདོང་དང་ཡེ་ཤེས་སྐུ་ཞེའོ།། གཞུང་ཚད་བཞི་བཅུ་རྩ་གཉིས། མཚན་ཉིད་བརྒྱ་བདུན་ཅུ་རྩ་ལྔ།། རྒྱལ་བ་ལྔ་ལ་ལྔ ་བཅུ་རྩ་ལྔ་ལྔའོ།། ད་ནི་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་སྟོན་པ་ནི། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་སེར་པོ་ལྟེ་བར་བསམ། དང་པོའི་སངས་རྒྱས་ཀྱི་རྩ་བའི་ཞལ་སེར་པོ།། གཞན་མཐུན། དེ་ལ་སྙིང་རྗེས་དོན་སྒྲུབ་པ་དང་། ཤེས་རབ་གོང་མ ་པའི་གང་ཟག་གི་སེམས་ཅན་ཇི་ལྟར་བདེ་བ་ཐོབ་པར་འདོད་པས་དོན་བསྒྲུབ་པར་བྱ། དེ་ནི་ངན་སོང་སྦྱོང་བར་བྱེད་པའི་མགོན་པོ་གྲོལ་བར་བྱེད་པའི་ཐབས་སྟོན་པ་ནི་ཉོན་མོངས་པ་བསལ་བ་དང་། མི་ཤེས་པ་བསལ་བའི་ཕྱིར་ང་རྒྱལ་ཅན་དེ་འདོད་པ་དང་གཟུག ་དང་གཟུགས་མེད་བསལ་བར་མི་ནུས་ཞེ་ན། ང་རྒྱལ་ཅན་འདུལ་བ་ནི་སྒྱུ་ཤེས་རབ་དང་སྙིང་རྗེས་སྐུ་ཚོ་བའི་བདག་ཉིད་དུ་སྟོན་པ་ནི་དཔལ་ལྡན་ཞེས་བྱ་བ་ནས་ཚངས་པའི་ཡུལ་ས་ཞེས་བྱ་བས་བསྟན་ཏེ། ཕྱག་རྒྱ་འཁོར་ལོ་དང་། ཤཀ་ཏི་འཛིན ་པའོ་དོན་སྟོན་པ་ནི་དོན་གཅིག་ཅེས་བྱ་བས་སོ།། འོ་ན་འཇིགས་པ་ཆེན་པོ་སྟོན་པ་དེས་རྟོགས་མོ་ནུསོ་ཞེ་ན་འཇིགས་པ་མེད་པར་རོ།། དེ་ལྟར་ཟིལ་གྱིས་མནན་ནས་སྟོན་པ་ཉིད་སྟོན་ཏེ། མིང་བཞི་ལས་བརྟེན་མེད་པ་ལ་ནི་མིང་བཞིའི་ཕུང ་པོ་བསྟན་ནས་ཐེག་པ་ལ་དགོད་པ་ནི་རྣམ་པར་རིག་པའི་གཟུགསུའོ།། དོན་སྟོན་པ་ནི་དོན་ཞེས་པའོ།། གདུལ་བྱ་ནི་རྣམ་ཤེས་སྣ་ཚོགས་པའི་གཟུག་སོ།། འདོད་པའི་ནང་གྲོལ་བར་བྱེད་ཅེས་པའི་མཐར་སེམས་དཔའ ་བཞི་ལ་གོ་རིམ་བཞིན། ཉོན་མོངས་ནས་གཟུགས་འཆང་མཐར་རིན་ཆེན་རིགས་ཀྱི་སེམས་དཔའ་བཞིའོ།། ལག་པ་བརྒྱ་པོ་ནས་གར་བྱེད་ཅེས་པའི་མཐར་པདྨའི་སེམས་དཔའ་བཞིའོ།། སའི་དཀྱིལ་འཁོར་ནས་གནོན་པའི ་ཞེས་པའི་མཐར། རྡོ་རྗེ་རིགས་ཀྱི་སེམས་དཔའ་བཞི་ལ་བསྟོད། དོན་གཅིག་གཉིས་མེད་ནས་རྒྱུད་དང་ལྡན་ཞེས་པའི་མཐར་སྒོ་བཞི་ལོ་གོ་རིམ་བཞི་ནོ།། དོན་གྲུབ་དཔལ་དང་ཡེ་ཤེས་ཉི།། དོན་ཡོད་གྲུབ་དང་རི་རབ་བརྩེགས། ་སྒྲ་སྦྱིན་དང་ནི་པདྨ་དཔལ།། དགྲ་བཅོམ་གྲགས་དང་ཡེ་ཤེས་སྟོབས།། ཉོན་མོངས་འཇོམས་དང་ཡེ་ཤེས་དོན།། བདེ་བའི་དྲི་དང་དཔེ་བྲལ་བཞད།། དྲི་ཡི་འོད་དང་མཐའ་ཡས་སྐྱོན།། སྡོ་མ་དང་ནི་རཏྣ་སོ།། སེང་གེ་མཆོད་དང་བསམ ་གཏན་འོད།། དཔའ་བར་འགྲོ་དང་རྣམ་པར་རོལ།། རིན་ཆེན་ཡོན་ཏན་དོན་སྟོན་པའོ།། ད་ནི་འདོད་ཆགས་ཀྱི་དོན་དུ་བསྟན་པ་ནི། དངོས་དོན་མ་ལུས་ཏེ་ཆགས་པ་ཅན་ལ། སྟོང་པ་ཉིད་དགའ་འདོད་ཆགས་བློ།། དེས་འདུལ་བའི་སྐུ ་སྟོན་པ་ནི་སྲིད་པའི་འདོད་ཆགས་སྤངས་པས་སྟོན་ཏེ། མདོག་དང་དབྱིབས་དང་རྒྱན་དང་སྤྱོད་པ་ལ་སོགས་པས་ཡིད་ཚིམ་པ་བསྐྱེད་ནས་ལམ་ལ་འགོ་དོ།། དངོས་དོན་གྱིས་ནི་རིན་ཆེན་སེམས་མའོ།། སྟོང་པ་ཉིད་དག ་ནས་སྤངས་པས་ནི་ཞེས་བྱ་བས་པདྨའི་སེམས་མ་དང་ལས་ཀྱི་སེམས་མ་ལ་བསྟོད། སྲིད་གསུམ་ཞེས་བྱ་བས་སེམས་མ་རྡོ་རྗེ་མ་ལ་བསྟོད། སྤྲིན་དཀར་དག་པ་ནས་སྤྲུལ་པའི་རྒྱན་དང་ལྡན་ཞེས་པའི་མཐར་ཡེ་ཤེས་སེམས་དཔའ་ལ་བསྟོད།། ་དགྲ་བཅོམ་གྲགས་དང་རིན་ཆེན་འོད།། སྲིད་བཅིངས་གྲོལ་དང་སྤྱོད་ངན་སྤངས།། ན་མཁའི་མཛོད་དང་སྤོབས་པ་གྲགས།། རྡོ་རྗེ་ནོར་བུ་ཚེ་དཔག་མེད།། ནོར་བུ་བཀོད་དང་རིན་ཆེན་དང་།། ཡོན་ཏན་མགོན་དང་རི་བོ་གྲགས།། བཅུ་འོད་ལྡན་དང་གཉིད་པ ་བྲལ།། ཀླུ་སྟོབས་ཤིན་ཏུ་གྲགས་པའོ།། གཏི་མུག་ཅན་ལ་དེ་ཉིད་དྲན་པ་ནི་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་ལ་སོགས་པ་དང་། དེ་བཞིན་གཤེགས་པའི་ཡོན་ཏན་ནི་ཆོས་སྐུ་དང་གཟུགས་སྐུའོ།། ཆགས་པ་ཅན ་འདུལ་བ་ནི་ནམ་མཁའ་ལྟར་མ་ཆགས་པ་བསྒོམ་པའོ།། ད་ནི་ཤེས་རབ་བསྟན་པའི་ཕྱིར། རིལ་པོར་འཛིན་པ་དག་པའི་ཕྱིར་དང་། ཞེན་པ་སྤང་བའི་ཕྱིར་ཕུང་པོ་ལྔ་སྟོང་པ་ཉིད་དུ་བསྟན། དེ་ཡང་ངེས་པར་འཛིན་པ་སྤངས་པའོ།། དེས་དོན ་དམ་མེད་ཀྱང་སྡོམ་པའི་རྟེན་ཀུན་རྫོབ་དུ་བསྟན་པ་འཐད་པའི་ཕྱིར། ཡན་ལག་བཅུ་གཉིས་ཞེས་བྱ་བས་རང་སངས་རྒྱས་ཀྱི་ལམ་བསྟན། བདེན་པ་བཞི་ནི་སྟོན་པ་པོ་ཞེས་བྱ་བས་ཉན་ཐོས་ཀྱི་རྟོགས་པའི་ལ་མོ།། བདེན་བཞི་ཞེས་བྱ་བ་ནས་རྣམ་པ ་ཉི་ཤུས་ཞེས་བྱ་བས་རང་སངས་རྒྱས་དང་ཉན་ཐོས་ལས་ཁྱད་པར་སྟོན་པ་ནི་སྐད་ཅིག་མ་འམ་སྟོང་པ་ཉི་ཤུས་ཁྱད་པར་དུ་བྱས་པའོ།། འོ་ན་དེའི་འབྲས་བུ་ཅི་ཞེ་ན། བྱང་ཆུབ་པ་ནི་ཆོས་སྐུ་རྣམ་པར་སངས་རྒྱས་པ་ནི་ལོངས་སྐུ་ས་བྱས ་ཀྱི་སྤྲུལ་པ་དེ་འབྲས་བུ་དེའོ།། དེའི་ཕྱིར་ཐེག་པ་ནི་འདིའོ།། འོ་ན་འབྲས་བུ་སྐུ་གསུམ་ཐེག་པ་འདིས་གྲུབ་པ་ཅིའི་ཕྱིར་ཞེ་ན། ཉོན་མོངས་ཁམས་རྣམས་དག་པར་བྱེད་པ་དང་། ལས་ཀྱི་སྒྲིབ་པ་ཟང་པར་བྱེད་པའི་ཕྱིར་ན ་འཁོར་བའི་དྲི་མ་སྤང་ཤིང་འཇིག་སུ་རུང་བའི་གནས་ལས་གྲོལ་བར་བྱེད་པའི་ཤེས་བྱའི་སྒྲུབ་པ་བག་ཆགས་དང་བཅས་པ་སྤོང་བ་ནི་འདི་ཡིན་པསོ།། དེའི་ཕྱིར་སྙིང་རྗེ་ཆེན་པོ་ཤེས་རབ་ཐབས་དང་ལྡན་ནས་དོན་ཡོད་ཅིང་འགྲོ་བའི ་དོན་བྱེད་པའི་འབྲས་བུ་དང་ལྡན་ནོ།། འོ་ན་རང་ཞེན་པ་དང་ལྡན་པ་ལྟ་བུ་སྙིང་རྗེ་སྐྱེད་པ་བྱེད་དམ་ཞེ་ན། དེ་ལྟ་མ་ཡིན་ཏེ་རྟོག་པ་ཐམས་ཅད་སྤངས་ཤིང་རྣམ་པར་ཤེས་པའི་རྗེ་སུ་འབྲངས་ནས་ཡིད་དུ་འོང་བ་དང་མི་འོང་བའི་རྟོག་པ་སྤངས ་ཏེ། རྟོག་པ་མེད་པའི་ཡེ་ཤེས་ཇི་ལྟ་བ་དང་ཇི་སྙེད་པ་རིག་པས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་རིག་ཅིང་བསམ་པ་ཇི་ལྟ་བ་སྟེ། དེ་ཡང་རིམ་དང་རིམ་མ་ཡིན་པའི་ཚུལ་གྱིས་ཐེག་པ་ཆེན་པོའི་ལམ་ལ་འགོད་དེ། ཕྱིན་ཅི་ལོག་དང་ནོར ་པ་སྤངས་ནས་ཕྱིན་ཅི་མ་ལོག་པའི་འབྲས་བུ་ཆོས་སྐུ་ལོངས་སྐུ་སྟེ། རང་དོན་གཞན་དོན་དང་ལྡན་པ་ཐོབ་པར་བྱེད་དོ།། དེ་ལྟར་ཤེས་པས་འབྲས་བུ་སྐུ་གསུམ་ཐོབ་པར་སྟོན་ཏོ།། འོ་ན་འབྲས་བུ་དེ་ཐོབ་པའི་འཁྲུལ་པ་དེ་ཅི་ཞེ་ན། གྲངས ་ཅན་པ་ལ་སོགས་པ་སྟེ། དངོས་པོ་ཀུན་ཡོན་ཏན་གསུམ་དུ་འདོད་པ་དང་། བདག་ལ་སོགས་པ་ནི་འདོད་པ་དང་། གཞན་ཡང་བྱེད་བྲག་པ་ལ་སོགས་པ་ཕུང་པོ་ལྔའི་སྐྱེ་མཆེད་ཀྱི་རྫས་དོན་དམ་པར་འདོད་ཅང་དུས་གསུམ་རྫསུ ་འདོད་པ་དེ་དག་ནི་མཐ་།། གློག་དང་མེ་ལྕེ་བཞིན་དུ་ཐམས་ཅད་སྐད་ཅིག་མར་བྱེ་བྲག་མེད་པའི་ཕྱི་རོ།། འོ་ན་ཐམས་ཅད་སྐད་ཅིག་མར་སོང་ནས་འབད་པ་དོན་མེད་དམ་ཞེ་ན། ཁྱེད་ཀྱི་རྫ་སུ་འདོད་པ་རྟག་པ་ལ་མི་འཐད་དེ་འགྱུར་བ ་མེད་པའི་ཕྱིརརོ།། སྐད་ཅིག་མ་ནི་རང་བཞིན་དུ་གྲུབ་པས་སངས་རྒྱས་ཀུན་སྐད་ཅིག་གཅིག་ལྷ་རྫོགས་སངས་རྒྱས་པའི་ཕྱིར་འབྲས་བུ་གྲུབ་པའོ།། འོ་ན་འབྲས་བུ་ཇི་ལྟ་བུ་ཞེ་ན། ལུས་མདོ་ལུས་ཏེ་ལུས་ཀྱི་མཆོག། ལུས་ཀྱི་མཐའ་ནི་ཀུན་ཏུ ་སྟོན་ཞེས་བྱ་བའོ།། དེ་ལ་ཆོས་སྐུ་དང་གཟུགས་སྐུ་སྟེ་འབྲས་བུ་མ་ཧཱ་ཐུག་རྟོག་པའོ།། བུ་ཚེ་སྐུ་ནི་མི་ཧཱུ~ཾ་ཐུག་སྟེ། དེ་རྟོག་པ་བྱེད་པ་ནི་ཤེ་རབ་ཕྱིན་ཅི་མ་ལོག་པ་སྟེ། དེ་ནི་བཅོམ་ལྡན་འདསོ།། འོ་ན་སྟོང་པ་ཉིད་སྐད་ཅིག་ཐབས་དང་བྲལ་བས་གཞན་དོན་ཇི་ལྟར་བྱེད་ཅེ་ན། ་གཟུགས་རྣམས་སྣ་ཚོགས་ཀུན་ཏུ་སྟོན་ཞེའོ།། ན་དེ་ལ་གཟུགས་སྣ་ཆགས་མོས་པ་བཞིན་དུ་ཅང་འཆང་ངམ་ཞེ་ན། ནོར་བུ་ཆེན་པོ་རིན་ཆེན་ཏོག་ཅེས་བྱ་བས་སོ།། འཇིག་རྟེན་ཞེས་བྱས་གར་མ་ལ།། རྫུ་འཕྲུལ་ཞེས་བྱས་གླུ་མ་ལོ།། དེ་ཉིད ་ཅེས་བྱས་ཕྲེང་བ་མི།། དྲན་པ་ཞེས་བྱས་སྐྲག་མོའོ།། བྱང་ཆུབ་ཅེས་བྱས་སྤོས་མེ་མ།། དེ་བཞིན་ཞེས་བྱས་དྲི་ཆབ་མ།། ལམ་གྱི་ཞེས་བྱས་མེ་ཏོག་མ།། ཡང་དག་ཅེས་བྱས་མར་མེ་མའོ།། ཡིད་དུ་འོང་དང་རིན་ཆེན་ཟླ།། ཤུགས་ཅན་དང་ནི་གསལ་བར་བྱེད། ་དགའ་བའི་དབང་ཕྱུག་གཙུག་པུད་འོད།། འཇིགས་པ་བྲལ་དང་ཡོན་ཏན་སྙིང་།། དྲི་མེད་གྲགས་དང་གཟི་བརྗིད་བཞི།། གདུང་བ་གྲགས་དང་ལྷ་གནས་པ།། ལེགས་པར་མཉམ་དང་རིན་ཆེན་སྐུ།། སངས་རྒྱས་འབྱུང་དང་སངས་རྒྱས་སྟོབས།། རིན ་ཆེན་ཁྱབ་དང་གྲོང་ཁྱེར་མཐོང་།། བློ་གྲོས་འོད་དང་འཇིག་རྟེན་འོད།། རིན་ཆེན་ལྷ་དང་ཡང་དག་རྒྱལ།། སྐལ་ལྡན་ཤིང་རྟ་དགའ་བས་བཀོད།། མུ་ཡི་འོད་དང་དཀའ་ཐུབ་རྒྱལ།། བྱང་སེམས་ཟླ་དང་ཆོས་འཆང་བ།། གཞན་གྱིས་མི་ཐུབ ་ཟླ་བ་བའོ།། སེམས་ཅན་ཀུན་ལ་ཞེས་བྱ་བས་དང་པོའི་སངས་རྒྱས་ལ་བསྟོད་པའོ།། ཡན་ལག་བཅུ་གཉིས་ཞེས་བྱ་བ་སྟེ། དཀྱིལ་འཁོར་ལྷ་གྲངས་དག་ཏུ་འདི་མ་གཏོགས།། མཚན་གྱི་གྲངསུ་འདི་བརྗོད་དོ།། རྣམ་པ་ས་བྱས་ཞེས་བྱའི་མཐར་ཤེས་རབ ་འཁོར་ལོ་བསྟོད་པའོ།། བྱེ་བ་དཔག་མེད་ནས་སྙིང་རྗེ་ཆེན་པོ་ཞེས་བྱ་བས་བྱང་ཕྱོགས་བསྐལ་བཟང་བཞི་ལ་བསྟོད།། འགྲོ་བའི་དོན་ནས་འབྲས་བུ་གནས་ཞེས་བྱ་བས་ལྷོའི་བསྐལ་བཟང་སྟེ། ཐ་མ་ལ་གཉིས་གོ་རིམ་བཞིན།། ཉོན་མོངས་ཁམས་རྣམ ་ཀུན་ལས་རྒལ་ཞེས་བྱ་བས་ནུབ་ཀྱི་བསྐལ་བཟང་སྟེ་དང་པོ་གཉིས་ལ་གཽ་རིམ་བཞིནོ།། སྦྱོར་བའི་དགོན་པ་ནས་གཏན་དུ་སྤངས་ཞེས་བྱ་བས་ཤར་གྱི་བསྐལ་བཟང་སྟེ་ཐ་མ་ལ་གཉིས་གོ་རིམ་སོ།། སྙིང་རྗེ་ཆེ་ནས་འགག་པར་བྱེད་ཅེས་བྱ་བས་དོན ་ཡོད་གྲུབ་པ་ལ་བསྟོད་པའོ།། སེམས་ཅན་ཀུན་གྱི་ཡིད་གནས་པས་རྡོ་རྗེ་སེམས་དཔའ་ལ་བསྟོད་པའོ།། དེ་དག་སེམས་དང་ཞེས་པ་ནི་སྣང་བ་མཐའ་ཡས་ལ་བསྟོད་པའོ།། ཕུང་པོ་ལྔ་དོན་ཞེས་བྱ་བས་རིན་ཆེན་འབྱུང་ལྡན་ལ་བསྟོད་པའོ།། ་རི་བོ་འོད་དང་ཚངས་པའི་དབྱངས།། བདེ་བའི་ལྷ་དང་ཡོན་ཏན་བརྩེས།། ལྷ་ཡི་སྟོབས་དང་ཐུབ་པའི་དོན།། ནོར་བུ་ཅན་དང་སེང་གེ་བླ།། ཟླ་བའི་མཚན་དང་སྒྲ་གཅན་མཚུངས།། གྲགས་ཆེན་དང་ནི་གཟི་བརྗིད་ཤུགས།། ཚོགས་ཀྱི་གྲགས་དང ་དགའ་བར་ལྡན།། དྲི་བཟང་པོ་དང་རི་རྒྱལ་མཚན།། དགའ་བའི་འོད་དང་མཆོད་པར་འོས།། སྤྲིན་མཐའ་དང་ནི་བདེན་པ་གསུང་།། རྣམ་སྣང་མཛད་དང་རྣམ་པར་ངེས།། གྲགས་པའི་མཐའ་དང་གྲོགས་ཚངས་པ།། སེང་འོད་གསེར་དང་སྲོག་དང་ལྡན ་འགྲོ་བའི་ཐིག་དང་ཐུན་ཚོད་དང་།། གྲགས་པའི་མཆོག་དང་བློ་བཟུང་ཆུབ།། ནོར་ལྷ་དཀའ་ཐུབ་དྲག་པོ་དང་།། འོད་གསལ་བྱེད་དང་ནོར་གྱི་འཁོར།། འཇིག་རྟེན་འདས་དད་སེང་བན་གླང་།། ཡོན་ཏན་རྒྱལ་དང་རིན་ཆེན་འོད་ཅེའོ།། ཚིག ་བཅད་ཉི་ཤུ་རྩ་བཞི་སྟེ།། མཚན་ནི་བརྒྱ་དང་བཅུ་དག་སྟེ།། སོ་སོར་ཉི་ཤུ་རྩ་གཉིས།། དེ་ལྔ་ལྷ་གྲངསུ་མ་གཏོགས་པ་ཚིགསཽ་བཅང་གཉིས་ཏེ། ཤེས་རབ་འཁོར་ལོའོ།། དེ་ལ་འཁོར་ལོ་སྟེ། ཤེས་རབ་འཁོར་ལོ་ཇི་ལྟ་བུ་ཞེ་ན། དག་པ ་རྣམ་པ་བཅུ་གཉིས་ཏེ། ཨ་ཨཱའོ།། དེས་འབྲེལ་བཞི་ཚུལ་མུ་ཁྱུད་བཞི་དང་འཁོར་ལོ་རྩིབས་བཞི་པ་གོང་གི་ཕྱེད་སྤངས་པའི་དྲུག་པ་དང་བརྒྱད་པ་ནི་བརྒྱད་པོ་དང་དྲུག། འཆིང་བ་གཅོད་པ་དང་འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ ་གཉིས་དག་པར་བྱེད་པ་དང་། བདེན་པ་བཞི་གསུང་བ་དང་། ཐུགས་རིག་པའི་ཡེ་ཤེས་ལྡར་གསལ་བ།། སྐུ་ཡེ་ཤེས་ཀྱི་སྐུའི་བདག་ཉིད་དུ་བྱང་ཆུབ་པའོ།། མཚན་གྱི་གྲངསུ་མ་གཏོགས་པ་ནི་རྐང་པ་ཡ་གཅིག་ཅེས་བྱ་བའི་ཚིགས ་བཅད་གཅིག་རྐང་པ་གཉིས།། ལར་གཞུང་ཚད་ཉི་ཤུ་རྩ་བཞིའོ།། ད་ནི་དོན་ཡོང་གྲུབ་པའི་དཀྱིལ་འཁོར་སྟོན་པ་ནི་དབུསུ་དོན་ཡོད་གྲུབ་པ་ལྗང་གུའོ།། དང་པོའི་སངས་རྒྱས་རྩ་བའི་ཞལ་ལྗང་གུའོ།། སོ་སོའི་ཡུམ་སྦས་པའི ་ཡུམ་དུ་སྦྱར་བར་བྱའོ།། དེ་ལ་སངས་རྒྱས་ཀུན་གྱི་རྟོགས་བྱ་བ་ཞེས་པ་སྟེ། རྟོགས་པར་བྱ་བ་དེ་རྟོགས་པར་བྱའོ།། གང་གི་ཞེ་ན། བྱང་ཆུབ་སེམས་དང་སོ།། གང་རྟོགས་པར་བྱ་ཞེ་ན། སངས་རྒྱས་ཀུན་གྱིས་རྟོགས་པ་ངའོ།། ་ནཅིའི་ཕྱིར་རམ་གང་གི་ཕྱིར་ཞེ་ན། སངས་རྒྱས་ཀྱི་བྱང་ཆུབ་སྟེ། འབྲས་བུ་བླ་ན་མེད་པ་ཐོབ་པའི་ཕྱིར།། འོ་ན་དོ་གང་ལ་བརྟེན་ནས་ཞེ་ན། གསང་སྔགས་ལོ་བརྟེན་ན་སོ།། གང་དེ་ལྟར་ཞེ་ན། བསོད་ནམོས་ཀྱི་ཚོགས་མདོ་ལས་འབྱུང་བ་བཞིན་དུ་བས ་ནས་ཡི་གེ་མེད་པ་སྟེ། སྟོང་པ་ཉིད་ཡེ་ཤེས་ཀྱི་ཚོགས་བསྟན་ནས།། གསང་སྔགས་ཆེན་པོ་སྟེ་སོ་བོན་རིགས་གསུམ་པ་ནི་ཐབས་རྣམ་པ་གསུམ་གྱིས་བསྐྱེད་པའོ།། དེ་ཡང་རྟེན་དང་བརྟེན་པ་མ་ལུས་པ་བསྐྱེད་པའི་དོན་ཏོ།། དེ་ལྟར་བསྐྱེད་པའི ་རིམ་པ་ལ་བསྟན་པ་ཐོབ་ནས།། སངས་རྒྱས་ཀུན་ནས་དོན་ཀུན་བསྐྱེད་པ་པོའི་མཐར་དང་པོའི་སངས་རྒྱས་ལ་བསྟོད་པའོ།། དབང་བྱེད་རྒྱལ་དང་བདུད་རབ་ཞི།། མཉམ་སངས་རྒྱས་དང་རྟོག་དང་བྲལ།། དྲི་རབ་ཞི་དང་རྨོངས་པ་སེལ།། རོལ་པའི ་སྟོབས་ཞེས་བྱའོ།། དེ་ལ་བཞི་ནི་འཁོར་ལོ་བཞིའོ།། བཅུ་དྲུག་ཕྱེད་ཕྱེད་རྩ་བའི་དབྱེ་བ་སྟེ། ཐིག་ལེ་ནི་བྱང་ཆུབ་ཀྱི་སེམས།། སྟོང་པ་ནི་སྲེག་པའོ།། རྩེ་མོ་ནི་གཏུམ་མོའོ།། འདབ་མའི་གྲངས་ནི་བྱེ་བ་ཕྱེད་དང་བཅུ། དེ་ལ་སྟོང་ཕྲག་བདུན་ཅུ་རྩ་གཉིས།། ་དེ་ལས་འཁོར་ལོ་བཞི་སྟེ། དཀྱིལ་འཁོར་དང་པོ་གཉིས་པ་ཡིས།། བདེ་བ་ཆེན་པོ་སུམ་ཅུ་མཚོན།། དེ་ནས་དཀྱིལ་འཁོར་གསུམ་པ་ཡི།། གཉིས་པའི་ཚིགས་བཅད་དྲུག་བསྣམས་པས།། བཅུ་དྲུག་མགྲིན་པའི་འཁོར་ལོའོ།། དེ་ལས་ཚིག ་གཅིག་དང་པོའི་མགོ།། ལྷག་པ་བདེ་ཆེན་དཀྱིལ་དུ་བསམ།། དཀྱིལ་འཁོར་བཞི་པ་ལྔ་པ་གཉིས།། དྲུག་པའི་དང་པོ་ཚིགས་བཅད་གཉིས།། ཚིག་གསུམ་འོག་ཏུ་ཕྱེད་དང་དྲུག། བསྣན་པས་སྤྲུལ་པའི་འཁོར་ལོའོ།། ཚིག་གསུམ་པོ་ནི་ལྟེ་བར་བས། ་དཀྱིལ་འཁོར་ལྔ་པའི་མཚན་མེད་ཚིག། ཚིག་རྐང་དྲུག་དང་ལྷ་ཡི་ནི།། བསྟོད་པར་མ་གཏོགས་ཚིག་བཅད་གཉིས།། རྡོ་རྗེ་ཉི་མ་ནས་དཔལ་ལྡན་སངས་རྒྱས་ཞེས་པའི་ཚོགས་བཅད་དྲུག་གིས་གཙོ་བོ་གསུམ་བསྟན།། དཀྱིལ་འཁོར་དྲུག་པས ་ཐུགས་ཀར་ཆོས་ཀྱི་འཁོར་ལོའོ།། བཅུ་དྲུག་ཕྱེད་ཕྱེད་ནི་བཞི་དང་བརྒྱད་དང་བཅུ་དྲུག། ཆུ་ཚོད་སུམ་ཅུ་རྩ་གཉིས་ཏེ། དབྱུ་གུ་དྲུག་ཅུ་རྩ་བཞིའོ།། རྩོལ་བའི་གྲངས་ཀྱི་མཚན་བཟུང་།། སྲོག་ན་ལྷའི་རང་བཞིན་ཏེ། བརྟེན་དུ་གསལ་བར་བསྒོམ།། དེ ་ལྟར་ལུས་གནས་དཀྱིལ་འཁོར་རོ།། བཅུ་དྲུག་ཕྱེད་ཕྱེད་འགྲིབ་ས་ནས།། འཕེལ་བ་འགྲིབ་པས་མཚོན་པའོ།། ཡང་ན་དབྱངས་ཡིག་གི་ཕྱེད་ཀྱི་ཐ་མ་ཨཾ་ངོ་།། ཡན་ལག་མེད་པ་ནི་ཧཾ་ངོ་།། རྩེ་མོ་ནི་ཟེ་འབྲུ་ལའོ།། རྣམ་པ་ནི་ཁ་དོག་སོ་སོར་རོ།། ཡི ་གེ་དྲུག་ནི་མགྲིན་པ་དང་སྙིང་ག་ལའོ།། ཡི་གཽ་བརྒྱ་ནི་ཡོན་ཏནོ།། དེ་དང་ལྡན་པ་འཛག་པའོ།། དེ་འཛག་པར་བྱེད་པར་ཐབས་གཞན་ཡོད་པས་བསམ་གཏན་ཡན་ལག་ཀུན་ཤེས་པའོ།། འོ་ན་ཡོན་ཏན་ཅི་ཞེ་ན། ཏིང་འཛིན་རིག་དང ་རྒྱུད་རིག་པའོ།། ཐིག་ལེ་ནས་རྣམ་པ་ཀུན་ལྡན་ཞེས་པའི་མཐར་གསང་བ་ཡུམ་བཞི་གོ་རིམ་བཞིན། བཅུ་དྲུག་ནས་ཏིང་འཛིན་ལུས་དང་ཞེས་པའི་མཐར་ཡེ་ཤེས་སེམས་དཔའ་ལ་བསྟོད་པའོ།། དགེ་བ་བཟང་དང་ཡེ་ཤེས་ཐུགས ་སྨྲ་བའི་དབང་དང་ལྷ་ཆེན་པོ།། བློ་གྲོས་བཟང་དང་ཚེ་དཔག་མེད།། ཆོས་ཀྱི་སྟོབས་དང་འཇིག་རྟེན་ཆོས།། སྒྲ་གཅན་ཉིད་དང་རྒྱལ་མཚན་གྲགས།། སྨན་པའི་མཆོག་དང་མེ་ཏོག་འོད།། ཏིང་འཛིན་ལུས་དང་ལུས་ཀྱི་མཆོག་སྟེ་ཆོས་སྐུའོ།། ་ལོངས་སྤྱོད་རྫོགས་སྐུ་དང་སྤྲུལ་པའི་སྒྱུ་སྟེ་ཞེས་བྱ་བས་གཟུགས་སྐུ་གཉིསོ།། ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད་ལྷ་མི་ལ་སོགས་པའོ།། དེ་གང་ཞེ་ན། མཆོག་གི་སྐུ་དེ་ལསོ།། དེ་རྣམས་ལ་ཆོས་དང་ཟང་ཟིང་སྦྱིན་བྱེད་པ།། དེ་ལྟར་ཡུལ་དེ་ལས ་ཁྱད་པར་ཅན་སྟོན་པ་དེ་ལ་མཆོད་པར་འོས་བསྟོད་པར་འོས་ཕྱག་ལ་སོགས་པ་འོས་པའི་ཕྱིརརོ།། ལོངས་སྤྱོད་རྫོགས་སྐུ་ནས་རྒྱུད་འཆུང་བ་ཞེས་པའི་མཐར་བྱང་ཕྱོགས་ཀྱི་བཞི་ལ་བསྟོད་པ་སྟེ་མཐའ་མ་ལ་གཉིས།། ཕྱོགསོ་བཅུ་ནས་ཇི་བཞིན་འགྲོ་བ ་དོན་བྱེད་པ་ཞེས་པའི་མཐར་ལྷོའི་སྟེ་གཉིས་གཉིས།། ལྷའི་དབང་པོ་ནས་དབང་ཕྱུག་ཅེས་པའི་མཐར་ནུབ་ཀྱི་བཞི་ལ་གོ་རིམ་བཞིན། སྲིད་པའི་དགོན་པོ་ནས་འགྲོ་བའི་བླ་ཞེས་པའི་མཐར་ཤར་གྱི་ཤེས་རབ་སེམས་དཔའ་བཞི་སྟེ་གཉིས ་གཉིས།། འཇིག་རྟེན་ཕྱོགས་བཅུ་ནས་སེལ་བར་བྱེད་ཅེས་བྱ་བས་བསྐལ་པ་བཟང་པོ་བཅུ་དྲུག་ཤར་ནས་བརྩམས་ནས་གཉིས་གཉིས།། བདུད་དཔུང་ཞེས་བྱས་དྲིལ་བུ་མ།། ཕམ་པར་བྱེད་པ་ལྕགས་སྒྲོགས་གོ། རྫོགས་སངས་རྒྱས་ཞེས་ཞགས ་པ་མ།། འཇིག་རྟེན་འདྲེན་ཞེས་ལྕགས་ཀྱུ་མ།། མཆོད་འོས་ནས་རྟག་ཏུ་རི་མོར་བྱ་བའི་མཐར་ནང་གི་ལྷ་མོ་བཞི་ལ་གོ་རིམ་བཞིན་དུ་བསྟོད། བཀུར་འོས་ནས་བརྗོད་པར་བྱ་བ་ནི་ཕྱིའི་ལྷ་མོ་བཞི་ལ་ནི་ཚིག་རྐང་ཕྱེད་ཕྱེད་ཀྱིས་བསྟོད་པ ་དགེ་གཙུག་པུད་དང་བདུད་རྩི་འོད།། བྱང་ཆུབ་ཆེ་དང་རྒྱ་མཚོ་བསྟན།། རིན་ཆེན་སྟོབས་དང་རོལ་པའི་སྟོབས།། ཉི་མཱ་ཅན་དང་དགའ་བའི་འོད།། གཙུག་ན་ནོར་དང་སྲིད་བྲལ་བདག། འགྲོ་བ་འདུལ་དང་སྤྱད་པའོ།། མེ་ཏོག་སྤྲིན་དང་འགྲོ་བའི་སྤྱོད། ཊ། ་པར་སྒྲ་དང་པདྨ་དང་།། ཡེ་ཤེས་འདོད་དང་བཀོད་པས་རོལ།། དོན་ཡིད་གནས་དང་གཏན་པའི་འོད།། རྒྱལ་མཚན་འཛིན་དང་བདེ་བའི་གནས།། རྣམ་གྲོལ་བཟང་དང་བསམ་པ་ཤེས།། སེམས་ཅན་འཛིན་དའི་རྐྱེན་ཆེན་འཛིན། ཀཽ་རྒྱ་མཚོ་དག་དང་མི ་འཇོམས།། དགྲ་ཆེན་པོ་དང་འདུལ་བ་དང་།། མཎྜལ་བསྣམས་དང་ལྷ་རྣམས་མཆོད།། དྲི་མ་སྤངས་དང་མཆོག་གི་མུ།། ལྷ་མོ་གསུང་སྙན་རིན་ཚན་ལྷ།། པདྨའི་ཕྱག་དང་བདུད་དགྲ་འཇོམས།། རྟོག་སྤངས་དོན་ནི་གྲུབ་པའོ།། འོ་ན་ལོངས་སྐུས་གང་ལ་མཛད་པ་སྟོན་ཞེ ་ན། འཇིག་རྟེན་གསུམ་པོ་གོམ་གཅིག་ཅེས་པ་སྟེ། ས་བརྒྱད་པ་དང་བཅུ་པའི་བར་བགྲོད་པ་གཅིག་པ་མི་འགྱུར་བ་སྟེ། ཕྱིར་མི་ལྡོག་པ་དང་ས་དང་པོ་མཐོང་ལམ་སྤྱོད་པ་ལ་ཞུགས་པ་ནི་གསུམ་རིག་སྟེ། འདས་པ་དང་ད་ལྟར་དང་མ་འོངས་པ་ལ་མ་ཆགས་མ ་ཐོགས་པར་ཤེས་པ་ས་དང་པོ་དང་། ས་གཉིས་པ་ལ་གནས་པ་ལ་སྤྱོད་པ་ལ་ཞུགས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་པ་ལ་སོགས་པ་ནི་གཙང་མ་དགོ་པ་སྟེ། མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ།། གང ་གིས་སྟོན་པར་བྱེད་ཅེ་ན།། རྫུ་འཕྲུལ་ཆེན་པོསོ།། གང་སྟོན་ཅེ་ན། འཇིག་རྟེན་འདིས་ཤེས་རབ་ཕ་རོལ་ཕྱིན་པའི་མཐའ་སྟོན་ཏོ།། གང་གི་ཕྱིར་སྟོན་པར་བྱེད་ཅེ་ན། བདག་རིག་གཞན་རིག་ཐམས་ཅད་ཅེས་པའོ།། འབྲས་བུ་གང་ཞེ་ན། ཤེས་རབ་ཀྱི་ནི་དེ་ཉིད་ཐོབ ་སྟེ་ཆོས་སྐུ། ཀུན་ལ་ཕན་པའི་གང་ཟག་མཆོག་སྟེ་སྦྲུལ་སྐུ། དཔེར་བྱ་ཀུན་ལས་འདས་པ་སྟེ།། ཤེས་དང་ཤེས་བྱའི་བདག་པོ་མཆོག་སྟེ་ལོངས་སྐུའོ།། དེ་ལྟར་སྟོན་པར་བྱེད་པའི་གང་ཟག་ནི་བཅོམ་ལྡན་འདས་ཏེ། གཙོ་བོ་ཆོས་ཀྱི་སྦྱིན ་བདག་སྟེ། ཕྱག་རྒྱ་བཞིའི་དོན་སྟོན་པའོ།། དེ་ལྟར་སྟོན་པ་དེས་ན་གང་ལོ་ཞུ། གང་གིས་ཞུ། གང་གི་ཕྱིར་ཞུ། གང་ལ་དགོངས་ནས་ཏེ། ཕྱག་རྒྱ་ནི་ས་མ་ཡ་འམ་མུ་དྲའོ།། དེ་ལྟར་སྟོན་པར་བྱེད་པ་དེ་ལ་ནི་འགྲོ་བ་རྣམས་ཀྱིས་བསྙེན་བཀུར་དང་རི་བོ་དང་མཆོད་པའི་གནས ་བོས་པའི་ཕྱིར།། དེ་ལྟར་བཅོམ་ལྡན་འདས་ཀྱིས་ངེས་པར་འབྲས་བུ་གསུམ་ཐོབ་པའི་ཕྱིར་གང་ཟག་གསུམ་གྱི་དབང་དུ་བྱས་ནས་བགྲོད་པའི་ཐེག་པ་གསུམ་གསུངས་ཏེ། དོན་གྱི་ནང་ནས་འབྲས་བུའི་དམ་པ་འདི་ནི་རྒྱུ་རྣམ་པར་དག་པ་འཕགས་པ་འཇམ ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་འདིའོ།། འོ་ན་གང་ཟག་གསུམ་པོས་ཐུན་མོང་དུ་ནུས་སམ་ཞེ་ན། མི་ནུས་ཏེ། འཇིག་རྟེན་གསུམ་ན་སྐལ་བ་བཟང་བ་ཕྱག་ཆེན་པོའི་རིགས་མཆོག་ཏུ་གྱུར་པའོ།། དེས་རྟོགས་པ་ཅི་ཞེ་ན། དཔལ་ལྡན་འབྱོར་པ་སྟེ། སྙིང་རྗེ ་དང་ཤེས་རབ་གཉིས་དང་ལྡན་ཞིང་སེམས་ཅན་ཀུན་གྱི་དོན་བྱེད་པ་ལ་མོས་པས། འཇམ་དཔལ་འབྲས་བུ་དཔལ་དང་ལྡན་པའི་མཆོག་འདིས་རྟོགས་ཀྱིས་གཞན་གྱིས་ནི་མ་ཡིན།། འཇིག་རྟེན་ཞེས་པས་རིན་ཆེན་འབྱུང་ལྡན་ལ་བསྟོད།། མངོན་ཤེས་དྲུག་ལྡན་ཞེས་བྱ ་བས་དོན་ཡོད་གྲུབ་པ་ལ་བསྟོད་པའོ།། ཤེས་རབ་ཕ་རོལ་ཞེས་བྱ་བས་རྡོ་རྗེ་སེམས་དཔའ་ལ་བསྟོད་པའོ།། བདག་རིག་གཞན་རིག་ཅེས་བྱ་བས་སྣང་བ་མཐའ་ཡས་ལ་བསྟོད་པའོ།། གཙོ་བོ་ཆོས་ཀྱིས་ཞེས་བྱ་བས་རྣམ་པར་སྣང་མཛད་ལ་བསྟོད་པའོ།། མེ་ཏོག ་མཛེས་དང་ཡུལ་དོན་གྲུབ།། སྨྲ་བའི་ཟླ་དང་བརྟུལ་ཞུགས་གྲུབ།། མི་གཡོ་བ་དང་བློ་གྲོས་དང་།། མར་མེ་འབར་དང་སྒྲ་དོན་རྟོགས།། དམ་པའི་སྟོབས་དང་གཟི་བརྗིད་སྟོབས།། བློ་ཡི་སྐུ་དང་ཟླ་བ་དང་།། རིན་ཆེན་འོད་དང་ཡོན་ཏན་རྫོགས།། སྟོན་རབ་མཛད་དང་གཟི་བརྗིད ་བཟང་།། ཡེ་ཤེས་སྟོབས་དང་གཟི་བརྗིད་དགེ། རྟེན་པ་སྟོབས་དང་ལྷའི་ཡི་སྐུ།། རབ་ཞི་དང་ནི་ཉི་མའི་ཞལ།། གྲོལ་བའི་འོད་དང་ཚུལ་ཁྲིམས་འོད་།། དཀའ་ཐུབ་རྒྱལ་དང་དྲི་མ་བྲལ།། རྒྱ་མཚོའི་སྒྲ་དང་གཟུགས་བརྙན་སྣང་།། ཀུན་ལས་གྲོལ་དང་རྒྱ་མཚོ་འོད།། དྲི་མ་མེད ་དང་དྲན་དབང་འོད།། ཞལ་རབ་རྒྱས་དང་རྒྱལ་བའི་འོད།། མཆོག་དོན་བློ་དང་དཔུང་རབ་ཞི།། དབང་ཕྱུག་ཆོས་དང་སྣ་ཚོགས་གསལ་ཞེས་པས་ནི་མཚན་ནི་དགུ་བཅུ་རྩ་ལྔ་སྟེ། བཅུ་དགུ་བཅུ་དགུར་སོ་སོར་སྦྱར།། ཚིགསུ་བཅད་པ་བཅོ་ལྔའོ།། དེ་ལྟར་མཚན ་ནི་རབ་སྦྱ་རོ།། འཁྲུལ་འཁོར་དཀྱིལ་འཁོར་སོ་སོར་སྦྱར།། སྦྱར་ཐབས་གཞན་དུ་ཤེས་པར་བྱ།། ད་ལྟར་བསྟོད་པ་དང་མཚན་བསྟན་ནས། ད་ནི་ཡང་དག་པའི་བསྟོད་པ་ནི། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད་ཅེས་པའི་བསྟོད་པ་ནི། དང་པོ་བུམ་པ་དེ་བཞིན ་སྦྱིན།། གཉིས་པ་གསང་བ་ཡང་དག་མཐའ།། གསུམ་པ་ཤེས་རབ་སྟོང་པའི་རྒྱུ།། བཞི་པ་སངས་རྒྱས་བྱང་ཆུབ་པོ།། དེ་ཡི་ཡན་ལག་རྣམ་བཤད་དོན།། ཡན་ལག་སོ་སོར་འོག་ཏུ་སྦྱོར།། མཆོག་ནི་སངས་རྒྱས་པར་འདོད་པའི་ཤེས་རབ།། སྦྱིན་པ་ནི་སེམས ་ཅན་གྱི་དོན་དུ་ཐོབ་པར་འདོད་པའི་སྙིང་རྗེ། དེ་གཉིས་དབྱེར་མེད་པ་ནི་རྡོ་རྗེའོ།། དེ་ལྟར་ན་ཤེས་རབ་དང་སྙིང་རྗེས་བྱང་ཆུབ་སེམས་བསྐྱེད་པ་ལ་མ་ཐོབ་པའོ།། ཡང་དག་མཐར་གྱུར་ནི་སེམས་བསྐྱེད་ལ་བརྟེན་པའི་ལམ་དེ་བླ་མ་ལ་རག་ལསོ།། ལམ ་ཤེས་བྱེད་དོ།། ལམ་ཐོབ་པ་ནི་སྟོང་པ་ཉིད་ལ་སྟེ། གོམས་པ་ལསོ།། ལམ་གྱི་འབྲས་བུ་ནི་སངས་རྒྱས་ཀྱི་བྱང་ཆུབ་བོ།། མཆོག་སྦྱིན་སེམས་མ་རྡོ་རྗེ་མ།། ཡང་དག་རིན་ཆེན་རྡོ་རྗེ་མ།། སྟོང་ཉིད་པདྨའི་རྡོ་རྗེ་མ།། སངས་རྒྱས་ལས ་ཀྱི་རྡོ་རྗེ་མའོ།། དེ་བཞིན་གཤེགས་པའི་ཡུམ་བཞིས་བསྟོད་པའོ།། སངས་རྒྱས་ཆགས་པ་དང་། སངས་རྒྱས་འདོད་པ་དང་།། སངས་རྒྱས་དགྱེས་པ་དང་། སངས་རྒྱས་རོལ་པ་དང་བཞིས་ནི་ལམ་ཐོབ་པར་འདོད་པའི་རྒྱུ་སྙིང་རྗེ། ཡུལ་སེམས ་ཅན་བྱང་ཆུབ་ཐོབ་པར་འདོད་པ་དང་། དེ་འབྲས་བུ་ཐོབ་པར་དགའ་བ་དང་། དགའ་བ་དེས་སྣ་ཚོགས་པའི་སྒོ་ནས་གཞན་གྱི་དོན་བྱེད་པའོ།། དེས་ནི་དེ་བཞིན་གཤེགས་རིགས་ཀྱི་རྡོ་རྗེ་མ་དང་པདྨའི་རྡོ་རྗེ་མ་དང་། རིན་ཆེན་རིགས་ཀྱི་རྡོ་རྗེ་དང་། ལས་ཀྱི་རྡོ ་མ་ལོ་བསྟོད་པའོ།། དེ་ཡན་ཆད་ཀྱིས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་བསྟོད་པའོ།། སངས་རྒྱས་འཛུམ་པ་དང་། སངས་རྒྱས་བཞད་པ་དང་། སངས་རྒྱས་གསུང་ཉིད་དང་། སངས་རྒྱས་ཐུགས་ལ་ཞེས་བྱ་བས་དཔེར་ན་ཅུང་ཟད་བཞད་པས་ཆོས་ཅུང ་ཟད་གསལ་བ་དེ་བཞིན་དུ་ལམ་ཅུང་ཟད་གསལ་བ་དང་། ཆེར་བཞད་པས་ཆེར་གསལ་བ་བཞིན་དུ་གོམས་ཤིང་ཕྱད་པ་ལ་ཞུགས་པས་ཆེར་གསལ་བའོ།། དེ་ཡང་གསུང་ལ་བརྟེན་ནས་གསལོ།། གང་ཞེ་ན། སངས་རྒྱས་ཀྱི་ཐུགས་ཡེ་ཤེས་དེ་དཔེ ་ཡིས་མཚོན་ནས་སོ།། དེའི་ཕྱིར་ཤེས་པར་བྱ་བའོ།། དེ་བཞིན་གཤེགས་པ་རྡོ་རྗེ་མ་དང་། རིན་ཆེན་རྡོ་རྗེ་མ་དང་། པདྨའི་རྡོ་རྗེ་མ་དང་། ལས་ཀྱི་རྡོ་རྗེ་མ་སྟེ་དེ་ཡན་ཆད་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ལ་བསྟོད་པའོ།། མེད་པ་ལས་འབྱུང་བ ་དང་། སངས་རྒྱས་ལས་འབྱུང་བ་དང་། ནམ་མཁའ་ལས་འབྱུང་བ་དང་། ཡེ་ཤེས་ལས་འབྱུང་བ་སྟེ། དབྱིངས་སྟོང་པ་ཉིད་དང་ཡེ་ཤེས་ཏེ། རང་འབྱུང་གི་སྐུ་འབྱུང་།། འོ་ན་སྟོང་པ་ལས་ཇི་ལྟར་འབྱུང་ཞེ་ན། ན་མཁའ་ལུས་སྤྲིན་འབྱུང་བ་བཞིན་དུ་ཡེ་ཤེས་ཀྱི ་སྐུ་འབྱུང་ངོ་།། དེ་བཞིན་དུ་སྤངས་པ་ཡེ་ཤེས་བསྟན་ཏོ།། དེ་བཞིན་གཤེགས་པའི་རྡོ་རྗེ་མ་དང་། རིན་ཆེན་རྡོ་རྗེ་མ་དང་། སེམས་མ་རྡོ་རྗེ་མ་དང་། ལས་ཀྱི་རྡོ་རྗེ་མ་དང་། སྣང་བ་མཐའ་ཡས་ཀྱི་ཡུམ་བཞིས་བསྟོད་པའོ།། སྒྱུ་འཕྲུལ་དྲ་བ་དང་། སངྱས ་རརོལ་སྟོན་དང་། ཐམས་ཅད་ཐམས་ཅད་དང་ཡེ་ཤེས་སྐུ་ཉིད་ཅེས་པས་སྤངས་པ་དང་། ཡེ་ཤེས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་འབྲས་བུ་ཡེ་ཤེས་ཀྱི་སྐུའི་བདག་ཉིད་དོ།། སེམས་མ་རྡོ་རྗེ་མ་དང་། རིན་ཆེན་རྡོ་རྗེ་མ་དང་། པདྨ་རྡོ་རྗེ་མ་དང་། དེ་བཞིན ་གཤེགས་པའི་རྡོ་རྗེ་མའོ།། ཆོས་སྐུའི་སྒོ་ནས་བསྟོད་པའོ།། ད་ནི་ཕན་ཡོན་དང་ཡོན་ཏན་བསྟན་པ་ནི། ལག་ན་རྡོ་རྗེ་ཞེས་བྱ་བ་ནས་འདི་ནི་གསང་སྔགས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པས། ཞེས་བྱ་བས་ནི་བྱིན་གྱིས་བརླབས་པས་ཕན་ཡོན་ཆ ་བས་ཚིག་བཅུ་རྣམ་པར་སྣང་མཛད་ཀྱིས་བསྟན་ཏོ།། ལག་ན་རྡོ་རྗེ་ནས་ཡོང་སུ་རྫོགས་པ་ཞེས་བྱ་བས་ནི་རྒྱུ་ལ་བརྟེན་པའི་སྟོབས་ཀྱིས་ཐོབ་པར་བྱ་བའི་ཡོན་ཏན་ཏེ། མེ་ལོང་ལྟ་བུ་ཡོན་ཏན་བསྟན་ཏོ།། ལག་ན་རྡོ་རྗེ་ནས་ཆོས་ཐམས ་ཅད་བརྗོད་དུ་མེད་པའི་རང་བཞིན་ཉིད་ཞེས་བྱ་བས་བླ་མ་ལ་བརྟེན་ནས་ཤེས་པའི་ཕན་ཡོན་ཏོ། བླ་མ་ལ་བརྟེན་ནས་ཐོབ་པ་རང་གིས་འབད་པ་སྟེ། མཉམ་པ་ཉིད་དོ།། ལག་ན་རྡོ་རྗེ་ནས་ཚེ་ནུར་བསྒྲུབ་པར་བྱེད་དོ་ཞེས་བྱ་བས ་ཉམ་སུ་བླངས་པའི་ཕན་ཡོན་རང་གི་འབད་པ་ལས་འབྱུང་བ་སྟེ། སོ་སྦྱོར་རྟོག་པའོ།། ལག་ན་རྡོ་རྗེ་ནས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་འཇུག་པར་མི་འགྱུར། ཞེས་བྱ་བས་འབྲས་བུ་ཐེག་པ ་དམན་པ་ལས་གྲོལ་བ་སྟེ། འབྲས་བུ་ཐེག་པ་ཆེན་པོར་བསྡུད་པས་བྱ་བ་སྒྲུབ་པའི་ཕན་ཡོན་ནོ།། ལག་ན་རྡོ་རྗེ་དེ་ལྟར་ན་ཆོས་ཀྱི་རྔ་སྒྲ་ཆེན་པོ་སྒྲོགས་པར་འགྱུར་རོ་ཞེས་བྱ་བས་ནི། ལག་ན་རྡོ་རྗེ་ནི་ཞུ་བའོ།། དེ་ལྟར་ཞེས་པ་ནི་དེ་ལྟར ་རྒྱུ་དང་འབྲས་བུའི་དུས་དེ་ལྟར་བསྟན་ནས། ང་བསྡུས་པའི་ཕན་ཡོན་བསྟན་པ་ནི་དེ་ལྟར་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། ཡེ་ཤེས་ལྔའི་དབྱུང་དུ་བྱས་པའི་རྟོག་པ་བསྡུས་པ་འདི་ནི་ནི་ཡོན་ཏན་ཤིན་ཏུ་ཆེའོ།། དེ་བས་ན་ལག་ན་རྡོ ་རྗེ་མཚན་ཡང་དག་པར་བརྗོད་པ་འདི་དབང་བསྐུར་ཞིང་ཡང་དག་པ་སྟེ། གདམས་ངག་དང་ལྡན་པའི་གང་ཟག་དམ་པ་དག་འཛིན་ན་རྒྱུ་བཟང་ཞིང་འབྲོས་བུ་མྱུར་དུ་འབྱུང་ཞིང་གཞན་ལ་ཡང་ཆོས་ཀྱི་སྦྱིན་པ་རྒྱུན་མི་འཆད་པ་དང ་ལྡན་ནོ།། རྟོག་པ་བསྡུས་པ་སྟེ། ཐད་ཀྱི་ཕན་ཡོན་བསྡུས་ཤིང་འབྲས་བུ་བསྡུས་པའོ།། ཨོཾ་ཨ་བྷཱ་བ་སྭ་བྷཱ་བ་ཤུདྡྷ་བཛྲ་ཙཀྵ་ཨ་ཨཱ་ཨཾ་ཨཿད་སྟོང་པའི་སྔག་སོ།། པྲཱ་ཀྲྀ་ཏི་པ་རི་ཤུདྡྷཿསརྦ་དྷརྨཱ་ཡ་དུ་ཏ། སརྦ་ཏ་ཐཱ་གཽ་ཏ་ཛྙཱ་ནཾ་ཀཱ་ཡ། མཉྫུ་ཤྲཱི་བ་རི ་ཤྲེདྡྷོ་ཏྲ། ཨཱ་པཱ་དྲཱ་ཡ~ཾ་ཏི་ཨ། ངས་ནི་སྤྱན་འདྲེན་པ་དེང་གཤེགསུ་ས་སོལ་བའོ།། ཨོཾ་མརྦ་ཏ་ཐཱ་ག~ཾ་ཏ་ལྲྀང་ཡ། པ་ཧོར། ཨོཾ་དྡྷིཿཐཱ་ག་ཏྲཱ~ཾ། ཛྙཱ་ན་མཱུ་དྷི། བཱ་པཱ~ཾ་ཤྭ་ར། མ་ཧཱ་བྡ་མ་སརྦ་དྷམ~ཾ། ག~ཾ་ས་ནཱ་མ་ལ་སུ་པ་རི་བུདྡྷེ། དྷ་མ་ཧཱུ~ཾ་རྗེམ ་གརྦྷ་ཨཱཿདེས་ནི་དབང་བསྐུར་བ་དང་བྱིན་གྱིས་བརླབས་པ་དང་། གཏོར་མ་ལ་སོགས་པའོ།། དེ་ཡང་ཡེ་ཤེས་སེམས་དཔའ་གསུམ་གྱི་བར་དུ་ལས་སོ་སོའི་སྔགས་སྦྱར་རོ།། མ་བྱུང་བ་ལས་ཤེས་པ་ནི་ཡང་དག་པ་དང་ཡང་དག་པ ་མ་ཡིན་པ་ལ་འཁོར་ཏེ། ཕྱིན་ཅི་ལོག་དང་མ་ལོག་པ་རྟེན་འབྲེལ་ལས་འབྱུང་བ་མ་རིག་པ་ཐོག་མཐར་གནས་དེ་བཞིན་དུ་ཆོས་སྐུ་ཤེས་རབ་འཁོར་ལོ་ཡང་ཐོག་མ་ཐ་མའི་ཨའོ།། འདིས་ནི་ཤེས་རབ་རྣམ་གསུམ་གྱི་བློས་དག ་པཔ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཡོངསུ་དག་པ་འཇམ་དཔའི་དཔལ་དྷཱིཿགསུང་ཡོངསུ་དག་པ་སྐུ་གསུང་ཐུགས་དག་པ་ས་བོན་གསུམ་གྱི་བསྡུས་ལ། དེ་ཨར་སྙིང་པོ་འདུས།། རྗེསུ་ཡི་རང་སྟོན་པ་ནི། དེ ་ནས་ཞེས་བྱ་བས་ནི་འདས་མ་ཐག་པའོ།། ཞུ་བ་པོ་དང་དེ་རྣམས་ཀྱི་བསམ་པ་ལུས་ཀྱི་བྱ་དང་ལྡན་པ་སྟེ། ཡུལ་ཁྱད་པར་ཅན་ལ་སྐོར་བ་དང་ཕྱག་ལ་སོགས་པ་སྟེ། གུས་པ་དང་ལྡན་པའི་ཞུ་བ་པོས་འཁོར་ཐམས་ཅད་དང་བཅས ་པས་བསྟོད་ནས། བདག་ཅག་རྣམས་ངོ་མཚར་ཏེ། ཁྲོ་བོའི་ཚོགས་ལྔ་བརྒྱ་ཐམ་པ་དང་བཅས་པས་གསང་བསྟོད་ནས་ནི་ཞེས་པ་ངག་གི་ལས་སོ།། མགོན་པོ་ནི་བཅོམ་ལྡན་འདས་སོ།། བདག་ཅག་ནི་དག་པ་དང་མ་དག་པའོ།། ལེགས་ཏེ་དག ་པའི་དོན་དུ་སྟེ་བདག་ཅག་གོ།། ལེགས་ཞེས་པ་ནི་རྣམ་པར་དག་པ་སྟེ་རྣམ་གྲོལ་ཞེས་པའོ།། ལེགས་པར་གསུངས་ཏེ། རྣམ་པར་དག་པའི་ལམ་འདི་ལྟ་བུ་གསུངས་པསོ།། དེ་ལེགས་པར་ཅིས་ཤེས་ཤེ་ན། ཟབ་ཅིང་ཡངས་ཏེ། དབྱིངས ་དང་ཡེ་ཤེས་གཉིས་དང་ལྡན་པའི་ཕྱིར་དང་། དོན་ཆེན་རང་དོན་གཞ་དོན་གཉིས་དང་ལྡན་པའི་ཕྱིར་དང་། སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་གསུངས་པའི་ཕྱིརརོ།། དེ་ལྟ ་བས་འཁྲོ་བ་དང་མྱ་ངན་ལས་འདས་པའི་སྤྱོད་པའི་ཡུམ་མོ།། དེ་ལ་བརྟེན་ནས་འབྱུང་ཞིང་མ་འོངས་པ་ལ་བསྟན་པས་ན་བཤད་ཅེས་བྱའོ།། བླ་མའི་དྲིན་གྱིས་ཡང་དག་ཐོབ།། གུས་པས ་བྱིན་བརླབས་ཐུགས་རྗེས་ཁྱབ།། འགྲོ་བའི་དོན་དུ་འགྲེལ་འདི་བརྩམས།། རྒྱུད་དང་བླ་མའི་གསུངས་ལས་རྙེད།། བརྟེན་ནས་བདག་གིས་འདི་བྱས་པས།། བདག་དང་མཐའ་ཡ ་སེམས་ཅན་རྣམས།། འཇམ་དཔལ་གོ་འཕང་ཐོབ་པར་ཤོག།། འཕགས་པ་འཇམ་དཔལ་གྱི་འགྲེལ་པ་བསྡུས་པའི་གསལ་བ།། ཨུ་རྒྱན་གྱི་སློབ་དཔོན་ཆེན་པོ ་ཨ་བ་དྷཱུ་ཏཱི་པས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོས་མཛོད་ཀྱི་སྒོམ་པ་ཡེ་ཤེས ་གྲགས་པའི་དོན་དུ་བསྒྱུར་བའོ།། །། དགེའོ ་