CLOSE WINDOW

GT1362: 'phags pa 'jam dpal gyi mtshan yang dag par brjod pa zhes bya ba'i 'grel pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་བཱཏྟ ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔེལ་གྱི་མཚན་ཡང ་དག་པར་བརྗོད་པ་ཞེས་བྱ་བའི་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། གཉིས་མེད ་གཉིས་སྣང་ཆོས་རྣམས་ཀྱི།། དང་པོའི་སངས་རྒྱས་ནང་གནས་པ།། སྲིད་དང་མྱ་ངན་འདས་འཁོར་ལོའི།། དབང་ཕྱུག་ཡེ ་ཤེས་སྐུ་བཏུད་ནས།། གང་གིས་ཟབ་མོའི་རིམ་པ་འདི།། ཡོངས་སུ་ཉམས་པར་མི་འགྱུར་བར།། མཚན་བརྗོད་ལ་ནི ་གུས་པ་ཡིས།། བླ་མའི་གདམས་པས་རྣམ་པར་དབྱེ།། དེ་ལ་བརྗོད་པར་བྱ་བ་ནི་གང་།། དགོས་པ་དང་དགོས་པའི་དགོས་པ་ནི་གང་།། འབྲེལ་པ་ནི་གང་ཡིན་ཞེ་ན། རྟེན་དང་བརྟེན་པའི་དབྱེ ་བ་ཐ་དད་པ་སྐུ་གསུམ་གྱི་བདག་ཉིད་བཅོམ་ལྡན་འདས་འཇམ་དཔལ་ནི་རྒྱུད་ཀྱི་བརྗོད་པར་བྱ་བ་ཡིན་ནོ།། བསྟན་པ་ནི་དགོས་པའོ།། འཇིག་རྟེན་དང་ཐུན་མོང་དང་། མཆོག་དངོས ་གྲུབ་ནི་དགོས་པའི་དགོས་པའོ།། འགྲེལ་པ་ནི་ཐབས་དང་ཐབས་ལས་བྱུང་བའོ།། འདིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཤཱཀྱ་ཐུབ་པ་སྤྲུལ་པར་བཞེད་པ་རྫོགས་ལྡན་གྱི ་དུས་སུ་གཙང་མའི་གནས་དང་འབྲེལ་པའི་གཞན་འཕྲུལ་དབང་བྱེད་ཀྱི་གནས་ན་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་། རིག་པའི་ལྷ་མོ་རྣམས་དང ་ཁྲོ་བོའི་རྒྱལ་པོ་རྣམས་དང་། བྲན་ཕོ་དང་། བྲན་མོ་དང་། ཕོ་ཉ་དང་། ཕོ་ཉ་མོ་དང་། ཕྱག་བརྙན་དང་། ཕྱག་བརྙན་མོ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། ཐོག་མ་དང་ཐ་མ་དང་། བར་དུ ་དགེ་བ་སྒྱུ་འཕྲུལ་དྲ་བ་སྟོང་ཕྲག་བཅུ་དྲུག་པ་གསུངས་པའི་རྗེས་ལ་ཏིང་ངེ་འཛིན་དྲ་བའི་ལེའུ་གསུངས་པས་ན་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་ཡང་སྦྱོར་བ་དང་དངོས་གཞི་དང་རྗེས་རྣམ་པ་གསུམ་དུ ་འགྱུར་ཏེ། དེ་ལ་སྦྱོར་བ་ལ་བཞི་སྟེ། ཚིགས་སུ་བཅད་པ་བཅུ་དྲུག་གིས་གསོལ་བ་བཏབ་པ་དང་། ཚིགས་བཤད་དྲུག་གིས་སྐབས་དབྱེ་བ་དང་། ཚིགས་བཤད་གཉིས་ཀྱིས་རིགས་དྲུག་ལ་གཟིགས་པ་དང་། སྔགས་དང་བཅས ་པའི་ཚིགས་བཅད་གསུམ་གྱིས་འཁོར་ལོ་དྲུག་བསྐྱེད་པའི་སྒྱུ་འཕྲུལ་དྲ་བ་པ་མངོན་པར་བྱང་ཆུབ་པ་བསྟན་པའོ།། འདིར་ཡང་གསོལ་བ་འདེབས་པ་ནི་མི་བསྐྱོད་པའི་སྤྲུལ་པ་ཁམས་གསུམ་རྣམ་པར་རྒྱལ་བ་དང་། སྡུད་པ་པོ་ལྕང་ལོ་ཅན་གྱི ་ཕྱག་ན་རྡོ་རྗེས་རེ་ཞིག་དང་པོར་གསོལ་བ་འདེབས་པའི་དབང་དུ་བྱས་ནས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་འཕྲུལ་དྲ་བའི་རྒྱུད་དུ་རིགས་དྲུག་གི་འཁོར་ལོ་སྤྲུལ་པའི་རྗེས་ཐོགས་ལའོ།། གང་གིས་གསོལ་བ་འདེབས ་ཞེ་ན། དཔལ་ལྡན་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པའོ།། རྡོ་རྗེ་འཆང་ཞེས་བྱ་བ་ནི། མི་བསྐྱོད་པའི་རིགས་ཡིན་པའི་ཕྱིར་རོ།། གདུལ་དཀའ་བ་ནི་ལྷ་ལ་སོགས་པ་སྟེ། དབང་ཕྱུག་ཆེན་པོ་དང་། ཁྱབ་འཇུག་དང་། ་ཚངས་པ་དང་། གཞོན་ནུ་གདོང་དྲུག་དང་། བརྒྱ་བྱིན་དང་། གཟའ་རྣམས་ལ་ཉི་མ་དང་། ཟླ་བ་དང་། སྤེན་པ་དང་། མིག་དམར་དང་། རྟག་ཏུ་མྱོས་ནས་གླང་སྣ་དང་། རྡོ་རྗེ་ཕྲེང་བ་དང་རྒྱལ་བ་དང་། རྣམ་པར་རྒྱལ་བ་དང་། ས་ལ་གནས་པ་ལས་མེ ་དང་རླུང་དང་། ས་དང་གནོད་སྦྱིན་དང་། ས་འོག་པོ་རྣམས་ལས། ཕག་དང་གཤིན་རྗེ་དང་། བགེགས་ཀྱི་གཙོ་བོ་དང་། ཆུ་རྣམས་འདུལ་བར་མཛད་པའོ།། མཆོག་ནི་འཁོར་རྣམས་ལས་གཙོ་བོར་གྱུར་པས་སོ།། དཔའ་བོ་ནི་རྣལ་འབྱོར་མའི་རྒྱུད་ཀྱི ་བདག་པོ་ཡིན་པར་བསྟན་ཏོ།། འཇིག་རྟེན་གསུམ་ལས་རྒྱལ་ནི་ས་འོག་དང་ས་སྟེང་དང་། བར་སྣང་གི་འཇིག་རྟེན་གསུམ་ལས་རྒྱལ་བའོ།། རྡོ་རྗེ་ནི་མི་བསྐྱོད་པའི་རིགས་ཏེ།། དེ་རྣམས་ཀྱི་དབང་ཕྱུག་གོ།། གསང་བའི་རྒྱལ་ནི། དབང་བསྐུར་བའི་མནྟ ་མ་འཛིན་པས་ན་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ནོ།། པདྨ་དཀར་པོ་རྒྱས་འདྲའི་སྤྱན་ནི། སྤྱན་གྱི་ཕྱག་རྒྱའི་སྒོ་ནས་སྣང་བ་མཐའ་ཡས་ཀྱི་རང་བཞིན་དུ་བསྟན་ཏོ།། པདྨ་རྒྱས་འདྲའི་ཞལ་མངའ་བ་ནི། ཞལ་གྱི་ཕྱག་རྒྱའི་སྒོ་ནས་དོན་ཡོད་གྲུབ་པའི་རང ་བཞིན་དུ་བསྟན་ཏོ།། རང་གི་ལག་གི་རྡོ་རྗེ་མཆོག་ནི་ཕྱག་རྒྱའི་སྒོ་ནས་སོ།། ཡང་ནས་ཡང་དུ་གསོར་བྱེད་པ་ནི་རྣམ་པར་སྣང་མཛད་ལ་མཆོད་པའོ།། སུ་དང་ལྷན་ཅིག་ཏུ་ཞེ་ན། ཁྲོ་གཉེར་རིམ་པ་ལྡན་ལ་སོགས་པ་གཙོ་བོར་གྱུར་པ་གང་ཡིན་པ ་དེ་ནི་རྡོ་རྗེ་གཙུག་ཕུད་དང་། རྡོ་རྗེ་གཙུག་ཏོར་དང་། རྡོ་རྗེ་མཛོད་སྤུ་དང་། རྡོ་རྗེ་རིགས་མཆོག་དང་། འདོད་པའི་རྒྱལ་པོ་དང་། གཤིན་རྗེ་གཤེད་དང་། རྡོ་རྗེ་སྐ་རགས་དང་། རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་ཞགས་པ་དང་། རྡོ་རྗེ་ཀཱི་ལི་ཀཱི་ལ་དང་། རྡོ་རྗེ་སྙེམ ་པ་དང་། རྡོ་རྗེ་འཆིང་བ་དང་། རྡོ་རྗེ་ཁུ་ཚུར་དང་། རྡོ་རྗེ་སྡེ་དང་། རྡོ་རྗེ་སྤྱི་གཙུག་དང་། རྡོ་རྗེ་རབ་ཏུ་འདུད་པ་དང་། རྡོ་རྗེ་སྲུང་བ་དང་། རྡོ་རྗེ་རྐང་གདུབ་དང་། རྡོ་རྗེ་ལྕགས་སྒྲོག་དང་། རྡོ་རྗེ་རྣོན་པོ་དང་། རྡོ་རྗེ་ཤུགས་ཏེ་ཉི་ཤུ་རྩ་གཅིག་གོ།། རང་རང་གི་འཁོར་མཐའ ་ཡས་པས་ན། ལག་ན་རྡོ་རྗེ་མཐའ་ཡས་པའོ།། དཔའ་བོ་དེ་རྣམས་ཀྱང་གཙོ་བོ་བཞིན་དུ་གདུལ་དཀའ་བའོ།། གདུལ་བྱའི་བསམ་པའི་དབང་གིས་འཇིགས་སུ་རུང་བ་དང་དཔའ་བྱད་ཅན་ཏེ། དཔའ་བ་དང་། མི་སྡུག་པ་དང་། འཇིག་སུ་རུང་བ་དང་། དཔའ་བྱང ་ཅན་གྱི་ཉམས་བཞི་ནི་དོན་དམ་པར་ཡོད་པ་མ་ཡིན་ནོ།། རྡོ་རྗེ་རྩེ་མོ་རབ་འཕྲོ་བ་ནི་གསོལ་བ་འདེབས་པའི་རྗེ་སུ་འཇུག་པས་རྡོ་རྗེ་བྱེ་བ་སྤྲོས་ནས་སངས་རྒྱས་ལ་མཆོད་པ་བྱེད་དོ་ཞེས་བྱ་བའི་དོན་ཏོ།། ཅིའི་ཕྱིར་གསོལ་བ་འདེབས་ཞེ་ན། སྙིང་རྗེ་ཆེ་དང་ཤྲཱི ་རབ་ལ་སོགས་པའོ།། ཐབས་ཀྱིས་ཞེས་བྱ་བ་ནི་ཞི་གནས་སོ།། འགྲོ་བའི་དོན་བྱེད་པ་ནི་འཇིག་རྟེན་དང་ཐུན་མོང་དང་མཆོག་གི་དངོས་གྲུབ་བོ།། སྤྱོད་ལམ་ཇི་ལྟ་བུ་ཞེ་ན། དགའ་མགུ་རངས་པའི་བསམ་པ་ཅན་དང་ངོ་།། འགྲོ་བའི་དོན་བྱེད་པ་དང ་རྗེས་སུ་འཇུག་པ་ནི་སྦྱོར་བ་དང་དངོས་གཞི་དང་འཇུག་གི་རིམ་གྱིས་སམ། སྙིང་རྗེ་ཆེན་པོ་དང་། ཤེས་རབ་དང་ཐབས་ཀྱི་རྗེ་སུ་འཇུག་པས་ན་དགའ་མགུ་རངས་པའི་བསམ་པ་ཅན་ནོ།། ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ་ནི་སྔ་མ་བཞིན་ནོ།། ཁྲོ་བོའི ་གཟུགས་དང་ལྡན་པའི་འབྲས་བུ་ནི་སངས་རྒྱས་འཕྲིན་ལས་བྱེད་པའི་མགོན་ཏེ། སངས་རྒྱས་ཀྱི་བཀའི་རྗེསུ་འཇུག་པའི་ཕྱིར་རོ།། ལུས་བཏུད་རྣམས་དང་ལྷན་ཅིག་ཏུ་ནི་ཕྱག་འཚལ་བའི་ཡང་གཙོ་བོའི་རྗེས་སུ་འབྲངས་པ་ཡིན་ནོ་ཞེས་བྱ་བའི ་དོན་ཏོ།། གང་ལ་ཕྱག་འཚལ་ཞེས་ན། དེ་བཞིན་གཤེགས་པ་བཅོམ་ལྡན་འདས། རྫོགས་སངས་རྒྱས་ལའོ།། ཅི་ཞིག་བྱས་ནས་ཤེ་ན། ཕྱག་འཚལ་ནས་ཏེ། ཕྱོགས་བཞི་ནས་བྱ་ཞེས་བྱ་བའི་དོན་ཏོ།། ཐལ་མོ་སྦྱར་ནས་ཞེས་བྱ་བས་གསོལ་བ ་འདེབས་པའི་སྦྱོར་བ་བསྟན་ནས། གསོལ་བ་གདབ་པ་དངོས་ནི། ཁྱབ་བདག་བདག་ལ་སྨན་པ་དང་། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྨན་པ་ནི་མངོན་པར་མཐོ་བའོ།། བདག་དོན་ནི་ངེས་པར་ལེགས་པའོ།། ཐུགས་བརྩེ་བའི་ཕྱིར་ནི་ཕན ་པའི་དོན་ལ་རབ་ཏུ་སྦྱོར་བའོ།། དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཕྱི་རོལ་ཏུ་དཀྱིལ་འཁོར་དྲུག་སྤྲུལ་པའི་སྒྱུ་འཕྲུལ་དྲ་བ་དེའི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་ཐོས་པ་དང་བསམ་པ་དང་བསྒོམ་པའི་མངོན་སུམ་དུ་མཛོད་ཅིག་པའོ།། རང ་གི་དོན་འབའ་ཞིག་མ་ཡིན་པར་བསྟན་པ་ནི། ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་ཞེས་བྱ་བ་སྟེ་ཀུན་འབྱུང་བའི་བདེན་པའི་ནང་དུ་རྟོགས་པ་ཞེས་བྱ་བའི་དོན་ཏོ།། མི་ཤེས་འདམ་དུ་བྱིང་བ་ཡི་ཞེས་བྱ་བ་ནི་སྡུག་བསྔལ་གྱི་བདེན་པའོ།། སྨན ་པ་ནི་འཇིག་རྟེན་དང་ཐུན་མོང་གི་དངོས་གྲུབ་པོ།། བླ་མེད་འབྲས་བུ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བོ།། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ནི་ཤིན་ཏུ་རྣམ་པར་དག་པའི་ཕྱིར། རྣམ་པར་སྣང་མཛད་དོ།། སྟོན་པ ་ནི་མི་བསྐྱོད་པ་སྟེ་མེ་ལོང་ལྟ་བུའི་ཡིན་པའི་ཕྱིར་རོ།། འགྲོ་བའི་བླ་མ་ནི་ཅོད་པན་གསོལ་བས་ན་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ཡིན་པའི་ཕྱིརརོ།། དམ་ཚིག་ཆེན་པོ་ནི་རྡོ་རྗེ་འཛིན་པ་སྟེ་མི་འདའ་བས་སོ།། དེ་ཉིད་མཁྱེན་པ་ནི་སྣང་བ་མཐའ ་ཡས་ཏེ་སོ་སོར་རྟོག་པསོ།། དབང་པོ་བསམ་པ་མཁྱེན་མཆོག་ནི་དོན་ཡོད་གྲུབ་པ་སྟེ་བྱ་བ་ནན་ཏན་གྲུབ་པསོ།། ཡུལ་གང་ལ་གསོལ་བ་འདེབས་ཞེ་ན། ཡེ་ཤེས་སྐུ་ནི་མེ་ལོང་ལྟ་བུའོ།། གཙུག་ཏོར་ཆེན་པོ་ནི་མཉམ་པ་ཉིད་དོ།། ་ཚིག་གི་བདག་པོ་ས་སོར་ཀུན་ཏུ་རྟོག་པའོ།། ཡེ་ཤེས་སྐུ་ནི་བྱ་བ་ནན་ཏན་ནོ།། རང་བྱུང་བ་ནི་ཤིན་ཏུ་རྣམ་པར་དག་པའོ།། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི།། མིང་ནི་ཡང་དག་བརྗོད་པའི་མཆོག་ཅེས་བྱ་བར་སྦྱརརོ།། གང་འདིར་འཁོར་གྱི་མིང ་བརྗོད་པ་དེ་ལྟ་ན་ཡང་སྟོང་པ་ཉིད་བསྒོམ་པ་ལ་སོགས་པ་རྒྱུར་གྱུར་པ་ནི་འབྲས་བུའི་གནས་སྐབས་ན་ཡང་ཡོང་སུ་རྫོགས་པ་རྡོ་རྗེ་སྒེག་མོ་ལ་སོགས་པས་ཀྱང་དེ་ཉིད་བརྗོད་པ་ཡིན་པས་མི་འཐད་པ་ནི་ཅུང་ཟད་ཀྱང་མེད་དོ།། དོན་ཟབ་པ་ནི་དོན་ཐུབ་པའི་བདེན ་པ་ལ་འཇུག་པའོ།། རྒྱ་ཆེ་བ་ནི་ཀུན་རྫོབ་ཏུ་སྐུ་མདོག་དང་ཕྱག་མཚན་དང་དབྱིབས་ལ་སོགས་པ་བསྟན་པའོ།། དེ་དག་ནི་བརྗོད་པར་བྱའོ།། དོན་ཆེན་པོ་ནི་དངོས་གྲུབ་གསུམ་སྟེ་ཡེ་ཤེས་ཕུན་སུམ་ཚོགས་པའོ།། མཚུངས་པ་མེད་པ་ནི་ཡོན་ཏན་ཕུན ་སུམ་ཚོགས་པའོ།། རབ་ཞི་བ་ནི་སྤངས་པ་ཕུན་སུམ་ཚོགས་པ་སྟེ། དེ་གསུམ་ནི་འབྲས་བུའོ།། ཐོག་མ་བར་དང་མཐར་དགེ་བ་ནི་ཐོས་པ་དང་བསམ་པ་དང་བསྒོམ་པའི་དད་པའི་རྒྱུར་གྱུར་པ་འམ། བསླབ་པ་རྣམ་པ་གསུམ་མམ། དབང་བསྐུར་བ ་དང་། སྒྲུབ་པ་དང་། དངོས་གྲུབ་སྒྲུབ་པ་དེ་ཐབ་སོ།། ངས་བསྟན་པས་ཅི་ཞིག་བྱ་སྙམ་ན། འདས་པའི་སངས་རྒྱས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདས་པའི་སངས་རྒྱས་རྣམས་ཀྱིས་གསང་བའི་ཐེག་པ་གསུངས་པ་དགག་པར ་བཤད་པ་ནི་སྤྲུལ་པའི་སྐུ་ལ་དགོངས་པ་ཡིན་པས་ཉོས་པ་མེད་ངོ་།། རྡོ་རྗེ་འཆང་ཆེན་པོ་ནི་སྟོན་པའོ།། གསང་སྔགས་འཆང་བ་ནི་སྡུད་པ་པོ་ལ་སོགས་པའི་འཁོར་དཔག་ཏུ་མེད་པའོ།། བཀའ་བཞིན་དུ་ནི་ཐེག་པ་གཞན་ལས་ཁྱད་པར་དུ་གྱུར་པའི་བདེ ་བའི་དོན་ཏོ།། སྐབསུ་ཕྱག་ན་རྡོ་རྗེས་གསོལ་བ་འདེབས་པ་ནི་མགོན་པོ་རྫོགས་སངས་རྒྱས་ཀུན་གྱི་ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་འབའ་ཞིག་གསོལ་བ་འདེབས་པ་ནི་མ་ཡིན་ཏེ། ཕྱག་ན་རྡོ་རྗེ་བདག་གིས་ཀྱང ་བཟུང་བར་བྱ་སྟེ། སྡུས་ནས་རྒྱུན་ཆགས་པར་བྱ་བའི་ཕྱིརརོ།། དེ་ཉིད་སྨྲས་པ་ནི་སངས་རྒྱས་ཀུན་གྱི་གསང་བ་འཛིན་པའོ།། ཇི་ལྟར་འཛིན་ཅེ་ན། སེམས་ཅན་རྣམས་ལ་བཤད་པར་འཚལ་བའི་ཕྱིར་རོ།། བསམ་པའི་ཁྱད་པར་ཇི་བཞིན་ཞེས་བྱ ་བ་ནི། འགའ་ཞིག་ལས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་གཞན་དག་ལ་ཕྱི་དང་ནང་དང་གསང་བའི་ཐེག་པའི་བྱེ་བྲག་གིསོ།། དེ་ལྟར་གསོལ་བ་བཏབ་པས་གཉིས་ཀའི་གསོལ་བ་བཏབ་པའི་མཇུག་བསྡུས་པ་ཡིན་ནོ།། གསང་སྔགས་ནི་འཇིག ་རྟེན་གསུམ་ལས་རྣམ་པར་རྒྱལ་བའོ།། ལག་ན་རྡོ་རྗེ་ནི་ལྕང་ལོ་ཅན་གྱིའོ།། འདི་དང་ཞེས་བྱ་བས་བལྟ་བར་བྱའོ།། ལུས་བཏུད་ནས་ནི་སྤྱན་སྔར་འདུག་ཅེས་པས་ནི་རྗེས་ལས་ཐོབ་པ་བསྟན་ནོ།། ཚིགསུ་བཅད་པ་དྲུག་གིས་ཞལ་གྱིས ་བཞེས་པ་བསྟན་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་སྨོས་ཏེ། ཚིགསུ་བཅད་པ་ཕྱེད་དང་གསུམ་གྱིས་བཤད་པའི་ཡན་ལག་ལས་ལྕགས་བརྐྱང་བ་མཛད་པ་དང་། འཇིག་རྟེན་གསུམ་སྣང་བར་མཛད་པ་དང་། བདུད་བཞི་དགྲ ་དགྲ་རྣམས་འདུལ་བར་མཛད་པ་དང་། འཛུམ་པའི་འོད་ཟེར་གྱིས་ངན་སོང་གསུམ་སྦྱོང་བར་མཛད་པ་དང་། ཚངས་པའི་གསུང་སྙན་པའི་མགུར་གསལ་བས་འཇིག་རྟེན་གསུམ་པོ་བཀང་བའོ།། ལྗགས་བརྐྱང་བས་ནི་འཇིག ་རྟེན་གསུམ་པོ་བཀང་བའི་དགོས་པའོ།། ཅིག་ཅར་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་གདུལ་བྱ་རྣམས་འདུལ་བ་ལ་ཉེ་བར་མཁོ་བའི་འཇིག་རྟེན་གསུམ་པོ་ཀུན་བཀང་བའི་འཇིག་རྟེན་གསུམ་སྣང་བར་བྱེད་པ་རྗེ་སུ་མཐུན་རིག ་པར་བྱའོ།། ལ་ལ་ནི་འཇིག་རྟེན་གསུམ་བཀང་བས་མི་ཉེ་བའི་འཁོར་རྣམས་འགུགས་པ་ཡིན་ནོ་ཞེས་ཟེའོ།། ཚངས་པའི་གསུང་ནི་ཡན་ལག་དྲུག་ཅུ་དང་ལྡན་པའོ།། ལག་ན་རྡོ་རྗེ་སྟོབས་པོ་ཆེ་གསང་དབང་ལ་ནི་ཅེས་བྱ་བ་ནི་གསོལ་བ ་འདེབས་པ་གཉིས་དང་རྗེ་སུ་མཐུན་པའི་ལན་གསུངས་པ་ཡིན་ནོ།། འགྲོ་ལ་ཕན་པའི་དོན་དུ་ཞེས་བྱ་བ་ནི་འགྲོ་ལ་ཕན་པ་དང་འགྲོ་བའི་དོན་ཞེས་བྱ་བ་གཉིསུ་སྦྱོར་རོ།། བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར་ཞེས་བྱ་བ་ནི་སྔར་རང་གི་དོན་དུ་བསྟན ་པ་གང་ཡིན་པ་དེ་གོ་རིམ་ཙམ་དུ་རྗེསུ་བསྟན་པ་ཡིན་ཏེ། རང་གི་དོན་གཉིས་གཞན་གྱི་དོན་ཡིན་པའི་ཕྱིར་རོ།། འདི་ནི་གཞན་གྱི་དོན་གྱི་མཇུག་སྡུད་པ་ཡིན་པས་འགལ་བ་མེད་དོ།། དོན་ཆེ་བ་ནི་ཟབ་པ་དང་རྒྱ་ཆེ་བའི་དོན་མཛད་པར་བྱའོ།། ་དག་པར་བྱེད་པ་ནི་ཐོག་མ་དང་དབུས་དང་ཐ་མར་དགེ་བ་སྟེ་འགྲུབ་པའི་ཐབ་སོ།། སྡིག་སེལ་བ་ནི་དོན་ཆེ་བོ་དང་མཚུངས་པ་མེད་པ་དང་རབ་ཏུ་ཞི་བ་སྟེ་འབྲས་བུའོ།། ལེགསོ་དཔལ་ལྡན་རྡོ་རྗེ་འཆང་ཞེས་བྱ་བ་ནི་མི་བསྐྱོད་པའི་སྤྲུལ་པ ་ཁམས་གསུམ་རྣམ་པར་རྒྱལ་བའོ།། ལག་ན་རྡོ་རྗེ་ཁྱོད་ལེག་སོ་ཞེས་བྱ་བ་ནི་ལྗང་ལོ་ཅན་གྱི་བདག་པོའོ།། གསང་བའི་བདག་པོ་ཞེས་བྱ་བ་ནི་གསང་བ་བྱང་ཕྱོགས་ཀྱི་གནོད་སྦྱིན་གྱི་བདག་པོ་ཕྱག་ན་རྡོ་རྗེའོ།། རྡོ་རྗེ་འཆང་བ་ཡང་གསང་བའི་བདག ་པོ་ཡིན་པས་ཐུན་མོང་དུ་བསྟན་ཏོ།། བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ་ཞེས་བྱ་བ་ནི་ཇི་ལྟར་བཀའ་སྩལ་པ་དེ་ལྟར་བསྐྱང་བར་བགྱིའོ་ཞེས་གསོལ་བ་བཏབ་པའི་རྗེས་ལ་རབ་ཏུ་སྦྱོར་བའོ།། དེ་ནས་ཞེས་བྱ་བའི་ཚིགསུ་བཅད་པ་གཉིས་ཀྱིས ་མིང་གི་རྣམ་གྲངས་བསྟན་པའི་དོན་དུ་རིགས་དྲུག་ལ་གཟིགས་པའི་བདག་ཉིད་སྒྱུ་འཕྲུལ་དྲ་བ་མངོན་པར་བྱང་ཆུབ་པ་གསུངསོ།། གསང་སྔགས་རིགས་ཆེན་ཐམས་ཅད་དང་ཞེས་བྱ་བ་ནི་རིག་དྲུག་གི་བདག་ཉིད་ཅན་ཞེས་བྱ་བའི་དོན་ཏོ།། གསང ་སྔགས་རིག་སྔགས་འཆང་བའི་རིགས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའི་རིགསོ།། རིགས་གསུམ་ལ་ནི་རྣམ་པར་གཟིགས་ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་བདག་ཉིད་རྣམ་པར་སྣང་མཛད་ཀྱི་རིགསོ།། འཇིག་རྟེན ་འཇིག་རྟེན་འདས་པའི་རིགས་ནི་སྣང་བ་མཐའ་ཡས་ཀྱི་རིགས་ཏེ་འགྲོ་བ་འདུལ་བའི་ཕྱིརརོ།། འཇིག་རྟེན་སྣང་བྱེད་རིགས་ཆེན་དང་ཞེས་བྱ་བ་ནི་མི་བསྐྱོད་པའི་རིགས་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་འཇིག་རྟེན་གཟིགས་པའི་ཕྱིརརོ།། ཕྱག་རྒྱ ་ཆེན་པོའི་རིགས་མཆོག་དང་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་རིགས་ཏེ་ཞེས་བྱ་བ་ནན་ཏན་གྲུབ་པའི་རང་བཞིན་ཡིན་པའི་ཕྱིརརོ།། རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས་ཞེས་བྱ་བ་ནི་ཅོད་པན་གྱི་དབང་བསྐུར་བས་རིན་ཆེན་འབྱུང་ལྡནོ།། ་ཨ་ར་པ་ཙ་ན་དང་། ཤེས་རབ་ཡེ་ཤེས་ལུས་ཅན་དང་། རྡོ་རྗེ་རྣོན་པོ་དང་། སྡུག་བསྔལ་གཅོད་པ་དང་། ཡེ་ཤེས་སྐུ་དང་གསུང་གི་དབང་ཕྱུག་སྟེ། དྲུག་དང་གོ་རིམ་བཞིན་དུ་སྦྱར་བའོ།། ཚིག་གི་བདག་པོ་ཞེས་བྱ་བ ་ལ་སོགས་པ་ཚིགསུ་བཅས་པ་གསུམ་གྱིས་ནི་འཁོར་ལོ་དྲུག་བསྐྱེད་པར་བསྐུལ་བའི་སྒྱུ་འཕྲུལ་དྲ་བ་མངོན་པར་བྱང་ཆུབ་པར་བསྟན་ཏོ།། རེ་ཞིག་ཡི་གེའི་དོན་ནི་གསང་སྔགས་རྒྱལ་པོ་དྲུག་ལྗོན་པས། ཞེས་བྱ་བས་འཁོར་ལོ་རྩིབས ་ལ་སྔགས་དགོད་པར་བྱའོ།། དེ་ལྟར་ཐ་དད་པའི་རིགས་དྲུག་དང་ལྡན་པའོ།། གཉིས་སུ་མེད་པར་འབྱུང་བ་དང་ཞེས་བྱ་བ་ནི་ཐ་དད་པ་མེད་པའི་རིགས་དྲུག་གི་བདག་ཉིད།། མི་སྐྱེ་ཆོས་ཅན་འདི་གསུངས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་བདག ་ཉིད་དབྱངས་དང་སྦྱར་བའོ།། འདིར་ངག་གི་དོན་ནི་འདི་ཡིན་ཏེ། བདུན་རྣམ་དག་བྱས་ནས་ཡི་གེ་ཧཱུཾ་ལས་ཁྲོ་བོ་བཅུ་སྤྲོས་ཏེ། བགེགས་ལ་ཕུར་བུས་བཏབ་ནས་ཧཱུཾ་གི་འོད་ཟེར་འཕྲོས་པ་ཉིད་ལས་རྡོ་རྗེ་ར་བ་ལ་སོགས་པ་ཕྱི་རོལ་དུ་བསྲུང་བ་བྱས་ལ། བྱམས་པ ་ལ་སོགས་པ་བསྒོམ་པ་སྔོན་དུ་སོང་བའི་སྟོང་པ་ཉིད་རྣམ་པར་བསྒོམས་ལ། རླུང་དང་མེ་དང་ཆུ་དང་ས་དང་རི་རབ་ཀྱི་སྟེང་ན་ཡི་གེ་བྲུཾ་ཡོངསུ་གྱུར་པ་ལས་གཞལ་ཡས་ཁང་གི་དབུསུ་སེང་གེ་དང་གླང་པོ་ཆེ་དང་རྟ་དང་རྨ་བྱ་དང་མཁའ་ལྡིང་རྣམས་ལ་དེ ་བཞིན་གཤེགས་པ་རྣམས་ལས་དབུས་སུ་རྣམ་པར་སྣང་མཛད་ཆེན་པོ་སྐུ་མདོག་དཀར་པོ་ཞལ་བཞི་པ་མཉམ་པར་བཞག་པའི་ཕྱག་རྒྱ་འཛིན་པ་ཐུགས་ཀ་ར་དྷིཿལས་པདྨ་ཨ་ལས་ཟླ་བའི་དབུསུ་དྷཱིཿས་བོན་ལས་དང་པོའི་སངས་རྒྱས ་ཞལ་དབུས་མ་ནག་པོ་གཡས་སེར་པོ་རྒྱབ་དམར་པོ་གཡོན་ལྗང་གུ་སྟེང་མ་དཀར་པོའོ།། གཡས་པ་དང་གཡོན་པའི་ཕྱག་བརྒྱད་ན་རལ་གྲི་དང་པོ་ཏི་བརྒྱད་བསྣམས་པའོ།། དེའི་ཐུགས་ཀར་ཡང་ཨ་ལ་སོགས་པའི་དབྱངས་ཡིག་བཅུ་གཉིས་ཀྱིས ་མཚན་པའི་འཁོར་ལོ་རྩིབས་བཅུ་གཉིས་པའོ།། ཕྱི་རོལ་མུ་ཁྱུད་ལ་གསལ་བྱེད་ཀྱིས་བསྐོར་བའོ།། དེའི་ནང་གི་མུ་ཁྱུད་ལ་ཨོཾ་སརྦ་དྷརྨྨ་བྷཱ་བ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་བསྐོར་བའོ།། དེའི་དབུས་སུ་འཁོར་ལོ་གཉིས་པ་རྩིབས་དྲུག་པ་དེའི ་ཕྱི་རོལ་ཏུ་དབྱངས་ཡིག་བཅུ་གཉིས་ཀྱིས་བསྐོར་བ་དེའི་ནང་གི་མུ་ཁྱུད་ལ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཞེས་བྱ་བས་བསྐོར་བའོ།། དེའི་རྩིབ་ས་ཀྱི་རིམ་པ་ལ་ཨོཾ་བཛྲ་ཏཱིཀྵྞ་ཡ་ཏེ་ན་མཿཞེས་བྱ་བ་ལ་སོགས་པའི་སྔགས་དྲུག་བཀོད་ལ་དེའི་ལྟེ་བ་ལ་གཉིསུ ་མེད་པའི་འཇམ་པའི་དབྱངས་ཞལ་དྲུག་ཕྱག་དྲུག་པ་དཀར་པོའོ།། གཉིས་ཀྱིས་ཨུཏྤལ་བསྣམས་ཤིང་གཉིས་ཀྱིས་པོ་ཏི་དང་རལ་གྲི་འཛིན་པ་གཉིས་མཉམ་པར་བཞག་པའི་ཕྱག་རྒྱ་ཅན་ནོ།། དེའི་དོན་འདི་སྐད་སྟོན་པ་ཡིན་ཏེ། སྠི་ཏོ་ཧྲི་དི་ཛྙཱ་ན ་མཱུརྟྟི་ར་ཧཾ་བུདྡྷོ་བུདྡྷཱ་ནཱན་ཏྱཱ་དྷི་བརྟི་ནཱཾ། ཐུགས་ཀར་གནས་པ་ནི་དང་པོའི་སངས་རྒྱསོ།། ཡེ་ཤེས་སྐུའི་སངས་རྒྱས་བདག་ཉིད་དོ།། ཡིན་ནོ་ཞེས་བྱ་བ་ནི་གཉིསུ་མེད་པའི་འཇམ་པའི་དབྱངསོ།། དུས་གསུམ་གྱི་སངས་རྒྱས་རྣམས་ཞེས་བྱ་བ་ནི་དེ ་བཞིན་གཤེགས་པའི་རིགས་དྲུག་གོ།། གཉིསུ་མེད་པའི་འཇམ་དཔལ་དབྱངས་ཇི་ལྟ་བ་དེ་བཞིན་དུ་རིགས་དྲུག་གི་རྗེསུ་འགྲོ་བས་རྡོ་རྗེ་རྣོན་པོ་ལ་སོགས་པ་དྲུག་གོ། རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེ་སེམས་དཔའ་ལ་སོགས་པའོ།། དེ་ལ ་རྡོ་རྗེ་སེམས་དཔའ་ནི་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་པོ་རྡོ་རྗེ་དྲིལ་བུ་བསྣམས་པའོ།། རྣམ་པར་སྣང་མཇེད་ནི་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་སེར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པའོ།། པདྨ་གར་གྱི་དབང ་ཕྱུག་ནི་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པོ་པདྨ་དང་དྲིལ་བུ་བསྣམས་པའོ།། རྡོ་རྗེ་ཧཱུཾ་མཛད་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པའམ། ཞལ་བཞི་ཕྱག་བརྒྱད་པ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱས་རྡོ་རྗེ་དྲིལ་བུ ་འཛིན་པ་འམ་ཕྱིས་འབྱུང་བའི་ཕྱག་མཚན་བརྒྱད་དོ།། རྡོ་རྗེ་ཉི་མ་ནི་སྐུ་མདོག་སེར་པོ་རིན་པོ་ཆེ་དང་དྲིལ་བུ་བསྣམས་པའོ།། རྟ་མཆོག་སྐུ་མདོག་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་བསྣམས་པའོ།། དེ་དྲུག་ཀའི་ཐུགས་ཀར་དང་པོའི་སངས་རྒྱས་དྲུག། ་རྡོ་རྗེ་སེམས་དཔའ་དང་པོའི་སངས་རྒྱས་ཀྱི་ཐུགས་ཀར་སྔ་མ་བཞིན་དུ་འཁོར་ལོ་རྩིབས་བཅུ་གཉིས་པ་དང་། དེའི་སྟེང་དུ་འཁོར་ལོ་རྩིབས་བརྒྱད་པ་ལ་ཨ་ར་པ་ཙེ་ནཱ་ཡ་ཏ་ན་མཿས་མཚན་པ་དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱ ་ར་པ་ཙ་ན་སྐུ་མདོག་དཀར་པོ་པོ་ཏི་དང་རལ་གྲི་བསྣམས་པའོ།། རྣམ་པར་སྣང་མཛད་ཀྱི་དང་པོའི་སངས་རྒྱས་ཀྱི་ཐུགས་ཀར་གཞིའི་འཁོར་ལོའི་སྟེང་ན་རྟེན་གྱི་འཁོར་ལོ་རྩིབྱས་བཅུ་བཞི་པྲདྡྷ་ཛྙཱ་ན་མུརྟྟ་ཡ་ཡ་ཏེ་ན་མཿས་མཚན་པའོ།། དེའི ་དབུསུ་ཟླ་བའི་གདན་ལ་ཤེས་རབ་ཡེ་ཤེས་སྤྱི་གཙུག་རལ་གྲི་འཁོར་ལོ་བསྣམས་པའོ།། པདྨ་གར་གྱི་དབང་ཕྱུག་གི་དང་པོའི་སངས་རྒྱས་ཀྱི་ཐུགས་ཀར་བཞིའི་འཁོར་ལོ་ལ་བརྟེན་པའི་འཁོར་ལོ་རྩིབས་བརྒྱད་པ་ལ་བཛྲ་ཏཱིཀྵྞ་ཡ་ཏེ་ན་མ ་ས་མཚན་པའོ།། དེའི་དབུསསུ་ཟླ་བའི་གདན་ལ་རྡོ་རྗེ་རྣོན་པོ་པདྨ་དང་རལ་གྲི་བསྣམས་པའོ།། རྡོ་རྗེ་ཧཱུཾ་མཛད་ཀྱི་དང་པོའི་སངས་རྒྱས་ཀྱི་ཐུགས་ཀར་བཞིའི་འཁོར་ལོ་དང་རྟེན་གྱི་འཁོར་ལོ་རྩིབས་བརྒྱད་པ་ལ་དུཿཁ་ཙྪེ་ད་ཡ་ཏེ་ན་མཿས་མཚན་པའོ།། དེའི ་དབུསུ་ཟླ་བའི་གདན་ལ་སྡུག་བསྔལ་གཅོད་པའི་རལ་གྲི་དང་རྡོ་རྗེ་བསྣམས་པའོ།། རྡོ་རྗེ་ཉི་མའི་དང་པོའི་སངས་རྒྱས་ཀྱི་ཐུགས་ཀར་གཞིའི་འཁོར་ལོ་ལ་རྟེན་གྱི་འཁོར་ལོ་རྩིབས་བརྒྱད་པ་ལ་བཱ་གྣི་ཤྭ་ར་ཡ་ཏི་ན་མཿས་མཚན་པའོ།། དེའི་དབུསུ ་ཟླ་བའི་གདན་ལ་གསུང་གི་དབང་ཕྱུག་གི་རལ་གྲི་དང་རིན་པོ་ཆེ་བསྣམས་པའོ།། རྟ་མཆོག་གི་དང་པོའི་སངས་རྒྱས་ཀྱི་ཐུགས་ཀར་གཞིའི་དཀྱིལ་འཁོར་ལ་རྟེན་གྱི་འཁོར་ལོ་རྩིབས་བརྒྱུད་པ་ལ་ཨོཾ་ཛྙཱ་ན་ཀཱ་ཡཱ་ཡ་ཏེ་ན་མཿས་མཚན་པའོ།། དེའི་སྟེ ་བལ་ཟླ་བའི་གདན་ལཾ་ཡེ་ཤེས་སྒྱུ་ཅན་རལ་གྲི་དང་སྣ་ཚོགས་རྡོ་རྗེ་བསྣམས་པའོ།། རྣམ་པར་སྣང་མཛད་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་རིགས་དྲུག་ལ་རང་དང་མཐུན་པའི་ཡེ་ཤེས་སེམས་དཔའ་མདུན་ན་བཞུགས་པ་དང ་ཡི་གེ་གསུམ་གྱི་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་དང་། དབང་བསྐུར་བ་བྱས་ལ་བསྒོམ་པ་དང་བཟླས་པ་དང་མཆོད་པར་བྱའོ།། གཞི་དང་རྟེན་གྱི་འཁོར་ལོ་རྣམས་ལ་དབྱངས་དང་གསལ་བྱེད་ཀྱི་སྔགས་གཉིས་ཀྱི་མུ་ཁྱུད་བཞི་ལ ་བསྐོར་བའོ།། འཁོར་རྣམས་ནི་རང་རང་གི་དཀྱིལ་འཁོར་དུ་བསྐོར་བར་འཆོད་པར་འགྱུརརོ།། དེ་ལྟར་སྦྱོར་བ་རྫོགས་ནས་དངོས་གཞི་བསྟན་པར་བྱ་སྟེ། དེ་ཡང་རྣམ་པ་དྲུག་ཐེག་པ་ཆེན་པོ་ཚུལ་གྱི་མཆོག་ཅེས་བྱ་བའི་བར་གྱིས་རྡོ་རྗེ ་དབྱིངས་ཀྱི་དཀྱིལ་འཁོར་བསྟན་ཏོ།། སྣ་ཚོགས་གཟུགས་ཅན་བསྐྱེད་པ་པོ།། མཆོད་ཅིང་བརྗོད་པ་དྲང་སྲོང་ཚེ་ཞེས་པའི་བར་གྱིས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བསྟན་ཏོ།། ན་མཁའི་མཐའ་ཀླས་སྒྲ་སྒྲོགས་པ།། སྒྲ་དང ་ལྡན་པ་རྣམས་ཀྱི་མཆོག་གི་བར་གྱིས་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་བསྟན་ཏོ།། སངས་རྒྱས་ཀུན་གྱི་མངོན་སུམ་པ།། ཡེ་ཤེས་མེ་ལྕེ་འོད་འབར་གསལ་གྱི་བར་གྱིས་པདྨ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་བསྟན་ཏོ།། གཟུགས་རྣམས ་སྣ་ཚོགས་ཀུན་ཏུ་སྟོན།། ནོར་བུ་ཆེན་པོ་རིན་ཆེན་ཏོག་གི་བར་གྱིས་ནི་རྡོ་རྗེ་ཉི་མའི་དཀྱིལ་འཁོར་བསྟན་ཏོ།། དཔལ་ལྡན་འབྱོར་པ་ཀུན་བྱེད་པ།། འཇམ་དཔལ་དཔལ་དང་ལྡན་པའི་མཆོག་གི་བར་གྱིས་ནི་རྟ་མཆོག་གི་དཀྱིལ་འཁོར་བསྟན ་ཏོ། དེ་ལ་རེ་ཞིག་དཀྱིལ་འཁོར་གྱི་བདག་པོ་དང་བཅས་པ་བསྐྱེད་པའི་ས་བོན་གྱི་དབང་དུ་མཛད་ནས་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་གསུང་སོ།། ཇི་ལྟ་བ་རང་རང་གི་ས་བོན་རྣམས་ཨ་ཉིད་ཀྱི་རྗེ་སུ་འབྲངས་པས་ཨ་ལས ་བྱུང་བ་དང་། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག་ཅེས་གསུང་སོ།། དོན་ཆེན་ཡི་གེ་དམ་པ་ནི་ཞེས་བྱ་བ་དོན་ཆེ་བ་དང་ཡི་གེ་དམ་པ་ཡིན་པས་ཀུན་རྫོབ་ཏུ་དོན་དམ་པའི་བདེན་པ་བརྗོད་དུ་མེད་པའི་ཕྱིར།། ཁོང་ནས་འབྱུང་བ་ནི་ཁྱབ་པའི་ཕྱིར།། ་ཁ་ནས་འབྱུང་བ་ན་ཁྱབ་པའི་ཕྱིར་ར།། སྐྱེ་བ་མེད་པ་ནི་སྟོང་བ་ཉིད་དུ་བརྗོད་པའོ།། དེ་རྣམ་པར་དག་པའི་རྡོ་རྗེ་སེམས་མ་ཕྱག་གཉིས་ཀྱིས་རྡོ་རྗེ་དྲང་དྲིལ་བུ་བསྣམས་པ་སྐུ་མདོག་སྔོན་མོའོ།། ཚིག་ཏུ་བཛྲོད་པ་སྤངས་པ་སྟེ་ནི་མཚན་མ་མེད་པའི་རྣམ ་པར་དག་པ་རྡོ་རྗེ་རིན་ཆེན་མ་སྐུ་མདོག་སེར་མོ་རིན་པོ་ཆེ་དང་དྲིལ་བུ་བསྣམས་པའོ།། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག་སྟེ་སྨོན་པ་མེད་པ་ཉིད་ཀྱིས་སོ་སོར་ཀུན་ཏུ་རྟོག་པའི་མཆོག་རྡོ་རྗེ་ཆོས་མ་སྐུ་མདོག་དམར་མོ་པདྨ་དང་དྲིལ་བུ་བསྣམས་པའོ།། ་བྱ་བ་ནན་ཏན་གྲུབ་པའི་ཚིག་ཀུན་རབ་ཏུ་གསལ་བར་བྱེད། འོད་གསིལ་བའི་རང་བཞིན་རྣམ་པར་དག་པ་རྡོ་རྗེ་ལས་མ་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་བསྣམས་པ་སྟེ་རིག་པའི་ལྷ་མོ་རྣམསོ།། མཆོད་པ་ཚེ་ཞེས་བྱ་བ་ནི་མཆོད་པ་ཆེན ་པོས་དབུགས་འབྱིན་པ་སྟེ། འཇིག་རྟེན་གྱི་འདོད་ཆགས་ཀྱི་གཉེན་པོ་ཡིན་པའི་ཕྱིར་འདོད་ཆགས་ཆེན་པོའོ།། དེས་ན་སེམས་ཅན་དབུགས་འབྱིན་པའི་རྒྱུ་ཡིན་པའི་ཕྱིར་སེམས་ཅན་ཐམས་ཅད་དགའ་བར་བྱེད་པ་སྟེ། འདོད་ཆགས་རྣམ ་པར་དག་པ་ནི་འོད་དཔག་ཏུ་མེད་པའོ།། འཇིག་རྟེན་པའི་ཞེ་སྡང་གི་གཉེན་པོ་ཡིན་པའི་ཕྱིར། ཞེ་སྡང་ཆེན་པོའོ།། དེ་ཉིད་ནི་ཉོན་མོངས་ཀུན་གྱི་དགྲ་ཆེ་བ། ཞེས་བྱ་བ་གསུངས་ཏེ། ཞེ་སྡང་རྣམ་པར་དག་པའི་མི་བསྐྱོད་པའོ།། འཇིག ་རྟེན་གྱི་གཏི་མུག་གི་གཉེན་པོ་ཡིན་པའི་ཕྱིར་གཏི་མུག་ཆེན་པོའོ།། དེ་ཉིད་ནི་གཏི་མུག་བློ་སྟེ་གཏི་མུག་སེལ་ཞེས་བྱ་བ་སྟེ། གཏི་མུག་རྣམ་པར་དག་པ་ནི་རྣམ་པོར་སྣང་མཛད་དོ།། འཇིག་རྟེན་པའི་ཕྲག་དོག་གི་གཉེན་པོ་ཡིན་པའི་ཕྱིར ་ཁྲོ་བ་ཆེ་བའོ།། དེ་ཉིད་ཁྲོ་བ་ཆེན་པོ་སྒྲ་ཆེ་བ་སྟེ། ཕྲག་དོག་རྣམ་པར་དག་པ་དོན་ཡོད་གྲུབ་པའོ།། འཇིག་རྟེན་པའི་ཆགས་པའི་གཉེན་པོ་ཡིན་པའི་ཕྱིར་ཆགས་པ་ཆེ་བའོ།། དེ་བས་ན་ཆགས་པ་ཐམས་ཅད་སེལ་བར་བྱེད་ཅེས་བྱ་བ་སེར་སྣ་རྣམ ་པར་དག་པའི་རིན་ཆེན་འབྱུང་ལྡན་ནོ།། དེ་བཞིན་གཤེགས་པ་རྣམས་ཀྱི་གོ་རིམ་འདིས་རྡོ་རྗེ་རྣོན་པོ་ལ་སོགས་པའི་གོ་རིམ་ཀྱང་རིག་པར་བྱའོ།། རྣམ་པར་སྣང་མཛད་ཀྱི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་འཁོར་བཤད ་ནས། མི་བསྐྱོད་པའི་འཁོར་གསུངས་པ་ནི་འདོད་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡོམ་པའི་ཚུལ་ཁྲིམས་ཀྱི་བྱང་ཆུབ་སེམས་བཟུང་བ་ཡིན་པའི་ཕྱིར་འདོད་པ་ཆེན་པོ་བདེ་བ་ཚེ་ནི་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ ་བསྣམས་པ། བསྡུ་བའི་དངོས་པོས་སེམས་ཅན་ཐམས་ཅད་ཡོངསུ་སྨིན་པར་བྱེད་པའི་ཕྱིར་བདེ་བ་ཆེན་པོ་སྟེ། རྡོ་རྗེ་རྒྱལ་པོ་སྐུ་མདོག་སེར་པོ་རྡོ་རྗེ་དང་ལྕགས་ཀྱུ་བསྣམས་པའོ།། ཚད་མེད་པས་སེམས་ཅན་རྣམས་སྨིན་ཅིང་གྲོལ་བར་བྱེད་པའི་སེམས ་ཡིནི་པི་ལྕི་དགའ་བ་ཆེན་པོ་སྟེ། རྡོ་རྗེ་ཆགས་པ་སྐུ་མདོག་དམར་པོ་མངའ་དང་གཞུ་བསྣམས་པའོ།། ཕ་རོལ་ཏུ་ཕྱིན་པ་ཡོངསུ་རྫོགས་པའི་དགེ་བའི་ཆོས་སྡུད་པའི་སེམས་ཡིན་པའི་ཕྱིར་མགུ་བ་ཆེ་སྟེ། རྡོ་རྗེ་ལེགས་པ་སྐུ་མདོག་སྔོན་པོ་ཁུ་ཚུར་གྱི ་ལེགས་པར་སྦྱོར་བ་མཛད་པའོ།། རིན་ཆེན་འབྱུང་ལྡན་གྱི་འཁོར་གསུངས་པ་གཟུགས་ཚྭ་ཞེས་བྱ་བ་ལ་སོགས་པ་སྟེ། ཟང་ཟིང་གི་སྦྱིན་པ་ཡོངསུ་རྫོགས་པ་འབྲས་བུ་ཕུན་སུམ་ཚོགས་པ་ཡིན་པའི་ཕྱིརརོ།། གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ་ཞེས ་བྱ་བ་ཟང་ཟིལ་གོ་སྦྱིན་པ་རྣམ་པར་དག་པ་རྡོ་རྗེ་རིན་ཆེན་སྐུ་མདོག་སེར་པོ་རིན་པོ་ཆེ་དང་དྲིལ་བུ་བསྣམས་པའོ།། མི་འཇིགས་པ་བྱིན་པའི་འབྲས་བུ་ཁ་དོག་ཕུན་སུམ་ཚོགས་པ་ཡིན་པའི་ཕྱིར་ཁ་དོག་ཆེ་ཞིང་ལུས་བོང་ཆེ་བ་སྟེ། མི་འཇིགས ་རྣམ་པར་དག་པ་རྡོ་རྗེ་ཉི་མ་ཉི་མའི་མདོག། གཡས་པ་ཉི་མ་བསྣམས་ཤིང་གཡོན་པ་གདན་ལ་བརྟེན་པའོ།། བྱམས་པའི་སྦྱིན་པས་ཐམས་ཅད་དུ་སྙན་པ་གྲགས་པའི་ཕྱིར། མིང་ཡང་ཆེ་ཞིང་རྒྱ་ཆེ་བ་སྟེ། རྡོ་རྗེ་རྒྱལ་མཚན་སྐུ་མདོག་སྔོ ་དམར་གཡས་པ་རྒྱལ་མཚན་བསྣམས་ཤིང་གཡོན་པ་གདན་ལ་བརྟེན་པའོ།། ཆོས་ཀྱི་སྦྱིན་པས་འཁོར་གྱི་དཀྱིལ་འཁོར་ཡངས་པར་འགྱུར་བའི་ཕྱིར། དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན་ཞེས་བྱ་བ་སྟེ། རྡོ་རྗེ་བཞུད་པ་དཀར་པོ ་གཡས་པའི་ཕྱག་གིས་སོའི་ཕྲེང་བ་བསྣམས་ཤིང་གཡོན་པ་སྔ་མ་བཞི་ནོ།། སྣང་བ་མཐའ་ཡས་ཀྱི་གསུངས་པ་ནི་ཤེས་རབ་མཚོན་ཆེན་ཞེས་བྱ་སྟེ། ལྷག་མཐོང་གི་ཤེས་རབ་མཚོན་ཆེན་པོ་འཆང་བའི་ཏིང་ངེ་འཛིན་གྱི་ཤེས་རབ་བོ།། རྡོ་རྗེ ་ཆོས་སྐུ་མདོག་དམར་པོ་ཕྱག་གཉིས་ཀྱིས་པདྨ་བསྣམས་པའོ།། ཉོན་མོངས་གཅོད་པའི་ཤེས་རབ་ནི་ཉོན་མོངས་ལྕགས་ཀྱུ་ཆེ་བའི་མཆོག་ནི་རྡོ་རྗེ་རྣོན་པོ་སྐུ་མདོག་སྔོན་པོ་པོ་ཏི་དང་རལ་གྲི་འཆང་བའོ།། རྫུ་འཕྲུལ་གྱི་ཤེས་རབ་ནི་གྲགས་ཆེན ་སྙན་གྲགས་ཆེན་པོ་སྟེ། རྡོ་རྗེ་འཁོར་ལོ་སྐུ་མདོག་སེར་པོ་གཡས་པས་འཁོར་ལོ་བསྣམས་ཤིང་གཡོན་པ་གདན་ལ་བརྟེན་པའོ།། ཆོས་དང་སོ་སོ་ཡང་དག་པར་རིག་པ་ནི་སྣང་བ་ཆེན་པོའོ།། ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པ ་རིག་པ་ནི་གསལ་བ་སྟེ། རྡོ་རྗེ་གསུང་བཟངས་མའི་མདོག་ཅན་ཕྱག་གཡས་པ་རྡོ་རྗེ་བསྣམས་ཤིང་གཡོན་པ་གདན་ལ་བརྟེན་པའོ།། དོན་ཡོད་གྲུབ་པའི་འཁོར་གསུངས་པ་ནི་མཁས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱོར་བའི ་བརྩོན་འགྲུས་ཀྱི་སྒྱུ་འཕྲུལ་འཆང་བའི་རྡོ་རྗེ་ལས་སྐུ་མདོག་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་བསྣམས་པའོ།། སྒྲུབ་པའི་བརྩོན་འགྲུས་ཀྱི་སྒྱུ་འཕྲུལ་ཆེན་པོའི་དོན་གྲུབ་པ་ནི་འདིར་སྲུང་བ་སྟེ། རྡོ་རྗེ་སྲུང་བ ་སྐུ་མདོག་སེར་པོ་ཕྱག་ན་གོ་ཆ་བསྒོམས་པའོ།། སྒྱུ་འཕྲུལ་ཆེན་པོ་ལ་སོ་སོར་རྟོག་པའི་བརྩོན་འགྲུས་ཀྱི་དགའ་བས་དགའ་རྡོ་རྗེ་ག་ནོད་སྦྱིན་སྐུ་མདོག་ནག་པོ་ཕྱག་གཉིས་ན་མཆེ་བ་བསྣམས་པའོ།། སྒྱུ་འཕྲུལ་ཆེན་པོ་ལ་རང ་དབང་ཐོབ་པའི་མིག་འཕྲུལ་ཅན་ཞེས་བྱ་བ་སྒྲུབ་དེ་ནན་ཏན་དུ་བྱེད་པ་བརྩོན་འགྲུས་ཀྱིས་སྐྱུ་རུ་རཱ་ལག་མཐིལ་དུ་བཞག་པ་ལྟ་བུའི་རྡོ་རྗེ་ཁུ་ཚུར་སེར་པོ་ཕྱག་གཉིས་ཀྱིས་རྡོ་རྗེ་བསྣམས་པས་རྡོ་རྗེ་བ་སྣམས་པའོ།། མཚམས ་ཀྱི་ལྷ་མོ་བསྟན་པ་ནི་སྦྱིན་བདག་ཆེན་པོ་གཽ་ཙོ་བོ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་རྡོ་རྗེ་སྒེག་མི་སྐུ་མདོག་དཀར་མོ་ཕྱག་གཉིས་ཀྱིས་རྡོ་རྗེ་བསྒྱིངས་ཏེ་བསྣམས་པའོ།། ཚུལ་ཁྲིམས ་ཆེན་པོ་འཆང་བའི་མཚིག་ནི་ཚུལ་ཁྲིམས་ཀྱི་རང་བཞིན་ཕྲེང་དཱ་མ་སེར་མོ།། ཕྱག་གཉིས་ཀྱིས་རིན་པོ་ཆེའི་ཕྲེང་བ་བསྣམས་པའོ།། བཟོད་ཆེན་འཆང་བ་བསྟན་པོ་པོ་ནི་བཟོད་པའི་རང་བཞིན་རྡོ་རྗེ་གླུ་མ་དམར་མོ་ཕྱག་གཉིས ་པི་ཝང་བརྡུང་བའོ།། བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན་ནི་བརྩོན་འགྲུས་རྣམ་པར་དག་པའི་རང་བཞིན་རྡོ་རྗེ་གར་མ་ལྗང་གུ་ཕྱག་གཉིས་ཀྱིས་རྡོ་རྗེ་བསྣམས་ཏེ་གར་བྱེད་པའོ།། ནང་གི་ཕྱོགས་ཀྱི་མཚམས་ལ ་གནས་བྱའོ།། ཡང་ཕྱིའི་མཚམས་ལ་གནས་པ་ནི་བསམ་གཏན་ཆེན་པོ་ཏིང་འཛིན་གནས་ཞེས་བྱ་བ་ལ་སོགས་གསུངས་ཏེ། བསམ་གཏན་ཆེན་པོ་ནི་ཞི་གནསོ།། ཏི་འཛིན་གནས་པ་ནི་ཟུང་དུ་འཇུག་པའོ།། བསམ་གཏན ་གྱི་ཕ་རོལ་ཏུ་ཕྱིན་པོའི་རང་བཞིན་རྡོ་རྗེ་བདུག་པ་མ་སྐུ་མདོག་དཀར་མོ་ཕྱག་གཉིས་ཀྱིས་སྤོས་ཁང་བསྣམས་པའོ།། ཤེས་རབ་ཆེན་པོ་ལུས་འཆང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་མེ་ཏོག་གི་སྣོད་བསྣམས་པའོ།། ་སྟོབས་པོ་ཆེ་ལྀ་ཐབས་ཆེ་བ་ནི་སྟོབས་དང་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་རྡོ་རྗེ་མར་མེ་དམར་མོ་ཕྱག་གཉིས་ན་མར་མེའི་མཆོད་སྡོང་བསྣམས་པའོ།། སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ་ནི་སྨོན་ལམ་དང་ཡེ་ཤེས་ཀྱི་ཕ ་རོལ་ཏུ་ཕྱིན་པའི་རང་བཞིན་དྲི་ཆབ་མུ་ལྗང་གུ་དྲིའི་དུང་ཆོས་བསྣམས་ནས་འཐོར་བའོ།། བསྐལ་པ་བཟང་པོའི་གསུངས་པ་ནི་བྱམས་ཆེན་རིང་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟ་བའི་མིང་བཞིན་དུ་དོན ་དང་ལྡན་པས་ན་བྱམས་པའོ།། བློའི་མཆོག་གི་སྙིང་རྗེ་ཆེན་པོ་དང་ལྡན་པས་འཇམ་དཔལོ།། ཤེས་རབ་ཆེན་པོའི་བློ་སྙིང་རྗེ་ཆེན་པོ་དང་ལྡན་པས་སྤོས་ཀྱི་གླང་པོའོ།། ཡེ་ཤེས་ཕུན་སུམ་ཚོགས་པའི་ཐབས་ཆེན་པོ་དང་མཁས ་པའི་བྱེད་པ་ཆེན་པོ་དང་ལྡན་པས་ཡེ་ཤེས་ཏོག་གོ། མི་བསྐྱོད་པའི་འཁོར་ཏེ་ཐམས་ཅད་ཀྱང་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་བསྣམས་པ་ཤར་ཕྱོགས་ན་བཞུགསོ།། རྫུ་འཕྲུལ་ཆེན་པོ་སྟོབས་ཆེན་ལྡན་ཞེས ་བྱ་བ་ནི་རྫུ་འཕྲུལ་གྱི་སྟོབས་ཀྱིས་སེམས་ཅན་ཐམས་ཅད་སྐྱོབ་པས་ན་བཟང་སྐྱོང་ངོ་།། རྒྱ་མཚོ་ཆེན་པོ་བཞིན་དུ་ཤུགས་ཀྱིས་བློ་ཆེ་ཞིང་མགྱོགས་པ་ཆེ་བས་བློ་གྲོས་རྒྱ་མཚོའོ།། རྫུ་འཕྲུལ་ཆེན་པོའི་མཐུ་ནི་ཡེ་ཤེས་ཕུན ་སུམ་ཚོགས་པ་ཆེར་གྲགས་པོ་མི་ཟད་པས་ན་བློ་གྲོས་མི་ཟད་པའོ་སྟོབས་ཆེན་ཕ་རོལ་གནོན་པ་ནི་སྤོབས་པའི་སྟོབས་ཀྱིས་ཕ་རོལ་པོས་གཞིག་པ་མི་ནུས་པས་ན་སྤོབས་པ་བརྩེགས་པའོ།། ཐམས་ཅད་ཀྱང་སེར་པོ་རིན་པོ་ཆེ་དང་དྲིལ་བུ ་བསྣམས་པའོ།། ཐམས་ཅད་ཀྱང་ལྷོའི་ཕྱོགསུ་བཞུགས་པའོ།། རིན་ཆེན་འབྱུང་ལྡན་གྱི་འཁོར་རོ།། རང་གི་སྟོབས་ཀྱིས་སྲིད་པའི་རི་བོ་ཆེན་པོ་འཇོམས་པར་མཛད་པས་མཐུ་ཆེན་པོ་ཐོབ་པའོ།། སྲིད་པའི་གསེབ་མཁྲེགས་ཤིང་ངནྡ ་སོང་དུ་འགྲོ་བ་འཛིན་ཅིང་འདྲེན་པས་ན། སྲིད་པའི་གསེབ་ནི་ཆེན་པོ་འཆང་ཞེས་བྱའོ།། ལ་ལས་མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང་ཞེས་བྱ་བ་ནི་གཞིག་པར་དཀའ་ཞིང་མཁྲེགས་པའི་ངན་སོང་འདྲེན་པས་ནང་ན་སོང་ཀུན་འདྲེན་ནོ།། འཁོར་བའི ་ཉེས་པས་མ་གོས་པའི་ཕྱིར་དྲག་པོ་ནི་བོ་སྟེ་མི་ཤེས་པའི་མུན་པའི་གཉེན་པོ་ཡིན་པའི་ཕྱིར་དྲག་ཤུལ་ཆེ་བ་ལ་མྱ་ངན་དང་མུན་པ་ངེས་པར་འཇོམས་པ་ཞེས་བྱའོ།། འཇིགས་པ་ཐམས་ཅད་ཀྱི་མཐུའི་འོད་ཟེར་གྱིས་འཇིགས་པ་སེལ་བས་ན ་འཇིགས་ཆེན་འཇིགས་པར་བྱེད་པ་སྟེ་དྲ་བ་ཅན་གྱི་འོད་།། ཐམས་ཅད་ཀྱང་དམར་པོ་པདྨ་དང་དྲིལ་བུ་བསྣམས་པོ་ནུབ་ཕྱོགསུ་བཞུགས་པ་སྣང་བ་མཐའ་ཡས་ཀྱི་འཁོར་རོ།། རིག་པ་རྣམ་པ་གསུམ་གྱིས་ཚིམ་པས་སེམས་ཅན་སྐར་མ་ལྟ ་བུའི་མགོན་བྱེད་པས་ནཱ་མགོན་པོ་རགས་མཆོག་ཆེན་པོ་སྤུ་ཟླ་འོད་གཞོན་ནུའོ།། བླ་མ་གསང་སྔགས་ཆེ་བའི་མཆོག་ཅེས་བྱ་བ་ནི་གསུང་གི་བདག་པོ་འོང་དཔག་ཏུ་མེད་པའོ།། ཐུག་པ་ཆེན་པ་སྨྱོས་པ་མེད་པ་ན་མཁན་ཚུལ་ལ་གནས་ཤ ་སྐྱེས་པས་ན་ན་མཁའི་སྙིང་པའོ།། ཐེག་པ་ཆེན་པོ་ཚུལ་གྱི་སྒྲིབ་པ་ཐམས་ཅད་བགེགས་པའི་མཆོག་ཡིན་པས་ན་སྒྲིབ་པ་རྣམ་པར་སྤེལ་བའོ།། ཐམས་ཅད་ཀྱང་སྐུ་མདོག་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་བསྣམས་པ་བྱང་ཕྱོགས ་སུཾ་བཞུགས་པ་དོན་ཡོད་གྲུབ་པའི་འཁོར།། སྒོ་པོ་ནི་ཕྱིས་འཆད་པར་འགྱུར་རོ།། དེ་ལྟར་ཤོ་ལོ་ཀ་བཅུ་བཞི་པ་ནི་ཨ་ར་པ་ཙ་ནའི་བདག་ཉིད་རྡོ་རྗེ་སེམས་དཔའི་འཁོར་ལོ་སྒྱུར་བའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོའོ།། རྣམ་པར་སྣང་མཛད ་ཀྱི་དཀྱིལ་འཁོར་གྱི་དབང་དུ་བྱས་ན། སངས་རྒྱས་རྣམ་པར་སྣང་མཛད་ཆེ་ཞེས་བྱ་བ་སྨོས་ཏེ། རྣམ་པར་སྣང་མཛད་ཉིད་དོ།། ཐུབ་པ་ཆེན་པོ་ནི་རྣམ་པར་རྟོག་པའི་ག་ཡེང་བ་མེད་པས་སྟོང་པ་ཉིད་ཀྱི་ཏིང་འཛིན་རྡོ་རྗེ་སེམས ་མའོ།། ལུས་ངག་ཡིད་གསུམ་གྱི་ཐུབ་པ་ཆེན་པོ་དང་ལྡན་པས་མཚན་མ་མེད་པའི་ཏིང་འཛིན་རྡོ་རྗེ་རིན་ཆེན་མིའོ།། གསང་སྔགས་ཚུལ་ཆེན་ལས་བྱུང་བ་ནི་སོ་སོར་རྟོག་པའི་སྨོན་པ་མེད་པའི་ཏིང་འཛིན་ལས་བྱུང་བ་རྡོ་རྗེ་ཆོས ་མའོ།། བྱ་བ་ནན་ཏན་གྲུབ་པས་འོད་གསལ་བར་བྱེད་པས་ན་གསང་སྔགས་ཅན་བདག་ཉིད་ཅན་ཏེ་རྡོ་རྗེ་ལས་མའོ།། ཕ་རོལ་ཕྱིན་བཅུ་ཐོབ་པ་སྤྲོ་ཞེས་བྱ་བ་ནི་ཕ་རོལ་ཕྱིན་པ་བཅུ་རྣམ་པར་དག་པའི་ལྷ་མི་རང་དང་འདྲ་བ ་སྐུ་མདོག་དང་ཕྱག་མཚན་གྱི་དབྱིབས་དང་ལྡན་པས་བསྐོར་བའི་རྡོ་རྗེ་སེམས་དཔའ་སྟེ། བྱང་ཆུབ་སེམས་བཟང་པོས་ཕ་རོལ་ཏུ་ཕྱིན་པ་བཅུས་ཡོངསུ་བསྐོར་བའི་ཕྱི་རོ།། ཕ་རོལ་ཕྱིན་པ་བཅུ་ལ་གནས་ཞེས་བྱ་བ་ནི་ཕ ་རོལ་ཏུ་ཕྱིན་པ་བཅུའི་ལམ་རྣམ་པར་དག་པ་རང་དོང་འདྲ་བའི་ལྷ་མོ་བཅུས་ཡོངསུ་བསྐོར་བའི་རྡོ་རྗེ་རྒྱལ་པོ་སྟེ། བསྡུ་བའི་དངོས་པོའི་སེམས་ཀྱིས་སེམས་ཅན་ཡོངསུ་སྨིན་པར་བྱེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཉིད་པའི་དངོས་པོ་ཡིན ་པའི་ཕྱིར་རོ།། ཕ་རོལ་ཕྱིན་བཅུ་དག་པ་སྟེ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ལྷ་མོ་བཅུས་ཡོངསུ་བསྐོར་བའི་རྡོ་རྗེ་ཆགས་པའོ།། ཚད་མེད་པ་རྣམས་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་དམིགས་ནས་སེམས་ཅན་ལ་དམིགས་པའི་ཕྱིར ་དང་སེམས་ཅན་དཔག་ཏུ་མེད་པ་རྣམས་སྨིན་ཅིང་གྲོལ་བའི་སེམས་ཡིན་པའི་ཕྱིརརོ།། ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ལྷ་མོ་བཅུས་ཡོངསུ་བསྐོར་བའི་རྡོ་རྗེ་ལེགས་པའོ།། དགེ་བའི་ཆོས་སྡུད་པའི་བྱང ་ཆུབ་ཏུ་སེམས་བསྐྱེད་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་དང་། དགེ་བའི་ཆོས་སྡུད་པ་ནི་ཕ་རོལ་ཏུ་ཕྱིན་པ་བཅུའི་ཡུལ་ཙཱན་ཡིན་པའི་ཕྱིརརོ།། མགོན་པོ་ས་བཅུའི་དབང་ཕྱུག་སྟེ་ཞེས་བྱ་བ་ནི་ལྷ་མོ་བཅུས་ཡོངསུ་བསྐོར་བའི་རྡོ ་རྗེ་རིན་ཆེན་སྟེ་ས་བཅུའི་ལམ་གྱི་བདག་ཉིད་ལ་གནས་པའི་ཕྱིར་ལྟུང་བ་ཕྲ་མོའི་ཀུན་ཏུ་སྤྱོད་པ་དང་བྲལ་བས། མི་འཇིགས་པ་སྟེ་སྔ་མ་བཞིན་དུ་ལྷ་མོ་བཅུས་བསྐོར་བ་ནི་རྡོ་རྗེ་ཉི་མའོ།། བདེན་པ་བཞི་ཤེས་པ་དང་། ་ཆོས་དང་རྗེ་སུ་ཤེས་པ་དགེ་དང་ས། ཀུན་རྫོབ་དང་དོན་དམ་པ་ཞེས་པ་དག་དང་། ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ནི་ཤེས་པ་བཅུ་པ་སྟེ་དེ་རྣམས་ཀྱང་རྣམ་པར་དག་པ་ནི་སེམས་ཅན་ལ་དམིགས་པའི་བྱམས་པ་དེའི་བདག་ཉིད་ཡིན་པའི ་པའི་ཕྱིར་སྔ་མ་བཞིན་དུ་ལྷ་མོ་བཅུས་བསྐོར་བའི་རྡོ་རྗེ་རྒྱལ་མཚན་ནོ།། ཤེས་པ་བཅུ་དང་མཐུན་པའི་ཆོས་ཀྱི་སྦྱོར་བ་དང་རང་བཞིན་རྣམ་པར་དག་པ་འཆང་བ་པོ་ནི་སྔ་མ་བཞིན་དུ་ལྷ་མོ་བཅུས་བསྐོར་བའི་རྡོ་རྗེ་བཞད་པའོ།། ཕུང ་པོ་ཁམས་དང་སྐྱེ་མཆེད་དང་རྟེན་འབྲེལ་དང་གནས་དང་གནས་མ་ཡིན་པ་དང་། བདག་དང་དུས་གསུམ་དང་བདེན་པ་བཞི་དང་། ཐེག་པ་གསུམ་དང་འདུས་བྱས་དང་འདུས་མ་བྱས་ཀྱི་བདག་ཉིད་ལ་མཁས་པ་གཅིག་པ་དང་། ་ཟ་བ་ལ་སོགས་པའི་གཉེན་པོ་རྣམ་པ་བཅུའོ།། དེ་ཉིད་བདག་འཇུག་ཏུ་འཛིན་པའི་གཉེན་པོ་ཞི་གནས་གཉེན་པོའི་ཡན་ལག་ཏིང་འཛིན་གྱི་ཤེས་རབ་རྡོ་རྗེ་ཆོས་ནི་རྣམ་པ་བཅུའི་ལྷ་མོས་བསྐོར་བ་སྟེ་སྔ་མ་བཞི་ནོ།། མཁས་པ ་བཅུའི་སྤང་བྱ་བཅུ་ནི་གཅིག་པུ་དང་། རྒྱུ་དང་། ཟབ་པ་དང་། བྱེད་པ་དང་། དབང་དང་ལྡན་པ་དང་། བདག་པོ་དང་། རྟོག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། སྒོམ་པ་པོ་དང་། བཙོངས་པ་དང་། གྲོལ་བ ་དག་ཏུ་འཛིན་པ་བཅུའོ།། དེ་དག་གཅོད་པའི་ལྷག་མཐོང་གཽ་བདག་ཉིད་ཚོལ་བའི་ཉོན་མོངས་གཅོད་པའི་རྡོ་རྗེ་རྣོན་པོ་སྟེ་སྔ་མ་བཞིན་ལྷ་མོ་བཅུས་ཡོངསུ་བསྐོར་བའོ།། ཐུབ་དབང་ཞེས་བྱ་བ་ནི་དབང་པོའི་དོན་ཏེ་ཤ་ལ ་སོགས་པའི་སྤྱན་སྔ་དང་། དད་པ་ལ་སྩོགས་པའི་དབང་པོ་ལྔའི་རྫུ་འཕྲུལ་གྱི་རྐང་པའི་མཐུ་ཐོབ་པས་ན་ཐུབ་པའི་དབང་པོ་བདག་ཉིད་ནི་རྡོ་རྗེ་འཁོར་ལོ་སྟེ་སྔ་མ་བཞིན་དུ་ལྷ་མོ་བཅུས་བསྐོར་བའི་སོ་སོ་ཡང་དག་པར ་རིག་པའི་བདག་ཉིད་ཀྱི་སྟོབས་བཅུའི་རང་བཞིན་རྡོ་རྗེ་གསུང་བའོ།། སྔ་མ་བཞིན་དུ་ལྷ་མོ་བཅུས་ཡོངསུ་བསྐོར་བའོ།། ཁྱབ་པའི་བདག་ཉིད་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ཀྱི་སྟེང་དུ་ན་མཁའ་དང་རྣམ་པར་ཤེས་པའི་ཟིལ་གྱིས ་གནོན་པའི་སྐྱེ་མཆེད་བཅུ་དང་ལྡན་པས་སྦྱོར་བའི་བརྩོན་འགྲུས་ཀྱིས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ་འཇུག་པ་ནི་རྡོ་རྗེ་ལ་སོ།། སྔ་མ་བཞིན་དུ་ལྷ་མོ་བཅུས་ཡོངསུ་བསྐོར་བའོ།། ཀུན་གྱི་དོན་ནི་མ་ལུས་བྱེད་ཅེས་བྱ་བ་ནི་ཟད་པར་བཅུ་སྟོན་པ ་ཡིན་ཏེ། དོན་སྣ་ཚོགས་པ་མཛད་པས་སྒྲུབ་པར་བྱེད་པའི་བརྩོན་འགྲུས་ནི་བསྲུང་བ་སྟེ། སྔ་མ་བཞིན་དུ་ལྷ་མོ་བཅུས་བསྐོར་བའོ།། རྣམ་པ་བཅུ་ནི་དེ་ཁོ་ན་ཉིད་བཅུ་སྟེ། རྩ་བ་དང་མཚན་ཉིད་དང་ཕྱིན་ཅི་མ་ལོག་པ་དང་། རྒྱུ་འབྲས་དང་། ཕྲ་མོ་དང་། རྒྱ ་ཆེ་བ་དང་། གྲུབ་པ་དང་། གྲུབ་པའི་ཡུལ་དང་། བསྡུ་བ་དང་། འཛིན་པ་དང་། མཁས་པ་དེ་ཁོ་ན་ཉིད་དེ་སོ་སོར་རྟོག་པའི་སྦྱོར་བ་རྣམ་པ་བཅུ་དང་ལྡན་པས་རྡོ་རྗེ་གནོད་སྦྱིན་ཏེ། སྔ་མ་བཞིན་དུ་ལྷ་མོ་བཅུས་བསྐོར་བའོ།། དབང་ལྡན་ཆེ་བ་པོ་ནི ་དབང་ཕྱུག་སྟེ་སྒྲུབ་པ་ནན་ཏན་དུ་བྱེད་པའི་བརྩོན་འགྲུས་དང་ལྡན་པས་རྡོ་རྗེ་ཁུ་ཚུར་ཡང་སྔ་མ་བཞིན་དུ་ལྷ་མོ་བཅུས་བསྐོར་བའོ།། དེ་སྐད་དུ་ཡང་ལྷ་རྣམས་ཇི་ལྟར་རིག་པར་ནི།། ཡོན་ཏན་བཅུ་ཡིས་ཡོངསུ་བསྐོར།། དེ་ཡི་ལྷ་མོ་བཅུ་པོ ་ནི། རྡོ་རྗེ་སྦྲུལ་ཀྲུང་ཕྱུང་བས་བཞུགས་ཞེས་གསུངས།། ད་ནི་ཚིག་སུ་བཅད་པ་བརྒྱུད་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་ཉིད་བསྟན་པ་ནི་ཐོག་མ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པ་མེ་ལོང་སྟེ། ་བུའི་ཡེ་ས་སོ།། སྤྲོས་པ་མེད་པའི་བདག་ཉིད་ནི་སྤྲོས་པ་མི་མཉམ་པ་ཡིན་ལ་སྤྲོས་པ་མེད་པས་ན་མཉམ་པ་ཉིད་དོ།། དེ་བཞིན་ཉིད་དག་ནི་རང་བཞིན་གྱིས་རྣམ་པར་དག་པ་དང་། དག་པའི་བདག་ནི་དྲི་མ་མེད་པའི་བདག་ཉིད་རྡོ་རྗེ་སེམས་དཔའོ།། བདེན ་པར་སྨྲ་ཞིང་ནི་སོ་སོར་རྟོག་པའོ།། ཚིག་མི་འགྱུར་ནི་མཉམ་པ་ཉིད།། ཇི་སྐད་སྨྲས་པས་དེ་བཞིན་བྱེད་ནི་མེ་ལོང་ལྟ་བུ་ནན་ཏན་སྒྲུབ་པ་སྟེ་རྡོ་རྗེ་རྒྱལ་པོའོ།། གཉིས་མེད་ཅེས་པ་ནི་གཟུང་བ་དང་འཛིན་པ་དང་བྲལ་བའི་མེ་ལོ་ལྟ་བུའི་ཡེ་ཤེས། ་གཉི་སུ་མེད་པ་རྟོག་པ་ནི་སོ་སོར་ཀུན་ཏུ་རྟོག་པའོ།། བྱ་བ་ནན་ཏན་སྒྲུབ་པའི་ཡང་དག་པའི་མཐའ་ལ་རྣམ་པར་གནས་པ་ནི་མཉམ་པ་ཉིད་དེ་རྡོ་རྗེ་ཆགས་པའོ།། བདག་མེད་སེང་གེའི་སྒྲ་དང་ལྡན་པ་ནི་མེ་ལོང་ལྟ་བུ་སྟེ། མདོ་སྡེ་རྒྱན ་ལས་ཀྱང་མེ་ལོང་ལྟ་བུ་དེདག་མེད་པ་ཅེས་གསུངསོ།། སོ་སོར་རྟོག་པ་དང་བྱ་བ་ནན་ཏན་གྲུབ་པས། མུ་སྟེགས་རི་དྭགས་ངན་འཇིགས་བྱེད་པ་སྟེ། རྡོ་རྗེ་ལེགས་པའོ།། ཀུན་ཏུ་འགྲོ་བ་ནི་མེ་ལོང་ལྟ་བུའོ།། དེ་སྐད་དུ་ཡང་མེ་ལོང ་ལྟ་བུའོ།། དེ་སྐད་དུ་ཡང་མེ་ལོང་ལྟ་བུ་ནི་བདག་མེད་པ་ཡོངསུ་ཆད་པ་མེད་པོ་རྟག་ཏུ་འགྲོའོ་ཞེས་གསུངས་སོ།། ཆོས་ཐམས་ཅད་ལ་མཉམ་པར་འཇུག་པས་དོན་ཡོད་པར་འགྲོ་བས་མཉམ་པ་ཉིད་དོ།། དེ་བཞིན་གཤེགས ་པའི་ཡིད་ལྟེར་མགྱོགས་ཞེས་བྱ་བ་ནི་སོ་སོར་རྟོག་པ་དང་བྱ་བ་ནན་ཏན་དང་ལྡན་པ་སྟེ་རྡོ་རྗེ་རིན་ཆེན་ནོ།། བྲལ་བའི་འབྲས་བུ་ཡིན་པའི་ཕྱིར་རྒྱལ་བ་ནི་མེ་ལོང་ལྟ་བུའོ།། རྣམ་རྒྱལ་དགྲ་ལས་རྒྱལ་ནི་འབྲས ་བུའི་སྒོ་ནས་མཉམ་པ་ཉིད།། རང་གི་ངོ་བོའི་སྒོ་ནས་སོ་སོར་ཀུན་ཏུ་རྟོག་པོའོ།། འཁོར་ལོ་སྒྱུར་རྒྱལ་སྟོབས་པོ་ཆེ་ཞེས་བྱ་བ་ནི་འཁོར་ལོ་དང་ངོ་བོའི་བྱ་བ་ནན་ཏན་གྲུབ་པ་སྟེ། རྡོ་རྗེ་ཉི་མའོ།། ཡེ་ཤེས་ཀུན་གྱི་རྟེན་ཡིན་པའི ་ཕྱིར། ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་བདག་སྟེ་མེ་ལོང་ལྟ་བུའོ།། ཚོགས་རྗེ་ནི་མཉམ་པ་ཉིད་དོ།། ཚོགས་བདག་ནི་སོ་སོར་ཀུན་ཏུ་རྟོག་པའོ།། དཔལ་དང་ལྡན་པ་ནི་བྱ་བ་ནན་ཏན་ཏེ་རྡོ་རྗེ་རྒྱལ་མཚན་ནོ།། མཐུ་ཆེན་ནི་མེ་ལོང ་ལྟ་བུའོ།། གཅེས་པར་འཛིན་པ་ནི་མཉམ་པ་ཉིད་དོ།། གཞན་གྱི་དྲིང་མི་འཇོག་པ་ནི་སོ་སོར་རྟོག་པའོ།། ཚུལ་ཆེན་ནི་ཐེག་པ་གསུམ་ལ་འཇུག་པས་ན་བྱ་བ་གྲུབ་པ་སྟེ་རྡོ་རྗེ་བཞད་པའོ།། ཚིག་རྗེ་ནི་མེ་ལྟ་བུའོ།། ཚིག་བདག་ནི ་མཉམ་པ་ཉིད་དོ།། སྨྲ་མཁས་པ་ནི་སོ་སོར་རྟོག་པའོ།། ཚིག་ལ་དབང་བ་ནི་བྱ་བ་གྲུབ་པའོ།། ཚིག་མཐའ་ཡས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྡོ་རྗེ་ཆོས་སོ།། ཚི་ག་བདེན་པ་ནི་སོ་སོར་རྟོག་པའི།། བདེན་པར་སྨྲ་བ་ནི ་མེ་ལོང་ལྟ་བུ་མཉམ་པ་ཉིད་དོ།། བདེན་པ་བཞི་ནི་སྟོན་པ་ནི་བྱ་བ་གྲུབ་པ་སྟེ་རྡོ་རྗེ་རྣོན་པོའོ།། ཕྱིར་མི་ལྡོག་པ་སྟེ་བཏགས་པས་ན་མེ་ལོང་ལྟ་བུའོ།། ཕྱིར་མི་འོང་བ་ནི་ཐོགས་པ་མེད་པས་ན་མཉམ་པ་ཉིད།། བསེ་རུ་ཚུལ ་གྱི་ཐུན་མོད་མ་ཡིན་པའི་ཕྱིར་སོ་སོར་ཀུན་ཏུ་རྟོག་པའོ།། སོ་སོར་འཁོར་རྣམས་འདྲེན་པས་ན་བྱ་བ་ནན་ཏན་ཏེ་རྡོ་རྗེ་འཁོར་ལོའོ།། ངེས་འབྱུང་སྣ་ཚོགས་ལས་བྱུང་བ་ནི་སོ་སོར་རྟོག་པའོ།། འབྱུང་བ་ཆེན་པོ་རྒྱུ་གཅིག་པ་ནི་བྱ་བ་ནཱནྟ། ་ཏཱན་ཏེ་རྡོ་རྗེ་གསུང་བའོ།། དགྲ་བཅོམ་པ་ཟག་པ་ཟད་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཟད་པས་ན་མེ་ལོང་ལྟ་བུའོ།། དགེ་སློང་ནི་བྱི་བ་ནཱན་ཏན་ནོ།། འདོད་ཆགས་བྲལ་བ་ནི་མཉམ་པ་ཉིད་དོ།། དབང་པོ་ཐུལ་བྱ་ནི་སོ ་སྔོར་རྟོག་པ་སྟེ་རྡོ་རྗེ་ལས་སོ།། བདེ་བར་རྙེད་པ་ནི་མཉམ་པ་ཉིད་དོ།། འཇིགས་མེད་ཐོབ་པ་ནི་སྤངས་པ་ཕུན་སུམ་ཚོགས་པ་སྟེ་མེ་ལོང་ལྟོ་བུའོ།། བསིལ་བར་གྱུར་པ་ནི་སོ་སོར་ཀུན་ཏུ་རྟོག་པའོ།། རྙོག་པ་མེད་པ་ནི་རྙོག་པ ་མེད་པར་བྱེད་པ་སྟེ་བྱ་བཱ་ནཱ་ནྱ་ཏན་ཏེ་རྡོ་རྗེ་སྲུང་བའོ།། རིག་པ་དང་ནི་རྐང་པར་ལྡན་ཅེས་བྱ་བ་ནི་ཐམས་ཅད་མཁྱེན་པ་སྟེ་མེ་ལོང་ལྟ་བུའོ།། བདེ་བ་གཤེགས་པ་ཞེས་བྱ་བ་ནི་རབ་ཏུ་མི་གནས་པས་ན་མཉམ་པ་ཉིད།། ་འཇིག་རྟེན་རིག་པའི་ནི་སོ་སོར་རྙོག་པའོ།། མཆོག་ནི་རྡོ་རྗེ་གནོད་སྦྱིན་ཏེ་བྱ་བ་ནན་ཏན་ནཱ~ཾ།། བདག་གིར་མི་འཛིན་ནི་མེ་ལྕོང་ལྟ་བུའོ།། ངར་མི་འཛིན་ནི་མཉམ་པ་ཉིད།། བདོན་པ་གཉིས་ཀྱིས་ཚུལ་ལ་གནས་ཞེས་བྱ་བ་ནི ་དོན་དམ་པ་ལ་གནས་པ་སོ་སོར་རྟོག་པ་དང་། ཀུན་རྫོབ་ལ་གནས་པ་བྱ་བོ་ནན་ཏན་ཏེ་རྡོ་རྗེ་ཁུ་ཚུར་རོ།། འཁོར་བའི་ཕ་རོལ་མཐར་སོན་པ་ཞེས་བྱ་བ་ལ་སོགས་པ་ཚིག་རྐང་བཅུ་དྲུག་གིས་བསྐལ་པ་བཟང་པོ་རྣམས་བསྟན ་ཏོ། འཁོར་བའི་སེམས་ཅན་ཕ་རོལ་ཐམས་ཅད་ཀྱི་མཐར་བྱམས་པས་སྟོན་པས་ན་བྱམས་པའོ།། ཤེས་རབ་ཀྱི་བྱ་བ་བྱས་ན་འཇམ་པའི་སྐམ་སར་དཔལ་གྱིས་གནྡྷ་པཱ་ན་འཇམ་དཔལ་ལོ།། མྱ ་ངན་ལས་འདས་པའི་ཡེ་ཤེས་འབའ་ཞིག་གི་དྲི་ལས་བྱུང་བས་ཐུགས་རྗེ་ཆེན་པོའོ།། འབྱུང་གནས་ཁྱབ་པས་ན་སྤྱོས་ཀྱི་གླང་པོའོ།། ཤེས་རབ་མཚན་ཆེན་གྱི་ཡེ་ཤེས་ཀྱི་བདག་ཉིད་ཀྱིས་ཉོན་མོངས་པ་འཇོམས་པའི་རྟོག ་ཡིན་པས་ན་ཡེ་ཤེས་ཏོག་གོ།། དམ་པའི་ཆོས་བཟང་པོའི་ཆོས་ཀྱི་རྒྱལ་སྲིད་གསལ་བར་ལྡན་ཞིང་སྐྱོང་བས་ན་བཟང་སྐྱོང་ངོ་།། འཁོར་བ་འཇིག་རྟེན་གྱི་རྒྱ་མཚོ་བློས་སྣང་བར་བྱེད་པའི་མཆོག་ཡིན་པས་ན་བློ་གྲོས་རྒྱ་མཚོའོ།། ཆོས་ཀྱི ་དབང་ཕྱུག་ནི་མི་ཟད་ཅིང་ཆོས་ཀྱི་རྒྱལ་སྲིངད་ནི་བློ་དང་ལྡན་པས་ན་བློ་གྲོས་མི་ཟད་པའོ།། ཇི་ལྟར་བསམས་པ་བཞིན་དུ་ལེགས་པའི་ལམ་གྱི་སློབ་པ་དང་ལྡན་ཞིང་སྟོན་པ་པོས་བརྩེགས་པས་ན་སྤོབས་པ་བརྩེགས་པའོ།། དོན་གྲུབ་པ་ཆེན་པོ ་བསམ་པ་ནི་བློ་དང་ལྡན་པས་ན་མཐུ་ཆེན་ཐོབ་པའོ།། ངན་སོང་གི་རྣམ་པར་རྟོག་པ་ཐམས་ཅད་སྤངས་ནས་ཀུན་འདྲེན་ཅིང་མི་གཏོང་བས་ན་ངན་སོང་ཀུན་འདྲེན་ནོ།། རྣམ་པར་མི་རྟོག་པ་ནི་མྱ་ངན་དང་མུན་པ་མེད་པའོ།། དབྱིངས་མི ་བཟད་པས་ན་ངེས་པར་འཇོམས་པའོ།། ཆོས་ཀྱི་དབྱིངས་དམ་པའི་དྲན་པ་དང་ལྡན་ཞིང་ཟད་མི་ཤེས་པའི་འོད་མངའ་བས་ན་དྲ་བ་ཅན་གྱི་འོད་དོ།། བསོད་ནམས་དང་ལྡན་པའི་ཟླ་བས་སེམས་ཅན་ཚིམ་ཞིང་བསོད་ནམས་མཆོག ་སྐུ་གཞོན་ནུ་མངའ་བས་ན་ཟླ་འོད་གཞོན་ནུའོ།། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ནི་འོད་དོ།། ཡེ་ཤེས་འབྱུང་གནས་ཆེ་ནི་འོད་དཔག་ཏུ་མེད་པའོ།། ཡེ་ཤེས་ལྡན་པ་ཡོད་མེད་ཤེས་ཞེས་བྱ་བ་ནི་ཡོད་མེད་ལྷ་ཁྱབ་པའི ་ཡེ་ཤེས་དང་ལྡན་པའི་སྐྱེ་གནས་མངའ་བས་ན་ན་མཁའི་སྙིང་པོའོ།། ཚོགས་གཉིས་བསགས་པས་ཚོགས་གཉིས་ཀྱི་མཐུས་སྒྲིབ་པ་ཐམས་ཅད་སེལ་བས་ན་སྒྲིབ་པ་སེལ་བའོ།། རྟག་པ་ཀུན་རྒྱལ་ཞེས་བྱ་བ་ལ་སོགས་པ་ཆི། ་སུ་བཅད་པ་གཉིས་ཀྱིས་དེ་བཞིན་གཤེགས་པ་ལྟ་བསྟན་ཏེ། རྟག་པ་ནི་རྣམ་པར་སྣང་མཛད།། ཀུན་རྒྱལ་ནི་མེ་ལོང་ལྟ་བུའོ།། རྣལ་འབྱོར་ཅན་ནི་མཉམ་པ་ཉིད།། བསམ་གཏན་བསམ་བྱ་ནི་བྱ་བ་ནན་ཏན་ཏོ།། བློ་ལྡན་མཆོག་ནི་སོ་སོར ་ཀུན་རྟོག་པའོ།། སོ་སོ་རང་རིག་མི་གཡོ་བ།། མཆོག་གི་དང་པོ་ཞེས་བྱ་བ་ནི་དང་པོའི་སངས་རྒྱསོ།། དེ་ལ་དཀྱིལ་འཁོར་དྲུག་པ་ལ་དང་པོའི་སངས་རྒྱས་ཡོད་པའི་ཕྱིར་མི་གཡོ་བའོ།། དེ་ཉིད་ནི་དང་པོའི་སངས་རྒྱས་ཏེ་མཆོག་གི་དང ་པོའོ།། སོ་སོ་རང་གི་ཞེས་བྱ་བ་ནི་ཡེ་ཤེས་སྐུ་སྟེ་དེ་ནི་རྣམ་པར་སྣང་མཛོད་དང་དྲང་པོའི་སངྱསྱ་དང་ཡེ་ཤེས་སྐུའི་བདག་ཉིད་ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་གསུམ་འཆང་བས་སྐུ་གསུམ་འཆང་བའོ།། སངས་རྒྱས ་སྐུ་ལྔའི་བདག་ཉིད་ཅན་ནི་རྣམ་པའི་སྒོན་ས་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་མི་བསྐྱོད་པའོ།། ཁྱབ་བདག་མི་ཤེས་ལྔའི་བདག་ནི་ཡེ་ཤེས་སེམས་དཔའི་ས་མ་རེ་རྟོགས་པ་ན་འོད་དཔག་ཏུ་མེད་པའོ།། སངས་རྒྱས་ལྔ་བདག་ཅོད ་ཅན་ནི་བདག་ཉིད་སངས་རྒྱས་ལྔའི་ཅོད་པན་འཆང་བའི་རིན་ཆེན་འབྱུང་ལྡན་ནོ།། སྤྱན་སྔར་བྱ་བ་བྱས་པ་ལ་ཆགས་པ་མེད་པས་དོན་ཡོད་གྲུབ་པའོ།། དེ་བཞིན་གཤེགས་པ་རྣམས་ནི་དཀར་པོ ་དང་སྔོན་པོ་དང་དམར་པོ་དང་སེར་པོ་དང་ལྗང་གུའི་སྐུ་མདོག་ཅན་ཞལ་ལྔ་པ་ཕྱག་བརྒྱད་པ་ཐམས་ཅད་ཀྱང་དང་པོ་ན་འཁོར་ལོ་དང་རྡོ་རྗེ་དང་པདྨ་དང་རིན་པོ་ཆེ་དང་སྣ་ཚོགས་རྡོ་རྗེ་བསྣམས་པ་གཡས་ཀྱི་ཐ་མ་གསུམ ་པ་ཐམས་ཅད་རལ་གྲི་བསྣམས་པ་གཡོན་གྱི་དང་པོ་ཐམས་ཅད་རང་རང་གི་མཚན་མ་དྲིལ་བུ་བསྣམས་པ་གཡོན་ལྷག་མ་གསུམ་པ་ཐམས་ཅིང་གླེགས་བམ་བསྣམས་པ་རྣམ་པར་སྣང་མཛད་ནི་གཡས་སྔོ་བ་རྒྱབ ་དམར་བ་གཡོན་ལྡང་བ་སྟོང་སེར་བའོ།། མི་བསྐྱོད་པ་ནི་གཡས་དཀར་བ་དང་རྒྱབ་དམར་བ་གཡོན་ལྗང་བ་སྟེ་སྔ་མ་བཞིན་ནོ།། སྣང་བ་མཐའ་ཡས་ནི་གཡས་དཀར་རྒྱབ་སྔོ་བ་གཡོན་ལྡིང་བ་སྟེ་སྔ་མ་བཞིན་ནོ།། རིན་ཆེན ་འབྱུང་ལྡན་ནི་གཡས་དཀར་བ་རྒྱབ་དམར་བ་གཡོན་ལྡང་བ་སྟེ་སྔ་མ་བཞིན་ནོ།། དོན་ཡོད་གྲུབ་པ་ནི་གཡས་དཀར་བ་རྒྱབ་དམར་བ་གཡོན་སྔོ་བ་སྟེ་སེར་བའོ།། སངས་རྒྱས་ཐམས་ཅད་སྐྱེད་པ་པོ།། ཞེས་ཚིགསུ ་བཅད་པ་གཉིས་ཀྱིས་ནི་འཁོར་ལོ་སྒྱུར་བ་བརྒྱད་བསྟན་ཏེ། ཐམས་ཅད་གསེར་གྱི་མདོག་ཅན་གཡས་ན་འཁོར་ལོ་བསྣམས་པ་གཡོན་གདན་ལ་བརྟེན་པ་སེང་གེའི་སྟེང་ན་ཉི་མ་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་རིན་པོ་ཆེའི་ཅོད ་པན་ཅན་ནོ།། ཡང་དག་པའི་ལྟ་བས་སངས་རྒྱས་ཐམས་ཅད་བསྐྱེད་པས་ན་དང་པོ་རྡོ་རྗེ་འཁོར་ལོ་སྒྱུར་བའོ།། ཡང་དག་པའི་རྟོག་པས་སངས་རྒྱས་ཀྱི་སྐྱེས་པོ་དམ་པ་རྣམས་བསྐྱེད་པས་ན་མཆོག་སྟེ་གཉིས་པ་རིན་པོ་ཆེའི་འཁོར ་ལོ་སྒྱུར་བའོ།། ཡང་དག་པའི་ངག་ནི་རབ་ཏུ་མི་གནས་པའི་བདག་ཉིད་ཤེས་པས་སྐྱིད་པར་འབྱུང་བའི་སྐྱེ་གནས་མེད་པས་གསུམ་པ་པདྨའི་འཁོར་ལོ་སྒྱུར་བའོ།། ཡང་དག་པའི་ལས་ཀྱི་མཐའ་ཆོས་ལས་བྱུང་བའི་ལམ་གྱི ་མྱ་ངན་ལས་འདས་པས་སྲིད་པ་སྲིད་པ་སེལ་བས་ན་བཞི་པ་ལས་ཀྱི་འཁོར་ལོ་སྒྱུར་བའོ།། ཡང་དག་པའི་འཚོ་བས་སྟོང་པ་ཉིད་ལ་གཅིག་ཏུ་མཁྲེགས་པའི་ཞི་གནས་དང་ལྷག་མཐོང་གི་རྡོ་རྗེའི་བདག་ཉིད་ལྔ་པ་ཕྱག་རྒྱ ་ཆེན་པོའི་འཁོར་ལོ་སྒྱུར་བའོ།། ཡང་དག་པའི་རྩོལ་བསྡུ་སྐྱེས་མྱ་ཐག་ཏུ་སྐད་ཅིག་མ་ལ་བྱ་བ་གྲུབ་པའི་སྤྲུལ་པ་འགྲོ་བའི་བདག་པོ་དྲུག་པ་དམ་ཚིག་གི་ཕྱག་རྒྱའི་འཁོར་ལོ་སྒྱུར་བའོ།། ཡང་དག་པའི་དྲན་པ་ན་མཁའ་ལས ་བྱུང་བའི་མཚན་མ་མེད་པ་ལ་གནས་པས་རང་བཞིན་གྱི་འོད་གསལ་བའི་མེ་ལས་བྱུང་བའི་བདུན་པོ་ཆོས་ཀྱི་ཕྱག་རྒྱའི་འཁོར་ལོ་སྒྱུར་བའོ།། ཡང་དག་པའི་ཏིང་འཛིན་ནི་ལྷག་མཐོང་ཤེས་རབ་ཡེ་ཤེས་ཀྱི་མེ་ཆེན་པོའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བསྲེགས་པའི་བརྒྱད་པ་ལས་ཀྱི་ཕྱག་རྒྱའི་འཁོར་ལོ་སྒྱུར་བའོ།། འཁོར་ལོ་སྒྱུར་བ་བརྒྱད་ནི་རྣམ་པར་སྣང་མཛད་ཀྱི་ཕྱོགས་བཞིར་གཉིས་གཉིས ་བཞུགས་ལ། མཚམ་སུ་སྤྱན་མ་ལ་སོགས་པ་ཡུམ་བཞི་དགོད་པར་བྱའོ།། འོད་ཆེན་རྣམ་པར་སྣང་བར་བྱེད་ཅེས་བྱ་བ་ལ་སོགས་པའི་ཚོགས་བཅད་གཉིས་ཀྱིས་མཆོད་པའི་ལྷ་མོ་བརྒྱད་བསྟན་ཏེ། གཟུགས་ཆེན་རྩ། ་འོད་ཕུན་སུམ་ཚོགས་པ་སྣང་བར་བྱེད་པ་སྒེག་མོའོ།། འཁོར་གསུམ་རྣམ་པར་དག་པའི་ཚུལ་ཁྲིམས་ཀྱི་ཡེ་ཤེས་སྣང་བས་ལྷ་མེར་མཛད་པས་ན་ཕྲེང་བ་མའོ།། འགྲོ་བས་མི་འཁྲུགས་པའི་བཟོད་པའི་མར་མེ་ཡེ་ཤེས་ཀྱི་སྒྲོན ་མ་གླུ་མའོ།། གཟི་བརྗིད་ཆེན་པོའི་གེ་ཆ་བརྩོན་འགྲུས་ཀྱིས་སྟོབས་ཀྱིས་ལེ་ལོའི་གཉེན་པོར་འོད་གསལ་བའི་ཕྱིར་ན་གར་མའོ།། ཞི་གནས་ཀྱི་སྔགས་ཀྱིས་ཉོན་མོངས་པའི་དུག་ཞི་བར་བྱེད་པའི་རིག་སྔགས་ཀྱི་རྒྱལ་པོ་ནི་བདུག་པ ་མའོ།། སྔགཀྱི་རྒྱལ་པོ་ཤེས་རབ་ཀྱིས་མྱ་ངན་ལུས་འདས་པའི་དོན་ཆེན་པོ་བྱེད་པས་མེ་ཏོག་མའོ།། གཙུག་ཏོར་ཆེན་པོའི་ཐབས་དང་སྟོབས་ཀྱིས་རྨད་དུ་བྱུང་བའི་ཟག་པ་མེད་པའི་ཕུང་པོ་ལྔའི་གཙུག་ཏོར་མངའ་བས་ན་དྲི་ཆབ་མའོ།། ་སྨོན་ལམ་གྱི་སྟོབས་ཀྱིས་གཟུགས་སྣ་ཚོགས་སྟོན་པ་དང་ཡེ་ཤེས་ཀྱི་ན་མཁའི་བདག་པོ་མཛད་པས་ནཱ་མར་མེ་མྱའོ།། སངས་རྒྱས་ཀུན་གྱི་སྐུ་བསྒོམ་པོའི་དད་པའི་མཆོག་སྟེ་རྡོ་རྗེ་ལྕགས་ཀྱུ་ནི་དཀར་པོ་རྡོ་རྗེ་ལྕགས་ཀྱུ་བསྣམས་པའོ།། ་ཀུན་ཏུ་དགའ་བའི་བརྩོན་འགྲུས་ཀྱི་མིག་དང་ལྡན་པས་རྡོ་རྗེ་ཞགས་པ་ནི་སེར་པོ་ཞགས་པ་བསྣམས་པའོ།། སྣ་ཚོགས་པའི་གཟུགས་ཅན་དྲན་པའི་དབང་པོས་འགྲོ་བ་ལ་ཕན་པ་བསྐྱེད་པ་སྟེ་རྡོ་རྗེ་ལྗགས་སྒྲོག་བསྣམས་པའོ།། ཤེས་རབ ་ཀྱི་དབང་པོས་མཆོད་ཅིང་བསྟོད་དེ་ཏིང་འཛིན་གྱི་དབང་པོས་དྲང་སྲོང་ཆེན་པོར་གྱུར་པ་ནི་རྡོ་རྗེ་འབེབས་པ་ལྗང་ཁུ་སྟེ་དྲིལ་བུ་བསྣམས་པའོ།། ཤོ་ལོ་ཀ་ཉི་ཤུ་རྩ་གསུམ་གྱིས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བསྟན་ཏེ། ཤེས་རབ་ཡེ་ཤེས ་ལུས་འཆང་བ་ནི་རྣམ་པར་སྣང་མཛད་ཀྱི་འཁོར་ལོ་སྒྱུར་བའོ།། ད་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པ་བཞེད་པས། རིགས་གསུམ་འཆང་བ་ཞེས་བྱ་བཱ་ལ་སོགས་པ་གསུངས་ཏེ། དང་པོའི་ཚོགས་བཅད་གཅིག་གིས་རྣམ་པར ་སྣང་མཛད་སྟོན་པ་ལ། རིགས་གསུམ་འཆང་བ་ནི་རཱི་ན་ཆེན་འབྱུང་ལྡན་གྱི་ཡོན་ཏནོ།། གསང་སྔགས་ཅན་ནི་དོན་ཡོད་གྲུབ་པའི་ཡོན་ཏནོ།། དམ་ཚིག་ཆེན་པོ་ནི་མི་བསྐྱོད་པའི་འོ།། གསང་སྔགས་འཆང་བ་ནི་སྣང་བ་མཐའ་ཡས་ཀྱིའོ།། ་གཙོ་བོ་ནི་རྣམ་པར་སྣང་མཛད་དེ་རང་དང་དང་པོའི་སངས་རྒྱ་སཱ་དང་ཡེ་ཤེས་ཀྱི་སྐུའི་བདག་ཉིད་དཀོན་མཆོག་གསུམ་འཛིན་པའོ།། ཐེག་པ་མཆོག་གསུམ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་སྟོན་པའོ།། རྡོ་རྗེ་ཧཱུཾ་མཛད་ཀྱི ་དབང་དུ་བྱས་ན། དོན་ཡོད་ཞགས་པ་ནི་མདའ་དང་གཞུ་འཛིན་པའོ།། རྣམ་པཪྵ་རྒྱལ་བ་ནི་འཇིག་རྟེན་གསུམ་ལཾས་རྣམ་པར་རྒྱལ་བྱའི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་འཛིན་པའོ།། འཛིན་པཱ་ཆེན་པོ་ནི་རལ་གྲི་ཡུ་བྷ་འཛིན་པས་ན ་རལ་གྲི་བསྣམས་པའོ།། རྡོ་རྗེ་ཞགས་པ་ནི་ཞགས་པ་ཉིད་དོ།། རྡོ་རྗེ་ལྕགས་ཀྱུ་ནི་ལྕགས་ཀྱུ་ཉིད་།། ཞགས་པ་ཆེན་པོ་ནི་ལྕགས་སྒྲོག་གོ།། རྡོ་རྗེ་འཇིགས་བྱེད་ནི་དབང་ཕྱུག་ཆེན་པོ་དང་ཨུ་མ་འཇིགས་པར་བྱེད་པའོ།། རིན་ཆེན་ཧཱུཾ་མཛད ་བཤད་པ་ནི་ཁྲོ་བོ་རྒྱལ་པོ་གདོང་དྲུག་འཇིགས་ནི་མདོག་སེར་པོ་མིག་དྲུག་ནི་སྤྱན་དྲུག་མཚན་གསུམ་མོ།། ལག་དྲུག་སྟོབས་དང་ལྡན་པ་ནི་འཇིག་རྟེན་གསུམ་ལས་རྒྱལ་བའི་ཕྱག་རྒྱ་སྤངས་པའི་སྔ་མ་དྲུག། པདྨ ་ཧཱུཾ་མཛད་བཤད་པ་ནི་ཀེང་རུས་མཆེ་བ་གཙིགས་པ་པོ་སྟེ། ཀེང་རུས་ལྟར་མཆེ་བ་གཙིགས་པའོ།། ཧ་ལ་ཧ་ལ་ནི་དུག་ནག་པོ་བརྩེགས་པས་མགྲིན་པ་སྔོན་པོའོ།། གདོང་བརྒྱ་པ་ནི་སྤྲུལ་པ་གདོང་བརྒྱ་འགྱེད་པས་ཁ་དོག་དམར་པོ་རྣམ ་རྒྱལ་གྱིས་ཕྱག་རྒྱས་དྲིལ་བུ་དང་པདྨ་བསྣམས་པའོ།། ལས་ཀྱི་ཧཱུཾ་མཛད་བཤད་པ་གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ་ཏེ་སྐུ་མདོག་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་བསྣམས་པ་ཕྱག་ལྷག་མ་བཞི་གཤིན་རྞྞ་དང་མཆུ ་པབཏརལ་གྲི་དང་གཏུན་ཤིང་དང་ལྕགས་ཀྱུ་དང་ཞགས་པ་བསྣམས་པ། རྡོ་རྗེ་ཤུགས་ཅན་བྷི་འཕྲིན་ལས་རྣམ་བཞིས་གཞན་འཇིགས་པར་བྱེད་པའི།། རྡོ་རྗེ་སེམས་མ་བཤད་པ་རྡོ་རྗེ་ནི་སྟོང་པ་ཉིད་ཡིན་ལ། གྲགས་པ་ནི་སྙན་པ ་གྲགས་པས་ན་རྡོ་རྗེ་སེམས་མའོ།། རྡོ་རྗེ་ནི་མཚན་མ་མེད་པའོ།། སྙིང་པོ་ནི་སྐྱེ་གནས་ཏེ་རྡོ་རྗེ་རིན་ཆེན་མའོ།། སྨོན་པ་མེད་པའི་སྒྱུ་འཕྲུལ་ནི་རྡོ་རྗེ་ཆོས་མའོ།། རྡོ་རྗེ་ནི་འོད་གསལ་བའི་གསུས་པ་ཆེ་བས་ཁྱབ་པས་ན་རྡོ་རྗེ་ལས་མ ་རིན་ཆེན་ཧཱུཾ་མཛད་ཀྱི་འཁོར་གྱི་དབང་མཛད་ནས་བཤད་པ་རྡོ་རྗེ་ལས་སྐྱེས་ནི་མཉམ་པ་ཉིད་དེ་རྡོ་རྗེའི་བདག་ཉིད་རྡོ་རྗེ་རིན་ཆེན།། རྡོ་རྗེ་སྙིང་པོ་མཁའ་འདྲ་བ་ཅེས་པ་ནི་ན་མཁའ་དང་འདྲ་བའི་འོད་མངའ་བས་ན་རྡོ་རྗེ་ཉི་མའོ།། ་བྱམས་པ་ཆེན་པོ་མི་གཡོ་ངནི་ཁྲོ་བོའི་རལ་པ་གཅིག་གིས་བསྒྱིངས་པ་ན་རྡོ་རྗེ་རྒྱལ་མཚན་ནོ།། ཆོས་ཀྱི་སྦྱིན་པས་གླང་པོ་ཆེའི་ཀོ་བ་སྟེང་དྷས་བརླན་པས་ན་ང་ཆ་ཤྲེ་པཾ་གོས་སུ་མནབས་ཤིང་སོའི་ཕྲེང་བ་འཆང་བའོ།། ་ལས་ཀྱི་ཧཱུཾ་མཛད་ཀྱི་འཁོར་བཤད་པ། སྦྱོར་བའི་བརྩོན་འགྲུས་ཀྱི་ཧཧོ་ཧ་ཞེས་སྒྲོག་པ་ནི་རྡོ་རྗེ་ལས་སྷོ།། ཧི་ཧི་སྒྲོགས་ཤིང་འཇིགས་པར་བྱེད་པ་བརྩོན་འགྲུས་ཀྱི་གོ་ཆ་མནབས་པས་ནུ་རྡོ་རྗེ་སྲུང་བའོ།། སོ་སོར་རྟོག་པའི་བརྩོན་འགྲུས་ཀྱི ་གད་མོ་ཆེན་པོའི་གང་རྒྱངས་ཅན་ནི་རྡོ་རྗེ་གནོད་སྦྱིན་ནོ།། སྒྲུབ་པ་ནན་ཏ་ནི་གྷུ་བརྩོན་འགྲུས་ཀྱི་རྡོ་རྗེ་གང་མོ་ཆེར་སྒྲོགས་པས་ན་རྡོ་རྗེ་ཁུ་ཚུར་རོ།། རྡོ་རྗེ་ཧཱུཾ་མཛད་ཀྱི་འཁོར་བཤད་པ་ནི་རྡོ་རྗེ་སི་མས་དཔའ་སེམས་དཔའ་ཞེས་བྱ་བཱི་ནཽ ་རྡོ་རྗེ་སེམས་དཔའ་ཉིད་དོ།། རྡོ་རྗེ་རྒྱལ་པོ་བདེ་བ་ཚེ་ནི་རྡོ་རྗེ་རྒྱལ་པོ་ཉིད་དོ།། རྡོ་རྗེ་དྲག་པོ་དགའ་བ་ཆེ་ནི་ཆགས་པ་ཡིན་པས་རྡོ་རྗེ་ཆགས་པའོ།། རྡོ་རྗེ་སྤྱི་བོ་ནི་ཧཱུཾ་སྟྭཾ་ཧཱུཾ་གི་སྒྲ་སྒྲོགས་པ་ནི་རྡོ་རྗེ་ལེགས་པའོ།། ཆོས་ཀྱི་ཧཱུཾ་མཛད་ཀྱི་འཁོམ ་བཤད་པ་ནི་མཚོན་དུ་རྡོ་རྗེའི་མངའ་ཐོགས་པ་ནི་པདྨའི་མདའ་དང་གཞུ་ཐོགས་པའི་རྡོ་རྗེ་ཆོསོ།། རྡོ་རྗེ་རལ་གྲི་མ་ལུས་གཅོད་ནི་རྡོ་རྗེ་རྣོན་པོའོ།། རྡོ་རྗེ་ཀུན་འཆང་ནི་རྫུ་འཕྲུལ་གྱིས་ཀུན་ཏུ་སྤྲོ་བའི་རྡོ་རྗེ་འཆང་བས་ན་རྡོ་རྗེ་འཁོར་ལོའི ་རྡོ་རྗེ་གཅིག་པུས་ལྕེ་ལ་མཚན་པ་སོ་སོ་ཡང་དག་པར་རིག་པས་ཕ་རོལ་གྱི་གཡུལ་སེལ་བས་ན་རྡོ་རྗེ་སྨྲ་བའོ།། རྡོ་རྗེ་ལྕགས་ཀྱུ་འབར་བ་དང་མིག་མི་བཟང་བ་འཆང་བས་ན་རྡོ་རྗེ་ལྕགས་ཀྱུའོ།། སྐྲ་ཡང་རྡོ་རྗེ་འབར་བས་ཞགས ་པའོ།། ཏིང་འཛིན་གྱི་མིག་བརྒྱ་མངའ་ཞིང་མངོན་པར་ཤེས་པ་དྲུག་གི་རྡོ་རྗེའི་མིག་མངའ་བས་ན་ལྕགས་སྒྲོག་གོ།། རྡོ་རྗེ་འབྱེབས་པ་འབེབས་པ་ཆེ་ནི་རྡོ་རྗེ་འབེབས་པའོ།། ལུས་ནི་རྡོ་རྗེ་བ་སྤུ་ཅན་ཞེས ་བྱ་བའི་ཚིགསུ་བཅད་པ་གཉིས་ཀྱིས་མཆོད་པའི་ལྷ་མོ་སྟོན་ཏེ། སྦྱིན་པ་ལ་སྦྱོར་བ་བསྟན་པས་རྡོ་རྗེ་བཞིན་དུ་ལུས་ནི་རྡོ་རྗེ་བ་སྤུ་ཅན་ནི་སྐྲག་མོའོ།། ཚུལ་ཁྲིམས་ལ་སྦྱོར་བ་མི་ཕྱེད་པས་རྡོ་རྗེ་བ་སྤུ་སྟེ་གཅིག་པུ་ལུས་ཀྱི་ཕྲེང་བ ་མོའོ། བཟོད་པ་ལ་མི་ཕྱེད་པས་ན་སེན་མོ་སྐྱེས་པ་རྡོ་རྗེ་རྩེ་སྟེ་རྡོ་རྗེ་གླུ་མའོ།། བརྩོན་འགྲུས་ལ་མི་ཕྱེད་པའི་སྦྱོར་བ་རྡོ་རྗེ་སྙིང་པོ་པགས་པ་མཁྲེགས་ཏེ་རྡོ་རྗེ་གར་མའོ།། ཞི་གནས་ཀྱི་བསམ་གཏན་གྱི་རྡོ་རྗེ་ཕྲེང་བ་ཐོགས་ཤིང་ཟུང་དུ ་འཇུག་པའི་དཔལ་དང་ལྡན་པས་བདུག་པའོ།། ལྷག་མཐོང་འབའ་ཞིག་གི་རྒྱན་གྱིས་བརྒྱན་པས་ན་མེ་ཏོག་མའོ།། སྟོབས་སྟོན་པའི་གང་བརྒྱངས་ངེས་པར་སྒྲོགས་པས་ན་རྡོ་རྗེ་མར་མེའོ།། མི་ཕྱེད་པའི་སྨོན་ལམ་གྱི་རྡོ་རྗེ་སྒྲ་འབྱིན ་ཅིང་ཨོཾ་བཱ་གཱི་ཤྭ་ར་མུ་རྡོ་རྗེའི་སྒྲ་འདོན་པ་ན་རྡོ་རྗེ་དྲི་ཆབ་མའོ།། བསྐལ་པ་བཟང་པོའི་མཚན་ཉིད་གསུངས་པ། འཇམ་དབྱངས་ཆེན་བྷྱོ་སྟེ་ཤར་ཕྱོགས་ཉེ་བྱར་མཚོན་པའོ།། སྤོབས་པས་འཇིག་རྟེན་གསུམ་ན་སྒྲ་གཅིག ་སྒྲོགས་པ་སྟེ། སྤོབས་པ་བརྩེགས་པས་ལྷོ་ཕྱོགས་མཚོན་པའོ།། ན་མཁའི་མཐའ་ཀླས་སྒྲ་སྒྲོགས་པ་ནི་རྡོ་རྗེ་སྙིང་པོ་ཉིད་དེ་བྱང་ཕྱོགས་ཉེ་བར་མཚོན་པའོ།། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག་ནི་མྱ་ངན་དང་མུན་པའི་དགྲ ་འཇོམས་པའི་མཆོག་ནི་མྱ་ངན་དང་མུན་པ་སེལ་བར་འཇོམས་པ་སྟེ་ནུབ་ཕྱོགས་ཉེ་བར་མཚོན་པའོ།། དེ་ལྟར་ཚིགསུ་བཅད་པ་བཅུ་གཉིས་ཀྱིས་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱིས་བསྟན་པའི་འཁོར ་ལོ་སྒྱུར་བ་ནི་སྡུག་བསྔལ་བཅོད་པ་དང་བཅས་པའོ།། ད་ནི་པདྨ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་ལ་འཇུག་པ་ནི་རིག་པའི་ལྷ་མོ་ལ་བསྟོད་པ་གསུངས་པ་ནི། ཡང་དག་བདག་མེད་དེ་བཞིན་ཉིད་དེ་ཆོས་བདག་མེད་པ་ཉིད་དང་། ཡང ་ངག་མཐའ་སྟེ་གང་ཟག་གི་བདག་མེད་པ་ལ་ཡི་གེས་བརྗོད་པ་ནི་པདྨ་རིགས་ཀྱི་རྡོ་རྗེ་སེམས་མའོ།། མཚན་མ་མེད་པའི་སྟོང་པ་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། སྙིང་རྗེས་ཟབ་པ་དང་རྒྱ་ཆེ་བ་སྒྲ་སྒྲོགས་པས་ན་པདྨའི་རིགས་ཆེན་མོའོ།། སྨོན་པ ་ད་པའི་དང་པོར་དགེ་བའི་ཆོས་ཀྱི་དུང་གི་སྒྲ་ཆེན་ལྡན་པ་དང་ཐ་མར་དགེ་བའི་སྒྲ་ཆེན་དང་ལྡན་པ་སྟེ་རྡོ་རྗེ་ཆོས་མའོ།། འོད་གསལ་བའི་མི་གནས་པའི་མྱ་ངན་ལས་འདས་པའི་ཕྱོགས་བཅུར་བརྩོན་འགྲུས་ཀྱི་ཆོས་ཀྱི་རྔ་བོ་རྨ ་བརྡུངས་པས་ན་ཆོས་ཀྱི་ལས་མའོ།། ཁྲོས་པས་གཞན་གྱི་དོན་འཇིགས་པའི་འོད་ཟེར་གྱིས་ཚུགས་པ་མེད་ཅིང་ཆེར་གྲགས་པའི་བཟོད་པ་ཁམས་གསུམ་གྱི་འཁོར་གྱིས་བསྐོར་བའོ།། ཆེ་བའི་ཆེ་བས་ན་པདྨའི་གླུ་མའོ།། བྱང་ཆུབ ་སེམས་དཔའི་ལམ་ནི་ཤིན་ཏུ་མཐོ་བ་ལ་གནས་ཤིང་། དར་བ་ཆེན་པོའི་བརྩོན་འགྲུས་ཀྱི་སྟོབས་བསྙེམས་པས་ན་པདྨའི་གར་མའོ།། འཇིག་རྟེན་དུ་གཞོན་ནུའི་ལུས་བཟུང་ནས་ཡོན་ཏན་ཕུན་སུམ་ཚོགས་པའི་བསམ་གཏན་ཡུན ་རིང་པོའི་གཉེན་པོའི་སྐྱེ་དགུའི་བདག་པོ་ནི་པདྨའི་བདུག་པ་མའོ།། ཤེས་རབ་ཀྱི་སྟོབས་ཀྱི་འཁོར་བའི་ཉེས་པས་མ་གོས་ཤིང་། ལྷག་མཐོང་གིས་མི་ཟད་པས་ན་སུམ་ཅུ་རྩ་གཉིས་ཀྱི་མཚན་འཆང་བས་ན་པདྨའི་མེ ་ཏོག་མའོ།། ཡེ་ཤེས་དང་སྨོན་ལམ་གྱི་སྟོབས་ཀྱིས་འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ་མི་འཇིགས་པ་བཞི་མིངའ་བའི་སློབ་དཔོན་འཇིགས་པ་མེད་པ་ནི་པདྨའི་མར་མེ་མའོ།། ཐམས་ཅད་ཀྱི་མགོན་པོས་སྐྱོབ་ཅིང་འཇིག་རྟེན་གསུམ ་ན་ཡིད་གཅུགས་པས། འདས་པ་སྐྱོབ་པ་དང་ད་ལྟར་བ་བསྐྱབས་ནས་མ་འོངས་པ་སྐྱོབ་པཱན་ཛྙཱ་ན་མེད་པ་སྟེ་པདྨའི་དྲི་མའོ།། རྣམ་པར་སྣང་མཛད་ཀྱི་དབང་དུ་མཛད་ནས་ཡེ་ཤེས་རྣམས་ལ་ཆགས་པ་དང་ཐོགས་པ་མི་མངའ་ཞིང་ཐམས་ཅད ་མཁྱེན་པའི་དྲི་མ་མེད་པའི་ཡེ་ཤེས་རྒྱ་མཚོ་སྡུག་བསྔལ་གྱི་མ་རིག་པའི་སྒོ་ནས་སྤོབས་འབྱེད་ཅིང་། ཀུན་གྱིས་སྲིད་པའི་བྲ་བཅོམ་ནས་གཞན་གྱིས་རྒྱུད་ཉོན་མོངས་པ་མ་ལུས་པ་ཞི་བར་མཛད་ཅིང་འབྲས་བུ་འཁོར་བའི་རྒྱ་མཚོའི ་ཕ་རོལ་ཏུ་ཕྱིན་ནས་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཡེ་ཤེས་དབང་བསྐུར་ཅོད་པན་ནི་རིན་པོ་ཆེའི་ཅོད་པན་ཅན་ནོ།། རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས་པ་ནི་སངས་རྒྱས་ཉི་ཤུ་རྩ་གཅིག་གི་དོ་ཤལ་མངའ་བ་རྣམ ་པར་སྣང་མཛད་དོ།། སྙིང་རྗེས་འདུ་བྱེད་ཀྱི་སྡུག་བསྔལ་བ་དང་། འགྱུར་བའི་སྡུག་བསྔལ་དང་། སྡུག་བསྔལ་གྱི་སྡུག་བསྔལ་ཞི་བར་མཛད་ཅིང་བྱམས་པས་ཁམས་གསུམ་གྱི་སྒྲིབ་པ་བསལ་ནས་ཐེག་པ་གསུམ་གྱི་རྣམ་པར ་གྲོལ་བ་ཐོབ་པ་ཀླུ་ཤིང་བསྣམས་པ་ནི་བྱམས་པའོ།། སྒྲིབ་པ་ཀུན་ལས་ངེས་པར་གྲོལ་བའི་རལ་གྲི་བསྣམས་ཤིང་ན་མཁའ་ལྟར་མཉམ་པའི་པོ་ཏི་བསྣམས་པ་ནི་འཇམ་དཔའོ།། ཉོན་མོངས་པའི་སྒྲིབ་པ་ཀུན་ལས་འདས་པའི་དུང་རྣམས ་ཤིང་ཀུན་རྫོབ་ཀྱི་དུས་གསུམ་དོན་དམ་པར་དུས་མེད་པར་རྟོགས་པའི་ཆུ་བསྣམས་པ་ནི་སྤོས་ཀྱི་གླང་པོའོ།། སེམས་ཅན་རྣམས་ཀྱི་ནང་ན་ཡེ་ཤེས་ཀྱི་གཙོ་བོ་ཡོན་ཏན་ཐོད་ཅན་རྣམས་ཀྱི་ཅོད་པན་མེ་ཏོག་གི་ཕྲེང་བ་དང་བཅས་པ ་བསྣམས་པ་ནི་ཡེ་ཤེས་ཏོག་གོ།། ཉོན་མོངས་པའི་ལུས་ཀུན་ལས་ནི་རྣམ་པར་གྲོལ་ཞིང་ན་མཁའ་ལ་གནས་པའི་གཏེར་གྱི་མཛོད་ཕྱག་ན་བསྣམས་པ་ནི་བཟང་སྐྱོང་ངོ་།། ཡིད་བཞིན་ནོར་བུ་འཆང་ཞིང་སེམས་ཅན་ཀུན་ལ་ཁྱབ ་པས་རིན་པོ་ཆེའི་མཛོད་སྟེར་བས་བློ་གྲོས་རྒྱ་མཚོའོ།། དཔག་བསམ་གྱི་ཤིང་དང་བུམ་པ་བཟང་པོ་ཕྱག་ན་བསྣམས་པ་བློ་གྲོས་མི་ཟད་པའོ།། སོ་སོར་རྟོག་པའི་བྱེད་པས་སེམས་ཅན་ཀུན་གྱི་དོན་བྱེད་པའི་པདྨ་དང་། ཕྲན ་འདྲོགས་པའི་པོ་ཏི་བསྣམས་པས། སེམས་ཅན་གྱི་དགེ་བའི་བཤེས་གཉེན་ཏེ་སྤོབས་པ་བརྩེགས་པའོ།། ལས་རྒྱུ་འབྲས་བཟང་ངན་ཤེས་ཤིང་སེམས་ཅན་འདུལ་བའི་དུས་ཤེས་པ་ལ་ཕྱིར་མི་ལྡོག་པའི་དམ་ཚིག་ཤེས ་པའི་རལ་གྱི་ཕྱག་ན་བསྣམས་པའི་དམ་ཚིག་དང་ལྡན་པ་ནི་མཐུ་ཆེན་ཐོབ་པའོ།། དུས་གསུམ་མཁྱེན་ཅིང་འདུལ་བའི་སེམས་ཅན་གྱི་དབང་པོ་རབ་འབྲིང་ཤེས་ཤིང་ཐེག་པ་གསུམ་གྱིས་རྣམ་པར་གྲོལ་བ་ལ་མཁས ་པའི་རྒྱལ་མཚན་བསྣམས་པ་ནི་ངན་སོང་ཀུན་འདྲེན་པའོ།། རང་ཉིད་ཡོན་ཏན་དང་ལྡན་ཞིང་གཞན་གྱི་ཡོན་ཏན་ཤེས་ཤིང་མྱ་ངན་དང་བྲལ་བའི་ཆོས་ཤེས་པའི་བཀྲ་ཤིས་ལས་བྱུང་བའི་དཔལ་གྱི་བེའུ་ཕྱག་ན ་བསྣམས་པ་ནི་མྱ་ངན་དང་མུན་པ་ངེས་པར་འཇོམས་པའི་བློ་གྲོས་སོ།། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ་ནི་གཡུང་དྲུད་འཁྱིལ་པ་ཕྱག་ན་བསྣམས་པ། སེམས་ཅན་ལ་ཕན་པའི་གྲགས་པའི་ཚོགས་གཉིས་རྫོགས་པའི་བཀྲོ་ཤིས ་དང་སྒྲིབ་པ་གཉིས་སྤངས་པའི་སྙན་གྲགས་དགེ་སྟེ་དྲ་བ་ཅན་གྱི་འོད་དོ།། ཕྱིར་མི་ལྡོག་པས་ན་དབུགས་འབྱིན་ཆེན་པོ་སྟེ། སེམས་ཅན་རྣམས་དགའ་བར་བྱེད་པས་ན་དགའ་སྟོན་ཆེ་སྟེ། ཟླ་བས་མཚན་གདུགས་ཀྱི་རོལ་མོ་ཆེན་པོ ་འཆང་བས་ན་ཟླ་འོད་གཞོ་ནུའོ།། སོ་སོར་རྟོག་པའི་བཀུར་སྟི་དང་རིམ་གྲོ་ཕུན་སུམ་ཚོགས་པ་འོད་དཔག་ཏུ་མེད་པ་མངའ་ཞིང་མཆོག་ཏུ་དགའ་བའི་པདྨའི་སྟེང་ན་གྲགས་པའི་བདག་ཉིད་ཀྱི་དཔལ་གྱི་རལ་གྲི་བསྣམས་པ་ནི་འོད ་དཔག་ཏུ་མེད་པའོ།། ན་མཁའ་མཛོད་མཆོག་དང་ལྡན་ཞིང་རིན་པོ་ཆེའི་མཛོད་ཀྱི་མཆོག་ཕྱག་ན་བསྣམས་པའི་གཙོ་བོ་སྟེ། སྐྱབས་རྣམས་ཀྱི་མཆོག་ན་མཁའི་སྙིང་པོའོ།། འཇིགས་པ་ཆེན་པོ་བརྒྱད་ནི་དགྲ་སྟེ། དེ་སྐྱོབ་པའི་སྣ་ཚོག ་རྡོ་རྗེ་རབ་ཀྱི་མཆོག་དང་འཇིགས་པ་མ་ལུས་སེལ་བའི་རལ་གྲི་ཕྱག་ན་བསྣམས་པ་ནི་སྒྲིབ་པ་རྣམ་པར་སེལ་བའི་མི་བསྐྱོད་པའི་འཁོར་དང་བཅས་པའི་དབང་དུ་བྱས་ནས་ཚིགསུ་བཅད་པ་དྲུག་སྟེ། དེ་ལོ་གཙུག་ཕུད ་བུད་པུ་ལྕང་ལོ་ཅན་གྱི་རྨ་བྱའི་མདོངས་བཞིན་དུ་དབུ་ལྕང་ལོ་བཅིངས་པའོ།། མུཉྫས་བཅིངས་པའི་རལ་པའི་ཅོད་པན་ནི་གདོང་ལྔ་གཙུག་ཕུད་ལྔ་དང་ལྡན་ནི་གདོང་ལྔ་ལ་ཅོད་པན་ཉི་ཤུ་མངའ་བའོ།། ཟུར་ཕུད་ལྔ་པ་མེ་ཏོག་ཐོད ་ནརྀ་ཅོད་པན་བར་ནས་མེ་ཏོག་ཕྲེང་བའོ།། མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་འཆང་།། ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག་ནི་ཞལ་སྟེང་མ་རབ་ཏུ་བྱུང་བའི་ཆ་ལུགས་ཅན་ནོ།། དེ་ལྟར་ཞལ་ལྔ་ནི་ཡེ་ཤེས་ལྔའི་རྣམ་པར་དག་པའོ།། ་སེམས་ཅན་ལ་ཕན་པའི་སྨོན་ལམ་མཐར་ཕྱིན་ཅིང་འཁོར་བ་ཇི་སྲིད་པར་དམ་བཅས་པས་ན་དཀའ་ཐུབ་ཆེ་བའོ།། ཞལ་སྟེང་མ་དོ་ཇི་ལྟ་བུ་ཞེ་ན། གཙང་ནས་དམ་པ་གཽ་ཏ་མའི་རིགསུ་འཁྲུངས་པའོ།། བྲམ་ཟེ་ཚངས་པ་ནི་ལམ ་གཞན་ལས་བསྟོད་པའོ།། ཚངས་པ་ཤེས་ནི་ལམ་མཁྱེན་པའོ།། མྱ་ངན་ལས་འདས་པ་ཐོབ་པ་ནི་སློབ་པའི་ལམ་མེ་ལོང་ལྟ་བུ་ཐོབ་པའོ།། གྲོལ་བ་ནི་ཉོན་མོངས་པའི་སྒྲིབ་པ་ལསོ།། རྣམ་པར་གྲོལ་བའི་ལུས་ནི་སྙོམས་པར ་འཇུག་པའི་སྒྲིབ་པ་ལ་སོ།། གྲོལ་བ་ནི་ཉན་ཐོས་ཀྱིའོ།། ཞི་བ་ཐེག་པ་ཆེན་པོ་སྟེ་དེའི་བདག་ཉིད་རྡོ་རྗེ་སེམས་དཔྱའོ།། མྱ་ངན་ལས་འདས་པ་ནི་ཉོན་མོངས་པའི་སྒྲིབ་པ་ལས་སོ།། མྱ་ངན་ལས་འདས་པ་ནི་ཤེས་བྱའི་སྒྲིབ་པ་ལསོ།། ་ལེགས་པར་ནི་ཐུགས་རྗེའོ།། མྱ་ངན་འདས་པ་ནི་ཤེས་རབ་ཀྱིསོ།། ཉེ་བ་ནི་རབ་ཏུ་མི་གནས་པ་ལ་ཉེ་བའོ།། བདེ་སྡུག་སེལ་བའི་མཐར་གྱུར་པ་ནི་སྲིད་པ་དང་ཞི་བ་ལ་མི་གནས་པའོ།། ཆགས་བྲལ་ནི་སྒྲིབ་པ་ལསོ།། ་ལུས་ལས་འདས་པ་ནི་བག་ལ་ཉལ་བ་སྤངས་པ་སྟེ་རྡོ་རྗེ་རྒྱལ་པོའོ།། ཐུབ་པ་མེད་པ་ནི་སེར་སྣ་སྤངས་པའོ།། དཔེ་མེད་པ་ནི་འཆལ་པའི་ཚུལ་ཁྲིམས་སྤངས་པའོ།། མི་མངོན་པ་ནི་ཁོང་ཁྲོ་བ་སྤངས ་པཱའོ།། མི་སྣང་བ་ནི་ལེ་ལོ་དང་བྲལ་བའོ།། གསལ་བྱེད་མིན་ནི་གཡེང་བ་མེད་པའོ།། མི་འགྱུར་བ་ནི་འཆལ་པའི་ཤེས་རབ་དང་བྲལ་བའོ།། ཐེག་པ་གསུམ་འགྲོ་བ་ལ་སྨིན་ཅིང་གྲོལ་བ་ལ་ཁྱབ་པ་པོ་སྟེ། ཆོས་ཀྱི་དབྱིངས ་ཀྱི་རང་བཞིན་གྱིས་མདངས་ཕྲ་ཞིང་ཟག་པ་ས་བོན་དང་བྲལ་བ་ནི་རྡོ་རྗེ་ཆགས་པའོ།། རྡུལ་མེད་ནི་སྦྱིན་པའོ།། རྡུལ་བྲལ་ནི་ཚུལ་ཁྲིམསོ།། དྲི་མ་མེད་པ་ནི་བཟོད་པའོ།། ཉེས་པ་སྤངས་པའི་སྐྱོན་མེད་པ་ནི་བརྩོན་འགྲུས ་སོ།། རྡོ་རྗེ་སེ་གོལ་གྱི་སྒྲས་དེ་བཞིན་གཤེགས་པ་ཤིན་ཏུ་སད་པར་བྱེད་པ་ན་བསམ་གཏནྡ་ནོ།། ཇི་སྙེད་པ་ཀུན་ཤེས་ཤིང་ཇི་ལྟ་བ་ཀུན་རིག་མངའ་བ་ནི་ཤེས་རབ་དམ་པ་སྟེ། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་སྟེ་རྫི ་རྗེ་ལེགས་པའོ།། རིན་ཆེན་གཙུག་ཏོར་གྱི་དབང་དུ་མཛད་ནསུ་བཤད་པོ། རྣམ་པར་ཤེས་པའི་ཆོས་ཉིད་འདས་ཞེས་བྱ་བ་ནི་རྣམ་པར་ཤེས་པ་གནས་འགྱུར་བའི་འོད་གསལ་བའོ།། གཉིས་མཽད་ཡེ་ཤེས་ཚུལ་འཆང ་བ་ནི་ཟུང་འཇུག་གིའོ།། རྣམ་པར་མི་རྟོག་ལྷུན་གྱིས་གྲུབ་ནི་རིན་ཆེན་གཙུག་ཕུད་སྐུ་མདོག་སེར་པོ་ཞལ་ལྔ་པའོ།། དུས་གསུམ་སངས་རྒྱས་ལས་བྱེད་པ་ནི་དེ་ལྟར་གྱི་སངས་རྒྱས་ཀྱི་བདག་ཉིད་རྗེ་ཆེན་གཙུག་ཕུད་དང་། ་དྲང་པོའི་སངས་རྒྱས་ཐུགས་ཀར་བཞུགས་པ་དང་། མ་བྱོན་པའི་སངས་རྒྱས་བཱ་གཱི་ཤྭ་རིའོ།། སངས་རྒྱས་ཐོག་མ་ཐ་མ་མེད།། དང་པོ་སངས་རྒྱས་རྒྱུ་མེད་པ་ནི་ཐུགས་ཀར་ཞལ་ལྔ་ཕྱག་བརྒྱད་པའོ།། ཡེ་ཤེས་མིག་གཅི ་དྲི་མ་མེད།། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས་ཞེས་བྱ་བཱ་ནི། གཉི་སུ་མེད་པའི་སྤྱན་གཅིག་དང་ལྡན་པའི་བྷཱ་གྣི་ཤཱ་རའོ།། རྡོ་རྗེ་བཞད་པའི་དབང་དུ་མ་ཛད་ནས། ཚིག་གི་དབང་ཕྱུག་ནི་ཡང་དག་པའི་ལྟ་བུའོ།། སྨྲ་བ་ཆེན་པོ ་ནི་ཡང་དག་པའི་རྟོག་པའོ།། སྨྲ་བའི་སྐྱེས་མཆོག་ནི་ཡུང་དག་པའི་ངག་གོ།། སྨྲ་བའི་རྒྱལ་ནི་ཡང་དག་པའི་ལས་ཀྱི་མཐའོ།། སྨྲ་བའི་དམ་པ་ནི་ཡང་དག་པའི་འཚེ་བའོ།། མཆོག་གི་གནས་ནི་ཡང་དག་པའི་རྩོལ་བའོ།། སྨྲ་བའི་སེང་གེ་ན་ཡང་དག ་པའི་དྲན་པའོ།། ཚུགས་པ་མེད་པ་ནི་ཡང་དག་པའི་ཏིངངེ་འཛིན་ཏེ། རྡོ་རྗེ་བཞད་པ་ཞལ་བཅུ་གཅིག་པའོ།། ཀུན་ཏུ་ལྟ་བ་ནི་སེང་གེའི་འཇིགས་པ་ལས་སྐྱོབ་པའོ།། མཆོག་ཏུ་དགའ་བ་ནི་གླང་པོའི་འཇིགས་པ་ལསོ།། གཟི་བརྗིད་ཕྲེང་བ་ནི ་མེའི་འཇིགས་པ་ལསོ།། བལྟ་ན་སྡུག་པ་ནི་སྦྲུལ་གྱི་འཇིགས་པ་ལས།། འོད་འབར་བ་ནི་མཚོན་གྱི་འཇིགས་པ་ལསོ།། དཔལ་གྱི་བེའུ་ནི་རྐུན་པོའི་འཇིགས་པ་ལསོ།། ལག་ན་འོད་འབར་བ་ནི་ཤ་ཟའི་འཇིགས་པ་ལསོ།། སྣང་བ་པོ་ནི་རྒྱ་མཚོའི་ཐ ་རླབས་ཀྱི་འཇིགས་པ་ལས་སྐྱོབ་པས་ན་འཇིག་རྟེན་པའི་འཇིགས་པ་བརྒྱད་སྐྱོབ་པའོ།། འཇིག་རྟེན་ལས་འདས་པའི་འཇིགས་པ་ལས་སྐྱོབ་པ་ནི། སྨན་པ་ཆེ་མཆོག་གཙོ་བོ་སྟེ།། ཤེས་བྱའི་སྒྲིབ་པ་གསོ་བའོ།། ཉོན་མོངས་པའི་ཟུག་རྫུ་འབྱིན ་པ་སྟེ་བླ་ན་མེད་པའོ།། ཉོན་མོངས་པ་དང་ཤེས་བྱའི་བག་ལ་ཉལ་བ་མ་ལུས་འཇོམས་པས་ན། སྨན་རྣམས་མ་ལུས་ལྗོན་པའི་ཤིང་ངོ་།། ལམ་ལྔའི་ཉོན་མོངས་པ་མ་ལུས་པ་སྤོང་བས་ན། ནད་དོ་ཅོག་གི་དགྲ ་ཆེ་བ་སྟེ། ལྷ་ཉི་མའི་གཟུགས་ཅན་ནོ་སྡུག་གུ་འཇིག་རྟེན་གསུམ་ན་མཛེས་ནི་གཟུགས་ཕུན་སུམ་ཚོགས་པའོ།། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན་ནི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱིས་བསྐོར་བའོ།། ཕྱོགས་བཅུའི་ན་མཁའི་མཐའ ་གཏུགས་པ། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་པ་ནི་བྱམས་པའི་འབྲས་བུའོ།། འགྲོ་ན་གདུགས་གཅིག་ཡངས་པ་སྟེ། བྱམས་དང་སྙིང་རྗེའི་བདག་ཉིད་ཙཱན་ནི་སྙིང་རྗེ་དང་བྱམས་པའི་བདག་ཉིད་དོ།། དཔལ་ལྡན་ནི་ཟླ་བའི་གཟུགས ་ཅན་པདྨ་ནི་འདིར་ཀུ་མུ་ད་སྟེ་སྟེང་ན་གཱ་མཛད་པའོ།། ཁྱབ་བདགོ་ཆེན་པོ་རིན་ཚན་གདུགས་ནི་ཕྱག་མཚན་ཏེ་ཟླ་བའི་རྒྱལ་མཚན་ནོ།། སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ་ནི་སངས་རྒྱས་ལྔའི་ཅོད་པན་མངའ་བའོ།། སངས་རྒྱས ་ཀུན་གྱི་སྒྲ་འཆུང་བ་ནི་སྒྲ་སྟེ་ནུས་སོ།། རྣལ་འབྱོར་ཚེ་ནི་ཐུགས་ཀྱི་སྒོན་མོ།། བསྟན་པ་གཅིག་ནོ་གསུང་གི་སྒོ་ན་སོ།། རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ་ནི་མང་གི་དབང་བསྒྱུར་བའི་སྒོ་ནས་སོ།། རིན་ཆེན་ཀུན་བདག་དབང་ཕྱུག ་སྟེརྀན་གྲི་ཆེའི་རིགས་ཀྱི་འཁོར་ལོ་སྦྱར་བའི་སྒོ་ནས་སོ།། འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག་ནི་སེམས་ཅན་ཀུན་ལ་དབང་བསྐུར་བའོ།། རྡོ་རྗེ་འཆང་བ་ཀུན་གྱི་རྗེན་དེ་བཞིན་གཤེགས་པ་ཀུན་ལ་དབང་བསྐུར་བའི་བཛིན ་པོ་སྟེ། རྡོ་རྗེ་རིན་ཆེན་ནོ།། སྣང་བ་མཐའ་ཡས་པདྨའི་ཏིང་འཛིན་གྱི་དབང་དུ་མཛད་ནས་སངས་རྒྱས་ཀུན་གྱི་ཐུགས་ཆེ་བ་ནི་དང་པོའི་སངས་རྒྱས་ཐུགས་ལ་གནས་པའོ།། སངས་རྒྱས་ཀུན་གྱི་སྐུ་ཆེ་བ།། སངས་རྒྱས་ཀུན་གྱི ་གསུང་ཡང་ཡིན།། ཐུགས་ཀྭའི་བཛྫ་ཏཱིཀྵྞའོ།། རྡོ་རྗེ་ཉི་མ་སྣང་བ་ཆེ་ནི་རང་ཉིད་ཉི་མའི་འོད་མངའ་བའོ།། རྡོ་རྗེ་ཟླ་བ་དྲི་མེད་ན་དང་པོའི་སངས་རྒྱས་ཟླ་བའི་འོད་མངའ་བའོ།། ཆགས་བྲལ་ན་མྱ་ངནི་ལས་འདས་པ་ལས་སོ།། སོགས ་པས་བསྡུས་པ་ནི་ཆགས་པ་སྟེ་འཁོར་བའོ།། ཆགས་པ་ནི་གཉིས་ཀ་ལ་མི་གནས་པའོ།། ཁ་དོག་སྣ་ཚོགས་འབར་བ་ནི་སྐུ་མདོག་དམར་པོ་འོད་ཟེར་དམར་བའོ།། རྡོ་རྗེ་སྐྱིལ་ཀྱང་ནི་བཞུགས་སྟང་སོ།། འགྲོ་བའི་ཆོས་འཛིན་པ་ནི ་པདྨ་པ་སྣམས་པ་སྟེ། སེམས་ཅན་ལ་དམིགས་པའི་སྣང་བ་མཐའ་ཡ་སོ།། རྡོ་རྗེ་ཆོས་བཤད་པ།། སངས་རྒྱས་སྐྱེས་ནི་སྣང་བ་མཐའ་ཡས་ལས་སྐྱེས་པའོ།། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ་ནི་གཡོན་པ་པདྨའི་ཡུ ་བ་བཟུང་ནཱིས་གཡས་པས་འབྱེད་པའོ།། རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆུང་ནི་འགྲོ་བ་འདུལ་བ་ཀུན་གཟུགསསོ།། ཆེ་བ་སངས་རྒྱས་སྣང་བ་མཐའ་ཡས་རིག་སྔགས་ཀྱི་བདག་པོ་དབུ་ལ་འཆང་བ་སྟེ་པདྨའི་སྒྲོན་མའོ།། རྡོ་རྗེ ་རྣོན་པོའི་ཚིག་བཤད་གཅིག་ནི་གོ་སླའོ།། ཁྱབ་འཇུ་ག་གི་གཟུགས་ཅན་རྡོ་རྗེ་ཟབ་མོ་ཛི་ན་ཛིག་སྟེ་བླ་ན་མེད་པའི་རྒྱལ་བས་རྒྱལ་བའོ།། རྡོ་རྗེ་བློ་གྲོས་དོན་བཞིན་རིག་ནི་རྫུ་འཕྲུལ་རྣམ་པར་འཕྲུལ་པ་མཁྱེན་པའོ།། ཕ་རོལ་ཕྱིན ་པ་ཀུན་རྫོགས་པ་ནི་ཕ་རོལ་ཕྱིན་པ་བཅུ་རྫོགས་པའི་ས་བཅུ་རྫོགས་པས་ན་རྒྱན་དང་ལྡན་པ་སྟེ་རྡོ་རྗེ་འཁོར་ལོའི། རྣམ་པར་དག་པ་བདག་མེད་ཆོས་ནི་ཆོས་སོ་སོ་ཡང་དག་པར་རིག་པའོ།། ཡང་དག་ཡེ ་ཤེས་ཟླ་འོད་བཟང་ནི་སྤོབས་པའོ།། བརྩོན་ཆེན་སྒྱུ་འཕྲུལ་དྲ་བ་ནི་ངེས་པའི་ཆོ་གོ།། རྒྱུད་ཀུན་གྱི་ནི་བདག་པོ་མཆོག་ནི་དོན་སོ་སོ་ཡང་དག་པར་རིག་པ་སྟེ། ཚངས་པའི་གཟུགས་ཅན་གྱིས་གསུངས་པའོ།། དོན་ཡོད་གྲུབ་པའི ་པདྨའི་ངས་པའི་དབང་ཕྱུག་གི་དབང་དུ་མཛད་ཅེནས། རྡོ་རྗེ་གདན་ནི་མ་ལུས་ལྡན་ནི་རྡོ་རྗེ་སྐྱིལ་མོ་ཀྲུང་ངོ་།། ཡེ་ཤེས་སྐུ་རྣམས་མ་ལུས་འཆང་ནི་ཛྙཱ་ན་ཀཱ་ཡའོ།། ཀུན་ཏུ་བཟང་པོ་བློ་གྲོས་བཟང་ནི་ཐམས་ཅད་ལ་ཁྱབ་པའི ་ཕྱིར་དང་པོ་སངས་རྒྱསོ།། ས་ཡི་སྙིང་པོ་འགྲོ་བ་འཛིན་བྱ་བ་ནན་ཏན་གྱི་འགྲོ་བྱ་རྣམས་མི་གཏོང་བ་སྟེ་དོན་ཡོད་གྲུབ་པོའོ།། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ་སྟེ་སྦྱོར་བའི་བརྩོན་འགྲུས་ཀྱི་ངོ་བོ་ཡིན་པས། སྤྲུལ་པའི ་འཁོར་ལོ་སྣ་ཚོགས་འཆང་སྟེ་ཞི་བ་དང་རྒྱས་པ་དང་དཔྱིང་མངོན་སྤྱོད་ཀྱི་འཁོར་ལོ་སྣ་ཚོགས་འཆང་བ་རྡོ་རྗེ་ལསོ།། དངོས་པོ་ཀུན་གྱོ་རང་བཞིན་འཆང་ནི་སྒྲུབ་པའི་བརྩོན་འགྲུས་ཏེ་ཕྲིན་ལས་ཐམས་ཅད་ཀྱི་ར ་བཞིན་འཛིན་པའི་བསྲུང་བའོ།། སོ་སོར་རྟོག་པ་སྐྱེ་བ་མེད་པའི་ཆོས་མཁྱེན་ནས་འགྲོ་བ་སྣ་ཚོགས་དོན་དུ་གཉེར་བའི་ཆོས་ཀུན་གྱི་ངོ་བོ་ཉིད་འཆང་བའི་གནོད་སྦྱིན་ནོ།། ནན་ཏན་བྱེད་པའི་ཤེས་རབ་ཆེན་པོ་སྐད ་ཅིག་ལ། ཆོས་ཀུན་གྱི་འོད་གསལ་བ་ཐུགསུ་ཆུད་པའི་ཁུ་ཚུར་རོ།། དད་པའི་དབང་པོས་ཆོས་ཀུན་ཁོང་དུ་ཆུད་པས་ཐུབ་པའི་བློ་མཆོག་སྟེ་ལྕགས་ཀྱུའོ།། བརྩོན་འགྲུས་ཀྱི་དབང་པོས་མི་གཡོ་བས་སངྱས་རྒྱས་ཀྱི་བྱུང ་ཆུབ་ཏུ་འཇུག་ཅིང་། འཆང་བས་ནཱ་ཞགས་པའོ།། དྲན་པའི་དབང་པོས་སངས་རྒྱས་ཀུན་གྱི་མངོན་སུམ་དུ་བྱེད་པས་ན་ལྕགས་སྒྲོག་གོ།། ཡེ་ཤེས་མི་ལྕེ་འོད་འབར་གསལ།། འབེབས་པས་ནི་དྲིལ་བུའོ།། དེ་ལྟར་ཚིག ་སུ་བཅད་པ་བཞི་བཅུ་རྩ་གཉིས་ཀྱིས་པདྨ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་བཛྲ་ཏཱིཀྵ་དང་ལྡན་པའི་འཁོར་ལོ་སྒྱུར་བའོ།། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་གྱི་དབང་དུ་བྱས་ནས་འདོད་པའི་དོན་གྲུབ་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་དང་ཐུན་མོང་དང་མཆོག་གི་དངོས་གྲུབ་སྒྲུབ་པའི་མཆོག་ཏུ་གྱུར་པས་དམ་པ་སྟེ་རྣམ་པར་སྣང་མཛད་དོ།། ངན་སོང་ཐམས་ཅད་རྣམ་པར་སྦྱོང་བ་ནི་རབ་ཏུ་བྱུང་བའི་ཆ་བྱད ་ཅན་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱག་རྒྱས་མངའ་བའོ།། མགོན་པོ་སེམས་ཅན་ཀུན་གྱི་མཆོག་ནི་ཐུགས་ཀའི་དང་པོའི་སངས་རྒྱསོ།། སེམས་ཅན་ཐམས་ཅད་རབ་སྒྲོལ་བྱེད་ནི་འཁོར་ལོ་གཉིས་ཀྱི་སྟེང་དུ ་པྲཛྙཱ་ཛྙཱ་ན་མཱུརྟིའོ།། དོན་གྲུབ་ཀྱི་མི་བསྐྱོད་པའི་དབང་དུ་བྱས་ནས། ཉོན་མོངས་གཡུལ་དུ་གཅིག་དཔའ་སྟེ། ཉོན་མོངས་པས་ཀུན་ནས་བསླང་པོའི་གཡུལ་གྱི་ནང་ན་རྡོ་རྗེ་བསྣམས་ནས་གཅིག་པུ་དཔའ་བ་ཉོན་མོངས་པ་དང་། ཤེས ་བྱའི་སྒྲིབ་པའི་ང་རྒྱལ་དང་བཅས་པ་དྲེགས་པས་ས་གནོན་གྱི་ཕྱག་རྒྱས་འཇོམས་པའོ།། དཔལ་ལྡན་ནི་ཟུང་དུ་འཇུག་པའོ།། བློ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ།། དེ་ལས་བྱུང་བའི་སྒེག་པར་ལྡན་པ་ནི་ཞལ ་ཁྲོ་འཛུམ་དང་ལྡན་པའོ།། ཅུང་ཟད་མཆེ་བ་གཙིགས་ཤིང་བདུད་ཀྱིས་མི་བསྐྱོད་པ་བསྟན་པ་བསྟན་པོའི་ཁྲོ་བོ་མི་སྡུག་པའི་གཟུགས་འཆང་བའོ།། རིན་ཆེན་གཙུག་ཕུད་ཀྱི་དབང་དུ་མཛད་ནས་འོད་ཟེར་གྱིས་སྤྲུལ ་པའི་ལག་པ་བརྒྱ་པོ་ཀུན་ཏུ་བསྐྱོད་པ་ནི་གཡས་བརྐྱང་དང་གཡོན་བརྐྱང་གི་གོམ་པའི་སྟོབས་ཀྱིས་གར་བྱེད་པའོ།། དཔལ་ལྡན་ནི་བཅོམ་ལྡན་འདས་རིན་ཆེན་གཙུག་ཏོར་གྱི་ངོ་བོ་ལག་པ་བརྒྱས་སྤྲུལ་པའི་ཕྱག ་གིས་ལོངས་སྤྱོད་པ་ནི་ནཱ་མཁའ་ཁྱབ་པར་སེམས་ཅནྡ་ལཱ་དབང་བསྐུར་ནས། གར་བྱེད་པ་ནི་ཅི་དགའ་བར་རོལ་པའོ།། རིན་ཆེན་ཏིང་འཛིན་གྱི་དབང་དུ་མཛད་ནས་ཡི་གེ་ལམ་ཡོངསུ་གྱུར་པའི་སའི་དཀྱིལ ་འཁོར་གྱི་སྟེང་དུ་པདྨའི་ལྟེ་བར་རྐང་པ་གཡས་པའི་མཐིལ་གྱིས་གནོན་ཅིང་ཞབོས་གཡོན་པའི་མཐེབ་སེན་མོའི་ཁྱོན་གྱིས་བསམ་གཏན་དྲང་པོའི་ཚངས་པའི་ཡུལ་ས་རྩེ་ནས་གནོན་པ་སྟེ་ཕྱག་གཉིས ་ཀྱི་པདྨ་བསྣམས་པའོ།། རིན་ཆེན་ཆར་འབེབས་ཀྱི་དབང་དུ་མཛད་ནས། དོན་གཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་གཅིག་ནི་སྟོང་པ་ཉིད་དོ།། གཉིས་མེད་ནི་མཚན་མ་མེད་པའོ།། ཆོས་ཀྱི་དོན་ནི་སྨོན ་པ་མེད་པའོ།། དམ་པའི་དོན་ནི་འོད་གསལ་བའོ།། འཇིགས་མེད་ནི་ཆོས་ཀྱི་དབྱིངསོ།། རྣམ་རིག་སྣ་ཚོགས་གཟུགས་དོན་ཅན་ནི་མེ་ལོང་ལྟ་བུའོ།། སེམསྣ་ནི་ཀུན་གྱིས་གནས་འགྱུར་བའོ།། རྣམ་ཤེས་རྒྱུད་དང་ནི་ཡིད ་ཀྱི་རྣམ་པར་ཤེས་པ་གནས་གྱུར་པའི་སོ་སོར་རྟོག་པའི་ཡེ་ཤེསོ།། དངོས་དོན་མ་ལུས་ནི་སྟོང་པ་ཉིད།། དགའ་བ་ནི་རྡོ་རྗེ་སེམས་མའོ།། སྟོང་པ་ཉིད་དགའ་ནི་མཚན་མ་མེད་པའོ།། འདོད་ཆགས་བློ་ནི་རིན་ཆེན་མའོ།། ་བླ་ན་རིན་ཆེན་མའོ།། སྲིད་པའི་འདོད་ཆགས་སོགས་སྤངས་པ་ནི་སྨོན་པ་མེད་པ་སྟེ་ཆོས་མའོ།། སྲིད་གསུམ་དག་བ་ཆེན་པོ་ནི་འོད་གསལ་བ་སྟེ་ལས་མའོ།། སྦྱིན་དཀར་དག་པ་བཞིན་དུ་དཀར་ནི་ཚུལ་ཁྲིམ ་རྣམ་པར་དག་པས་དཀར་མོའོ།། སྐུ་མདོག་སེར་མོ་ཡིན་ཡང་། འོད་བཟང་སྟོན་ཀའི་ཟླ་བའི་འོད་མངའ་བའི་རིན་ཆེན་སེམས་མའོ།། རྒྱལ་པོ་བཤད་པ་ཉི་མའི་འོད་མངའ་བས་ནཱ། ཉི་མ་ཤར་ཀའི་དཀྱིལ ་ལྟར་མཛེས་པའོ།། སེན་མོའི་འོད་ནི་ཤས་ཆེར་དམར་བས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་མཚོན་པའོ།། རིན་ཆེན་ཆགས་པ་གསུངས་པ་སངས་རྒྱས་ལྔའི་ཅོད་པན་བཟང་པོ་ཨིནྡྲ་ནཱི་ལའི་མདོག་ཅན་གྱི ་ཟུར་ཕུད་ཀྱི་རྩེ་མོ་ཅནོ།། དེས་ན་སྐྲ་མཆོག་མཐོན་ཀའི་རྩེ་མོ་ཅན་ཞེས་བྱའོ།། ནོར་བུ་ལེགས་པར་བཤད་པ། ནོར་བུ་ཆེན་པོ་འོད་ཆགས་དཔལ་ཏེ་འོད་ཟེར་ཁ་དོག་ལྔ་པ་ཅན་དང་། སྤྲུལ་པའི་སངས་རྒྱས ་ལྔའི་དབུ་རྒྱན་ཅན་ནོ།། རིན་ཆེན་ཁྲོ་གཉེར་བཤད་པ་ཞབས་གཡོན་བརྐྱང་ནས་འཇིག་རྟེན་གྱི་ཁམས་ཀུན་ཏུ་བསྐྱོད་ཅིང་། ཞབས་གཡས་པས་རྫུ་འཕྲུལ་གྱི་རྐང་པའི་སྟོབས་ཀྱིས་གཟུགས་ཀྱི་ཁམས་གནོན ་པའོ།། རིན་ཆེན་འོད་བཤད་པ་དེ་ཉིད་དྲན་པ་ཆེན་པོ་འཆང་ཞེས་བྱ་སྟེ་ལུས་དང་ཚོར་བ་དང་སེམས་དང་ཆོས་ཀྱི་དྲན་པ་འཆང་བས་དྲན་པ་ཆེན་པོ་སྟོང་པ་ཉིད་ཀྱི་ཏིང་འཛིན་གྱི་རྒྱལ་པོའོ།། རིན་ཆེན་དཔལ་གསུངས་པ་བྱུང ་ཆུབ་ཡན་ལག་མེ་ཏོག་སྤོས་ཞེས་བྱ་སྟེ། དྲན་པ་དང་ཆོས་རྣམ་པར་འབྱེད་པ་དང་བརྩོན་འགྲུས་དང་དགའ་བ་དང་ཏིང་འཛིན་དང་ཤིན་ཏུ་སྦྱངས་པ་དང་བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་སྟེ། དེ་རྣམས་མངའ་བའི་སྤོས ་ཀྱི་དྲིས་དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོ་ཁྱབ་པའི་བྱམས་པའོ།། རིན་ཆེན་བཤད་པ་ལམ་གྱི་ཡན་ལག་བརྒྱད་ཚུལ་རིག་སྟེ་ཡང་དག་པའི་ལྟ་བ་དང་རྟོག་པ་དང་ངག་དང་ལས་དང་འཚོ་བ་དང་རྩོལ་བ་དང་ཏིང ་འཛིན་དང་དྲན་པ་དང་བྱང་ཆུབ་ཀྱི་ཡན་ལག་སྟེ་ཡང་དག་པའི་སྟོངས་རྒྱས་ཀྱི་ལམ་གྱི་ཆོས་ཀྱི་སྦྱིན་པའོ།། རིན་ཆེན་ཆོས་ཀྱི་དབང་དུ་མཛད་ནས་སེམས་ཅན་ཀུན་ལ་ཤས་ཆེར་ཆགས་ཏེ་བྱམས་པའི་ཏིང་འཛིན་གྱི་བདེ་བར་མཛ ་པས་ན་ཆགས་པའོ།། ན་མཁའ་ལྟ་བུའི་སྟོང་པ་ཉིད་མཁྱེན་པའི་ཤེས་རབ་ཀྱི་ནི་ཆགས་པའོ།། རིན་ཆེན་རྣོན་པོ་བཤད་པ་སེམས་ཅན་ཀུན་གྱི་ཡིད་ལ་འཇུག་ཅེས་བྱ་སྟེ་ཐུགས་རྗེས་སེམས་ཅན་ལ་འཇུག་ཅིང་ཤེས་རབ་ཀྱིས ་སེམས་ཅན་གྱི་ཉོན་མོངས་པ་བཅད་ནས་ཡིད་ལྟར་མགྱོགས་པས་ན་རྣོན་པོའོ།། རིན་ཆེན་འཁོར་ལོ་བཤད་པ་སེམས་ཅན་ཀུན་གྱི་དབང་དོན་ཤེས་ཏེ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སེམས་ཅན་ཀུན་དོན་མཁྱེན་པའོ།། དགའ ་བའི་སྟོབས་ཀྱིས་སེམས་ཅན་ཀུན་གྱི་ཡིད་འཕྲོག་པས་འཁོར་ལོའོ།། རིན་ཆེན་གསུང་བ་བཤད་པ་ཕུང་པོ་ལྔ་དོན་ནི་དོན་སོ་སོ་ཡང་དག་པར་རིག་པའོ།། དེ་ཉིད་ཤེས་པ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ།། ་ཕུང་པོ་ལྔ་ནི་ཆོས་སོ་སོ་ཡང་དག་པར་རིག་པའོ།། རྣམ་དག་འཆང་བ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་སྟེ། བཏང་སྙོམས་ཆེན་པོའི་ལྗགས་བསྣམས་པའོ།། རིན་ཆེན་ལས་བཤད་པ་འབྲས་བུའི་དབང ་དུ་མཛད་ནས། ངེས་འབྱུང་ཀུན་གྱི་མཐའ་ལ་གནས་ཅེས་སྨོསོ།། ངེས་པར་འབྱུང་བ་ཀུན་ལ་མཁས་ནི་ཐེག་པ་གསུམ་གྱི་རྒྱུ་ལ་མཁས་པ་སྟེ་སྣ་ཚོགས་རྡོ་རྗེ་བསྣམས་པའོ།། རིན་ཚུན་བསྲུང་བ་བཤད་པ་ངེས་འབྲུ ་ཀུན་གྱི་ལམ་ལ་གནས་ཞེས་བྱ་སྟེ། ངེས་པར་འབྱུང་བ་ཐེག་པ་གསུམ་གྱི་མི་མཐུན་པའི་ཕྱོགས་ལས་བསྲུང་ཞིང་གནས་པའི་རྒྱུ་སེམས་ཅིནི་ལ་ངེས་པར་འབྱུང་བ་ཀུན་སྟོན་པ་ནི་འབྲས་བུ་སྟེ་གོ་ཆུ་བསྣམས ་པའོ།། རིན་ཆེན་གནོད་སྦྱིན་བཤད་པ་ཡན་ལག་བཅུ་གཉིས་སྲིད་རྩ་བཏོན་ཞེས་བྱ་བ་སྨོསཽ་ཏེ་ལུགསུ་འབྱུང་བའི་རྟེན་འབྲེལ་བཅུ་གཉིས་བག་ཆགས་དང་བཅས་པ་སྤངས་པའོ།། ལུགས་ལས་བཟློག་པའི་རྣམ ་པར་དག་པ་བཅུ་གཉིས་འཆང་བས་ན་མཆེ་བ་འཛིན་པའོ།། རིན་ཆེན་ཁུ་ཚུར་བཤད་པ་བདེན་བཞིའི་ཚུལ་གྱིས་རྣམ་པ་ཅན་ཏེ་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་གྱི་རྣམ་པ ་ཉིད་ཀྱི་རྣམ་པ་ཅན་གྱི་ཤེས་པ་བཞི་དང་རྗེ་སུ་ཤེས་པ་བཞི་སྟེ། བརྒྱད་ཀྱི་རྟོག་པ་གཅིག་ཏུ་སྡུག་ཅིང་ཁུ་ཚུར་འཆང་བའོ།། བསྐལ་པ་བཟང་པོའི་དབང་དུ་མཛད་ནས། བདེན་དོན་རྣམ་པ་བཅུ་གཉིས་ལྡན་ཞེས་བྱ ་སྟེ། སྡུག་བསྔལ་ཤེས་ཀུན་འབྱུང་སྤངས་པ་འགོག་པ་སྔོན་དུ་བྱས་པ་ལམ་བསྒོམ་པ་སྡུག་བསྔལ་ཤེས་པར་བྱ་ཀུན་འབྱུང་སྤང་བར་བྱ་འགོག་པ་མངོན་དུ་བྱ་ལམ་བསྒོམ་པར་བྱ་སྡུག་བསྔལ་ཤེས ་པར་བྱ་ར་མེད་ཀུན་འབྱུང་སྤྱང་དུ་མེད་འགོག་པ་མངོན་དུ་བྱེར་མེདོ་ལམ་བསྒོམ་དུ་མེད་པར་ཡུལ་དུ་བྱས་པར་འཚོང་བ་ནི་བྱམས་པའོ།། དེ་ཉིད་རྣམ་པ་བཅུ་དྲུག་རིག་ནི་བདེན་པ་བཞི་ལྀ་ཤི་ས་བཟོད་བཅུ་དྲུག ་རིག་པོའི་འཇམ་དཔལ་ལོ།། རྣམ་པ་ཉི་ཤུས་བྱང་ཆུབ་པ་ནི་བཟོད་པ་བརྒྱད་དང་ཤེས་པ་བརྒྱད་དང་ཡེ་ཤེས་བཞི་སྟེ་ཉི་ཤུས་བྱང་ཆུབ་པ་ནི་སྤོས་ཀྱི་གླང་པོའོ།། རྣམ་པར་སངས་རྒྱས་ཀུན་གྱི་ཡེ་ཤེས་ལྔ་རོ་ག ་ནས་མཆོག་ཏུ་གྱུར་པས་ན་ཏོག་སྟེ་ཡེ་ཤེས་ཏོག་གོ།། སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ།། བྱེ་བ་མཐའ་ཡས་པ་བཟང་པོ་དཔག་ཏུ་མེད་པ་འགྱེད་ཅིང་སྐྱོང་བས་ན་བཟང་སྐྱོང་ངོ་།། སྐད་ཅིག་པ་ཐམས་ཅད་ཀྱིས་བློས ་མངོན་པར་རྟོགས་པས་ན་བློ་གྲོས་རྒྱ་མཚོའོ།། སེམས་འོད་གསལ་བའི་སྐད་ཅིག་མའི་དོན་མི་ཟད་པ་ཀུན་རིག་པས་ན་བློ་གྲོས་མི་ཟད་པའོ།། ཐེག་པ་སྣ་ཚོགས་ཀྱི་ཐབས་ཀྱི་ཚུལ་གྱིས་སྤོབས་པ་མངའ་ཞིང་འགྲོ་བའི ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་དོན་ལ་རྟོག་པས་ན་བརྩེགས་པ་སྟེ་སྤོབས་པ་བརྩེགས་པའོ།། ཁམས་གསུམ་ལས་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་མཐུ་ཆེན་པོ་མངའ་ཞིང་ཐེག་པ་གཅིག ་འབྲས་བུར་གནས་པའི་མཐུ་ཆེན་པོ་བརྙེས་པས་ན་མཐུ་ཆེན་པོ་ཐོབ་པའོ།། ཉོན་མོངས་ཁམས་རྣམས་དག་པའི་བདག་ནི་ངན་སོང་ཀུན་འདྲེནོ།། ལས་ཀྱི་ཁམས་ཀྱི་མྱ་ངན་དང་བྲལ་བའི་སྡུག་བསྔལ་ཟད་པར་བྱེད་པས་ན ་མྱ་ངན་མུན་པ་ངེས་པར་འཇོམས་པའོ།། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཆུའི་རྒྱུ་མཚོ་ཀུན་ལས་རྒལ་བའི་ཡེ་ཤེས་ཀྱི་དྲ་བ་མངའ་བས་དྲ་བ་ཅན་གྱི་འོད།། སྦྱོར་བའི་དགོན་པ་ལས་བྱུང་བ་ནི་གཉེན་པོའི ་རྣལ་འབྱོར་ཟླ་བ་ཚེས་པ་ལྟ་བུ་འགྲོ་བ་ཀུན་འཁོར་བའི་དགོན་པ་ལས་བྱུང་ཡེ་ཤེས་ཀྱི་ལང་ཚྭ་བསྐྱོད་པས་ན་ཟླ་འོད་གཞོན་ནུའོ།། འོད་དཔག་ཏུ་མེད་པའི་ཡེ་ཤེས་ཀྱི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་བག ་ཆགས་དང་བཅས་པ་སྤངས་པས་ན་འོད་དཔག་ཏུ་མེདདོ།། སྙིང་རྗེ་ཆེན་པོ་དང་ཤེས་རབ་ཀྱི་ཐབས་ན་མཁའ་ལྟ་བུ་སྐྱེ་གནས་ལས་དངོས་གྲུབ་གསུམ་དོན་ཡོད་པར་མཛད་པས་ན་ན་མཁའི་སྙིང་པོའོ།། བདག་དང་བདག ་གཽར་ལྟ་བའི་སྒྲིབ་པའི་འདུ་ཤེས་ཀྱི་དོན་སྤངས་ཤིང་རྣམ་པར་ཤེས་པའི་དོན་གྱི་གཟུགས་འཛིན་སེལ་ཅིང་འགོག་པར་བྱེད་པས་ན་སྒྲིབ་པ་རྣམ་པར་སེལ་བའོ།། ལྷ་མོ་བརྒྱད་ཀྱི་དབང་དུ་མཛད ་ནས་ཕྱག་གཉིས་ཀྱིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བསྣམས་པས་ན། སེམས་ཅན་ཀུན་ཡིད་ཡུལ་དང་ལྡན་ཏེ་རིན་ཆེན་སྒེག་མོའོ།། ཕྱག་གཉིས་ཀྱིས་རིན་པོ་ཆེའི་ཕྲེང་བ་བསྣམས་པས་སངས་རྒྱས་ཀྱི་ཐུགས་རིག ་ཅིང་དགྱེས་པ་སྟེ་ཕྲེང་བ་མའོ།། རིན་པོ་ཆེའི་པི་ཝང་བརྡུང་བའི་གཞུ་བསྣམས་པས་ན་སེམས་ཅན་ཀུན་གྱི་ཡིད་ལ་གནས་ཏྭེ་གླུ་མཱའོ།། རིནྡྲ་པོ་ཆུ་རྩ་གཅིག་པ་བསྣམས་ནས་གར་བསྐོར་བས་སེམས་ཅན་དེ་དག་གི་སེམས ་དང་མཐུན་པར་འཇུག་པ་སྟེ་གར་མའོ།། རིན་པོ་ཆེའི་བདུག་པས་སེམས་ཅན་ཀུན་ཚིམ་པར་བྱེད་པས་ན་རློན་ཆེན་བདུག་པ་མའོ།། རིན་པོ་ཆེའི་མེ་ཏོག་གི་ཟ་མ་ཏོག་བསྣམས་པས་ན་སེམས་ཅན་ཀུན་གྱི་ཡིད་དགའ་བ་སྟེ་མེ ་ཏོག་མའོ།། མར་མེའི་མཆོད་སྡོང་བསྣམས་ནས་འཁྲུལ་པའི་མུན་པ་སེལ་བས་ན་མར་མེ་མའོ།། དྲིའི་དུང་ཆོས་བསྣམས་ནས་གཟུགས་འཛིན་གྱི་ནོར་པ་ཐམས་ཅད་སྐྱོང་བས་ན་དྲི་ཆབ་མའོ།། བྱད་བཱ་དང་སྡུག་བསྔ ་དང་བཏང་སྙོམས་ཀྱི་དོན་ལ་ཐེ་ཚོམི་མེད་ཅིང་ཤེས་བྱ་ཀུན་གྱི་དོན་ལ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྱི་བདག་ཉིད་བསྙེམས་པོས་རིན་ཆེན་ལྕགས་ཀྱུ་མའོ།། ཕུང་པོ་ལྔ་དང་དུས་གསུམ་དུ་ཆོས་ཀྱི་དཔྱོང་ཅེས་སྐད། ་ཅིག་ཐམས་ཅད་ལ་དོན་དམ་པར་བྱེ་བྲག་ཕྱེད་ལ་སྟེ་ཞགས་པ་མའོ།། སྐད་ཅིག་མ་གཅིག་གིས་རྫོགས་པའི་སངས་རྒྱས་དྲན་པའི་ལྕགས་སྒྲོག་གིས་བཅིངས་ནས་སངས་རྒྱས་ཀུན་གྱི་རང་བཞིན་བདག་གི ་ལུས་ལ་འཆང་བྱས་ན་རིན་ལྕགས་སྒྲོག་མའོ།། ལུས་མང་ལུས་ཏེ་སངས་རྒྱུས་ཀུན་གྱི་ཐུག་སོ།། ལུས་ཀྱི་མཆོག་སྟེ་གསུང་རྣམ་སོ།། ལུས་ཀྱི་མཐའ་ནི་རྟེན་ཡིན་པས་ནཱ་སྐུ་སྟེ། གཽཅིག་ཏུ་འབེབས་པ་རྟོག་པས་ན ་རིན་ཆེན་དྲིལ་བུའོ།། ཐམས་ཅད་ཀྱི་སྐུ་མདོག་དང་རྒྱུནྡྷ་དང་ཕྱག་མཚན་ཇི་ལྟ་བུ་ཞྭ་ནི། གཟུགས་རྣམས་སྣ་ཚིགས་ཀུན་ཏུ་སྦྱིནྡ་ཏེ་དབྱིབས་དུ་མ་ཙ་ནོ།། ནོར་བུ་ཆུན་པོ་ནི་ཀུན་གྱི་ཁཾ་དོག་སེར་པོའོ།། རིན་ཆེན་ཏོག་ནི་ཕྱག ་མཚན་དང་། ཅོད་པན་ལ་རིན་པོ་ཆེའི་ཏོག་མངའ་བའོ།། དེ་ལྟར་ཚོགསུ་བཅད་པ་ཉི་ཤུ་རྩ་བ་ཞེས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྒྱུར་བ་དོན་ཐམས་ཅད་གྲུབ་པ་ནི་བཱ་གཱི་ཤྭ་ར་དང་བཅས་པའོ།། རྟ ་མཆོག་གི་དཀྱིལ་འཁོར་ཐོག་མར་ཚིག་རྐང་པ་ལྔས་འབྲས་བུའི་དབང་དུ་བྱས་ནས་བཤད་པ་ནི་སངས་རྒྱས་ཀུན་གྱིས་རྟོག་བྱ་བ་ནི་སངས་རྒྱས་གཞན་གྱིས་ཤེས་པར་བྱའོ།། སངས་རྒྱས་བྱང་ཆུབ་བླ་ན་མེད་ནི་ཆོས་ཀྱི་སྐུའོ།། ་ལོངས་སྤྱོད་རྫོགས་པའི་སྐུའི་དབང་དུ་མཛད་ནས་དོན་དམ་པར་ནི་ཡི་གེ་མེད་པ་ཡིན་ལ། ཀུན་རྫོབ་དུ་བྱ་བ་དང་སྤྱོད་པ་གཉིས་ཀ་དང་རྣལ་འབྱོར་དང་རྣལ་འབྱོར་ནཱི་སྐུ་གསང་སྔགས་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི ་སྣང་བ་གསང་སྔགས་ཆེན་པོ་སྐུ་གསུང་ཐུགས་ཀྱི་རིགས་གསུམ་འཆང་བའི་སྤྲུལ་པའི་སྐུའི་དབང་དུ་མཛད་ནས་གསང་སྔགས་དོན་གྱི་དཀྱིལ་འཁོར་གྱི་ལྷ་ཀུན་སྤྲུལ་ཅིང་བསྐྱེད་པའོ།། དེ་སྒྲུབ་པའི་ཐབས་ནི་ཐིག་ལེ་ཆེན་པོ་ཞེས ་བྱ་བ་ལ་སོགས་པ་སྟེ། ཐིག་ལེ་ཆེན་པོ་ནི་སྲོག་གི་རླུང་ངོ་།། ཡི་གེ་མེད་པའི་དོན་རང་གི་མཚན་ཉིད་ཡིན་པས་རྟོགས་པ་དང་བྲལ་བའོ།། སྟོང་པ་ཆེན་པོ་ནི་ཆོས་ཀྱི་དབྱིང་སོ།། དེའི་ཡི་གེ་ནི་མི་འགྱུར་བས་ན་ཡེ་ཤེས་ལྔའོ།། ཐིག་ལེ་སྟོང་པ་ནི་རླུང་བརྟན ་འི་སྟོང་པ་ཉིད་རྟོགས་པས་ཡི་གེ་བརྒྱ་སྟེ་མི་འགྱུར་བའི་ཡི་གེ་བརྒྱའོ།། འདི་ལྟ་སྟེ་འབྱུང་བ་ལྔ་དང་། ཕུང་པོ་ལྔ་དང་། དབང་པོ་ལྔ་དང་། ཡུལ་ལྔ་དག་ལ་རེ་རེ་ཞིང་ཡེ་ཤེས་ལྔའི་བདག་ཉིད་ཡིན་པའི་ཕྱིར་རིགས་བརྒྱའོ།། དེ་ལྟར་ཕྱི་རོལ་གྱི་སྤྲོས་པ ་དང་བྲལ་བ་ཞི་གནས་ཀྱི་རང་བཞིན་རྣམ་པ་ཀུན་དང་ལྡན་ཞིང་ལྷག་མཐོང་གི་ཆོས་དོན་དམ་པར་དངོས་པོ་མེད་པའོ།། དེ་ཉིད་ཀྱི་ཕྱིར་ན་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཙནྣ་ཏེ། ཀུན་རྫོབ་ཏུ་འབྱུང་བ་ཆེན་པོ་བཞི་ལ་རེ་རེ་ཞིང་རྣལ་འབྱོར་དང་རྗེ་སུ་རྣལ་འབྱོར ་དང་ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོའོ།། དེའི་དབྱེ་བཱི་བཅུ་དྲུག་ཡིན་ལ། དེ་ཡང་སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པ་དང་། འོད་གསལ་བའི་བསམ་གཏན་བཞི་ལ། སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་དང་།། རྣམ ་པ་ཐམས་ཅད་པའི་སྟོང་པ་བརྒྱད་ཡིན་ལ་དེའི་ཕྱེད་ཀུན་རྫོབ་ཀྱི་རྣམ་པ་བཞི་སྤངས་པའི་སྟོང་པ་ཉིད་བཞི་བསྒོམས་ནས་དེ་དག་ལ་རང་གི་ངང་གིས་ཟུང་དུ་འཇུག་པའི་ཐིག་ལེ་ཅ་ནོ།། དེའི་སྐུ་གསུང་ཐུགས་ཀྱི་ཡན་ལག་མེད་པ་བགྲང་བའི ་ས་ལས་འདས་པ་དེ་སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཐོབ་པ་དང་། འོད་གསལ་བའི་བསམ་གཏན་བཞིའི་རྩེ་མོ་ཅན་དང་དེ་ཉིད་ཀྱིས་ན་བསམ་གཏན་ཞི་གནས་དང་། ཡན་ལག་ལྷག་མཐོང་ཀུན་ཤེས་ཤིང་། ཏིང་འཛིན་གྱི་རིགས ་ཐམས་ཅད་མཁྱེན་ཅིང་ས་བཅུའི་རྒྱུད་ཐམས་ཅད་རིག་པས། ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག་ཅེས་བྱ་སྟེ་ཆོས་ཀྱི་སྐུ་ཐོབ་པར་གྱུར་པ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་ཡང་ཐོབ་པར་འགྱུར་བའོ།། སྐུ་གསུམ་པོ་དེས་ལས ་སངས་རྒྱས་སྤྲུལ་པའི་རྒྱུད་ཉིད་སྦྲུལ་གྱིས་ཕྱོགས་བཅུར་ཇི་ལྟར་མོས་པའི་འགྲོ་བའི་དོན་བྱེད་པར་འགྱུར་རོ།། རྟ་མཆོག་གི་དཔའ་བོ་གཅིག་པུའི་དབང་དུ་མཛད་ནས། ལྷའི་བདག་པོ་ཞེས་བྱ་བ་ལ་སོགས་གསུངས་ཏེ། ལྷའི་དབང ་པོ་བརྒྱ་བྱི་ནོ།། ལྷའི་ལྷ་ནི་ཚངས་པའོ།། ལྷའི་བདག་པོ་ནི་འདོད་པའི་ལྷའོ།། ལྷ་མིན་བདག་ནི་ཁྱབ་འཇུག། འཆི་མད་ནི་ཉི་མའོ།། ལྷའི་ལྷ་ནཱི་པ་པ་སྤང་སོ།། འཇོམས་བྱད་ནི་གཞན་ནུ་གདོང་དྲུག། འཇོམས་བྱེད་དབང་ཕྱུག་ནཱི་ལྷ་ཆེན་པོའི ་སྙིང་པའི་དགོན་པ་ལས་བརྒལ་བ་ནི་བདེ་སོགས་མ་ལྱ་སོགས་པའི་ལྷ་མོ་བརྒྱད་ཕྲོགས་ནས་ལྷ་བརྒྱད་གདན་དུ་བཏིང་བའོ།། དེ་ཉིད་ཀྱིས་ན་སྟོན་པ་གཅིག་པུ་འགྲོ་བའི་བླ་ཞེས་བྱའོ།། དེ་བཞིན་གཤེགས་པ་ལྔའི་རྟ་མཆོག ་གི་དཀྱིལ་འཁོར་གྱི་དབང་དུ་མཛད་ནས་འཇིག་རྟེན་ཕྱོགས་བཅུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་བཅུར་གྲགས་པའི་མི་བསྐྱོད་པ་བདུད་བཞི་ལས་རྒྱལ་བའི་ཆོས་ཀྱི་སྦྱིན་བདག་ཆེ་བ་སྟེ་སྐུ་མདོག་དཀར་པོ་རྡོ ་བསྣམས་བྱའོ།། མཆོག་སྦྱིན་པའི་ཕྱག་རྒྱས་བྱམས་པའི་གོ་ཆས་བཅིངས་ཤིང་སྙིང་རྗེའི་ཡ་ལང་བགོད་པས་སྐུ་མདོག་སེར་པོ་རིན་པོ་ཆེ་བསྣམས་པའོ།། ཕྱག་བཞིས་ཤེས་རབ་ཀྱི་པོ་ཏི་དང་རལ་གྲི་དང ་མདའ་གཞུ་བསྡུས་པ། ཉོན་མོངས་པ་མི་ཤེས་པའི་གཡུལ་ངོ་སེལ་བ་སྐུ་མདོག་དམར་པོ་འོད་དཔག་མདོ།། གདོན་མི་ཟ་བར་གྲུབ་པ་ཉོན་མོངས་པ་དང་ཕུང་པོ་དང་འཆི་བདག་དང་ལྷའི་བུའི་བདུད་བཞིའི་དགྲ་བདག་ཉིད ་ཀྱིས་བཏུལ་ཞིང་གཞན་གྱི་བདུད་བཞིའི་འཇིགས་པ་སེལ་བར་མཛད་པའི་སྣ་ཚོགས་རྡོ་རྗེ་བསྣམས་པ་སྐྱབས་སྦྱིན་མཛད་པ་ལྗང་གུའོ།། སྲོད་ལ་བདུད་བཞི་བཏུལ་ནས་ཐོ་རངས་ཀ་མངོན་པར་རྫོགས་པར་སངས་རྒྱས་པ ་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་འཇིག་རྟེན་འདྲེན་པའོ།། དེ་དག་ལ་མཆོད་པའི་ལྷ་མོ་དང་། བསྟོད་པའི་ལྷ་མོ་དང་། ཕྱག་འཚལ་བའི་ལྷ་མོ་དང་། རིམ་གྲོ་བྱེད་པའི་ལྷ་མོ་དང་། བསྙེན་བཀུར་བྱེད་པའི་ལྷ་མོ ་དང་། རྗེད་པར་བྱེད་པའི་ལྷ་མོ་དང་། གུས་པས་ཕྱག་བྱ་བའི་ལྷ་མོ་དང་། བླ་མར་བྱེད་པའི་ལྷ་མོ་སྟེ། སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་བསྐོར་བའོ།། རིག་གསུམ་གྱི་རྟ་མཆོག་གི་དབང་དུ་མཛད་ནས། འཇིག་རྟེན་གསུམ་པོ ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་འཇིག་རྟེན་གསུམ~ཾ་གྱི་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཤར་ཕྱོགསུ་གོམ་པ་གཅིག་བཞག་ནས་ནུབ་ཕྱོགསུ་གོམ་པ་གཅིག་གོས་བགྲོད་ཅིང་། དཔེར་ན་མཁའ་ལྟར་མཐའ་མེད་རྣམ་པར ་གནོན་པའོ།། གསུམ་རིག་པ་ནི་བདག་ཉིད་དང་ཡུམ་གཉིས་མཁྱེན་པ་སྟེ་ལྷ་མོ་གཙང་མ་དཀར་བ་དང་པདྨོ་སྔོན་མོ་དང་སྣ་ཚོགས་རྡོ་རྗེ་བསྣམས་པའོ།། དག་པ་ནི་དམར་མོ་པདྨ་དཀར་པོ་དང་སྣ་ཚོགས་རྡོ་རྗེ་བསྣམས་པའོ།། མདྨོ། ་ཤེས་དྲུག་ལྡན་ནོ་ལྷའི་མིག་དང་རྣ་བ་དང་རྫུ་འཕྲུལ་གྱི་ཡུལ་དང་འཆིང་བ་དང་སྐྱེ་བ་དང་གཞན་གྱི་སེམས་དང་ཟག་པ་ཟད་པ་མཁྱེན་པ་དབང་པོ་དྲུག་སེམས་དཔའ་དྲུག་གིས་བྱིན་གྱིས་བརླབས་ཤིང་། རྗེས་དྲན་དྲུག་ནི ་ཡུལ་དྲུག་ལྷ་མོ་དྲུག་གིས་བྱིན་གྱིས་བརླབས་པའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། རྫུ་འཕྲུལ་ཆེན་པོ་འཇིག་རྟེན་འདས་སྐུ་མདོག་ལྗང་གུ་རལ་གྲི་དང་པདྨ་དང་མདའ་གཞུ་བསྣམས་པའོ།། མགོས་བསམ་གཏན ་བཞི་པར་ཕྱིན་པའོ།། གྲུབ་པའི་མཐའི་དབང་དུ་བྱས་ནས་བཤད་པ་ཤེས་རབ་ཕ་རོལ་ཕྱིན་པའི་མཐའ་ཞེས་བྱ་བ་སྨོས་ཏེ། མཐའ་ནི་ཕུང་པོ་ལྷག་བཅས་དང་ལྷག་མེད་ཀྱི་མྱ་ངན་ལས་འདས་པ་སྟེ། དེ་འདོད་པ་ནི་བྱེ་བྲག ་ཏུ་སྨྲ་བའོ།། ཤེས་རབ་ཀྱི་དེ་ཁོ་ན་ཉིད་རྣམ་པར་ཤེས་པའི་ཆོས་ཐོབ་པ་ནི་མདོ་སྡེ་པའོ།། བདག་ཉིད་ཀྱང་རིག་པ་གཞན་ལ་རིག་པ་ཡིན་པ་ལ་ཁམས་གསུམ་པོ་ཤེས་པ་ཡིན་པས་ན་སེམས་ཙ་མོ།། སེམས་ཅན་ཀུན་ལ་སྙིང་རྗེས ་ཕན་པའི་མཆོག་ཏུ་གྱུར་པས་ན། དཔེར་བྱ་ཐམས་ཅད་ཀྱི་མཐའ་གཉིས་ལས་འདས་པ་ན་དབུ་མའོ།། ཤེས་པ་ནི་བྱ་བ་གཙོ་བོར་གྱུར་པ་ནི་བྱ་བའི་རྒྱུ་དོ།། ལུས་དང་ངག་གི་སྤྱོད་པ་ནི་བདག་པོ་འམ་མཆོག་ཏུ་བྱེད་པས་ན་སྤྱོད་པའི་རྒྱུ་དོ།། གཉིས ་ཀའི་རྒྱུད་གཙོ་བོར་བྱས་ནས་ཆོས་ཀྱི་སྦྱིན་བདག་མཛད་པས་ན་གཉིས་ཀའི་རྒྱུད་བསྟན་པའོ།། ཕྱག་རྒྱ་ཆེན་པོ་དང་དམ་ཚིག་དང་ཆོས་དང་ལས་ཀྱི་དོན་སྟོན་པའི་འགྲོ་བ་རྣམས་ཀྱིས་འདོད་པའི་ཡོན་ཏན་གྱི་བསྙེན་བཀུར་གྱི་གནས ་ཀྱི་མཆོག་མྱ་ངན་ལས་འདས་པ་འཐོབ་པའི་རྣལ་འབྱོར་སྟི་རྒྱུ་།། ཐེག་པ་གསུམ་གྱི་ངེས་པར་འབྱུང་བའི་ཟབ་པ་དང་རྒྱ་ཆེ་བའི་བགྲོད་པ་ལ་ཟབ་མོ་མཐར་ཐུག་རྫོགས་པའི་རིམ་པ་ནི་བདེ་བ་དམ་པ་ཟུང་འཇུག་སྟེ། དོན་གྱི་དམ་པ་རྣམ་ངག་དཔལ་ཡིན་ལ་དེ ་འཇིག་རྟེན་གྱི་ནང་ན་སྐལ་པ་བཟང་ཞིང་ཆེ་བ་རྣམས་ཀྱི་འཇིག་རྟེན་དང་ཐུན་མོང་དང་མཆོག་གི་དངོས་གྲུབ་ཀྱི་དཔལ་ལྡན་འབྱོར་པ་ཀུན་བྱེད་པའི་དེ་སུ་ཞིག་ཡིན་ཞེ་ན། འཇམ་དཔལ་དཔལ་དང་ལྡན་པའི་མཆོག། དེ་ལྟར་ཚིག་སུ་བཅད་པ་བཅོ་ལྔས་ཛྙཱ་ན ་ཀཱ་ཡ་དང་བཅས་པའི་འཁོར་ལོ་སྒྱུར་བ་དོན་ཡོད་གྲུབ་པའོ།། དེ་ལྟར་འཁོར་ལོ་རྣམ་པ་དྲུག་བསྒོམས་ནས་དཀྱིལ་འཁོར་དྲུག་ལ་ཡེ་ཤེས་སེམས་དཔའ་བཅུག་ནས། དབང་བསྐུར་བ་མཛད་ནས་དེ་ཁོ་ན་ཉིད་གསུམ་གྱིས་སྐུ་གསུང་ཐུགས་བྱིན་གྱིས ་བརླབས་ལ་བདག་ཉིད་ཐམས་ཅད་ཀྱི་མཆོད་པ་བྱའོ།། དེ་ལ་གང་ཟག་བཞི་པ་སྒྲུབ་པར་བྱེད་པ་སྟེ། དང་པོར་དེ་བཞིན་གཤེགས་པའི་རིགས་ཅན་བསྒོམ་པར་མོས་པས་དཀྱིལ་འཁོར་དྲུག་བྱས་ལ་སློབ་མ་དབང་བསྐུར་བར་འདོད་པ་ན ་ཡང་དབང་བསྐུར་བར་བྱའོ།། རང་རྒྱལ་བའི་རིགས་དང་རྗེསུ་མཐུན་པའི་དཀྱིལ་འཁོར་བསྒོམས་ལ་ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་ཀྱི་ལས་དང་རྗེསུ་མཐུན་པའི་སྦྱིན་སྲེག་བྱའོ།། ཉན་ཐོས་དང་རྗེ་སུ་མཐུན་པའི་གང ་ཟག་གིས་དཀྱིལ་འཁོར་དྲུག་བསྒོམས་ལ་རང་རང་གི་དཀྱིལ་འཁོར་དུ་གང་དང་གང་ལ་མོས་པའི་ལྷའི་ཐུགས་ཀར་འཁོར་ལོའི་དབུསུ་ཡི་གེ་བཀོད་ལ་སྡིག་པ་ཟད་པར་བྱའོ།། བྱང་ཆུབ་སེམས་དཔའི་རིགས་ཅན་གྱི་འཁོར་ལོ་དྲུག་བསྒོམས ་ལ་སེམས་ཅན་གྱི་དོན་བྱ་བའི་ཕྱིར། དཀྱིལ་འཁོར་དང་བཅས་པ་དང་། དཔའ་བོ་གཅིག་པུའི་ཆོ་ག་བཞིན་དུ་བསྙེན་པ་དང་སྟ་གོན་དང་དཀྱིལ་འཁོར་ལ་རབ་ཏུ་གནས་པ་བྱས་ལྀ་ཕྱག་རྒྱ་བཞིའི་སྒོ་ནས་དངོས་གྲུབ་དོན་དུ་གཉེར་ནས་ཕན་ཡོན་དང་རྗེས ་མཐུན་པར་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ།། རྗེས་ཀྱི་དོན་རྣལ་འབྱོར་བཞིའི་དབང་དུ་མཛད་ནས་བཤད་པ་བསྒོམ་པ་དང་བཟླས་པ་ཟིན་པའི་རྗེས་ལ་མཆོད་པ་དང་བསྟོད་པར་བྱའོ།། དེ་ལ་བསྟོད་པ་ནི་འདི་ཡིན་ཏེ། མཆོག་སྦྱིན་རྡོ་རྗེ་ཞེས་བྱ་བའི་ཚོགས ་བཅད་ཕྱེད་ཀྱིས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་བསྟོད་པ་དང་། སྟོང་ཉིད་ལས་བྱུང་ཞེས་བྱ་བའི་ཚིགས་བཅང་ཕྱེད་ཀྱིས་རྣམ་སྣང་ལྔ་བསྟོད་པའོ།། སངས་རྒྱས་ཆགས་པ་ཞེས་བྱ་བའི་ཚིགས་བཅད་གཅིག་གིས་མི་བསྐྱོད་པ་ལ་བསྟོད་པའོ།། སམྱ་འཛུམ ་པ་ཞེས་བྱ་བ་ཚིགསུ་བཅད་པ་གཅིག་གིས་སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་ལ་བསྟོད་པའོ།། མེད་པ་ལས་བྱུང་ཞེས་བྱ་བའི་ཚིགས་བཅད་གཙིགས་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ལ་བསྟོད་པའོ།། སྒྱུ་འཕྲུལ་དྲ་བ་ཞེས་བྱ་བ་ལ་སོགས ་པའི་ཚི་གོས་བཅད་གཅིག་གིས་རྟ་མཆོག་གི་དཀྱིལ་འཁོར་ལ་བསྟོད་པའོ།། ཡང་ན་ཚིགསུ་བཅད་པ་འདི་ལྔ་ནི་རྣམ་པ་ཉི་ཤུས་བྱང་ཆུབ་ཅེས་བྱ་བ་སྣང་བ་འཛངས་དཔལ་དང་ལྡན་པའི་མཆོག་ལ་དེ་བཞིན་གཤེགས་པ་བཞི་དང་། སེམས་དཔ ་བཅུ་དྲུག་གིས་བསྐོར་བ་བསྒོམས་ལ་བསྟོད་པ་བྱའོ་ཞེས་སློབ་དཔོན་ཡེ་ཤེས་གྲགས་པ་བཞེ་དོ།། ཕན་ཡོན་གྱི་དབང་དུ་མཛད་ནས། ཀྱེའི་ལག་ན་རྡོ་རྗེ་འཆང་ཞེས་སྡུད་པ་པོ་ལ་བོས་ནས། འདི་ནི་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི ་དཀྱིལ་འཁོར་གྱི་དབང་དུ་མཛད་པའོ།། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ་ནི་བཞི་པའི་སངས་རྒྱསོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ནི་དང་པོའི་དཔའ་བོའི་སངས་རྒྱསོ།། འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི་ཨེ་ར་པ་ཙ་ནའོ།། ་དེ་གསུམ་གྱི་མཚན་བསྒོམ་པའི་རྗེས་ལ་ཡང་དག་པར་བརྗོད་ན་འབྲས་བུ་དགའ་བ་དང་། དད་པ་དང་མགུ་བ་འཇིག་རྟེན་ཐུན་མོང་དང་མཆོག་གི་དངོས་གྲུབ་བསྐྱེད་པའོ།། ལག་ན་རྡོ་རྗེ་འཆང་ཞེས་བྱ་བ་ནས་ཡོངསུ་བྱུང་བ་ཞེས་བྱ་བའི་བར་དུ ་མི་བསྐྱོད་པའི་སྦྱངས་པ་དང་ཡེ་ཤེས་ཀྱི་ཕན་ཡོན་བཤད་པའོ།། བླ་ན་མེད་པ་ཞེས་བྱ་བ་ལ་སོགས་པས་རིན་ཆེན་འབྱུང་ལྡན་གྱི་ཕན་ཡོན་བསྟན་ཏོ།། མ་ཐོབ་པ་ཐོབ་པ་ནི་སྣང་བ་མཐའ་ཡས་ཀྱི་ཕན་ཡོནོ།། དེ་བཞིན་གཤེགས་པ་ཐ~ཾད ་ཀྱི་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་ཕན་ཡོན་བསྟན་ཏོ།། རྣམ་པར་སྣང་མཛད་ཀྱི་ཡོན་ཏན་ངས་བཤད་ཅིང་མི་བསྐྱོད་པའི་ཡང་དག་པར་བསྟན་ལ། རིན་ཆེན་འབྱུང་ལྡན་གྱི་བཀྲོལ་ཏེ་སྣང་བ་མཐའ་ཡས་ཀྱི་རྣམ་པར་ཕྱེ་ནས། དོན་ཡོད་གྲུབ ་པའི་ཡོན་ཏན་གསལ་བར་བྱེད་ལ། དྲན་ཅིང་འདེན་པའི་སེམས་ཅན་དེ་ལ་ངས་བྱིན་གྱིས་བརླབ་པར་བྱའོ།། ཐམས་ཅད་ཀྱི་ཆོས་ཉིད་བྱིན་གྱིས་བརླབས་ཞེས་བྱ་བ་ནི་སྡུད་པ་པོ་ནས་མ་འོངས་པའི་སེམས་ཅན་གྱི་བར་དུ་ཡེ་ཤེས་སེམས་དང་། ་བཅུག་ནས་བྱིན་གྱིས་བརླབས་པའོ།། དཀྱིལ་འཁོར་གཉིས་པའི་དབང་དུ་མཛད་ནས། ལག་ན་རྡོ་རྗེ་འཆང་ཞེས་བོས་ནས་གཞན་ཡང་དཀྱིལ་འཁོར་གཉིས་པ་བསྒོམ་ཞིང་མིང་ཡང་དག་པར་བརྗོད་པ་འདི་ནི་ཞེས་བྱ་བ་གསུང་སོ།། ཐམས ་ཅད་མཁྱེན་པའི་ཡེ་ཤེས་ནི་གཞིའི་སངས་རྒྱསོ།། དག་ཅིང་ཞེས་བྱ་བ་ནི་དང་པོའི་སངས་རྒྱསོ།། སངས་རྒྱས་དང་བྱང་ཆུབ་ནི་པྲཛྙཱ་ཛྙཱ་ན་མཱུརྟིའོ།། མངོན་པར་རྟོགས་པ་ནི་མི་བསྐྱོད་པའོ།། བླ་ན་མེད་པ་ནི་རིན་ཆེན་འབྱུང་ལྡ་ནོ།། ཐུགསུ་ཆུད་པ ་ནི་སྣང་པོ་མཐའ་ཡ་སོ།། ཕན་པར་མཛད་པ་ནི་དོན་ཡོད་གྲུབ་པའོ།། སྟོབས་བཅུའི་སྟོབས་ནི་རྡོ་རྗེ་སེམས་མའོ།། ཐམས་ཅད་མཁྱེན་པ་ནི་རིན་ཆེན་མའོ།། ལུང་ནི་ཆོས་མའོ།། བསྒྲུབ་པ་ནི་ལས་མའོ།། ཤིན་ཏུ་དག་པ་ནི་རྡོ་རྗེ་སེམས་མའོ།། ་སྐྱེ་གནས་ནི་རྒྱལ་པོའོ།། ཞིང་ནི་ཆགས་པའོ།། གཞི་ནི་ལེགས་པའོ།། འབྱུང་གནས་ནི་རི་ནོ།། མཐའ་ནི་ཉི་མའོ།། བརྟག་པ་ནི་རྒྱལ་མཚནོ།། སྐྱེ་གནས་ནི་བཞད་པའོ།། གདུང་བའི་འི་ཆད་པ་ནི་ཆོསོ།། རྒྱུད་རབ་ཏུ་འཕེལ་བ་ནི་རྣོན་པོའོ།། ཚར ་གཅོད་པ་ནི་འཁོར་ལོའོ།། འཇོམས་པ་ནི་གསུང་བའོ།། ཕན་པར་བྱེད་པ་ན་ལཱ་སོ།། སྡུད་པ་ནི་གསུང་བའོ།། ཡོངསུ་སྨིན་པར་དོན་སྦྱིན་ནོ།། ཏིང་འཛིན་ནི་ཁུ་ཚུ་རོ།། བསམ་གཏན་ནི་སྒེག་མའོ།། རྣལ་འབྱོར་ནི་ཕྲེང་བ་མའོ།། བྲལ་བ་ནི་གླུ་མའོ།། སྦ ་བ་ནི་གར་མའོ།། ཉེ་བར་ཞི་བ་ནི་བདུག་པ་མའོ།། རྣམ་པར་གྲོལོ་བ་ནི་མེ་ཏོག་མའི།། ཐར་པ་ནི་མར་མེ་མའོ།། ཞི་བ་ནི་དྲི་ཆབ་མའོ།། འབྱུང་གནས་ནི་ལྕགས་ཀྱུ་མའོ།། སེལ་བ་ནི་ཞགས་པའོ།། གཅོད་པ་ནི་ལྕགས་སྒྲོགོ།། ལམ་བཟང ་པོ་ནི་དྲིལ་བུའོ།། མི་འཇིགས་པ་ནི་རྡོ་རྗེ་འཁོར་ལོ་སྒྱུར་བའོ།། བ་ངན་བསྒྲེང་བ་ནི་པདྨའི་འཁོར་ལོ་སྒྱུར་བའོ།། ཆོས་སྟོན་པ་ནི་ལས་ཀྱི་འཁོ་སྒྱུར་བའོ།། མྱུར་དུ་སྒྲུབ་པ་ནི་ཕྱག་རྒྱ་ཆེན་པོའི་འཁོར་ལོ་སྒྱུར་བའོ།། ་རྟོགས་པ་ནི་དམ་ཚིགོ།། སོ་སོར་རྟོགས་པ་ནི་ཆོས་ཀྱི་འཁོར་ལོ་སྒྱུར་བའོ།། རྫོགས་པ་ནི་ལས་ཀྱི་ཕྱག་རྒྱའི་འཁོར་ལོ་སྒྱུར་བའོ།། ཡོངསུ་དག་པ་ནི་ཤར་ཕྱོ་གས་པ་བཞིའི་ཕན་ཡོན།། ཡོངསུ་རྫོགས་པ་ནི་ལྷོ་ཕྱོ་གས་པ ་རྣམས་ཀྱི་ཕན་ཡོན།། སོ་སོར་རྟོག་པ་ནི་ནུབ་ཕྱོགས་པ་རྣམས་ཀྱི་ཕན་ཡེ་ནོ།། གཅིག་གིས་རྟོགས་པ་ནི་བྱང་ཕྱོགས་པ་རྣམས་ཀྱི་ཕན་ཡོན།། ཡང་སུ་རྫོགས་པར་བྱེད་པ་ནི་དྲན་ནས་ཁ་ཏོན་བྱེད་པ་ལ་བྱིན་གྱིས་རློབ་པའོ།། དཀྱིལ་འཁོར ་གསུམ་པའི་ཕན་ཡོན་གྱི་དབང་དུ་མཛད་ནས། ཀྱེ་ལག་ན་རྡོ་རྗེ་འཆང་ཞེས་པ་ནས། གཞན་ཡང་པདྨ་གར་གྷྲྀ་དབང་ཕྱུག་གི་དཀྱིལ་འཁོར། ཇི་སྐད་བཤད་པའི་དོན་དྲནྡ་ཞིང་ཡིང་ཡང་དོག་པར་བརྗོད་པ་འདི་ནི་ཞི་བར་བྱའོ་ཞེས་བྱ ་བ་པདྨའི་རྣམ་པར་སྣང་མཛད་ཀྱི་པཱན་ཡོ་ནོ།། རྣམ་པར་སྦྱོང་བཱ་ནི་པདྨའི་མི་བསྐྱོད་པའི་ཕན་ཡོན།། བཟློག་པ་ནི་པདྨའི་གཙུག་ཕུད་ཀྱིའོ།། ཡང་དག་པར་གཅོད་པ་ནི་པདྨའི་ཏིང་འཛིན་གྱིའོ།། མི་སྐྱེ་བར་བྱེད་པ་ནི་པདྨ་ངེས་པའི་དབང ་བྱུག་གིའོ།། ཞི་བར་བྱིང་པ་ནི་པདྨའི་སེམས་མའིའོ།། འཇིགས་པར་བྱེད་པོ་ནི་པདྨའི་རིན་ཆེས་མའོ།། སལ་བར་བྱེད་པ་ནི་པི་དྨའི་ཆོས་མའིའོ།། ཞི་བར་བྱེད་པ་ནི་པདྨའི་ལས་མའོ།། སྤོང་བར་བྱེད་པ་ནི་པདྨའི་སེམས་དཔ ་འཕེལ་བར་བྱེད་པ་ནི་པདྨའི་རྒྱལ་པོའོ།། སྐྱེ་བར་བྱེད་པ་ནི་པདྨའི་ཆགས་པའོ།། འཇོམས་པར་བྱེད་པ་ནི་པདྨའི་ལེགས་པའོ།། མི་སྐྱེ་བར་བྱེད་པ་ནི་པདྨའི་ཁྲོ་གཉེར་གྱིའོ།། སྙིང་པོར་གྱུར་པ་ནི་པདྨའི་ཉི་མའི་འོ།། གསང་བར་གྱུར་པ་ནི ་ཟླ་བ་རྒྱལ་མཚན་གྱིའོ།། གསང་ཆེན་དུ་གྱུར་པ་ནི་ཞལ་བཅུ་གཅིག་པའོ།། ཐམས་ཅད་དུ་གྱུར་པ་ནི་པདྨ་སྒྲོལ་མའིའོ།། ཤེས་བཞིན་ཡང་དག་པར་བསྐྱེད་པ་ནི་པདྨའི་རྣོན་པོའོ།། ཡིད་གཞུངས་པར་བྱེད་པ་ནི་པདྨའི་འཁོར་ལོའི ་ཁྱབ་འཇུག་གི་གཟུགས་ཅན་གྱིའོ།། ཕུན་སུམ་ཚོགས་པར་བྱེད་པ་ནི་པདྨའི་གསུང་བ་ཚངས་པའི་གཟུགས་ཅན་གྱིའོ།། རབ་ཏུ་འཕེལ་བར་བྱེད་པ་ནི་པདྨའི་ལས་ཀྱིའོ།། གྲགས་པར་བྱེད་པ་ནི་པདྨའི་སྲུང་བའི་འོ།། ཞི་བར་བྱེད་པ་ནི་པདྨའི་གནོ ་སྦྱིན་གྱིའོ།། ཤིན་ཏུ་སད་པ་ནཱི་པདྨའི་ཁུ་ཚུར་གྱིའོ།། དག་པར་བྱེད་པ་ནི་པདྨའི་སྒེག་མོའོ།། འབྱོར་ལྡན་ནི་ཕྲེང་བ་མའི་འོ།། བཀྲ་ཤིས་པ་ནི་གླུ་མའི་འོ།། སྐྱབས་ནི་གཱར་མའི་འོ།། གནས་ནི་པདྨའི་བདུག་པ་མའི་འོ།། སྐྱོབ་པ་ནི་པདྨའི ་མེ་ཏོག་མའི་འོ།། དཔུང་གཉེན་ནི་པདྨོའི་མར་མཱ་མའི་འོ།། གླིང་ནི་པདྨའི་དྲི་ཆབ་མའི་འོ།། འཁྲས་ནི་པདྨའི་ལྕགས་ཀྱུ་རྟ་མགྲིན་གྱིའོ།། གྲུ་ནི་པདྨའི་ཞགས་པའི་འོ།། རྒྱལ་པོ་ཆེན་པོ་ནི་པདྨའི་ལྕགས་སྒྲོག་གིའོ།། ཤེས་རབ་གཉིས་ནི་པདྨའི་དྲིག ་བུ་མའིའོ།། ཕྱིའི་སྒོ་བ་བཞི་བཤད་པས་ཡེ་ཤེས་ཀྱི་སྣང་བ་ནི་ལྕགས་ཀྱུའོ།། ནོར་བུ་ལྟ་བུ་ནི་ཞགས་པའོ།། མཁྱེན་པའི་ཡེ་ཤེས་ནི་ལྕགས་སྒྲོག་གོ།། ཡོངསུ་དག་པ་ནི་དྲིལ་བུའོ།། ཤྭར་ཕྱོགས་ཀྱི་བསྐལ་བཟུང་རྣམས་ཀྱི་ནི ་ཡོངསུ་རྫོགས་པའི་བར་གྱིའོ།། ལྷོ་ཕྱོགས་པ་རྣམས་ཀྱི་ནི་ས་བཅུ་ཐོབ་པའི་བར་རོ།། ནུབ་ཕྱོགས་པ་རྣམས་ཀྱི་ཆོས་ཉིད་ཞེས་བྱ་བའི་བར་རོ།། བྱང་ཕྱོགས་པ་རྣམས་ཀྱི་གཞན་མ་ཡིན་པའི་ཆོས་ཉིད་ཀྱི་བར་རོ།། ཐུན ་མོང་གི་ཕྲིན་ལས་དེ་བཞིན་གཤེགས་པའི་ཟློས་པ་པོའི་དབང་དུ་མཛད་ནས་ཡང་དག་སཱི་མ་པའི་མམ་ན་དུ་པ་ཟློས་སྡེ་ལ་མ་གྱི་བྱས་པ་བརྗོད་པ་འདི་ནི་ཞེས་བྱ་བའི་དྲན་པ་དང་། ཁ་ཏོན་འདོན་པ་ལ་ཡེ་ཤེས་སེམས་དཔའ་ཞུགས ་ནས་བྱིན་གྱིས་བརླབས་པ་ལ་གཉིསུ་མེད་པའི་ཆོས་ཉིད་ཀྱི་དོན་ཞེས་གསུངས་པ་ཡི་ནོ།། རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་གྱི་དབང་དུ་མཛད་ནས། ཀྱེ་ལག་ན་རྡོ་རྗེ་འཆང་ཞེས་པོས་ནས་རྟེན་གྱི་གང་ཟག་ལ་ལས་དྲན་པ་དང ་འདོན་པ་དེའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་པ་ནི་གཞིའི་སངས་རྒྱསོ།། ཡེ་ཤེས་ཀྱི་སྐུ་ནི་དང་པོའི་སངས་རྒྱ་སོ།། གཉིས་མེད་པ་ནི་དོན་དམ་པའི་དུཿཁ་ཙྪེ་དའོ།། གཙུག་གི་ནོར་བུ་འདི་ནི་ཁམས་གསུམ་རྣམ ་པར་རྒྱལ་བའི་མཚན་ཡང་དག་པར་བརྗོད་པའོ།། དེའི་སྐུ་ཡང་སྟོན་ཏོ་ཞེས་བྱ་བའི་བཱར་དུ་དེ་བཞིན་གཤེགས་པའི་ཧཱུ~ཾ་མཛད་ཀྱིའོ།། བྱིན་གྱིས་བརླབས་པའི་བར་གྱི་རྡོ་རྗེ་ཧཱུཾ་མཛོད་ཀྱི་ཕན་ཡོན་བསྟན་ཏོ།། པན་འདོགས ་པའི་བར་གྱིས་རིན་ཆེན་ཧཱུཾ་མཛད་ཀྱིའོ།། སྒྲུབ་པར་མཛད་ཞེས་བྱ་བའི་བར་གྱིས་ཆོས་ཀྱི་ཧཱུཾ་མཛད་ཀྱིའོ།། ཉེ་བར་སྟོན་པར་མཛད་པ་ནི་ལས་ཀྱི་ཧཱུཾ་མཛད་ཀྱིའོ།། མ་རུངས་པ་འདུལ་བ་ནས་སྒྲུབ་པར་བྱེད་པའི་བར་གྱིས ་ནི་ཤེས་ཕྱོགས་ཀྱི་ཁྲོ་བོའི་སེམས་དཔའ་བཞིའི་འོ།། སྦེད་པར་བྱེད་པའི་བར་གྱིས་ནི་ལྷོ་ཕྱོགས་པའི་ཁྲོ་བོའི་སེམས་དཔའ་བཞིའི་འོ།། ཚངས་པ་ལ་ནི་བྱང་ཕྱོགས་པ་ཕྱོགས་སྐྱོང་ཉི་ཤུ་རྩ་བཞིས་བསྲུང་བ་དང་སྐྱོབ ་པ་དང་སྦེད་པར་འགྱུར་བ་ནི་ནུབ་ཕྱོགས་པའི་ཁྲོ་བོའི་སེམས་དཔའ་བཞིའོ།། གནས་ཉི་ཤུ་རྩ་ལྔར་སྲུང་བ་དང་སྐྱོབ་པ་དང་སྦེད་པར་བྱེད་པ་ནི་བྱང་ཕྱོགས་པའི་ལུས་ཀྱི་ཁྲོ་བོའི་སེམོས་དཔའ་བཞིའོ།། བདེ་ལེགསུ་འགྱུར། ་ཞེས་བྱ་བའི་རྐང་པ་གཅིག་གིས་ནི་རྡོ་རྗེ་སེམས་མ་དང་སྒེག་མོ་དང་བདུག་པ་དང་ཤར་ཕྱོགས་ཀྱི་ལྕགས་ཀྱིའོ་ཡོན་ཏན་བསྟན་ཏོ།། ལྷ་ལ་སོགས་པ་བཅོ་བརྒྱད་ཀྱིས་སྲུང་བ་དང་སྐྱབ་པ་དང་སྦེད་པར་བྱེད་པ་ནི་རིན་ཆེན་སིམ ་མ་དང་ཕྲེང་བ་མ་དང་མེ་ཏོག་མ་དང་ཞགས་པའི་ཡོན་ཏན་བསྟན་ཏོ།། ལུས་ལ་འཇུག་པར་བྱེད་ཞེས་བྱ་བའི་གྱིས། ཆོས་ཀྱི་སེམས་མ་དང་གླུ་མ་དང་མར་མེ་དང་ལྕགས་སྒྲོག་གི་ཡོན་ཏན་བསྟན་ཏོ།། སྒྲུབ་པར་བྱེ་དོ་ཞེས་བྱ ་བའི་བར་གྱིས་ནི་ལས་ཀྱི་སེམས་མ་དང་གར་མ་དང་དྲི་མ་དང་དྲིལ་བུ་མོའི་ཡོན་ཏན་བསྟན་ནོ།། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་གྱི་དབང་དུ་མཛད་ནས། ལག་ན་རྡོ་རྗེ་འཆང་ཞེས་བྱ་བ་ནི་བློད་པའོ།། གཞན་ཡང ་གཙུག་གི་ནོར་བུ་འདི་ཞེས་བྱ་བ་ནས། དྲན་པ་དང་ཁ་ཏོན་བྱེད་པ་ནི་ཞེས་བྱ་བ་ནོར་བུ་རིགས་ཀྱི་ཡོན་ཏ་ནོ།། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་གཟུགས་ཡིད་ལ་དམིགས་ཤིག་ཅེས་བྱ་བ་ནི་གཞིའི ་ལུས་དང་དང་པོའི་སངས་རྒྱས་དང་བཱ་གཱི་ཤྭ་ར་གསུམ་གྱིས་གཟུགས་མཐོང་བར་འགྱུརརོ།། ནཱ་མཁའི་དཀྱིལ་ན་བཞུགས་པ་དག་ཀྱང་མཐོང་བར་འགྱུ་རོ་ཞེས་བྱ་བ་ནི་དོན་གྲུབ་ཀྱི་མི་བསྐྱོད་པའི་བསྒོམ་པ་དང་ཁ་ཏོན་བྱས་པསོ།། ་ལྟུང་བར་མི་འགྱུར་བ་ནི་རིན་ཆེན་གཙུག་ཕུད་ཀྱིས།། རིགས་ངན་དུ་སྐྱེ་བར་མི་འགྱུར་བ་ནི་པདྨའི་ཏིང་འཛིན་གྱིས།། ཡུལ་མཐའ་འཁོབ་ཏུ་སྐྱེ་བར་མི་འགྱུར་བ་ནི་པདྨ་ངས་པའི་དབང་ཕྱུག་གི་སོ།། དབང་པོ་མ་ཚང་བར་སྐྱེ་བར་མི་འགྱུར་བ ་ནི་ཞེས་པ་ནི་རིན་ཆེན་སེམས་མའི་འོ།། ལྟ་བ་ངན་པའི་རིགསུ་སྐྱེ་བར་མི་འགྱུར་བ་ནི་རིན་ཆེན་རྒྱལ་པོའི་འོ།། སངས་རྒྱས་མི་བཞུགས་པའི་ཡུལ་དུ་སྐྱེ་བར་མི་འགྱུར་བ་ནི་པདྨ་ཆགས་པའོ།། དམྱལ་བར་སྐྱེ་བར་མི་འགྱུར་བ་ནི་རོན ་ཚན་ལེགས་པའིའོ།། ལྷ་ཚེ་རིང་པོར་མི་འགྱུར་བ་ནི་རིན་ཆེན་ཁྲོ་གཉེར་གྱིའོ།། མུ་གེ་ལ་སོགས་པའི་བསྐལ་པའི་ནང་དུ་སྐྱེ་བར་མི་འགྱུར་བ་ནི་རིན་ཆེན་ཉི་མའིའོ།། སྙིགས་མའ་ལྔའི་དུསུ་སྐྱེ་བར་མི་འགྱུར་བ་ནཽ་རིན་ཆེན་རྒྱལ་མཚན་གྱིའོ།། ་ཆོམས་རྐུན་གྱི་འཇིགས་པ་འབྱུང་བར་མི་འགྱུར་བ་ནི་རིན་ཆེན་བཞད་པའིའོ།། དབུལ་བའི་འཇིགས་པ་མི་འབྱུང་བ་ནི་ཆོས་ཀྱིའོ།། འཇིགས་པ་འབྱུང་བར་མི་འགྱུར་བ་ཞེས་པ་ནི་རྣོན་པོའིའོ།། ལྡན་པར་འགྱུརརོ་ཞེས་བྱ་བ་ནི་འཁོར་ལོའི་འོ།། ་དོག་དང་ལྡན་པར་འགྱུར་རོའོ་བར་གྱི་ནི་གསུང་བའིའོ།། དག་པར་འགྱུར་བ་ནི་ལས་ཀྱིའོ།། ཚིག་བཙན་པ་ནི་སྲུང་བའིའོ།། ཚེ་རབས་དྲན་པ་ནི་གནོད་སྦྱིན་གྱིའོ།། འཁོར་མི་ཟད་པ་ནི་ཁུ་ཚུར་གྱིའོ།། ཡོན་ཏན་མཆོག་དང་ལྡན་པ་ནི་རྡོ་རྗེ་སེམས་མའི ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་ནི་རིན་ཆེན་མའོ།། ཚངས་པའི་གནས་བཞི་ནི་ཆོས་མའོ།། དྲན་པ་ལ་སོགས་པ་དྲུག་དང་ལྡན་པ་ནི་ལས་མའི་འོ།། སྨྲ་བ་མཁས་པ་ནི་སྒེག་མོ་དང་བདུག་པ་མའིའོ།། སྒྲིན་པོར་གྱུར་པ་ནི་ཕྲེང་བ་དང་མེ ་ཏོག་གིའོ།། སྲེད་པ་མེད་པར་འགྱུར་བ་ནི་གླུ་མ་དང་མར་མེའིའོ།། བསྐུར་བར་ཡང་འགྱུར་བ་ནི་གར་མ་དང་དྲི་མའིའོ།། ཤེས་རབ་འགྱུར་བ་ནི་རིན་ཆེན་ལྕགས་ཀྱུའིའོ།། རྫོགས་པར་འགྱུར་བ་ནི་རིན་ཆེན་ཞགས་པའིའོ།། མཱི་བརྗེད་པ་ནཱི་རིན ་ཆེན་ལྕགས་སྒྲོག་གིའོ།། འཇུག་པར་མི་འགྱུར་བ་ནི་རིན་ཆེན་དྲིལ་བུའི་འོ།། རྟ་མཆོག་དཀྱིལ་འཁོར་གྱི་དབང་དུ་མཛད་ནས། ཀྱེ་ལག་ན་རྡོ་རྗེ་འཆང་ཞེས་བོས་ནས་དེ་ལྟར་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ་ཞེས་བྱ་བ་ནི་གཞིའི ་དོན་ཡོད་པར་གྲུབ་པ་དང་། དང་པོ་སངས་རྒྱས་དང་ཛྙཱ་ན་ཀཱ་ཡ་དང་གསུམ་གྱི་ཡོན་ཏན་བསྟན་ཏོ།། གཞན་དག་དང་ལྡན་པར་འགྱུརརོ་ཞེས་བྱ་བ་དཔའ་བོ་གཅིག་པུའི་རྟ་མཆོག་གི་ཡོན་ཏན་བསྟན་ཏོ།། མངོན་པར་རྫོགས་པར་སངས ་རྒྱས་པར་འགྱུར་རོ་ཞེས་བྱ་བས་ནི་རིགས་ལྔའི་རང་བཞིན་གྱི་རྟ་མཆོག་གི་ཡོན་ཏན་བསྟན་ཏོ།། ཆོས་ཀྱི་རྒྱལ་པོ་ཆེན་པོར་འགྱུར་ཞེས་བྱ་བའི་བར་གྱིས་རིགས་གསུམ་གྱི་རྟ་མཆོག་གི་ཡོན་ཏན་བསྟན་ཏོ།། ཉེ་བའི་སྙིང་པོའི ་དབང་དུ་མཛད་ནས། ཨོཾ་སརྦ་དྷརྨྨ་ཞེས་བྱ་བ་ནས་ཨ་ཨ་ཨ་ཨཿཞེས་བྱ་བའི་བར་གྱིས་བཛྲ་ཏཱིཀྵའི་ཉེ་བའི་སྙིང་པོ་བསྟན་ཏོ།། པྲ་ཀྲྀ་ཏི་པ་རི་ཤུདྡྷཿཞེས་བྱ་བ་ནས་མུ་པཱ་དཱ་ཡེ་ཏི་ཨ་ཞེས་བྱ་བའི་བར་གྱིས་དུཿཁཙྪེ་དའི་ཉེ་བའི ་སྙིང་པོ་བསྟན་ཏོ།། སརྦ་ཏ་ཐཱ་ག་ཏ་ཞེས་བྱ་བ་ནས་ཨོཾ་ཧཱུཾ་ཧྲིཿཞེས་བྱ་བའི་བར་གྱིས་པྲཛྙཱ་ཛྙཱ་ནའི་ཉེ་བའི་སྙིང་པོ་བསྟན་ཏོ།། བཱ་གྲ་བྷྲྀ་ཛྙཱ་ན་མུརྟི་ཞེས་བྱ་བས་ཛྙཱ་ནཱ་ཀཱ་ཡ་ཉེ་བའི་སྙིང་པོ་བསྟན་ཏོ།། བཱ་གཱི་ཤྭ་ར་མ་དཱ་པ་ཙ་ཞེས ་བྱ་བས་བཱ་གཱི་ཤྭ་ར་ཉེ་བའི་སྙིང་པོ་བསྟན་ཏོ།། སརྦྦ་དྷརྨྨ་ག་ག་ན་ཞེས་བྱ་བ་ནས་ཛྙཱ་ན་གཽརྦྷ་ཨཱཿཞེས་བྱ་བའི་བར་གྱིས་ཨ་ར་པ་ཙ་ནའི་ཉེ་བའི་སྙིང་པོ་བསྟན་ཏོ།། སྔག་འདི་ནི་དཀྱིལ་འཁོར་དྲུག་གི་ཐུན་མོང་གི་ཉེ་བའི་སྙིང་པོ་བཟླས་པ་བསྟ ་ཏོ། ད་ནི་གཉིས་ཀས་གསལ་གདབ་པ་དང་མཇུག་བསྡུ་བའི་དབང་དུ་མཛད་ནས་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་ལྡན་རྡོ་རྗེ་འཆང་ནི་ཁམས་གསུམ་རྣམ་པར་རྒྱལ་བའོ།། དགའ་ཞིང་གུས་ནས་ཐལ་མོ་སྦྱར་བ ་ནི་གུས་པསོ།། མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས།། རྫོགས་སངས་རྒྱས་ལ་ཞེས་བྱ་བས་ནི་རྣམ་པར་སྣང་མཛད་ལའོ།། ཕྱག་འཚལ་ནས་ཞེས་བྱ་བས་ནི་ལུས་ངག་ཡིད་གསུམ་གྱིསོ།། དེ་ནི་མགོན་པོ་གསང་བའི་བདག ་ལག་ན་རྡོ་རྗེ་ཁྲོ་བོ་རྒྱལ་ཞེས་བྱ་བ་ནི་སྡུད་པ་པོ་ལག་ན་རྡོ་རྗེའོ།། སྣ་ཚོགས་གཞན་དང་ཞེས་བྱ་བ་ནི་ཁྱི་གཉེར་རིམ་པར་ལྡན་ལ་སོགས་ཀྱི་རྡོ་རྗེ་གཙུག་ཏོར་ལ་སོགས་པ་ཉི་ཤུ་རྩ་གཅིག་དང་ངོ་།། ལྷན་ཅིག་ཏུ་ནི་ཁྲོ་བོའི་རྒྱལ་པོ་དང ་ལྷན་ཅིག་པའོ།། གསང་བསྟོད་ནས་ནི་ཡན་ལག་བརྒྱད་དང་ལྡན་པའི་ཚངས་པའི་དབྱངས་ཀྱིསོ།། ཚིག་འདི་གསོལ་བ་ནི་འཆད་པར་འགྱུར་བའི་མགོན་པོ་བདག་ཅག་ཡི་རང་བའོ།། ལེགསོ་ལག་སོ་ལགས་པར་གསུངས་ཞེས ་བྱ་བ་ནི་རྗེ་སུ་ཡི་རང་བའོ།། འབྲས་བུ་བཤད་པ་རྣམ་གྲོལ་འབྲས་བུ་འཚལ་པ་ཡི་ཞེས་བྱ་བས་ནི་རྣམ་པར་གྲོལ་བའི་འབྲས་བུ་དོན་དུ་གཉེར་བའི་གང་ཟག་དང་འགྲོ་བའི་མགྲོན་པོ་འཁོར་བ་རྣམས་དང་བདག་ཅག་ལག་ན་རྡོ་རྗེ་ལ་སོགས ་པོ་འབྲས་བུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་དོན་ཆེན་མཛད་པ་ནི་རྗེ་སུ་ཡི་རང་བའོ།། དེའི་དོན་ཅི་འདྲ་ཞེ་ན། སྒྱུ་འཕྲུལ་དྲ་བའི་ཚུལ་བསྟན་པ་སྟེ། སྒྱུ་འཕྲུལ་དྲ་བའི་རྒྱུ་ལ་སོ།། འདྲི་ཞེས་བྱ་བ་ནི་མཚན་ཡང་དག་པར་བརྗོད་པ ་རྣམ་དག་ནི་དང་པོར་དག་པའོ།། ལེགས་པའི་ནི་བར་དུ་དགེ་བའོ།། ཟབ་པ་ནི་ཐ་མར་དགེ་བའོ།། ཡངས་ལ་རྒྱ་ཆེ་བ་ནི་ཤེས་ར་བ་དང་སྙིང་རྗེ་སྟེ་ཐེབ་སོ།། དོན་ཆེན་པོ་དང་འགྲོ་བའི་དོན་བགྱིད་པ་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི ་འབྲས་བུའོ།། སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི།། རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད་ཅེས་བྱ་བ་ནི་རྒྱུ་འཕྲུལ་པའི་གླུ་གསུངས་པའོ།། ད་ནི་མཚན་བསྟན་པའི་དབང་དུ་མཛད་ནས། འཇམ་དཔལ་ནི་རིགས་དྲུག་གི་གཞིའི ་སྐུའོ།། ཡེ་ཤེས་སེམས་དཔའི་ནི་དང་པོའི་སངས་རྒྱས་དྲུག་གོ།། དོན་དམ་པར་ནི་ཡེ་ཤེས་ཀྱི་སྐུ་དྲུག་གོ།། མཚན་ཡང་དག་པར་བརྗོད་པ་ནི་དེའི་དཀྱིལ་འཁོར་དྲུག་གི་མཚན་བསྒོམ་པའི་དོན་བརྗོད་པའོ།། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ ་ནི་རྣམ་པར་སྣང་མཛད་དེ་མ་འོངས་པའི་དུས་ན་ཤཱཀྱ་ཐུབ་པར་སྤྲུལ་པས་ན་ཤཱཀྱ་ཐུབ་པའོ།། གསུངས་པ་ནི་བཤད་པའོ།། རྫོགས་པ་ནི་ཏིང་འཛིན་དྲ་བའི་ལེའུ་མཐར་ཐུག་པའོ།། འཇམ་དཔལ་སངས་རྒྱས་ཡེ་ཤེས་དང་། ་པདྨ་ཡན་ལག་མེད་པ་དང་།། སྒེག་པ་བཞད་པའི་རྡོ་རྗེ་དང་།། གསུང་གི་མྱུ་གུ་མགྲིན་གསུམ་དང་།། ཨིནྡྲ་བོ་དྷི་ལེགས་གསུངས་དང་།། ཆོས་སྟོང་དང་ནི་དཔལ་སྤྲས་དང་།། ཡང་ཤེས་རྒྱན ་གཉེན་ཡེ་ཤེས་གྲགས།། དྷི་བཱི་དྲ་མ་ཆོས་དབང་པོ།། སྦྲུལ་ལྡན་དབང་ཕྱུག་ཟླ་བཟང་དཔའོ།། འོད་དག་རྒྱུད་པའི་རིམ་པ་ལས།། བདག་གིས་འགྲེལ་པ་འདི་བརྩམས་པས།། འཇམ་དཔལ་གོ་འཕང་ཐོབ་པར ་ཤོགསློབ་དཔོན་ཆེནུ་པོ་ཟླ་བྱ་བཟང་པོ་གྲགས་པའི་དཔལ་གྱིས་མཛོད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་ཤྲཱི་མ་བཱ་ཛ་ནཱ་དང་། ་བྷཱུ་བཱཀྵར་རྒྱལ་རྒྱུ་ཆེན་པོ་དགེ་སློང་འཕགས་པ་ཤེས་རབ་ཀྱིས་བསྒྱུར་ཅིང་གཏནཱི་ལ་པབྱུ་པའོ།། ། བུམ་པ་བཟང་པོ་ལྕི་བུའི་བྷཱུ་མྦྷ་རྨེད ་ཡོ་བཞིན་ནོར་བུ་བཞིན་དུ་ཤེས་ནས་སྔ་བྱ་བ། སྨན་པའི་རྒྱལ་པོ་བཞིན་དུ་སྙིང་རྒྱུས་ཀུན་བླང་ནས།། མཁས་པས་འཇམ་དབྱངས་ལྟ་བུ་མ་ཧཱ་ཛ་ན་ལ།། དཔག་བས་མི་ཤིང་ཆེན་ལྟ་བུ ་འཇམ་དཔལ་མཚན་བརྗོད་འདི།། བསྒྱུར་བས་ཟླ་ཚེས་ལྟ་བུར་ས་སྟེང་རྒྱས་པར་ཤོག། ་